Ngb-pt-0319-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ནཱ་མ་ཀྭ་ཡ་ཙྭ་ན་སརྦ་བུརྙ་དྷི་ཡ། བོད་སྐད་དུ། སྐུ་དང་ཡེ་ཤེས་ཐམས་ཅད་འདུས་པའི་སངས་རྒྱས་མདུད་པ་ཞེས་བྱ་བ། དཔལ་བདེ་བའི་མཆོག་ལ་ཕྱག་འཚལ་་ངགི་ཅི་དེངསྙི་ཁྱེངཡེཤེངསྙི་ཆེ་་ངགེངསྙི་ལ། །འད་སྐད་བདག་ ས་ཐས་པ་དུས་ག ག་ན། བཅམ་ལྡན་འདས་བ ་བའ་ ང་པ་ཐམས་ཅད་མ ན་པའ་ ་ ས་ཀྱ་ ང་པ་ ན་པ། པདྨ་སྟངདང་ལྡན་པའ་ ་སར་གྱ་ ང་པ་ཆེན་པོའི་འབུར་གྱི་ལྕོག་ལ་བཞུགས་ཏེ། སངས་རྒྱས་དང་། སངས་རྒྱས་མ་དང་བྱང་ཆུབ་སེམས་དཔའ་ཡབ་ཡུམ་དུ་བཅས་པའི་སེམས་དཔའ་ཆེན་པོ་རང་བཞིན་གྱི་གནས་ལ་བཞུགས་ཅི་དེདེཞིགཤེང་དེང་ཞེཏེང་འིཔ་རྣམས་དང་ཐབས་ ག་ག། ། ་ནས་ཡང་ ་བ ན་ གས་པའ་བདག་པ་ ། འབུར་གྱ་ལྕག་ལས་བ ངས་ ། མུ་ཏག་དཀར་པ ་གཟུགས་ལ་ཞལ་དང་། ཕྱག་དང་། ཞབས་དང་རྒྱན་ལ་སོགས་པར་བཞེངས་ནས་ཡང་པདྨ་སྟོང་དང་ལྡན་པའི་གཞལ་ཡས་ཁང་། སྒོ་བཞི་ཡང་པདྨའི་སྒོ་དང་། རྟ་བབས་དང་། ཐེམ་སྐས་དང་། རྒྱན་་ངམིང་ངགིཞིནཚེསེངཞིན་ལ་སགས་པས་བརྒྱན་པ་ན། ཉད་ལས་ ་གཞན་པའ་འཁར་རྣམས་དང་། མུ་ཏག་ ་རང་བ ་དཀར་ལ་འ ར་བ་དང་། བྱང་ཆུབ་ མས་ཀྱ་རང་བ ་སྐུ་དང་ཕྱག་མཚན་དུ་རྫགས་ངརིསེསེསྒེངཚོཞིང་ཅི་དེཔའ་ གས་ལྔ་ཡབ་ཡུམ་དུ་བཅས་པ། མས་དཔའ་དང་ མས་མ་ ག་པའ་ གས་སུ་བཅས་པ། འབྱུང་བ་བ འ་སྒ་བར་བཅས་པ་དང་། ཐབས་ ག་ཏུ་ཞུགས་ས། ། ་ནས་བྱང་ཆུབ་ཐིག་ལེས། །ཀུན་ཏུ་བལྟས་སམ་གཟིགས་པས། དུག་ལྔས་གདུང་བར་གཟིགསཏེ། ཐུགས་རྗེའི་དབང་གིས་མཉམ་པའི་ངང་ལ་བཞུགས་སོ། །དེ་ལས་སངས་རྒྱས་སྤྱན་དང་། མུ་མ་ཀི་དང་། ན་བཟའ་དཀར་མོ་དང་། དམ་ཚིག་སྒྲོལ་མ་དང་། ཀུན་ཏུ་བཟང་མོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཀྱེ་གཟུ་མཁན་གཟུ་བོ་ཆེན་པོ་སྟོན་པའི་དཔལ། ཁམས་གསུམ་ཟུག་རྔུས་ཟིན་པའི་ནད་པ་ལ། ཐུགས་རྗེའི་སྤྱན་གྱིས་ཡང་དག་གཟིགས་གྱུར་ལ། །འཚོ་བའི་སྨན་གྱིས་ནད་པའི་སྨན་པ་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དགའ་བའི་མཆོག་དེ་མཉམ་པར་བཞག་པ་ལས་བཞེངས་ནས།འདི་སྐད་ཅེས་བཀའ་སྩལ་ཏོ། །བདག་ནི་ཡེ་ནས་མངོན་སངས་རྒྱས། །འཕྲལ་ལ་རྒྱས་པ་མ་ཡིན་ཏེ། །ངས་བསྟན་ལུང་འདི་ཉན་འདོད་ན། །ཉན་པ་པོ་ཡི་བློ་ལ་རྟོགས། །ཞེས་བཀའ་སྩལ་ཏོ། །དེ་ནས་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་མངོན་སངས་རྒྱས། ཁམས་གསུམ་ཐུགས་རྗེས་དྲོངས་མཛོད་ལ། །མཛད་པའི་དོན་གྱིས་ཐམས་ཅད་སྒྲོལ། །དེ་ལྟར་མཛད་ན་དམ་ཚིག་ཡིན། །ཞེས་གསོལ་ཏོ། །དེ་ནས་དགྱེས་པ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདས་པའི་སངས་རྒྱས་ཐམས་ཅད་དང་། །ད་ལྟར་ང་ཡི་བསྟན་པ་འདི། །རྒྱལ་བ་སངས་རྒྱས་ཐམས་ཅད་དང་། །སླད་ཀྱིས་བྱོན་པའི་སངསརྒྱས་རྣམས། །འགྲོདོན་སྨོན་ལམ་བཏབ་པ་ཡིས། །འགྲོ་བའི་དོན་ནི་འདི་ལྟར་མཛད། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣན་བ༷་ཧུ༷་ཕཊ་ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པའི་སངས་རྒྱས་མདུད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་རྡོ་རྗེ་སེམས་དཔས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཞི་དང་རྒྱས་དང་དབང་དང་དྲག །དགྱེས་པ་ཆེན་པོའི་ཕྲིན་ལས་ཏེ། །གང་ཞིག་གདུང་བའི་ནད་ཀྱིས་ཟིན། །གསོ་བའི་སྨན་པ་ཁྱོད་ཉིད་དེ། །ནད་རྣམས་ཀུན་གྱི་སྨན་པ་མཛོད། །ཅེས་གསོལ་ཏོ། དེ་ནས་ཡང་བྱང་ཆུབ་སེམས་ཀྱི་ཐིག་ལེ་དགྱེས་པ་ཆེན་པོ་དེས། ཕྲིན་ལས་ལ་མངོན་པར་དད་སྟེ། ཞུ་བ་པོའི་དོན་གྱི་ཞུ་བ་བྲོད་པ་སྐྱེད་པའི་ཕྱིར། འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་ཀུན་གྱི་རྒྱན། །རྡོ་རྗེ་སེམས་དཔའ་སེམས་དཔའ་གཙོ།ཁྱོད་ཀྱི་ཞུས་པ་ཡ་མཚན་ཆེ། །ཞེས་བཀའ་སྩལ་ཏོ། །དེ་ནས་རྡོ་རྗེ་སེམས་དཔའ་ཉིད། །བཅོམ་ལྡན་འདས་ལ་ཡི་རང་བ་དང་དགའ་བ་དང་ངོམ་པ་བསྐྱེད་དེ། ཡང་འདི་སྐད་ཞུས་སོ། །ཀྱེ་མ་ཧོ་རིན་ཆེན་ཕུང་པོ་ཁྱོད། །འགྲོ་བ་ཀུན་བསྐྱེད་ཡིད་བཞིན་ཚུལ། །ཆོས་རྣམས་ཕུང་པོ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་བསམ་པའི་དབང་གིས་ན། །ཕྱི་དང་ནང་དང་གསང་བ་དང་། །མཐར་ཐུག་རང་བཞིན་དོན་དམ་མོ། །ཕྱི་ཡི་རླུ་་དང་ནང་གི་རླུཎྜ་། །གསང་བའི་རླུབ་དང་མཐར་ཐུག་རླུད་། །དེ་རྣམས་དངོས་པོ་ཐར་པའི་རླུད་། །ཞི་དང་རྒྱས་དང་དབང་གི་རླུད་། །དྲག་པོ་མཐར་བྱས་བལྟ་བའི་མཆོག །ལྟ་སྟངས་ཆེན་པོ་བཅུ་དྲུག་སྟེ། །རུས་སྦལ་འགྲོས་དང་སེང་གེའི་བལྟ། །སྟག་གི་མཆོངས་པ་ཕོ་རོག་སོགས། །དལ་དང་འགྲེལ་བའི་རླུད་རྣམས་དགོག །རླུད་ཞེས་བྱ་བའི་ལས་རྣམས་ནི། །ནམ་མཁའ་དང་བའི་ཁུག་རྣའམ། །རླན་ཕོག་པ་ཡི་རླངས་པའམ། དྲོད་ཕོག་པ་ཡི་ཆུ་ཐིགས་བཞིན། །གང་ལ་གང་ཞིག་གནས་པ་དེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ཉིད་དལ་བར་གྱུར་པ་ཡིས། །ནམ་མཁའ་ཉིད་ལ་ནམ་མཁའ་ཐིམ། །དལ་བའི་རླུད་རྣམས་དགག་པའི་ཐབས། །བལྟས་པས་མཐོང་བ་མ་ཡིན་ཏེ། །སེམས་ཀྱིས་སེམས་ལ་བལྟ་བའོ། །དེ་ལྟར་མཐོང་བ་གངཡིན་པ། །མཐོང་བ་མེད་ན་མཐོང་བའི་མཆོག །དེ་ནི་ལྟ་བའི་བལྟ་བ་དེ། །ལྟས་པ་དེ་ཉིད་ལྟ་བའི་མཆོག ཁྲེས་པ་ཆེན་པོའི་རངབཞིན་ནོ། །དེ་བཞིན་ཤེས་རབ་སྙིང་རྗེས་ནི། །ཐེག་པ་ཆེན་པོ་ཀུན་གྱི་རྒྱན་ཡང་ཡིན། །བལྟ་བ་ཀུན་གྱི་མཆོག་ཀྱང་ཡིན། །ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །ཞེས་གསུངས་ནས། །བདེན་པ་གཉིས་ཀྱི་མཐའ་ལ་བཞུགས་སོ། །དེ་ནས་རྡོ་རྗེ་སེམས་དཔས་ཡང་། བཅོམ་ལྡན་འདས་བྱང་སེམས་ཀྱི་ཐིག་ལེ་ལ་བཞུས་པ། ཀྱེ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ། །རླུད་ཞེས་བྱ་བའི་རྒྱུ་དང་རྐྱེན། །ཐབས་དང་རང་བཞིན་འབྲེལ་བ་རྣམས། །གང་ལགས་བཅོམ་ལྡན་འདས་ཀྱི་བཀའ་སྩོལ་དང་། །གྲངས་དང་གནས་དང་རྟེན་པ་རྣམས། །འབྱུང་བའི་ཁུངས་དང་འདུག་པ་རྣམས། །གང་ལགས་བཅོམ་ལྡན་བཀའ་སྩོལ་དང་། །ཞེས་གསོལ་པས།བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་ཐིག་ལེས། ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། ཁུད་རྣམས་ཀུན་གྱི་ནང་ཉིད་ནས། །སྨྲས་པ་བདེན་པ་མཆོག་ཡིན་ཏེ། ཁུ་ནི་འབྱུང་བ་བཞི་ཡིན་ལ། །རྐྱེན་ནི་ཕྲིན་ལས་རྣམ་པ་བཞི། །ཐབས་ནི་འབྱུང་འཇུག་གནས་དང་གསུམ། །འབྲེལ་པ་དལ་དང་བྲེལ་བའི་རླུ་་། །རླུད་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །གྲངསནི་རྣམ་པ་གང་ཡིན་པ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཆོས་དང་ལོངས་སྤྱོད་འཁོར་ལོ་རྣམས། །གནས་དང་རྟེན་པ་ཁོ་ནའོ། ཁམས་གསུམ་གནས་པའི་འདུག་སའམ། །རྩ་གསུམ་གནས་པའི་རང་རྒྱུད་ནི། །འབྱུང་བའི་ཁུངས་སུ་འདུག་པའོ། །ལོངས་སྤྱོད་སྐྱེ་བའི་འཁོར་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་གཏན་ལ་འབེབས། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པའི་སངས་རྒྱས་མདུད་པའི་རྒྱུད་ལས་རླུང་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དེ་བཞིན་གཤེགས་པའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་དགྱེས་པ་ཆེན་པོ་དེས། བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལ་རྡོ་རྗེ་སེམས་དཔས་ཡང་ཞུས་པ། ཀྱེ་མ་བྱང་ཆུབ་རྡོ་རྗེ་ལ། །མཉམ་གཞག་ཏིང་ངེ་འཛིན་ལ་གནས། །རྟོག་གེ་པ་ཡི་བསམ་པ་ཡིས། །མཉམ་བཞག་ཆོས་སྐུ་ལས་བཞེངས་ནས། །རྩ་ཡི་ལས་རྣམས་བཤད་པར་གསོལ། །ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། འདི་སྐད་ཅེས་བཀའ་སྩལ་ཏོ། །འཕྱངས་མ་དང་ནི་མཆོང་མ་དང་། །སྤྱི་ཁྱེར་མ་དང་དགའ་བྱེད་མ། །རྒྱན་ཆེན་དང་ནི་སེམས་མ་རྣམས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ། །ས་རྣམས་ཆུ་རྣམསམེརྣམས་དང་། །རླུ་་དང་ནམ་མཁའ་རྟེན་རྣམས་དང་། །བརྒྱ་རྩ་བརྒྱ་དང་བརྒྱད་ཅུ་གཉིས། །སུམ་ཅུ་རྩ་བཞི་བཅུ་དྲུག་དང་། །བདུན་དང་གསུམ་དུ་གང་གྱུར་པ། །མདུད་པ་ཐམས་ཅད་སྲོང་བྱེད་པ། །འཁོར་ལོ་ཀུན་གྱི་དྲང་སྲོང་མཆོག །ཅེས་གསུངས་སོ། །དེ་རྣམས་དཀྱིལ་འཁོར་གང་ཡིན་ལ། །འཁོར་ལོ་ཀུན་གྱི་རྣམ་པ་ནི། །ཇི་སྙེད་རྣམ་པ་མང་པོ་ཡང་། །བདག་པོ་རྣམ་པ་བཞི་ལ་འདུས། །བདེ་བ་ཆེན་པོའི་འཁོར་ལོ་དང་། །ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་། །བདེ་བ་ཆོས་ཀྱི་འཁོར་ལོ་དང་། །སྤྲུལ་པ་གྲགས་པའི་འཁོར་ལོ་དང་། །གཙོ་བོ་རྣམས་ཀྱི་འཁོར་ལོ་བསྟན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད་ལས་རྩའི་རང་བཞིན་རང་བཞིན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་དགྱེས་པ་ཆེན་པོ་མཆོག །སེམས་ཅན་དགའ་བ་བསྐྱེད་པའི་ཕྱིར། །གསང་བ་མཐར་ཐུག་གཏུམ་མོ་རྣམས། །དགྱེས་པ་ཆེན་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེས། འཁོར་བའི་སྐྱོབས་སྐྱབས་ཀྱང་འཁོར་ཡུག་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་སྙོམས་པར་ཞུགས་མ་ཐག་ཏུ། འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་རྡོ་རྗེ་སེམས་དཔའི་བདག །ལེགས་སོ་རྡོ་རྗེ་སེམས་དཔའི་གཙོ། །ལེགས་སོ་རྡོ་རྗེ་སེམས་དཔའ་ཆེ། །ལེགས་སོ་རྡོ་རྗེ་སེམས་དཔའ་ཀུན། །བསྐྱེད་པའི་རིམ་པ་ལ་གནས་ཤིང་། །རྫོགས་པའི་རིམ་པ་འདོད་པ་རྣམས། །ག་་མོ་ག་་མོ་འདོད་པ་ལ། །ག་་མོའི་ཚོགས་རྣམས་བཤད་པར་བྱའོ། །ཕྱི་ཡི་གཏུམ་མོར་གང་གསུངས་པ། །ཀུན་འདུས་འབྲེལ་བའི་ག་་མོ་ཡིན། །ཕྱི་ཡི་མཆོག་ཏུ་གང་གསུངས་པ། །འབར་འཛིན་དང་པོའི་ག་་མོ་ཡིན། །ནང་གི་མཆོག་ཏུ་གང་གསུངས་པ། །འཁོར་ལོ་སྲོག་ཤང་ག་་མ་ཡན། །གསང་བའ་མཆག་ཏུ་གང་གསུངས་པ། །ལྷན་ཅིག་སྐྱེས་པངའ་ག་་མ་ཡན། ། ་རྣམས་མཆག་ཏུ་གང་གསུངས་པ། ། མས་རྣམས་མོ་རྣམས་ལྟ་བ་ཡངན། །་་གསུངས་ས། ། ་ནས་ཡང་རྡ་རྗེ་སེམས་དཔས། །དགྱེས་པ་ཞོ་པ་ལ་འདི་སྐད་ཅེས་གསལ་ཏ། ། ་ལྟར་ཐམས་ཅད་ལགས་པ་ན། །བྱེ་བྲག་རྣམ་གྲངས་བསྟན་དུ་གསལ། །གོ་་་ཏེ། ཕྱི་ཡང་ག་་མ་གང་ལགས་དང་། །ནང་གི་ག་་མ་གང་ལགས་དང་། །གསང་བའ་ག་་མ་གང་ལགས་དང་། །མཐར་ཐུག་ག་་མ་གང་ལགས་རྣམས། །བྱེ་བྲག་དེ་ལྟར་་ད་དུ་གསལ། །གོ་་་ས། ། ་ནས་ཡང་དགྱེས་པ་གོ་པས། སྲག་མེངའ་་ར་ལ་་་བྱ་བའ་་་ ་འ ན་ལ་སྙམས་པར་ཞུགས་ནས། བ ་བའ་དན་ལ་མནལ་ལ། ། ་ལས་བགོས་ནས་འད་སྐད་གསུངས་ས། །གང་ཞིག་ཤ་དང་ལུས་རྣམས་ལ། །་ར་ལ ་རྣམ་པ་འ ་ཡན་ ། །འབུམ་ཕྲག་ཁྲི་དང་འབུམ་སྟང་དང་། ། ་དང་ངཉ་ཁྲི་ཆིག་སྟང་ཡད། །ཐམས་ཅད་པདྨ་འདབ་མ་བཞི། །ཡང་གེ་ཨ་ཡང་རང་བཞོ་ཡངན། །ཀེང་རུས་ཚོགས་ཀྱང་ག་་མ་ཡན། །སུམ་བརྒྱ་དྲུག་ཅུར་བསྟན་པ་ཡན། ། ་ཡང་པདྨ་འདབ་བཞི་ལ། །གཡས་པ་དཔའ་བ་ཐབས་ཡང་གེ །གཡན་པ་ཤེས་རབ་མངའ་ཡང་གེ །དབུས་སུ་ཡང་གེ་ཨ་རྣམས་ས། །གསང་བའ་ག་་མར་གང་གསུངས་པ། །ཆར་ཡང་མོ་གི་གནས་ན་ཡད། །དབྱབས་ན་ཕུབ་ ་བདུད་ཁུ་སྟེ། །ཡི་གེ་ལྔ་ཡི་བྱིན་རླབས་ཀྱིས། ཁ་བ་ལྟ་བུ་བཞུ་བ་་བྱེད། །འཛག་པའི་ག་་མོ་གང་བར་བྱེད། །དེ་ཡིས་ཐམས་ཅད་འབེབས་འགྱུར་ཏེ། །བ༷་ཛྲ་ཉྭ་བ་ཊ་ཨཱོཾ། གཡས་དང་གཡོན་གྱི་རྩ་རྣམས་དང་། །དབུས་ཀྱི་རྩ་ཡི་འགྲོ་ས་རྣམས། ཁུད་པའི་སྒོ་ནས་གཡས་པ་དེ། །འབེབས་པའི་སྒོ་ནས་གཡོན་པའོ། །འཛིན་པའི་ས་ནི་རྣམ་བཞི་སྟེ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོནཔོའབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་དབུས་སུ་བསྒོམ་པར་བྱའོ། །གང་ཞིག་དེ་ལྟར་རྣམ་ཕྱེ་བས། །གཏུམ་མོའི་ཚོགས་རྣམས་རབ་ཏུ་བཤད། །ཅེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །བསྐྱེད་པའི་རྫོགས་པར་གསུངས་པ་ནི། །འཁོར་ལོ་བཞི་ཡི་མཚན་ཉིད་དེ། །སྤྲུལ་པའི་འཁོར་ལོ་དྲུག་ཅུ་བཞིར། །སྤྲུལ་པའི་ཡིག་འབྲུ་དཀར་པོ་འགོད། །ཨོ། དེ་ལྟར་ཆོས་ཀྱི་སྐུ་ཡིན་པས། །ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། །དབུས་སུ་ཐུགས་ཀྱི་སྙིང་པོ་སྟེ། །ཆོས་ཀྱི་ཡིག་འབྲུ་མཐིང་གའོ། །ཧུ༷། ཕྱོགས་བཞི་ཡབ་ལ་མཚམས་བཞི་ཡུམ། །སྒྱུ༷་ཏྲ༷་སྙི་ཧ། མ༷་ལ༷་པྱ༷་ཏ༷། ལོངས་སྦྱོད་འཁོར་ལོ་འདབ་བཅུ་དྲུག །དབུས་སུ་ལོངས་སྤྱོད་ཡི་གེ་སེར། །ཨ༷། འདབ་མའི་ཕྱོགས་བཞིར་འབྱུང་བ་བཞི། ཨུ་རྭ་སྨྱུ་བཱ། བདེ ཆེན འཁོརལོདྲུག་ཅུ་གཉིས། །ས་བོན་ཁེ་བལྟས་གནས་པའོ། །ཧ༷། མི་ཤིགས་ཁ་ནི་འོག་ཏུ་བལྟས། །དེ་ནི་འཛག་པའི་ག་་མོ་ཞེས། །སྨྲས་པ་ཡང་དག་མཆོག་ཡིན་ནོ། །དེ་ལྟར་ག་་མོའི་བྱེ་བྲག་ནི། །གྲངས་སུ་ཇི་སྙེད་བརྗོད་པ་ཡང་། །ཕྱི་ནང་གསང་བ་གསུམ་དུ་བསྟན། །མཐར་ཐུག་གཏུམ་མོ་གང་ཡིན་པ། །དེ་ནི་རང་བྱུང་ཡེ་ཤེས་ཏེ། །ཐིག་ལེ་ཆེན་པོ་ཡི་གེ་ག་་མོ་ཡིན། །དེ་ལྟར་ག་་མོའི་བྱེ་བྲག་ནི། །རྣལ་འབྱོར་རྣམས་ཀྱིས་ཤེས་པར་གྱིས། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་དང་གསུང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད་ལས། གཏུམ་མོའི་ཚོགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་རྡོ་རྗེ་སེམས་དཔས་དགྱེས་པ་ཆེན་པོའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བརྗོད་ནས། བཅོམ་ལྡན་འདས་རྫོགས་པ་ནང་གི་དཀྱིལ་འཁོར་གང་ལགས། ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྟེང་དང་འོག་གི་ཚུལ་གྱིས་ནི། །རྟེན་དང་བརྟེན་པའི་རང་བཞིན་གྱིས། །རྩ་ནི་བཞི་བཅུ་རྩ་གཅིག་ཡོད། །རྩ་ཡི་གཙོ་བོ་བརྒྱད་དང་ནི། །སྟེང་དང་འོག་དང་བཅུ་པོ་ནི། ཁྲོ་བོ་བཅུ་ཡི་རངབཞིནནོ། །དབུས་ཀྱི་རྩ་ཆེན གངཡིན པ། །བཅོམ་ལྡན་དབུས་ཀྱི་གཙོ་བོའོ། །དེ་ལྟར་རྣལ་འབྱོར་པ་ཡི་ལུས། །ཡི་གེ་ཨ་ནི་སྡོམ་གནས་པའོ། །ཆོས་ཉིད་རྩ་དང་ཡེ་ཤེས་རྩ། །རང་རྒྱུད་རྩ་དང་ཡོན་་་༄༅། རྩ། །ཐབས་དང་ཤེས་རབ་རྩ་རྣམས་ནི། །ཧྭ༷་ཆེན་ལ་སོགས་ཁྲོ་བོ་རྣམས། །རིམ་པ་བཞིན་དུ་དགོད་དང་གནས། །དེ་ལྟར་རྟེན་རྣམས་གང་ཡིན་ལ། །སྒྲ་འབྱིན་ལ་སོགས་བཅུ་རྣམས་གནས། །དེ་ལྟར་བཅུ་པོ་གང་ཡིན་ལ། །ཕྲ་མེན་ཕོ་མོ་སྒོ་མ་གནས། །དེ་ཡི་རྟེན་ལ་མོ་རྣམས་སོ། །སྒོ་བ་བཞི་པོ་གང་ཡིན་ལ། །པུ་ཤུད་མགོ་ཅན་ལ་སོགས་པའོ། །དེ་ལྟར་རྣལ་འབྱོར་གང་ཤེས་པ། །བསྐྱེད་པའི་རིམ་པ་རྫོགས་པ་སྟེ། །ཐབས་ལྡན་རྣམས་ཀྱིས་དེ་ཤེས་ན། རྫོགས་པ་ནང་གི་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད་ལས། རྫོགས་པ་ནང་གི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་སེམས་དཔས། དགྱེས་པ་ཆེན་པོ་ལ་འདི་སྐད་ཞུས་སོ། །ཀྱེ་མའོ་དཔའ་བོ་ཐུགས་རྗེ་ཅན། །སངས་རྒྱས་བྱ་བ་ཇི་ལྟ་བུ། །ཡེ་ཤེས་བྱ་བ་གང་ལ་བགྱི། །མདུད་པ་ཞེས་ནི་ཇི་ལྟ་བུ། །ཐམས་ཅད་ཅེས་ནི་གང་ལ་བགྱི། ཞེས་ཞུས་པས། དགྱེས་པ་ཆེན་པོ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱི་སྨྲས་པ། སེམས་ཅན་ཐམས་ཅད་བདེ་རྒྱུར་ཅིང་། །དགའ་བ་ཐམས་ཅད་བསྐྱེད་པར་བྱའོ། །ཐམས་ཅད་རང་བཞིན་བྱང་ཆུབ་སེམས། །ཚད་མེད་བཞི་ནི་སྔོན་དུ་བཏང་། །བདེན་པ་གཉིས་ཀྱི་བྱེ་བྲག་གིས། །བརྗོད་ལས་འདས་པ་སངས་རྒྱས་ཡིན། །གྲངས་ལས་འདས་པ་གནས་གཞན་ཡིན། །དཔེ་ལས་འདས་པ་མཚོན་དུ་མེད། །སྤྲོས་པ་ཉེ་བར་ཞི་བ་ནི། །སངས་རྒྱས་དངོས་པོཁོ་ནའོ། །དེ་ན་སངས་རྒྱས་མདུད་པའོ། །མེད་པ་མ་ཡིན་ཡོད་པ་མིན། །རྟག་པ་མ་ཡིན་ཆད་པ་མིན། །འོང་བ་མ་ཡིན་འགྲོ་བ་མིན། །ཡོད་པ་མ་ཡིན་མེད་པའང་མིན། །དེ་ལྟར་རྣམ་པ་ཀུན་ཤེས་ན། །ཐམས་ཅད་ཐམས་ཅད་མདུད་པ་ཡིན། །བདེན་པ་གཉིས་ཀྱི་བྱེ་བྲག་ལ། ཁོགོས་ཤིང་རིགས་པ་ཡེ་ཤེསཡིན། །རིག་པ་མཆོག་གི་གནས་ཡིན་ནོ། །དེ་ཉིད་རང་བྱུང་ཡེ་ཤེས་ཏེ། །མདུད་པ་ཞེས་ནི་དེ་ལ་བྱ། །ཞེས་གསུངས་སོ། །དེ་ནས་ཡང་བཀའ་སྩལ་པ། བྱེ་བྲག་སངས་རྒྱས་ཇི་སྙེད་པ། །བསྡུས་པས་སངས་རྒྱས་རྣམ་པ་ལྔ། །དེ་ཡི་མདུད་པ་གང་ཡིན་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག །བཅོམ་ལྡན་རྡོ་རྗེ་གཆོཁུ་ནུ་ཡིན། །ཡེ་ཤེས་མདུད་པ་ཇི་སྙེད་པ། །རང་བྱུང་ཡེ་ཤེས་མདུད་པ་ཡིན། །ཐ་སྙད་བྱེ་བྲག་ཇི་སྙེད་པ། །དོན་དམ་སྤྲོས་བྲལ་མདུད་པ་ཡིན། །དེ་ལྟར་ཕྱི་རོལ་དེ་བཞིན་ནང་། །རླུད་གི་བྱེ་བྲག་ཇི་སྙེད་པ། །མི་ཤིགས་ཐིག་ལེའི་མདུད་པ་ཡིན། །རྩ་ཡི་བྱེ་བྲག་ཇི་སྙེད་པ། །ཀུན་འདར་མ་ཡི་མདུད་པ་ཡིན། །སེམས་ཉིད་བྱེ་བྲག་ཇི་སྙེད་པ། །དགའ་བ་དང་པོའི་མདུད་པ་ཡིན། །ཕུང་པོའི་བྱེ་བྲག་ཇི་སྙེད་པ། །རྣམ་པར་ཤེས་པ་མདུད་པ་ཡིན། །དེ་ལ་སོགས་པ་མཐའ་ཡས་མཆོག །གང་ལ་ཅི་བྱས་མདུད་པ་ཡིན། །ཞེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །དབང་གི་བྱེ་བྲག་ཇི་སྙེད་པ། །བཞི་པའི་དོན་ཉིད་མདུད་པ་ཡིན། །ག་་མོའི་བྱེ་བྲག་ཇི་སྙེད་པ། །ལྷན་ཅིག་སྐྱེས་པའི་མདུད་པ་ཡིན། །འཁོར་ལོའི་བྱེ་བྲག་ཇི་སྙེད་པ། །ཆོས་ཀྱི་འཁོར་ལོའི་མདུད་པ་ཡིན། །དམ་ཚིག་བྱེ་བྲག་ཇི་སྙེད་པ། །རྩ་བའི་དམ་ཚིག་མདུད་པ་ཡིན། །སྐྱེ་བའི་བྱེ་བྲག་ཇི་སྙེད་པ། །སྐྱེ་བ་བདུན་པ་མདུད་པ་ཡིན། །བུད་མེད་ཤེས་རབ་རང་བཞིན་ཏེ། །དེ་ཡི་བྱེ་བྲག་ཇི་སྙེད་པ། །པདྨ་ཅན་དེ་་་ངད་པ་ཡིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རྟོག་པ་བསལ་ཕྱིར་མདུད་པ་ཡིན། །ཆོས་ཀྱི་སྐུ་ལས་མ་རྟོགས་པ། །རྟོག་པ་གཞན་རྣམས་འདུལ་བའི་ཆོས། །འཁོར་བ་མྱ་ངན་འདས་པ་ཡིན། །དངོས་པོ་ཀུན་་ལ་མི་རྟོག་པ། །ཆོས་ཀྱི་སྐུ་ཉིད་མདུད་པ་ཡིན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པར་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད་ལས། སྐུ་དང་ཡེ་ཤེས་ཀྱི་མདུད་པ་ཐམས་ཅད་བཀྲོལ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་སེམས་དཔས་དགྱེས་པ་ཆེན་པོ་ལ། ཀྱེ་ཀྱེ་སངས་རྒྱས་ཀྱི་སངས་རྒྱས། །སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས། །རྣལ་འབྱོར་མ་འོངས་ཕན་དོན་དུ། །དབང་གི་རིམ་པ་བཤད་པར་མཛོད། །ཅེས་ཞུས་པས། དགྱེས་པ་ཆེན་པོ་ཉིད་ཆོ་འཕྲུལ་དབང་གི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་སོ། །དེ་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་བསམ་པའི་དབང་གིས་ན། །རྟ་དང་གླང་པོ་མ་ཧེ་དང་། །རྔ་མོ་རི་བོང་ཁལ་རྣམས་བཞིན། །ཕན་དང་ནུས་དང་བལྟ་དང་ཞུགས། །སྤྱི་ཡི་དབང་དང་ནང་གི་དབང་། །གསང་བའི་དབང་དང་ཐབས་ཀྱི་དབང་། །ཇི་ལྟར་གསུངས་ཀྱང་རྣམ་པ་བཞི། །བུམ་པའི་དབང་དང་གསང་བའི་དང་། ཁྲེས་རབ་ཡེ་ཤེས་མཆོག་དབང་དང་། །དེ་བཞིན་བཞི་པའི་དབང་དུ་གསུངས། །དང་པོ་དབང་གི་བསྐུར་ས་ནི། །སེམས་ཅན་རྟོག་པ་ཟློག་པའི་ཕྱིར། །དམངས་ཀྱི་རིགས་ལ་བུམ་པ་བཞག །བྲམ་ཟེའི་རིགས་ལ་གསང་དབང་སྟེ། །རྗེ་ཡི་རིགས་ལ་ཤེས་རབ་དབང་། །དེ་བཞིན་རྒྱལ་པོ་བཞི་པ་སྟེ །རིམ་པ་དེ་བཞིན་ཤེས་པར་བྱ། །གལ་ཏེ་ཆ་རྐྱེན་གཅིག་གྱུར་ན། །གང་ལ་དམིགས་པ་དེ་བཞིན་བྱ། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པས། །བཅོམ་ལྡན་འདས་ལ་མུ་ཏིག་དཀར་པོའི་མེ་ཏོག་གིས་མཆོད་ཅིང་། བསྐོར་བ་ལན་དུ་མར་བྱས། ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །རྣལ་འབྱོར་གཅིག་གི་དོན་བྱེད་ན། །གསང་བ་དང་ནི་གསང་ཆེན་དང་། །ཡེ་ཤེས་སྙིང་པོའི་དོན་ཆེན་དང་། །དེ་བཞིན་བཞི་པ་ཇི་ལྟར་བསྐུར། །དེ་ནས་ཡང་དགྱེས་པ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཡན་ལག་ལུས་ནི་བཤན་པ་སྟེ། །དྲ་བ་ཅན་ལ་བུམ་པ་སྦྱིན། །ངག་གི་ལས་ནི་བྲམ་ཟེ་སྟེ། །འཇིག་རྟེན་ཅན་ལ་གསང་བ་སྤྱིན། །སེམས་ཀྱི་ལས་ནི་རྗེའུ་སྟེ། །ལྷན་ཅིག་སྐྱེས་ལ་ཤེས་རབ་དབང་། །ཡོན་ཏན་ཕྲིན་ལས་རྒྱལ་པོ་སྟེ། །ཀུན་ཀ་ཚོགས་ལ་བཞི་པ་བསྐུར། །ཞེས་གསུངས་སོ། །དེ་ནས་ཡང་འདི་སྐད་ཅེས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །བུམ་པའི་དབང་ཞེས་བྱ་བ་ལ། །བདག་པོའི་དབང་དང་རྣམ་པ་ལྔ། །གསང་བའི་དབང་ཞེས་བྱ་བ་ལ་། །ལུས་དང་ཡིག་འབྲུའི་སྦྱོར་བ་དང་། རྩ་དང་ཡིག་འབྲུའི་སྦྱོར་བ་དང་། །རླུ་་དང་ཡིག་འབྲུའི་སྦྱོར་བ་དང་། །སེམས་དང་ཡིག་འབྲུའི་སྦྱོར་བ་དང་། གང་ཡང་གང་དུ་གཟུང་བར་བྱ། །གསང་བ་དེ་ནི་དམ་པའོ། ཁྲེས་རབ་ཡེ་ཤེས་དབང་ཞེས་པ། ཁྲེས་རབ་མ་ཡིན་མཚན་ཉིད་དེ། །ལུས་ཀྱི་རི་བོ་དགོན་པ་འདྲ། །རི་བྲན་ཅ་ཅོ་ཆུ་ཡིས་སྤྲས། །ཆུ་མིག་བཀོད་མ་དགུ་དང་ལྡན། །སྤྲོས་དང་ལྡན་པའི་དྲི་དང་བཅས། །རྩི་ཤིང་ནགས་ཚལ་སྤོས་ཀྱིས་བརྒྱན། །ལོ་གྲངས་ཅུ་དྲུག་བཅུ་གཉིས་དང་། །བཅུ་དང་ཉི་ཤུར་ཤེས་པར་བྱ། །མིག་ནི་དཀར་ནག་ཕྱེད་པ་དང་། །སྨིན་མ་ཕྲ་ལ་དཀྱུས་རིང་དང་། །སྣ་རྩེ་དྲང་ཞིང་སྐེད་པ་ཕྲ། །རིང་ཐུང་མ་ཡིན་ཚད་མའི་ལུས། །སྨད་དང་སྟོད་ནི་ལྡན་པར་མཉམ། །པདྨ་ཟབ་ལ་གེ་སར་རིང་། །ནུ་མ་སྲ་ཞིང་ཤ་རྩི་དཀར། །ངག་ནི་འཇམ་ལ་གཞོནནུའདྲ། །དད་པ་ཆེ་ལ་མང་དུ་ཐོས། །དེ་ལྟ་བུ་ནི་ཡོངས་སུ་བཟུང་། །འབྱུང་བ་བཞི་ཡི་མཚན་ཉིད་ཀྱིས། །བསྡུ་བ་རྣམ་བཞིའི་དོན་དང་མཐུན། །དེ་ལ་དགའ་བ་ལུས་ཀྱིསསྐྱེ། །བདེཆེན འཁོརལོའིརང་བཞིན་ནི། །རྒྱལ་བ་ཀུན་ཕྱི་བྱང་ཆུབ་སེམས། །ཁ་བ་ལྟ་བུའི་རང་བཞིན་དེ། །མཁས་པས་སྤྱན་དྲང་གཉིས་མེད་བསྟིམ། །དགའ་བཞི་ལུས་ཀྱིས་བསྐྱེད་པ་ཡིན། །མཐའ་གཉིས་མི་འགྲོ་བ་ཡི་དབང་། །སྤྲུལ་པའི་འཁོར་ལོར་ཕྱིན་པའི་ཚེ། །དགའ་བ་དང་པོ་ཞེས་སུ་བཤད། །རྡོ་རྗེའི་འཆང་གཟུང་ནང་དུ་ཕྱིན་པའི་ཚེ། །མཆོག་ཏུ་དགའ་བ་ཞེས་སུ་བཤད། །བུམ་པའི་ནངདུ་ཕྱིན་པའི་ཚེ། །རང་བཞིན་དགའ་བ་ཞེས་བྱའོ། །དེ་ལས་འདས་ན་བྲལ་བ་སྟེ། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀི་ལ་ལ་ཡི་དངོས་གྲུབ་སྩོལ། །ཞེས་གསུངས་སོ། །དེ་ནས་ཡང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དེ། །བུམ་པའི་དམ་ཚིག་གང་ཡིན་པ། །བསྐྱེད་པའི་རིམ་པ་བརྟག་པ་དང་། །རྨོངས་པ་རྣམས་ལ་མི་བྱ་སྟེ། །སྣོད་ཀྱི་ལོ་ཀ་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ལྷ་ཡི་མཆོག །དེ་ནི་བུམ་པའི་དམ་ཚིག་ཡིན། །གང་ཞིག་གསང་བ་སྟོན་པ་ལ། །གསང་བའི་དམ་ཚིག་འདི་ཡིན་ཏེ། །བུད་མེད་ཤེས་རབ་རང་བཞིན་ཏེ། །ཙཎྜལི་ལ་རྟག་ཏུ་བསྒོམ། །ཟས་ལྔ་རྟག་ཏུ་བཟའ་བར་བྱ། །སྤྱད་པར་བྱ་བའི་མཆོག་ཡིན་ནོ། །ཡེ་ཤེས་ཆེན་པོའི་དམ་ཚིག་ནི། །མོ་རྣམས་ཀུན་ལ་སྤྱད་པ་དང་། །དགའ་བ་རྟག་ཏུ་བསྟེན་པར་བྱ། །སེམས་ཀྱང་ ་ཏིར་བལྟ་བར་བྱ། །ཡེ་༄༅། ཁྲེས་སྙིང་པོའི་དམ་ཚིག་གོ། །དེ་ལྟ་བུ་དང་མི་ལྡན་ནི། །དབང་དང་དམ་ཚིག་ཀུན་ལས་འདས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །སྔགས་པས་བྱ་བ་གང་ཡང་མེད། །སྔགས་པ་སྔགས་པ་ཞེས་བྱ་བ། །རྩ་བ་དང་ནི་ཡན་ལག་དང་། ཁྱད་པར་དམ་ཚིག་གང་ཡིན་དང་། ཁེན་ཏུ་དབང་གི་དམ་ཚིག་དང་། །རྩ་དང་རླུད་གི་དམ་ཚིག་དང་། །བྱང་ཆུབ་སེམས་ཀྱི་གཞག་པ་རྣམས། གང་ཞིག་བཞག་པ་སྔགས་པ་ཡིན། །དེ་ལ་མཆོག་གི་དངོས་གྲུབ་བབས། །མྱུར་དུ་བླ་ན་མེད་པ་ཐོབ། །དེ་ལྟར་བླ་མ་ལུང་ལྡན་ལ། །གསེར་ལ་སོགས་པའི་ཡོ་བྱད་དང་། །རང་གི་ལུས་དང་ནོར་གྱི་དབྱིག །མ་སྲིང་མོ་རྣམས་བརྒྱན་པ་དང་། །གྲོང་དང་གྲོང་ཁྱེར་བཅས་པ་རྣམས། །དམིགས་པ་མེད་པའི་སེམས་ཀྱིས་ནི། །དེ་དང་མཉམ་པ་ཁོ་ནར་དབུལ། །དེ་ལྟར་འབུལ་བྱེད་སློབ་མ་ལ། །བླ་མ་ལུང་ལྡན་དེས་ཀྱང་ནི། །བཞི་པའི་དོན་ཉིད་སྤྱིན་པར་བྱ། །ཆོས་དང་ལམ་དང་ཐབས་རྣམས་དང་། །རང་བཞིན་དང་ནི་དེ་རྣམས་ཡུལ། །རྣམ་པ་དྲུག་པོ་བསྒྲིམས་ལ་གཏད། །དེ་ནི་བསམ་པའི་ཁོག་ཡིན་པས། །གང་ཞིག་དེ་ལ་མི་གནས་ན། །དམུས་ལོང་ལམ་མཁན་བྱེད་པ་སྟེ། །གྱུར་ན་འབྲས་བུ་འབྱིན་མི་ནུས། །དེ་ལྟར་གང་ལ་མི་གནས་ན། །ས་བོན་མེ་ཡིས་ཚིག་པ་བཞིན། །ཏྭ་ལའི་ཤིང་ནི་མགོ་བཅད་བཞིན། །འབྲས་བུ་མེད་ཅིང་རླག་པར་འཀྱུར། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ། །སངས་རྒྱས་མདུད་པའི་རྒྱུད་ལས། །དབང་གི་གླེང་གཞི་དང་། དབང་སྐུར་བའི་གནས་དང་དམ་ཚིག་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དགྱེས་པ་ཆེན་པོ་དེས་འབུར་ལྕོག་ལས་རྡོ་རྗེའི་ལམ་དུ་བྱོན་ནས། དེ་ནས་སྤྲུལ་པའི་འཁོར་ལོར་བསྐོར་བ་ལན་གསུམ་མཛད་ནས། དེ་ནས་ཐུགས་ཀྱི་འཁོར་ལོར་ཕྱིན་ཏེ། བསྐོར་བ་ལན་གསུམ་མཛད་ནས་དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོར་ཕྱིན་ཏེ། ཡང་བསྐོར་བ་ལན་གསུམ་མཛད། དེ་ནས་བདེ་བ་ཆེན་པོར་བསྐོར་བ་ལན་གསུམ་མཛད། དེ་ནས་འབར་འཛིན་དང་པོ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་འོགམིན་རྡོ་རྗེའི་དབྱིངས་སུ་འོད་ཟེར་གྱི་ཚུལ་དུ་གཤེགས་ནས། དེར་ཁྲོ་བོའི་གར་དགུ་དང་བཅས་ནས་ཀི་ལ་ཡ་ཆེན་པོ་དེ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་དུར་ཁྲོད་ཀྱི་ཆགས་དང་ལྡན་པར་བཞེངས་ཏེ།ལོངས་སྤྱོད་ཀྱི་འཁོར་དམ་པ་རིགས་ལྔ་ཡབ་ཡུམ་ལ་སོགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྫོགས་པའི་རིམ་པ་འདོད་པ་ཡིས། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །བསྐྱེད་པའི་རིམ་པ་རྨང་ནས་བརྩིགས། །ཞེས་གསུངས་སོ། །དེ་ནས་སེང་གེ་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །དངོས་པོ་མེད་ལས་དངོས་པོར་གྲགས། །དངོས་རྣམས་ཉིད་ན་དངོས་མེད་པའོ། །དངོས་པོའི་ཚིག་ལ་དངོས་པོ་སྟེ། །རི་རྩེ་གངས་ཕུགས་གཡའ་རྩེའམ། བྲག་དང་ཆུ་འཐབ་དུར་ཁྲོད་དམ། །སྡོང་གཅིག་ཤིང་ངམ་བྲག་ནག་གམ། །ཡང་ན་ཉམས་དགའི་གནས་སུ་བྱའོ། །ས་ཡི་རོ་རྣམས་མེད་པ་སྲ །སྔོན་གྱི་ལས་རྣམས་ཚང་བྱས་ཏེ། མཎྜལ་འདོམ་གང་གྲུ་བཞི་བརྩིགས། །སྐྱང་ནུལ་ཆག་ཆག་གོ་མ་ཡེ། །ཚོན་དང་སྲད་བུ་བྱིན་གྱིས་བརླབས། །གནམ་ཐིག་ས་ཐིག་གཤེར་ཐིག་གསུམ། །བྱེ་བྲག་སོ་སོར་ཤེས་པར་བྱ། ཁྲེས་རབ་མ་ཡིས་ཐིག་སྐུད་བཟུང་། །མཚམས་དང་སྟེང་འོག་ཚུལ་བཞིན་བྱ། །ཐིག་ཆེན་རྣམ་པ་བརྒྱད་དུ་བ་། །འཁོར་ལོ་རྩིབས་བརྒྱད་ཨེ་རུ་བཅས། །ཟླ་གམ་གསུམ་དང་རྩིབས་དངབཅས བར་ཁྱམས་སྒོ་ཁྱམས་གཉིས་སུ་བཏང་། །སྒོ་རྒྱན་ཡ་ཕུབ་རྟ་བབས་དང་། །དྲ་བ་དྲ་ཕྱེད་དྲ་བ་དང་། །རྒྱན་གྱི་རྣམ་པ་ཐམས་ཅད་བྱའོ། །འབར་བའི་འཁོར་ལོ་རྩིབས་བརྒྱད་ལ། །རྣམ་པར་རྒྱལ་བ་ལ་སོགས་པ། ཁྲར་ནས་བརྩམ་སྟེ་དགོད་པར་བྱ། །དབུས་ཀྱི་ཨེ་ལ་བདུད་འདུལ་ཏེ། །མདུན་རྒྱབ་གཡས་གཡོན་སྟ་ཟུར་བཞི། །སྟེང་འོག་ཁྲོ་བོ་ཕྲ་མེན་བཞི། །རིམ་པ་བཞིན་དུ་དགོད་པར་བྱའོ། །དེ་ཡི་འཁོར་ལོའི་གོང་རས་ལས། །ཕྲ་མེན་བྱིན་པོ་དགོད་པར་བྱ། །ཟླ་གམ་ལ་ནི་སྲས་མཆོག་གསུམ། ཁྱམས་ལ་ཀོའུ་སེང་སྤེལ་མར་དགོད། །སྒོ་བཞིར་སྲུང་མ་བཅུ་གཉིས་དགོད། །ལྕགས་རི་ལ་ནི་དབང་ཕྱུག་མ། །དེ་ལྟར་དཀྱིལ་འཁོར་རྫོགས་པ་དང་། །བྱིན་གྱིས་བརླབས་པའི་ཕུར་བུ་ཀུན། །བྱེ་བྲག་སོ་སོར་ཤེས་པར་བྱ། །དང་པོ་ཆོས་སྐུར་བྱིན་བརླབས་དང་། །དེ་ནས་སྒྲུལ་སྐུར་བྱིན་གྱིས་བརླབས། །དེ་ནས་ལོངས་སྐུར་བྱིན་བརླབས་དང་། །སྐུ་མཆོག་སྤྲུལ་སྐུ་མངོན་བྱང་ཆུབ། །དེ་ནས་བྱིན་བརླབས་དབང་བསྐུར་བྱའོ། །མཚམས་ཀྱི་ཕུར་པ་མངའ་གསོལ་བའི། །ཕུར་པ་བཅུ་ཡང་བྱིན་གྱིས་བརླབས། །སྒྲུབ་པའི་ཕུར་པ་རེ་རེ་ལ། །དར་གྱི་ཅོད་དཔན་རེ་རེ་བཏགས། །སྤྱན་དྲང་བཞུགས་གསོལ་གཉིས་མེད་བསྟིམ། །བྱུག་བདུག་བརྡེག་པའིལས་རྣམས་བྱ། །དེ་ནས་མཎྜལ་སྟེང་དུ་འགོད། །འཕྲོ་འདུ་ལས་ཀྱི་བསྙེན་པ་ཡིས། །ཡུངས་ཀར་ཉིད་ལ་སྔགས་བཟླས་ལ། །གཟུངས་ཐག་འཐེན་ལ་བསྟིམ་པར་བྱ། །སྟོང་ཚིག་མཆོད་པ་བར་བར་བྱ། ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད་ལས། དཀྱིལ་འཁོར་བཅའ་གཞི་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡ་ཆེན་པོས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དབུ་མ་ཆེན་པོའི་རང་བཞིན་ཏེ། །སུས་ཀྱང་མཐོང་བར་མི་ནུས་ཏེ། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་པས། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །དེ་ཡི་ཕྱིར་ནརངབཞིནམེད། །མེད་ལས་མེད་པའི་འབྲས་བུ་འབྱུང་། །ཡོད་དམ་མེད་པ་གཉིས་མེད་པས། །རྟོག་མེད་དབུ་མ་ཞེས་བྱའོ། །དེ་ཡི་རང་བཞིན་ཁོ་ནའོ། །བརྗོད་པའི་རང་བཞིན་ཅི་ཡང་མེད། །དབང་པོའི་ཡུལ་དུ་གང་གྱུར་པ། །དེ་དག་ཚད་མ་མ་ཡིན་ནོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་ནི། །སྐྱེ་བ་མེད་ཅིང་འགག་པ་མེད། །རྟག་དང་ཆད་པ་ཡོད་མིན་ཏེ། །མཐོང་བའི་བློས་ནི་བསླད་པ་མིན། །དེ་དག་རྟོགས་ན་འཁོར་བ་རྟོགས། །མྱ་ངན་འདས་པ་རློམ་སེམས་མེད། །དེ་བཞིན་ཉིད་ལ་གནས་བཅས་ན། །གཡོ་དང་མི་གཡོ་རྣམ་པར་དག །གཟུང་དང་འཛིན་པ་རྣམ་པར་དག །སྤྲོས་པ་མེད་ཅིང་རྣམ་པར་དག །བརྗོད་མེད་རྣམ་པར་མི་རྟོག་པའང་། །ཆོས་རྣམས་ཀུན་གྱི་སྒྲ་རྣམས་ནི། །ཡི་གེ་མེད་པའི་གསུང་མཆོག་སྟེ། །སྒྲ་ཡིས་རྣམ་པར་སྤངས་ནས་ནི། །སེམས་ཀྱི་རྒྱུ་བ་ཕྲ་བ་འགག །དེ་ནི་རང་བཞིན་ལྟ་བ་ཞེས། ཁྲེས་རབ་བློ་ཡིས་མཐོང་བར་གྱིས། །བླུན་པོ་རྣམས་ཀྱིས་མི་མཐོང་སྟེ། །མཐོང་བ་རྣམས་ནི་མངོན་སངས་རྒྱས། །གང་ཞིག་བསླབ་པར་འདོད་པ་ཡིས། །སྤྲོས་པའི་མཐའ་ལ་ཤེས་པར་གྱིས། །དེ་ལྟར་མངོན་པར་རྟོགས་ནས་ནི། །སངས་རྒྱས་གུད་དུ་མ་ཚོལ་ཅིག །གལ་ཏེ་བླུན་པོས་ཚོལ་བྱེད་ན། །གླང་པོའི་རྗེས་ནི་ཚོལ་བ་སྟེ། །གླང་པོ་རྙེད་ནས་གླང་པོ་ཚོལ རང་ལ་རང་བྱུང་ཡོད་བཞིན་དུ། །རང་བྱུང་གཞན་དུ་ཚོལ་བ་ལྟར། །ཞེས་གསུངས་སོ། །དེབཞིན གཤེགསཔཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད་ལས། སྤྲོས་པ་རང་བཞིན་གྱིས་གནས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་སྙིང་པོ་སྔགས་ཀྱི་རིམ་པས་དཀྱིལ་འཁོར་གསལ་བར་བསྐྱེད་པ་འདི། རྫོགས་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདི་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་ཡང་སྐུ་གསུང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། དོན་ཐམས་ཅད་ཐུགས་སུ་ཆུད་ནས་བརྗོད་པའོ། །ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་གཞལ་ཡས་རྫོགས་པ་ལ། །འཁོར་བའི་ལྟེ་བ་གང་ཡིན་ལ། །ཉི་མ་ཟླ་བ་ཀུ་བེར་དང་། །པདྨ་ལ་སོགས་གདན་སྟེངས་སུ། །ཞེ་སྡང་ཁྲོ་བོའི་རང་བཞིན་སྟེ། །འཇིགས་བྱེད་རྡོ་རྗེ་གཞོན་ནུ་ནི། །ཞལ་གསུམ་པ་ལ་ཕྱག་དྲུག་སྟེ། །གཡས་པ་དཀར་ཞིང་གཡོན་པ་དམར། །རྩ་བའི་ཞལ་ནི་མཐིང་ནག་ལ། །དང་པོ་རྩེ་དགུ་མེ་དཔུང་འབར། །བར་མ་རྩེ་ལྔ་ཁ་ཊ༷་ག །ཐ་མ་རི་རབ་ཕུར་བུ་འདྲིལ། །སྐུ་སྟོད་གླང་ཆེན་ཀོ་རློན་དང་། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །མེ་དཔུང་གཡོན་པ་རིག་མ་འཁྱུད། །དབུ་ལ་ཐོད་ཕྲེང་སྐམ་པོ་དང་། །ཐོད་རློན་རྣམས་ཀྱིས་དོ་ཤལ་བྱས། །མེ་ཡི་རུས་པའི་རྒྱན་དང་བཅས། །ཕྱག་དང་སྙན་ཆ་ལ་སོགས་པ། །བྲང་གིས་འགྲོ་བ་ཆེན་པོས་བརྒྱན། །དོམ་དྲེད་པགས་པས་དཀྲིས་པ་དང་། །མི་སྡུག་འཇིགས་སུ་རུང་བ་ཉིད། །སྨིན་མ་སྨ་ར་མིག་ཀྱང་སེར་། །ཞལ་གདངས་མཆེ་གཙིགས་ལྗགས་ཀྱང་འདྲིལ། །ཐོད་ཁྲག་འཐུང་ཞིང་ཧ་ཧར་བཞད། །ཞིང་ལ་འབྲུ་ཚུགས་བལྟས་ནས་ནི། །ཞལ་ནས་ཁྲག་འབབ་ཧི་ཧི་བཞད། །ཞག་གི་ཐིག་ལེ་ཚོམ་བུར་བྱས། །ཐལ་བ་རཀ་ཏས་མཚན་པ་དང་། །འཇིགས་པའི་དཔུངཡངཟློག་པར་བྱེད། །ཕྱག་རྒྱ་ཆེན་པོ་དངོས་པོ་ལས། ཁྲོ་བོའི་དཀྱིལ་འཁོར་བསྒོམ་པར་བྱ། །སེམས་དཔའ་གསུམ་གྱི་དམ་ཚིག་ལས། །སྙིང་གར་ཡེ་ཤེས་སེམོས་དཔའ་གནས། །ཧུ༷། དེ་ནས་འདོད་ཆགས་ཆེན་པོ་ཡིས། །གསང་བའི་པདྨ་རྒྱས་མཛད་ནས། །བྱང་ཆུབ་སེམ༷ས་ཀྱི་འོད་ཟེར་དག །གསང་བའི་དབྱིངས་སུ་བསྟིམ་པར་བྱ། །བྱང་ཆུབ་སེམས་ཀྱི་སྤྲིན་དག༷་ལས། ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ནི། །ཐུགས་ཀ་ནས་ནི་ཕྱུང་གྱུར་ཏེ། ཁྲོས་པའི་དཀྱིལ་འཁོར་ཉིད་དུ་བཞུགས། །ཨཱོཾ་བཛྲ་ཀུ་མྱ་ར་མ་ཧྭ་ཀྲོ་དྷ་ཧུ༷་ཕཊ། ཨོ་ཨུ༷༷ཧུ༷་ཨོ་བཛྲ་ཀྲོ་དྷ་ཧུ༷་ཀྭ་ར་ཧུ༷། གརྫ་གརྫ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་དྷ་བྲི་ཛ་ཡ་ཧུ༷ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཡ་མྱརྙ་ཏ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཧ་ཡ་རྒི༷་ཝ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜལི་ཧུ༷། སྨྲིརྙ་སྣྲིརྙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ནི་ལ་དཎྜཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨརུ་ཨ་ཙ་ལ་ཧུ༷། བན་དྷ་བན་དྷ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏེ་ཧཱུཾ། ཏིཛི་ཏིཛི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧུ༷། བིན་དྷ་བིན་དྷ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་མ་ཧྭ་བ་ལ་ཧུ༷། སྒྲོ་ཊ་སྤོ་ཊ་ཧུ༷་གཡོན་པ་སྟེ། །བྱང་དུ་བརྐྱང་བསྐུམ་ཚུལ གྱགནས། །མེ་ཡི་ཕྱོགས་སུ་དབྱུག་སྔོན་ཅན། །ཞལ་གཡས་དཀར་ཞིང་གཡོན་པ་དམར། །སྐུ་ཞལ་དབུས་མ་དཀར་ལ་སེར། །དང་པོ་གཉིས་ནི་རིག་མ་འཁྱུད། །གཡས་ན་དབྱུག་པ་རལ་གྲི་སྟེ། །གཡོན་གཉིས་རིན་ཆེན་པདྨའོ། །མི་གཡོ་མགོན་པོ་བདེན་བྲལ་ཕྱོགས། །གཡས་དཀར་གཡོན་དམར་དབུས་སེར་ཞལ། །དང་པོ་གཉིས་ནི་རིག་མ་འཁྱུད། །འཁོར་ལོ་རལ་གྲི་གཡས་པ་ན། །རིན་ཆེན་པདྨ་གཡོན་པས་འཛིན། །དཔལ་ལྡན་གཞན་གྱིས་མི་ཐུབ་པ། །གཡས་པ་དཀར་ལ་གཡོན་པ་དམར། །དམར་ལྗང་དང་པོ་རིག་མ་འཁྱུད། །རྡོ་རྗེ་རལ་གྲི་གཡས་དང་གཡོན། །རིན་ཆེན་པདྨ་འཛིན་པ་སྟེ། །རླུ་་གི་མཚམས་སུ་ཡང་དག་གནས། །དབང་པོའི་གྲར་ནི་གཞག་བྱ་བ། ཁམས་གསུམ་རྒྱལ་བ་ཞལ་གསུམ་པ། །ཞལ་གཡས་དཀར་ལ་གཡོན་པ་དམར། །སྐུ་དང་དབུས་ནི་ལྗང་སྐྱ་ཡིན། །ཕྱག་གཉིས་རིག་མ་འཁྱུད་པ་ལ། །ལྕགས་ཀྱུ་རལ་གྲི་རིན་ཆེན་པད། །གཡས་དང་གཡོན་གྱི་ཕྱག་ཏུ་བསྣམས། ཁྲོ་བོ་ཆེན་པོ་ཐམས་ཅད་ཀྱང་། །རྒྱན་ཆ་རྡོ་རྗེ་འཇིགས་བྱེད་འདུ། །ཁྲོ་མོ་རྣམས་ཀྱང་རིགས་དང་མདོག །རང་རང་ལག་ཆ་འཛིན་པར་བྱེད། །ཕྲ་མེན་རྣམས་ཀྱི་མདོག་དང་རྒྱན། །ཅིར་ཡང་འགྱུར་ཞིང་སྣ་ཚོགས་ཐོགས། ཁྲོ་རྒྱལ་ཡེ་ནས་ཡིན་པས་ན། །དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། ཁྲོ་བོའི་དཀྱིལ་འཁོར་རྣམ་སྤྲོས་ཏེ། །ནམ་མཁའི་དཀྱིལ་དུ་བརྟེན་པར་གནས། །དེ་ནས་དཔལ་ཆེན་ཁྲོ་བོའི་རིགས། །བསྐུལ་བར་བྱ་ཕྱིར་སྔགས་འདི་བརྗོད། །ཨོ་བཛྲ་ས་མ་ཡ་སྟུ༷། ཨོ་བཛྲ་ས་མ་ཡ་ཧུ༷། ཨོ་བཛྲ་ས་མ་ཡ་ཧོ། ཞེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །བདག་དང་རྒྱལ་བ་གཉིས་མེད་པའི། །རིགས་ཀྱི་རྒྱལ་མཚན་མི་ནུབ་ཕྱིར། །བདག་གི་སྲས་དང་གཞན་གྱི་སྲས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ། །ཧོ་གཉིས་བར་དུ་གཞག་བྱ་སྟེ། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །སྒྱུ་མའི་ཕྱག་རྒྱ་འོད་འབར་ཏེ། །ཐབས་དང་ཤེས་རབ་ལྡན་བྱས་པ། །བསྙེན་པ་དང་ནི་ཉེ་བར་སྒྲུབ། །སྒྲུབ་པ་སྒྲུབ་པ་ཆེན་པོ་ཡིས། །གསང་བའི་ཕྱག་རྒྱ་རྒྱས་མཛད་དེ། །རྗེས་སུ་སྦྱོར་བ་བརྩམ་པར་བྱ། །དེ་ནས་དཀྱིལ་འཁོར་ཐམས་ཅད་ནི། །ནམ་མཁའི་དབྱིངས་སུ་བརྟན་པར་གནས། །དེ་ཡིས་ཡེ་ཤེས་བརྟན་པར་གནས། །གསང་བའི་བུམ་པ་ལས་བྱུང་བའི། །འཁོར་ལོ་བཞི་ལ་རབ་ཏུ་དམིགས། །གང་ཞིག་འདི་ལ་མོས་འགྱུར་བ། །རྡོ་རྗེ་རིག་པ་འཛིན་པ་སྟེ། །བླ་ན་མེད་པ་འཐོབ་པར་བྱེད། །རྒྱབ་ཀྱིས་ཕྱོགས་ཤིང་འདུན་པ་མེད། །བླུན་པོས་མི་ཤེས་ལོག་པར་བལྟ། །གཤིས་ངན་དུ་ནི་ཤི་གྱུར་ནས། །འོ་དོད་འབོད་ཅིང་ལྟུང་བར་འགྱུར། །དེ་བས་ཐབས་ལ་ཡིད་ཆེས་བྱ། །ཞེས་གསུངསསོ། །དེབཞིནགཤེགསཔཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། སྙིང་པོ་སྔགས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་བཛྲ་ཀི་ལ་ཡ་ལ་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་རྣམས་ལ་ཕན་དོན་དུ། །མྱ་ངན་མི་འདའ་ཐུགས་རྗེའི་ངང་། །མཆོད་པའི་རྣམ་པ་བཤད་དུ་གསོལ། །དེ་ནས་བཛྲ་ཀི་ལ་ཡས་མཆོད་པའི་ཆོ་འཕྲུལ་སྨིན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སེམས་དཔལ་ཆེན་པོ་ལེགས་སོ་ལེགས་སོ། །དུས་གསུམ་བདེར་གཤེགས་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་དོན་དུ། །ཕྱི་དང་ནང་དང་གསང་བ་དང་། །དེ་བཞིན་དབྱིངས་ཀྱི་མཆོད་པ་དང་། །སྣང་སྲིད་ཕྱག་རྒྱའི་མཆོད་པ་དང་། །རིན་ཆེན་སྣ་བདུན་མཆོད་པ་དང་། །ཀུན་ཏུ་བཟང་པོའི་མཆོད་པ་དང་། །ལྷ་མོ་བཞི་ཡི་མཆོད་པ་དང་། །མཆོད་པའི་ཕྱིར་ན་སྤྱན་དྲང་དང་། །ཕྱག་རྒྱ་ཆེན་པོར་གནས་བཅས་ལ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ཡང་སྤྲུལ་སུམ་སྤྲུལ་སྐར་ལྟར་འཁྲུགས། །གཅིག་ལ་གསུམ་གསུམ་དྲུག་ཅུར་སྤྲུལ། །སྤྲུལ་པ་རྣམས་ཀྱང་སྤྱན་དྲང་ངོ་། །ཨེ་གྱེ་ཧི་བྷ་ག་ལྷུན། ཨོ་བཛྲ་ཀྲོ་དྷ་ཤི་ཧེ་རུ་ཀ མ་ཧྭ་བཛྲ། ཨུ་གད་ཏ་ཡ། ཨུ་གད་ཏ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བན་དྷ་ཡ། བན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ།སརྦ་ཌའ་ཀི་ནི་ཧྲི་ད་ཡ་ཧུ༷་ཕཊ། དེ་བཞིན་མཆོད་པ་སྣ་ཚོགས་པ། །ཀ་ནིསྐོ་ལ་སོགས་པ་འབུལ། །དེ་བཞིན་མཆོད་པ་བླ་ན་མེད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། རྒྱལ་བ་ཐམས་ཅད་མཆོད་པར་བྱ། །བདུག་པ་མེ་ཏོག་མར་མེ་དང་། །དྲི་ཆབ་ཤོས་གཙང་ཡི་གར་འོང་། །ཚ་བ་གསུམ་དང་སྦྱང་བ་ཡིས། །ཨ་ཀ་རུ་ཡི་དོག་པ་རྣམས། །དཀྱིལ་འཁོར་ཀུན་ལ་མཆོད་པར་བྱ། །དེ་ནས་ནང་གི་མཆོད་པ་འབུལ། །དེ་ནས་གསང་བའི་མཆོད་པ་སྟེ། །ཨོ་ཨུ༷༷ཧུ༷་མ་ཧྭ་ས་མ་ཡ། ཨསྙེ༷་པྲ་ཏིསྣྲོ་ཧུ༷། སྟོང་པ་ཉིད་ཀྱི་རང་བཞིན་གྱིས། །གདོལ་པའི་ཁང་པ་མེས་བསྲེགས་ནས། །དཀར་པོ་གངས་ཀྱི་རྣམ་པ་ཡང་། །ཅི་འདོད་ལས་རྣམས་འདོད་པ་འགྲུབ། །དེ་བཞིན་ལས་རྣམས་ཐམས་ཅད་དོ། །ཐུགས་རྗེ་ཆེན་པོ་འབྱུང་བར་བྱེད། །བདག་དང་སེམས་ཅན་བསྒྲལ་བའི་ཕྱིར། །རིག་མར་སྦྱར་བའི་མཆོད་པ་ཡིས། །སྦྱོར་སྒྲོལ་ཐམས་ཅད་མཆོད་པར་འབུལ། །དེ་ནས་དམར་གྱི་ཨསྙེས་མཆོད། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། དུར་ཁྲོད་མཆོག་གི་གནས་འདི་སྲ །ཞིང་ཆེན་གསང་རྙིང་ཏི་རར་བཅས། །དམར་གྱི་ཨསྙེ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབརབའི་ཚོགས་ལ་འབུལ། །མལུསགཤེགསནསབསྣམས་སུ་གསོལ། །རྣལ་འབྱོར་མགོན་པོ་བདག་ཉིད་ཀྱང་། །ཆས་ཀྱང་རབ་ཏུ་གདགས་བྱས་ཏེ། །མཆོད་༄༅ པ་ཐམས་ཅད་ནག་པོར་དབུལ། །དེ་ཡིས་དངོས་གྲུབ་ལས་རྣམས་འགྲུབ། །ཅེས་བྱའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ། སངས་རྒྱས་མདུད་པའི་རྒྱུད་ལས་མཆོད་པའི་སྤྲིན་རྣམ་པར་རོལ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དེ་བཞིན་གཤེགས་པ་དཔལ་ཀི་ལ་ཡ། བདག་ཉིད་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བདག་དང་གནས་དང་དུས་དག་དང་། །བཟླས་པ་དང་ནི་གཟུགས་རྣམས་དང་། །དེ་ལྟར་རྫས་ཀྱི་རྣམ་པ་དང་། །བསྙེན་པ་དང་ནི་ཉེ་བསྙེན་དང་། །དེ་བཞིན་སྒྲུབ་དང་སྒྲུབ་པ་ཆེ། །བདག་དོན་དང་ནི་གཞན་དོན་དང་། །རྣལ་འབྱོར་མཁས་པའི་ཕྲིན་ལས་སོ། །གཞན་ཡང་ཡང་དག་འདི་བསྟན་བྱ། །ཉེས་པའི་དོན་གཉེར་རྣལ་འབྱོར་ལ། །ཚེ་སྲོག་བར་དུ་གཅོད་བྱེད་ལ། །གདབ་པའི་གནས་ནི་གང་ཡིན་པ། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བའི་དཀྱིལ་དུ་གདབ་པར་བྱ། །སྐུ་གསུང་ཐུགས་ཀྱི་སྲས་མཆོག་དང་། །དེ་བཞིན་དཔལ་གྱི་ཕུར་པས་གདབ། །གང་ལ་བྱ་བའི་གཟུགས་བརྙན་ལ། །ཞིང་གི་རས་སམ་གྲོ་གའི་ཤུན། །ར་ཡི་ཁྲག་གིས་མིང་བྲིས་ལ། །གཟུགས་ཀྱི་སྙིང་ག་དག་ཏུ་བསླན། ཁྲར་ལྷོ་མཚམས་སུ་འབྲུབ་ཁུང་རྒྱ། ཁ་ཁྱེར་རྣམ་པ་གསུམ་དང་ལྡན། །ཏིལ་ནག་པོ་ལ་གཞི་བྱས་ལ། །གན་རྐྱལ་དག་ཏུ་གཞག་པར་བྱ། །ལྷོ་ནུབ་མགོ་ལ་བྱང་ཤར་རྐང་། ཁར་ནག་སྒྲིལ་མའི་བྱད་དུ་གཞུག །དྲག་པོའི་ཕུར་པ་དག་ལ་བརྟོད། །མངག་གཞུག་ལས་རྣམས་གཞོལ་བའི་ཕྱིར། །མ་མོ་མཁའ་འགྲོ་སྲུང་མ་ལ། །མཆོད་པ་རྫོགས་དང་བ་ལི་གསོ་། །དགུག་པ་གསུམ་གྱིས་རབ་ཏུ་དགུག །གདབ་པ་གསུམ་གྱི་མོས་པ་བྱ། ཁྲོ་བོ་ཧུ༷་བཞིའི་སྦྱོར་བ་ཡིས། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ། །ཡི་གེ་ཛ་ནི་ཁ་བརྒྱད་པ། །འོད་ཟེར་ལྕགས་ཀྱུའི་ཚུལ་དུ་བཞག །དེ་ཡིས་དྲངས་སམ་བཀུག་ནས་ནི། །གཟུགས་སམ་རི་མོ་དེ་ལ་བསྟིམ། །ཕྱག་རྒྱ་བཞི་དང་སྔགས་བཞི་ཡིས། །དགུག་པ་དང་ནི་བསྡམ་པ་དང་། །དེ་བཞིན་བཅིང་དང་དགའ་དག་བྱ། །ཛ༷༷ཧུ༷་བ༷་ཧོ་༷ བཛྲ་ཨ༷་ཀུ་ཤ་ཛ་ཛ་ཛ༷༷ ཛ༷༷ཧུ༷་བ༷་ཧོ༷༷ པྲ་བེ་ཤ་ཡ་ཧུ༷། ཨུ་བེ་ཤ་ཡ་ཨ་ཨུ། ཡང་ན་གཟུགས་བརྙན་འདི་ལྟར་བྱ། །ཐལ་བ་སྐྱེ་ཚེ་ལན་ཚྭ་དང་། ཁྲེ་དང་ཇུ་ཚེ་སྲུབ་མའི་འོ།། །ཕུག་མ་གྲོག་མཁར་ས་རྣམས་ལ། །རཀྟ་བདུད་རྩིས་སྤྲུས་ནས་ཀྱང་། སྨུག་ནག་སྙིང་གར་མིང་རུས་གདགས། །བཀུག་ནས་ཕེབས་པར་གྱུར་པ་དང་། །གུ་གུལ་ཚིལ་ཆེན་བདུག་པ་དང་། །ཕྱེ་མ་གསུམ་གྱི་སྤྱོར་བ་བྱ། །ནག་པོ་དུག་ལས་བྱས་པ་ཡིས། །གཏོར་མ་རྣམས་ཀྱང་ཟ་རུ་གཞུག །ཕྲ་མེན་དང་ནི་མགྱོགས་མ་ལ། །བ་ལི༷་བྱིན་ལ་ལས་རྣམས་བཅོལ། །ཀུན་ཏུ་མགྱོགས་པར་སོང་ནས་ནི། །གློ་སྙིང་འདྲེན་ཅིང་དབང་བོ་ཐོགས། །མྱོས་ཙམ་དུ་དུ་རབ་བྱས་ནས། །བསྟོད་པ་བྱས་ལ་གཉིས་མེད་བསྟིམ། །དེ་ནས་གསད་པའི་བཟླས་པ་བྱ། །བདག་གི་ལས་ཀྱི་ཏིང་འཛིན་ཞུགས། །སྙིང་གར་ཉི་མའི་དཀྱིལ་འཁོར་བསམ། །དེ་ནས་བཟླས་པའི་སྙིང་པོ་བསམ། །ཧུ༷་ཡིག་རྣམ་པར་བསམ་ནས་ནི། །ཕུར་པ་ཁྲོ་བོ་ཅི་འདྲ་བས། །ཕྱོགས་བཅུ་དག་ཏུ་དོན་བྱས་ནས། །འགྲོ་དོན་དམ་རྣམས་རྫོགས་མཛད་དེ། །སླར་འདུས་ཕུར་པ་ཉིད་ལ་ཐིམ། །འབུམ་ཕྲག་ཅིག་གམ་ས་ཡའམ། །བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད། །བཟླས་ཏེ་སྟོང་ཚིག་མཆོད་པ་བྱ། །དེ་ནས་སྤྲུལ་པ་རབ་ཏུ་དགྱེ། །གཉིས་མེད་འདྲེས་པའི་ལིསྐོ་ལ། །དགུག་དང་རབ་ཏུ་གཟིར་བར་བྱ། །དཔང་གཟུག་ར་མདའ་བཟློག་པར་བྱ། །ཨོ་ལ༷་ཧུ༷་ལ༷་སྟུ༷་བྷ་ནན། མོ་ཧ་བྷ་ཡ། བྷ་ག་བཱན། ཤི་བཛྲ་ཧུ༷་ཀྭ་ར་ཕཊ། བཛྲ་ཀི་ལི་ཀི་ལ་ཡ། ཛ༷༷ཧུ༷་བ༷་ཧོ༷་ སརྦ་བིསྣན། ཀྭ་ཡ་བཱསྐ་ཙིསྟ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཧུ༷་ཀྭ་ར་ཧུ༷། ཨ་༷ཨ་ཨ། ཛ༷༷ཧུ༷་བ༷་ཧོ་༷ ཨུ་བི་ཤ་ཡ་ཨ། ཁྲོ་བོས་མངོན་སྨོད་རབ་བྱ་སྟེ ཁྲོ་བོས་སྐེ་ནས་བཟུང་ནས་ནི། །གཡས་པའི་ཐོ་བས་བརྡེག་བྱས་ཏེ། །མངོན་སྤྱོད་ཕུར་པ་རབ་ཏུ་བཏབ། །སྔགས་ནི་འདི་སྐད་བརྗོད་པར་བྱའོ། །ཨོ་ན་མ༷༷ས་མན་ཏ་ཀྭ་ཡ་བཱ་ཀ་ཙིསྟ་བཛུ་ཎའ༷། བྷ་ཀྟ་ལྷུ་ཏ་ཡ་ལྷུ་ཏ་ཡ། སརྦ་དུ་སྒྲོན་ཕཊ། ཀི་ལ་ཡ། ཀི་ལ་ཡ། སརྦ་བཱ་པ༷་ཕཊ། ཧུ༷་ཧུ༷་བཛྲ་ཀི་ལ་ཡ། བཛྲ་དྷ་རོད་ཨུརྙོ་བཱ་ཡ་ཏ། སརྦ་བིབྷ་ནཱན། ཀྭ་ཡ་བཱ་ཀ་ཙིསྟ། བཛྲ་ཀི་ལ་ཡ་ཧུ༷་ཕཊ། ཨ་ཀོ་ཊ་ཡམུདྷ་ར་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཡསྒ་ན་ཁ་ཁ་ཁྭ་ཧི་ཁུ་ཧི། དེ་ནས་གཟུགས་བརྙན་ག་་པར་བྱ། ཨཱོཾ༷་སྙི༷༷ལྗོཤེ༷ ་སྨྲ༷་ཨུ་ན་ཡ་ཧུ༷་ཕཊ། བི་ཀྲི་ཏ་ནན་ཧུ༷་ཕཊ། དེ་ནས་ལས་རྣམས་ཚང་བྱའི་ཕྱིར། །ཧོམ་ཁུང་གྲུ་གསུམ་སྒོ་ཅན་དུ། །ར༷་ཞེས་བྱ་བའི་མེ་སྤར་ཏེ། །མེ་ལྷ་བོས་ལ་ལས་རྣམས་བྱ། །གསོ་བ་གསུམ་དང་གསལ་བ་གསུམ། །རིན་པོ་ཆེ་ཡི་དགོངས་པ་དང་། ཁུབ་པའི་མཐའ་ནི་བསྟན་པར་བྱ། །ཞེས་གསུངས་སོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ། སངས་རྒྱས་མདུད་པའི་རྒྱུད་ལས། ཕྲིན་ལས་ཕུན་སུམ་ཚོགས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཛྲ་ཀི་ལ་ཡ་ཆེན་པོ་དེ།མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཞི་ཡི་ཏིང་ངེ་འཛིན་འདི་གསུངས་སོ། །ལམ་ལྔ་དག་ལ་ཚུལ་བསྟུན་ནས། །ས་རྣམས་མཐའ་རུ་དབྱུང་བའི་ཕྱིར། ཁྲེས་རབ་རྣམ་གསུམ་སྦྱོར་བ་ཡིས། །དང་པོ་རྒྱུ་ཡི་ཚོགས་བསྒོམ་སྟེ། །ཡན་ལག་བདུན་དང་གནས་བཞི་བྱ། །དེ་ནས་གཞུང་བཞིན་ལས་རྣམས་བྱ། །དང་པོ་ཏིང་འཛིན་རྣམ་གསུམ་ནས། །སྦྱོར་བ་དང་པོའི་ཏིང་འཛིན་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་བ་མཆོག །དེ་ལ་ལས་ཀྱི་རྒྱལ་བ་མཆོག །གཞི་ཡི་དཀྱིལ་འཁོར་ཞེས་བྱ་སྟེ། །ཆོ་ག་རྫོགས་པར་བྱས་ནས་ནི། །བསྒྲུབ་པ་ཆེན་པོ་མཐའ་རུ་དབྱུང་། །ཞེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །དེ་ལྟར་ལས་རྣམས་ཟིན་གྱུར་ནས། །ཕྲ་མོའི་ཐིག་ལེ་བསྒོམ་པར་བྱ། །སྣ་རྩེ་རྣམ་པ་བཞི་རྣམས་སུ། །སོ་སོའི་ཡི་གེ་བསམ་པར་བྱ། །དེ་ནི་གཞི་ཡི་ཕྲ་མོ་ཡིན། །དེ་རྣམས་ཡོངས་སུ་གྱུར་པ་ལས། །མཉམ་པ་ཉིད་དུ་གྱུར་པ་ནི། །ཐིག་ལེ་ཞེས་སུ་བཤད་པ་ཡིན། །དེ་ཡི་ཕྲ་བ་གང་ཡིན་པ། །ནཱ་ད་ཞེས་ནི་བྱ་བ་ཡིན། །ཡིད་ཀྱི་སྨར་ཁུང་ཁ་ཕྱེ་ནས། །སེམས་ཀྱིས་སེམས་ལ་བལྟ་བར་བྱ། །ཆོས་ཉིད་རྩ་དང་ཡེ་ཤེས་རྩ། །རངརྒྱུད་རྩ་དང་ཡོན་ཏན་རྩ། །གང་གིས་ཡོངས་སུ་ཤེས་པ་ལ། །ཕྲ་མོའི་ཐིག་ལེ་ནཱ་དར་འཛག །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ། སངས་རྒྱས་མདུད་པའི་རྒྱུད་ལས། །གཞིའི་ཏིང་ངེ་འཛིན་དང་། ཕྲ་ཐིག་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཛྲ་ཀི་ལ་ཡ་ཆེན་པོ་དེས། །མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་ཡང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཞི་བ་བླང་དོར་མེད་པའི་ཆོས། །རང་བཞིན་མེད་པའི་ཆོས་ཡིན་ཏེ། །བརྟག་པར་དཀའ་བར་བསྟན་པ་ཡིན། །བརྗོད་པའི་ཐ་སྙད་རྣམས་དང་བྲལ། །འདུས་མ་བྱས་པའི་རང་བཞིན་ཏེ། །སྐྱེ་ཤི་མེད་པའི་ཡུལ་དུ་སྣང་། །དུས་གསུམ་འདུས་མ་བྱས་པ་སྟེ། །ཀུན་ཏུ་འོད་ཀྱི་ས་ཡིན་ནོ། །འདི་ཞེས་བྱ་བའི་དཔེ་ཡང་མེད། །ངས་ཀྱང་མཐོང་བར་མ་ནུས་ན། །མངོན་སུམ་མི་གནས་ཀུན་ལ་ཁྱབ། །གཟུགས་སྐུ་རྣམ་གཉིས་འབྱུང་བས་ན། །ཟད་མི་ཤེས་པའི་གཏེར་དུ་གྱུར། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །སྟོང་པ་ཉིད་ལ་ཐ་མི་དད། །འཁོར་བ་མྱ་ངན་འདས་པ་གཉིས། །བྱེ་བྲག་དབྱེ་བ་གཅིག་ཀྱང་མེད། །དེ་དག་ཉིད་ཀྱི་ཁྱད་པར་ནི། །ཅི་ཡང་ཡོད་པར་མ་གསུངས་སོ། །ཕུང་པོ་ཁམས་དངསྐྱེ་མཆེད་རྣམས། །རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ། །སྟོང་པ་ཉིད་ལས་མ་རྟོགས་པར། །བརྗོད་པ་ཐམས་ཅད་ཐ་སྙད་ཡིན། །དེ་བས་ཆོས་རྣམས་སྟོང་པ་ལ། །བླུན་པོ་རྣམས་ཀྱིས་དེ་མི་མཐོང་། །དེ་ཕྱིར་ཆོས་རྣམས་རང་བཞིན་མེད། །དེ་བཞིན་གཤེགས་པས་མི་གཟིགས་སོ། །ཆོས་རྣམས་བདེ་བར་གཤེགས་པ་འདྲ། །བཙལ་བས་རྙེད་པ་མ་ཡིན་ཏེ། །ཡང་དག་ཉིད་དུ་གང་བལྟ་བས། །ཡང་དག་མཐོང་བར་མི་ནུས་ཏེ། །འགའ་ཡང་མཐོང་བ་མེད་པས་ན། །དེ་ཉིད་མཐོང་བ་ཆེན་པོ་ཡིན། །མྱ་ངན་འདས་པ་སངས་རྒྱས་ས། །གང་གིས་མཐོང་བར་མི་ནུས་ཏེ། །པདྨ་ཅན་གྱི་ཡེ་ཤེས་ཀྱིས། །སྐད་ཅིག་གཅིག་ལ་མངོན་བྱང་ཆུབ། །ཆོས་རྣམས་དངོས་པོ་གཅིག་ཡིན་པས། །རྣམ་པ་ཐ་དད་དུ་མར་ཡང་། །རྨོངས་པ་རྣམས་ཀྱིས་ལོག་པར་མཐོང་། །འགྲོ་བ་འཁྲུལ་བར་རྒྱར་ཆུད་འདྲ། །གང་གིས་གང་རྟོགས་སེམས་ལ་ནི། །འབྱུང་བ་ལྔ་ཡང་བཅོམ་ལྡན་འདས། །གཅིག པར གནས་པས་བཅོམ་ལྡན་འདས། །ཀུན་ལ་ཡོད་པ་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་རྒྱུ་ཡིན་པས། །འཁོར་བ་རང་བྱུང་གཞན་ལས་སྨིན། །དེ་བས་སེམས་ཅན་ཐམས་ཅད་ནི། །སངས་རྒྱས་སྙིང་པོ་ཅན་ཞེས་བྱ། །མ་རིག་པ་ཡི་སེམས་ཅན་གྱིས། །འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར། །སེམས་ཅན་ཀུན་གྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། །ཀུན་ལ་ཁྱབ་པའི་ནམ་མཁའོ། །དེ་མ་མཐོང་བས་དེ་མི་མཐོང་། །སྙིང་པོ་ཆོས་ཀྱི་དོན་ལ་ནི། །རྟོག་གེ་པ་ཡིས་མི་རྙེད་དེ། །འགའ་ཡང་བཙལ་བས་མི་རྙེད་དོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད་ལས། རང་བཞིན་ལྟ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་བཛྲ་ཀི་ལ་ཡས་འཁོར་རྣམས་ལ་སྦྱན་རྒྱས་པར་གཟིགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། ཁྱོད་རྣམས་ལ་མ་འོངས་པའི་རྣལ་འབྱོར་པ་རྣམས་དང་། སེམས་ཅན་དབུགས་དབྱུང་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་ཀྱི་གདུང་འཛིན་པའི་ཕྱིར། །རྟག་པ་དང་པོ་འདི་ཁྱེད་ཀྱིས་ཡང་དག་པར་ཆོངས་ཤིག དད་པ་དང་ལྡན་པ་རྣམས་ལ་བྱོས་ཤིག སྐྱེ་བོ་མཆོད་པ་ལ་དགའ་བ། འདོད་ཆགས་ཆེ་བ་རྣམས་ལ། ཚུལ་བཞིན་དུ་བཤད་པའི་དབང་སྐུར་ལ་བཤད་པ་བྱོས་ཤིག ཅེས་གསུངས་སོ། །དེ་ནས་འཁོར་རྣམས་ཀྱིས། སྟོན་པས་གསུངས་པ་ལ་