Ngb-pt-0315-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སྐད་གསར་བཅད་ཀྱིས་གཏུགས་པའོ། །བརྟག་པ་ཕྱོགས་གཅིག་པ་རྫོགས་སོ།། །། རྒྱ་གར་སྐད་དུ། ཀསྨི་ཀི་ལ་ཡ་ཏནྟྲ། བོད་སྐད་དུ། ཕུར་པ་ཀསྨི་ལས་ཀྱི་རྒྱུད། །རྡོ་རྗེ་ཀི་ལ་ཡ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཙུན་མོའི་བྷ་ག་ལ་བཞུགས་ཏེ། རྡོ་རྗེ་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་བརྗོད་ཀྱི་མི་ལང་བ་དང་། བཙུན་མོའི་ཚོགས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་དང། ཡང་སྤྲུལ་དང་སུམ་སྤྲུལ་དང། མགྱོགས་མའི་ཚོགས་དང་ཐབས་ཅིག་ཏུ་བཞུགས་སོ། དེའི་ཚེ་ན་དུ་ཏྲ་ཤིན་ཏུ་གདུག་པ་འཇིག་རྟེན་ཐམས་ཅད་ཕུང་བར་བྱེད་པ། མགོ་གསུམ་པ་ལག་པ་དྲུག་པ། དྲག་པོའི་ག་་ཚིག་བརླང་པོར་སྨྲ་བ་ཞིག་གིས་འཇིག་རྟེན་གྱི་་་། །ཁམས་ཐམས་ཅད་ཕུང་བར་བྱེད་དོ། །འདོད་པའིཁམས་དང་། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཐམས་ཅད་ཕུང་བར་བྱེད་པའི་དུ་ཏྲ་དེ་བསྒྲལ་བའི་ཕྱིར། དེབཞིན་གཤེགསཔདགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་ཀི་ལ་ཡ་ཞེས་བྱ་བས། གདུག་པ་སྒྲོལ་བ་ཞེས་བྱ་བའིཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཐུགས་ཀ་ནས་འོད་ཟེར་རྣམ་པ་ལྔ་འཐོན་ཏེ། འོད་ཟེར་དེ་དག་ཀྱངཁྲོ་བོ་སྣཚོགས་སུ་གྱུརནས། དུ་ཏྲ་དེ་ལརྡོ་རྗེ་རྩེ་དགུ་པ་དང། རྩེ་ལྔཔ་དང་རྡོ་རྗེ་རྒྱ་གྲམ་དང་མེ་དཔུང་དང་ཏྲི་ཤུལདང། ཕུར་པ་རྣམས་འཕྲོས་ནས་དུ་ཏྲ་དེ་ཉིད་བསྒྲལཏེ། ཤ་ཟོས་ཁྲག་འཐུང་རུས་པ་འཆོས་ཏེ་འཇིག་རྟེན་གྱི་ཁམསབདེ་བ་ལ་བཀོད་དོ། གཞན་ཡང་མི་དགེ་བ་ལས་གྲུབཔའི་དྲེགས་པ་ཅན། དབང་ཕྱུག་ཆེན་པོ་ཕོ་མོ་དང་། ཉི་ཟླ་ཚངས་པ་དང།བརྒྱ་བྱིནདང། མེལྷདང། གཤིནརྗེདང། སྲིནཔོ་དང་། ཆུ་ལྷ་དང་། རླུང་ལྷ་དང་། གནོད་སྦྱིན་དང་། འབྱུང་པོའི་བདག་པོ་དང་། ཕོ་མོར་བཅས་པ་ཁ་བུབ་ཏུ་འགྱེལ་ནས། ཁྲག་ཏུ་སྐྱུགས་ཤིང་འོ་དོད་ཆེན་པོའབོདདེ། དཔའབོཆེནཔོནིཐུགསརྗེའི་མངའ་བདགལགས་ན། དེ་ལྟ་བུ་མ་མཛད། དཔའབོཆེནཔོའིའབངསསུ་མཆིའོ། །ཅི་བསྒོ་བའི་བཀའ་ཉན་ཞེས་ཉམ་ཐག་པ་ལས། བཅོམ་ལྡནའདས་ཀྱིས་ཐུགས་རྗེ་ཆེན་པོ་འོད་ཟེར་ལྕགས་ཀྱུ་ལྟ་བུས་དེ་དགབཀུག་སྟེ། མཐིང་ནག་གྲུ་གསུམ་གྱིས་ཕྱོགས་མཚམས་གཏམས་པའི་གཞལ་ཡས་ཁང་གི་ནང་ཉི་ཟླ་པདྨའི་སྟེང་དུ་ཕོ་མོ་བྱི་ཆིངས་སུབསྣོལ་ཏེ། ཁྲོ་བོའི་ཚོགསཀྱི་གདན་དུ་བཏིང་། ཧྭ༷་ཞེས་པའི་སྒྲདབུགས་དབྱུང་རྔུབ་དང་བཅས་པས། ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་བསྡུས་པས། ཁྲོ་བོ་ཆེན་པོ་བཅུ་ཡབ་ཡུམ་སྤྲུལཔ་དང་བེཅསཔརགྱུར་ཏེ། ཕྱོགསསོ་སོའི་དྲེགསཔ་རྗེ་སོའི་གདན་ལ་བཞུགས། ཨུ་ཙུཛིཆེན་མོ་ནི་ཉིད་ཀྱི་སྐུ་ལ་འཁྲིལ་རྭ་ཏྲོརེ་སེམས་དང་སེམས་བྱུང་ནི་རྣམ་པར་མི་རྟོག་པ་ལ་བཀོད། ཕྱོགས་སྐྱོང་བ་སོསོ་ནི་དགེབ་བཅུའི་ངང་ལ་གནས་པའི་སེམས་དང་བཅས། དབང་ཕྱུག་ཆེན་པོ་ཡབ་ཡུམ་ནི་ཉིད་ཀྱི་གདན་དུ་གྱུར་ཏེ། བྱང་ཆུབ་ཆེན་པོའི་སེམས་ངང་གིས་སྐྱེས་སོ། །ཕུར་པ་འཕྲིན་ལས་ཀྱི་རྒྱུད་ལས། གླེངགཀེཧཱུཾལེའུསྟེདངཔོའོ།། །།དེ་ནས་ཁྲོ་བོ་རྣམ་པར་རྒྱལ་བས་བཅོམ་ལྡན་འདས་ལའདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁམས་གསུམ་གྱི་སེམས་ཅན་ཞེ་སྡང་ཅནརྣམས། ཐབས་གང་ ས་འདུལ་བ་བཀའ་སྩལ་དུ་གསོལ། །ཞེསཞུས་པས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཁམས་གསུམ་གྱི་སེམས་ཅན་ཞེ་སྡང་ཅན་འདུལ་བའི་ཐབས་ནི་གཉིས་ཏེ། ཞི་་་། །བའི་ལས་དང་དྲག་པོའི་ལས་ཀྱི་མི་འདུལ་བ་ནིགང་ཡང་མེད་དོ། །རྡོ་རྗེ་ཀི་ལ་ཡ་ཞིབའི་དཀྱིལ་འཁོར་ཆེན་པོ་ནི། རྣམ་པར་རྟོགས་པ་སྣ་ཚོགས་པ་ཞི་བར་བྱེད་དོ། །ཐོག་མ་མེད་པ་ནས་བསགསཔའི་བག་ཆགས་ཞི་བར་བྱེད་དོ། །དེ་ནས་རྡོ་རྗེ་ཀི་ལ་ཡ་རྣམ་པར་རྟོག་པ་ཐམས་ཅད་ཞི་བར་བྱེདཔའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགསམཐག་ཏུ། ཞི་བའི་དཀྱིལ་འཁོར་ཆེན་པོ་མངོན་པར་འཐོན་ཏེ། འཁོར་ལོ་རྩིབས་བཞི་མུ་ཁྱུད་གྲུ་ཆད་བར་ཁྱམས་སྒོ་དང་བཅས་པ་རང་བྱུང་སྟེ་རྒྱན་སྣ་ཚོགས་དང་ལྡན་པའོ། དེའི་ཚེགསུང་གི་དཀྱིལ་འཁོར་གྱི་སྒྲབཀའ་སྩལ་པ། ཀ་ཁ་ག་ཀྟ་ང་། ཙ་ཚ་ཛ་རྙོ་ཉ། ཊ་ཋཌ་རྟེ་ཎ། ཏ་ཐ་ད་དྷ་ན། པ་ཕབ་བྷམ། ཡ་རལ་ཝ། ཤ་ཥ་ས་ཧ་ཀྟ། ཨ་ཨུ། ཨི་ཞི། ཨུ་སྤུ། རི་རྡི། ལི་ལྟོ། ཨེ་ཨེ། ཨོ་ཨོ།ཨ༷ ཨ༷༷། ཧྭ༷་བཛྲརྙིཀ །མྱུ༷་དྷ་ཏི་ཤྭ་རྡི། ཨོ་ཛི་ནཛིཀ ལྭ༷་དེ་ཥ་རཉྭ། སྭ་རཏྣལྷོཀ བཱ༷་མོཧ་ར་ཏི། ཨུ༷་ཨ་རོ་ལི་ཀ །བཱ༷་རྭ་ག་ར་ཏི། ཧྭ་པྲ་རྙོ་དྷིཀ ཏྭ༷་བཛྲ་ར་ཏི། སྤྱི་ཧི་ར་ཛུ་ཡ། ཧུ༷་ལྭ་པྱེ་ས་མཡ་སྟ༷། ཧྭ༷་ཨུ་གརྟ་ཡ། ཧཱུཾ་ནཱལེས་མ་ཡཧོ། རྙི་ཧ་ཧུ༷་པདྨ་བཱ་ད་མ། ཧཱུཾ༷༷གིརྟི་ར་ཧོ་ཧ༷། རྙི་ཀུརུ་བཱ་ཁི། ཨེ་ཁེའརྟིརྭ་ག་ལྭ་མི། མི་དྷ་ར་ཁི་གྲྭ་ཧྭ། ཛ༷༷ ་པེ་པྲ་་ ་ཤ་ཡ། སྙི་ནིསྒ་ར༷་བྷ་ཡ་གྲྭ་ཧྭ། ཧཱུཾ་པྲཛི་པྲ་བེ་ཤ ཧུ༷་ས་རྡིཛུ་ཡ།བ༷་དི་པ་སུ་གི་རི། མུ༷་ཤི་ཨ༷་རྭ་གྭ་ཡ་གྲྭ་ཧྭ། ཧོ༷༷གན་དྷི་ཙིཏཱ་ཧོ། ཡཀླི་ཁྲི་མུ་ཁ་ཧྭ༷། སྙེ་ར་བེ་མུ་ཁ་ཧྭ༷། ཨ་ཕྲོ་ཏ་མུ་ཁ་ཧྭ༷། མྱ་ར་ཎ་མུ་ཁ་ཧྭ༷། ལྟེ་བའི་རྩིབས་ལ་ཡབ་ཡུམ་དང་། ཁྲུ་ཆད་སེམས་དཔའ་ཡབ་ཡུམ་བརྒྱད། ཁྱམས་ལ་དེ་བཞིན་བརྒྱད་གནས་པ། །བཞི་ནི་སྒོ་རྦེཞིར་རབ་རྙུ་འབར། །ཐབས་་དང་སྒོད་པ་ཐམས་་ཅད་ཀྱིས། །ཐམསི་ཅད་ཞི་བ་ཆེན་པོར་འགྱུར། །རྣམ་པར་རྟོག་པ་རབ་ཞི་སྟེ། །མི་རྟོག་པ་ལ་རབ་ཏུ་བཀོད། །ཞི་བ་ཆེན་པོའི་ཆོ་ག་འདི། །ཞི་ཐེའི་ལས་རྣམས་འགྲུབ་པར་བཤད། ཞི། ་བའི་ལྷ་རྣམས་རབ་གསལ་ནས། །ཞི་བའི་ལྷ་རྣམས་སྦན་དྲངས་ཤིང་། །ཕྱག་འཚལ་བརྟན་བཞུགས་དངོས་གྲུབ་ནོད། །ཕྱི་མ་རྨད་བྱུང་བདུད་རྩི་དང་། །གཏོར་མ་དག་ཀྱང་སྤྲིན་པར་བྱ། །བསྟོད་པའི་མཆོག་འདིས་རབ་ཏུ་བསྟོད། །ཧྭ༷་བཅོམ་ལྡན་མི་བསྐྱོད་སྐུར་སྤྲུལ་པ། །རྡོ་རྗེ་སེམས་དཔའ་མངའ་བདག་ཉིད། །ཉོན་མོངས་ཐམས་ཅད་ཞི་མཛད་པ། །རྡོ་རྗེའི་སྐུ་མཆོག་ཕྱགོ་འཚལ་བསྟོད། ་།ཡིད་བཞིན་ནོར་བུས་དགོས་འདོད་སྐོང་ས། །རིན་ཆེན་སེམས་དཔའི་མངའ་བདག་ཉིད། །ང་རྒྱལ་རྣམ་རྟོག་ཉོན་མོངསཞི། །རིན ཆེནསྐུམཆོགཕྱག་འཚལ་བསྟོད། །ཆགས་བྲལཆགསཆེནའོདདཔགམེད། །པདྨ་སེམས་དཔའི་མངའ་བདག་ཉིད། །འདོད་ཆགས་རྣམ་རྟོག་ཉོན་མོངས་ཞིཔདྨའི་སྐུ་མཆོག་ཕྱག་འཚལ་བསྟོད། །ཀུན་ཏུ་དོན་གྲུབ་ཡེ་ཤེས་སྐུ། །ལས་ཀྱི་སེམས་དཔའི་མངའ་བདག་ཉིད། །ཕྲག་དོག་རྣམ་རྟོག་ཉོན་མོངས་ཞི། །ཕྲིན་ལས་སྐུ་མཆོག་ཕྱག་འཚལ་བསྟོད། །ཆོས་དབྱིངས་ཡེ་ཤེས་རྣམ་དག་སྐུ། །བདེ་གཤེགས་རིགས་ཀྱི་མངའ་བདག་ཉིད། །གཏི་མུག་རྣམ་རྟོག་ཉོན་མོངས་ཞི། །བདེ་གཤེགས་སྐུ་མཆོག་ཕྱག་འཚལ་བསྟོད། །རིགས་དང་ཡེ་ཤེས་ཁྱད་པར་ལས། །གང་མོས་གདུལ་ཕྱིར་རིགས་སྐུར་བཞེངས། །ཉོན་མོངས་མ་ལུས་ཞི་མཛད་པ། །སེམས་དཔའ་སེམས་མ་རྣམས་ལ་བསྟོད། །ཡེ་ཤེས་བཞི་ཡི་ཁྱད་པར་ལས། །ཚད་མེད་བཞི་ལྡན་སྐུར་སྤྲུལ་ཏེ། །ཉོན་མོངས་ཐམས་ཅད་ཞི་མཛད་པ། །སྒོ་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཞི་བའི་ལས་ཀྱིས་ཞི་བར་བྱེད། །ཡར་གྱི་ངོ་དང་ཉི་ཤར་དང་། །དཀར་པོ་ཟླུམ་པོ་རབ་མཛེས་ལ། །དཀར་པོའི་ཤིང་ཡང་ཟླུམ་པོར་བརྩིག །དཀར་གསུམ་འབྲས་ཆན་ལ་སོགས་སྟེ། །དཀར་པོས་ཞི་བའི་ལྷ་རྣམས་མཆོད། །སྤྱན་དྲང་མཆོད་བསྟོད་ཕྲིན་ལས་བཅོལ། །ཞི་བའི་སེམས་ཀྱིས་སྔགས་འདི་བརྗོད། །ཞི་བའི་འོད་ཟེར་འཕྲོ་འདུ་ཡིས། གང་ལ་བྱ་བ་ཞི་བར་བྱ། ཤཱརྙི་ཀུ་རུ་སྭ་ཧྭ། ཞི་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། །།ཞི་བས་མི་འདུལ་སེམས་ཅན་ལ། །དྲག་པོའི་དཀྱིལ་འཁོར་རབ་སྤྲོ་བྱ། །ནམ་མཁའ་ས་གཞི་གྲུ་གསུམ་དབྱིབས། །བྲག་རི་སྲིན་པོའི་གདོང་པ་འདྲ། །མར་ངོར་ཁྲོས་པའི་དཀྱིལ་འཁོར་བྲི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བྲི། །ཡང་ན་སྐུ་གསུང་ཐུགས་འདུས་པ། ཁྲོས་པའི་དཀྱིལ་འཁོར་བྲི་བར་བྱ། །སྐུ་ཡི་དཀྱིལ་འཁོར་བྲི་བར་བྱ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། ཁྲོས་པའི་རྒྱན་གྱིས་རབ་ཏུ་མཛེས། །སྐུ་ཡི་དཀྱིལ་འཁོར་མདུན་ཕྱོགས་སུ། །ཐུགས་ཀྱི་དཀྱིལ་འཁོར་རབ་ཏུ་བརྩམ། །གྲུ་གསུམ་ཁྲུ་གང་ཐུར་བྲུ་ནག །བསྒྲུབ་བྱའི་གཟུགས་ནི་ནང་དུའོ། །སྐུ་ཡི་དཀྱིལ་འཁོར་གཡོན་ཕྱོགས་སུ། །སྔགས་ཀྱི་འཁོར་ལོ་བྲི་བར་བྱ། །བསྙེན་སྔགས་སྒྲུབ་སྔགས་ཕྲིན་ལས་སྔགས། །ཕྲིན་ལས་སྔགས་ནི་འཁྲུལ་འཁོར་ལྡན། །དམིགས་པའི་གཟུགས་དང་ལྡན་པའོ། །སྐུ་ཡི་དཀྱིལ་འཁོར་ཆེན་པོ་སྲ །མཆོད་དང་བསྟོད་པ་རབ་ཏུ་བྱ། །གསུང་གི་དཀྱིལ་འཁོར་ཆེན་པོ་སྲ །བཟླས་བརྗོད་དག་ནི་རབ་ཏུ་བྱ། །ཐུགས་ཀྱི་དཀྱིལ་འཁོར་ཆེན་པོར་ནི། གདུགས་པའི་ཚོགས་རྣམས་རབ་ཏུ་བསྒྲལ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི། །བསྙེན་བསྒྲུབ་ལས་རྣམས་ཀུན་རྫོགས་ཤིང། །གདུག་པའི་ཚོགས་རྣམས་ཀུན་སྒྲོལ་ཏེ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །དབུས་དང་ཕྱོགས་མཚམས་གྲུ་གསུམ་དགུ། །ཐུགས་ཀྱི་དཀྱིལ་འཁོར་དྲག་པོའོ། །དབུས་ཀྱི་གྲུ་གསུམ་ཕྱི་རོལ་དུ། །ཟླ་གམ་གསུམ་ལ་སྔགས་རྣམས་ཀྱི། །འཁྲུལ་འཁོར་གཟུགས་སུ་ལྡན་པ་ནི། །གསུང་གི་དཀྱིལ་འཁོར་རབ་ལྡན་པའོ། །མུ་ཁྱུད་དཀར་པོ་ཐོད་ཕྲེང་ལྡན། །ཞི་བའི་དཀྱིལ་འཁོར་སྐུ་ཡིའོ། །སེར་པོ་གྲུ་བཞི་ཡོན་ཏན་རྒྱས། །བྱང་ཤར་སྒོ་ཁྱུད་གྲུ་གསུམ་དུ། །བརྣག་པའི་གཟུགས་ལྡན་དྲག་པོ་སྟེ། །སྒོ་བཞི་རིགས་ཀྱི་ཁ་དོག་ལྡན། །འབར་འཕྲོ་ག་་རྔམས་རྒྱན་དང་ལྡན། །བསྙེན་བསྒྲུབ་ཕྲིན་ལས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཡེ་ཤེས་ལྔའི། །གཞལ་ཡས་ལྷུན་གྱིས་གྲུབ་པའོ། །གནས་དེར་ཕྱིན་ཅི་ལོག་ལྟ་རྣམས། །བསྒྲལ་ན་དངོས་གྲུབ་མཆོག་ཐུབ་གྱུར། །སྐུ་ཡི་དཀྱིལ་འཁོར་ལྟེ་བ་ལ། །ལེ་ཚེ་དགུ་ལྡན་དབུས་གྲུ་གསུམ། །དབུས་སུ་ཁྲོ་བདག་ཡབ་ཡུམ་སྟེ། ཁྲར་དུ་བྱུདྷ་ཀི་ལ་ཡ། །ལྷོར་ནི་རཏྣ་ཀི་ལ་ཡ། །ནུབ་ཏུ་པདྨ་ཀི་ལ་ཡ། །བྱང་དུ་ཀརྨ་ཀི་ལ་ཡ། །སངས་རྒྱས་སྤྱན་སོགས་ཡུམ་དང་ལྡན། །ཕྱོགས་མཚམས་བརྒྱད་ཀྱི་རྩིབས་བརྒྱད་ལ། ཁྲར་དུ་རྣམ་པར་རྒྱལ་བ་སྟེ། །ལྷོ་རུ་གཤིན་རྗེའི་གཤེད་པོའོ། །ནུབ་ཏུ་ཁྲོ་བོ་རྟ་མཆོག་དཔལ། །བྱང་དུ་བདུད་རྩི་འཁྱིལ་བའོ། ཁྲར་ལྷོར་ཁྲོ་བོ་དབྱུག་སྔོན་ཅན། །ལྷོ་ནུབ་མི་གཡོ་མགོན་པོའོ། །ནུབ་བྱང་གཞན་གྱིས་མི་ཐུབ་པ། །བྱང་ཤར་ཁམས་གསུམ་རྣམ་པར་རྒྱལ། །མདུན་དུ་ཁྲོ་བོ་ཧུ༷་མཛད་དེ། །རྒྱབ་ཏུ་ཁྲོ་བོ་སྟོབས་པོ་ཆེ། །རང་རང་ཡུམ་དང་སྤྲུལ་པར་བཅས། ཁྲར་སྒོར་པུ་ཤུད་མགོ་ཅན་ཏེ། །ལྷོ་ཡི་སྒོ་རུ་སྐྱེ་ཀའི་མགོ །ནུབ་ཏུ་སྲིན་བྱའི་མགོ་ཅན་ཏེ། །བྱང་དུ་ཁྲ་ཡི་མགོ་ཅན་ནོ། །མུ་རན་ཁྱམས་ནི་ཐམས་ཅད་དུ། །མཁའ་འགྲོ་མ་ཚོགས་དེ་བཞིན་དགོད། །སྐུ་ཡི་དཀྱིལ་འཁོར་དེ་བསྐྱེད་ན། །ང་རྒྱལ་ཅན་རྣམས་ཚར་གཅོད་དེ། །མ་རུངས་སྲིན་པོའི་ཚོགས་རྣམས་དང་། །ཕྱོགས་སྐྱོང་དྲེགས་པའི་ཚོགས་རྣམས་ནི། ཁྲོ་རྒྱལ་གདན་དུ་རབ་ཏུ་བཏིང་། །དེར་ནི་ལྷ་རྣམས་སྦྱན་དྲངས་ཏེ། །ཧུ༷། ཁུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཞེ་སྡང་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ། །ཞེ་སྡང་གདུག་པའི་དགྲ་བགེགས་སྙིང་ལ་རྒྱོབ། ཁྲར་ཕྱོགས་གྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ནས། །སངས་རྒྱས་འདུས་པའི་སྲས་མཆོག་ཀི་ལ་ཡ། །གཏི་མུག་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ། །མི་ཤེས་རྨོངས་པའི་དགྲ་བགེགས་སྙིང་ལ་རྒྱོབ། །ལྷོ་ཕྱོགས་གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ནས། །རིན་ཆེན་འདུས་པའི་སྲས་མཆོག་ཀི་ལ་ཡ། །ང་རྒྱལ་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ། །ང་རྒྱལ་དྲེགས་པའི་དགྲ་བགེགས་སྙིང་ལ་རྒྱོབ། །ནུབ་ཕྱོགས་གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས། །པདྨ་འདུས་པའི་སྲས་མཆོག་ཀི་ལ་ཡ། །འདོད་ཆགས་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ། །འདོད་ཆགས་ཞེན་འཛིན་ཅན་གྱི་སྙིང་ལ་རྒྱོབ། །བྱང་ཕྱོགས་གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །ཕྲིན་ལས་འདུས་པའི་སྲས་མཆོག་ཀི་ལ་ཡ། །ཕྲག་དོག་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ། །ཕྲག་དོགས་དྲེགས་པའི་དགྲ་བགེགས་སྙིང་ལ་རྒྱོབ། །གཉིས་མེད་ཁྲོ་རྒྱལ་སྐུ་ལ་ལྷུན་སྦྱོར་བའི། ཁྲོ་མོའི་སྐུར་སྟོན་འབྱུང་ལྔའི་བདག་མོ་རྣམས། །གནོད་སྦྱིན་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །བསྐལ་པའི་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ཕྱོགས་སྐྱོང་དྲེགས་པ་ཚར་གཅོད་གདུག་པ་ཀུན་འདུལ་མཛད། །ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་གཤེགས་སུ་གསོལ། །ཧུ༷་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཚངས་པ་ཚར་བཅད་གཅོད་ཉི་ཟླ་ཕོ་མོ་འདུལ། །ལྷ་གདོན་དྲག་པོ་མ་ལུས་ཚར་བཅོད་པ། །ཧུ༷་མཛད་ཧུ༷་ཆེན་གཤེགས་སུ་གསོལ། །བསྐལ་པའི་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །མེ་ལྷའི་གདོན་ཚོགས་ཀུན་འདུལ་ཞིང་། །བདུད་དང་སྲིན་པོ་རྡུལ་དུ་རློག །ཁྲོ་རྒྱལ་དབྱུག་པ་སྔོན་པོ་གཤེགས་སུ་གསོལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །གཤིན་རྗེའི་གདོན་ཚོགས་ཀུན་འདུལ་ཞིང་། །འབྱུང་པོའི་གདོན་རྣམས་རྡུལ་དུ་རློག ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་གཤེགས་སུ་གསོལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །སྲིན་པོའི་ཚོགས་རྣམས་འདུལ་མཛད་ཅིང་། །བར་གཅོད་དགེགས་རྣམས་འཇོམས་མཛད་པ། ཁྲོ་རྒྱལ་མི་གཡོ་མགོན་པོ་གཤེགས་སུ་གསོལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཀླུ་ཡི་གདོན་ཚོགས་འདུལ་མཛད་ཅིང་། །གདུག་པའི་ཚོགས་རྣམས་འཇོམས་མཛད་པ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གཤེགས་སུ་གསོལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ལྷའི་ཚོགས་རྣམས་འཇོམས་མཛད་ཅིང་། །བར་དུ་གཅོད་པའི་གདོན་རྣམས་འདུལ་མཛད་པའི། ཁྲོ་རྒྱལ་གཞན་གྱིས་མི་ཐུབ་གཤེགས་སུ་གསོལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །གནོད་སྦྱིན་གདོན་ཚོགས་འཇོམས་མཛད་ཅིང་། །ག་་ཁྲོ་དྲེགས་པ་འཇོམས་མཛད་པ། ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་གཤེགས་སུ་གསོལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །འབྱུང་པོའི་གདོན་གྱི་ཚོགས་རྣམས་འཇོམས་མཛད་ཅིང་། །དབང་ལྡན་གདོན་གྱི་ཚོགས་རྣམས་ཚར་གཅོད་པ། །ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གཤེགས་སུ་གསོལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ས་བདག་གདུག་པའི་ཚོགས་རྣམས་འདུལ་མཛད་ཅིང་། །ས་གདོན་དྲག་པོ་མ་ལུས་ཚར་གཅོད་པའི། ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་གཤེགས་སུ་གསོལ།ཁྲོ་རྒྱལ་སྐུ་ལ་གཉིས་མེད་འཁྲིལ་བའི་ཡུམ། །སྒྲ་འབྱིན་ལ་སོགས་རྡོ་རྗེ་སྲིན་མོ་བཅུ། །སྤྲུལ་པ་མགོ་བརྙན་ཕྲ་ཐབས་ཡང་སྤྲུལ་བཅས། །བར་གཅོད་དགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །སྒྲ་འབྱིན་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །འགུགས་འདྲེན་སྡོམ་འཆིང་འབེབས་པའི་ལས་མཛད་མ། །ཕྲ་མེན་ཆེན་མོ་ཡེ་ཤེས་སྒོ་མ་བཞི། །གནོད་གདུག་འཁོར་ཚོགས་མ་ལུས་ཀུན་འདུལ་ཕྱིར། །འཁོར་དང་བཅས་པ་མ་ལུས་གཤེགས་སུ་གསོལ། །སྤྱན་དྲངས་ལྷ་ཡི་དཀྱིལ་འཁོར་རྣམས། །སོ་སོའི་ལས་ཀྱི་སྔགས་རྣམས་དང་། །ཛ༷༷ཧུ༷་བ༷་ཧོ༷འི་སྔགས་ཀྱིས་ནི། གཉིས་མེད་དོན་དུ་བསྟིམ་པ་ཡིན། དེས་ནི་བར་ཆད་ཚོགས་རྣམས་ཀྱང་། །རྟག་ཏུ་འཇོམས་པར་བྱེད་པ་སྟེ། ཁྲོ་བོ་འཇིགས་པའི་གཟུགས་ཅན་དེས། །བར་གཅོད་ཚོགས་རྣམས་རབ་ཏུ་བ་། །ཞེ་སྡང་ཆེན་པོའི་དཀྱིལ་འཁོར་དུ། །གདུག་པའི་ཚོགས་རྣམས་སྒྲོལ་བར་བྱེད། །ཡེ་ཤེས་ཐུགས་ཀྱི་ཕུར་པ་ཡིས། །ཕྱིན་ཅི་ལོག་རྣམས་ཚར་གཅོད་འགྱུར། །རྣམ་རྟོག་ལས་བྱུང་བགེགས་རྣམས་ལ། དྲག་པོའི་འཕྲིན་ལས་ཁྲོ་བོ་ཡིས། །རྟག་ཏུ་འདུལ་བར་བཤད་པ་ཡིན། །དཀྱིལ་འཁོར་བསྐྱེད་དང་སྤྱན་དྲངས་པའི་ལེའུ་སྟེ་གསུམ་པའོ།། །།ཕུར་པའི་རྒྱུ་ཚད་གཟུགས་བསྟན་པ། །དངུལ་ལམ་དཀར་པོའི་ཤིང་རྣམས་དང་། །གསེར་སོགས་སེར་པོ་ཟངས་སོགས་དམར། །ལྕགས་སོགས་ནག་པོ་དུག་ཤིང་དང་། །ཚེར་མ་ཅན་ལ་སོགས་པ་ལ། །མགོ་བོ་རྒྱ་མདུད་རི་རབ་བརྗིད། །སྐེད་པ་རྒྱ་མདུད་སྨད་ཟུར་དྲུག །རྩེ་མོ་ཟླུམ་པོ་གྲུ་བཞི་དང་། །ཟླ་གམ་དང་ནི་ཟུར་གསུམ་རྩེ། ཁེང་གི་རྩ་བ་རྒྱ་མདུད་དེ། །རྩེ་མོའི་ངོས་སུ་སོ་སོའི་དབལ། །རི་རབ་ལྕུང་གཞོག་བརྒྱད་ལྡན་བརྗིད། །སོར་བཞི་སོར་བརྒྱད་སོར་བཅུ་གཉིས། །སོར་ནི་བཅོ་བརྒྱད་དག་ཏུ་བྱ། །འབྱུང་བཞི་རྣམ་ཤེས་ཚོགས་བརྒྱད་དང་། །སྐྱེ་མཆེད་བཅུ་གཉིས་ཁམས་བཅོ་བསྲེག །དྲག་པོའི་ལས་ཀྱི་ཕུར་བུ་ཡིས། ༷།རྣམ་པར་རྟོག་པ་ཀུན་གྲོལ་ཨ། །རྩེ་མོ་དག་ལ་རབ་གནས་པ། །བྱང་ཆུབ་སེམས་ཀྱི་གནས་ལེན་ནོ། །ཕུར་བུ་དག་ལ་དབང་བསྐུར་བ། །གུ་གུལ་ཚིལ་ཆེན་དུད་པས་བདུག ་་་དཀར་བསྟིམ་ཞིང་རཀྟས་རྒྱུག །ཨཱོཾ་མ་ཀུ་ཏ་ལ་པྲ་ཏ་ལ་ཧུ༷་ཕཊ། ར་རཀྟ་ཛ་ལ་ཧུ༷། ཁྲོ་བཅུའི་སྔགས་ཀྱིས་ཉུང་དཀར་བསྟིམ། །བྱིན་བརླབ་ཚུལ་བཞིན་བྱས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱིས་དབང་བསྐུར་བའི། །ཡེ་ཤེས་ཐུགས་ཀྱི་ཕུར་པ་འདིས། ཉོན་མོངས་དུག་ལྔ་རབ་རྒྱས་ཏེ། །ཞེན་པ་ཕྱིན་ཅི་ལོག་ལ་བརྟས། །གནོད་གདུག་སྡང་སེམས་ལྡན་པའི་རྣམས། །བསྒྲལ་ཏེ་མི་རྟོགས་དོན་ལ་གཞག །བཅོམ་ལྡན་ཐུགས་ཀྱི་སྤྲུལ་པ་ཡི། ཁྲོ་རྒྱལ་ལ་སོགས་འཇིགས་པའི་སྐུ། །མ་རུངས་ཚོགས་རྣམས་ཀུན་འདུལ་བ། ཁྲོ་རྒྱལ་གཟུགས་ཆེན་དེ་ཡིས་ནི། །མ་རུངས་ཐམས་ཅད་དེ་ཡིས་སྒྲོལ། །འཁྲུལ་པའི་བག་ཆགས་ཀུན་སྦྱོང་བ། །ཡེ་ཤེས་ཐུགས་ཀྱི་ཁྲོ་བོ་སྟེ། །སྣ་ཚོགས་གཟུགས་སུ་རབ་ཏུ་སྟོན། །དེ་ཡིས་གདུག་པ་ཀུན་བ་་ནས། །ཐམས་ཅད་བདེ་ལ་བཀོད་མཛད་པ། །ཡེ་ཤེས་ཐུགས་ཀྱི་ཁྲོ་བོ་ཡིན། ཁྲོ་བོའི་གཟུགས་ཅན་ཕུར་བུ་ཡིས། །གཉིས་མེད་དོན་ལ་རབ་ཏུ་བཀོད། །རྭ་ཏྲ་འཇིགས་པའི་ངང་ཚུལ་ཅན། །གདུལ་ཕྱིརཁྲོབོཆེནཔོའིསྐུར། །བསྟན་ཏེ་ང་རྒྱལ་བཅོམ་པ་ཡིན། །དེ་ཕྱིར་ཡེ་ཤེས་ཁྲོ་བོ་ནི། །གདུག་པ་མ་ལུས་ཀུན་སྒྲོལ་མཛད། །བྱང་ཆུབ་སེམས་ཀྱི་ཕུར་བུ་ནི། །རྣམ་པར་རྟོག་པ་ཀུན་འཇོམས་བྱེད། །ཕུར་བུའི་རྒྱུ་ཚད་དང་དབྱིབས་དང་ནི། །སྐུར་གསལ་བྱིན་བརླབ་བྱས་པ་ཡིས། །རྣམ་རྟོག་སྒྲོལ་བ་རབ་ཏུ་བཤད། །ཕུར་བུའི་རྒྱུ་དང་གཟུགས་དང་ཚད་དང་སྐུ་དང་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཞི་པའོ།། །།བྱིན་རླབས་ཕུར་བུ་དེ་དག་ཀྱང་། །ཐུགས་ཀྱི་དཀྱིལ་འཁོར་དག་ཏུ་དགོད། །མཆོད་སོགས་ལས་ཀྱི་ཆོ་ག་བྱ། །དེ་ལྟར་དཀྱིལ་འཁོར་ལས་དེ་དག །རྣལ་འབྱོར་སྟོབས་དང་ལྡན་པས་བྱ། །སྣོད་ལྡན་རབ་ཏུ་མི་གཡོའི་བུས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རམ། །ཡང་ན་འདུས་པའི་དཀྱིལ་འཁོར་དེར། །གསོལ་གདབ་གནང་སྤྱིན་སེམས་བསྐྱེད་དང་། །ཡོན་འབུལ་ཅི་རིགས་སྡོམ་པ་སྦྱིན། །དེར་ནི་ཕུར་བུའི་དབང་སྐུར་བྱ། །ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མེང་དང་རྒྱལ་པོ་བྱིན། །དུར་ཁྲོད་ཆས་ཀྱི་དབང་རྣམས་དང་། །ནང་དང་གསང་བའི་དབང་མཆོག་བྱིན། །ཉོན་མོངས་ཐམས་ཅད་དག་པར་བྱེད། །རྣམ་པར་རྟོག་པ་ཀུན་འཇོམས་པ། །དབང་གི་ལས་ཀྱིས་བྱེད་པ་ཡིན། །དང་པོ་དཀྱིལ་འཁོར་འཇུག་པ་ཡང་། །ཅི་རིགས་པ་ཡིས་གསོལ་གདབ་ཅིང་། །གནང་བ་ཡངནིདེབཞིནབྱ། ཁྲོབོཡིག་འབྲུ་ཕྱག་མཚན་གྱི། །འཕྲོ་འདུས་བར་དུ་གཅོད་པ་བསལ། །སྤྱི་དང་ཁྱད་པར་ལྷག་པ་ཡི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཨཱོཾ་རཏྣ་པུརྫེ་ཨུ་བྲི་ར་ཧུ༷་ཁེ། ཞེས། །མི་འཕངས་སེམས་ཀྱིས་ཅི་འབྱོར་དབུལ། །སྤྱི་དང་ཁྱད་པར་ལྷག་པ་ཡི། །སྡོམ་པ་དག་ནི་སྦྱིན་བྱས་ཏེ། །སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་ཡིས། །དེ་ཡི་ལུས་ངག་ཡིད་གསུམ་བཀྲུ། །དམ་ཆུ་བླུད་དེ་སྡོམ་པ་བསྒྲག །དྲག་པོའི་ལས་ཀྱི་དཀྱིལ་འཁོར་འདིར། །རིགས་ཀྱི་བུ་ཁྱོད་འཇུག་པར་བྱོས། །སྤྱི་དང་ཁྱད་པར་ལྷག་པ་ཡི། །དམ་ཚིག་གཉན་ལས་ཁྱོད་མ་འདའ། ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་། །ང་ཡིས་ཅི་ལྟར་བསྒོ་བ་བཞིན། །བུ་ཁྱོད་ཀྱིས་ཀྱང་བྱ་དགོས་སོ། །དཀྱིལ་འཁོར་གསང་བ་མ་མཐོང་ཞིང་། །གསང་བ་དམ་པ་མ་མཐོང་ལ། །གསང་བ་དམ་པ་སྨྲ་མ་བྱེད། ཁྱོད་ཀྱིས་སེམས་ཅན་སྲོག་མ་གཅོད། །མ་བྱིན་ལེན་པ་རྫུན་ལ་སོགས། །མི་དགེའི་ལས་ནི་སྤངས་བར་གྱིས། །འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྨན་ལྔ་སྙིང་པོ་ལྔ་ལ་སོགས། །ཕྱི་ཡི་ཆུ་དབང་རབ་ཏུ་སྤྱིན། །སྣ་ཚོགས་རིན་ཆེན་བུམ་པས་བྱ། །གསང་བའི་འཁོར་ལོ་བཞི་ལྡན་པའི། །རང་བྱུང་རང་གི་བུམ་པས་བྱ། །ཡབ་ཡུམ་གསང་བའི་སྙིང་པོར་ལྡན། །རང་བྱུང་གསང་བའི་བུམ་པས་བྱ། །རིན་ཆེན་སོ་སོའི་སྐུར་བྱུང་བའི། །དབུ་རྒྱན་རབ་ཏུ་བྱ་བ་ཡིན། །མེ་ཏོག་ཕྲེང་དང་ཅོད་པན་དང་། །རྒྱན་དང་གོ་ཆ་དེ་བཞིན་གདུགས། །རིན་ཆེན་ལས་བྱས་རྡོ་རྗེ་དང་། །ཚད་ལྡན་དྲིལ་བུས་དེ་དབང་བསྐུར། །མིང་དང་ཆུ་དང་དམ་ཚིག་གསུམ། །རྡོ་རྗེ་དྲིའི་བུའི་ཕྱག་རྒྱ་དང་། རྡོ་རྗེ་བརྟུལ་ཞུགས་སྐྱབས་སྦྱིན་གྱིས། །སློབ་དཔོན་དབང་ནི་རབ་ཏུ་སྦྱིན། །ངན་སོང་གནས་ནི་དབང་གིས་འཇོམས། །དྲག་པོའི་རྫས་དབང་གདུག་པ་སྒྲོལ། །རྔ་དང་ཞིང་ཆེན་ཐོད་པ་དང་། །ཧ་སྟའི་གཡབ་མོ་གླིང་བུ་དང་། ཁྲག་ཞག་ཐལ་བའི་ཐིག་ལེ་དང་། །མེ་དང་སྟག་སྦྲུལ་གླང་ལྤགས་ཀྱིས། །དབང་བསྐུར་བས་ནི་གདུག་པ་འདུལ། །བཟའ་བཅའ་བགོ་བཏུང་འདོད་ཡོན་འཕེལ། །དེ་ནས་གསང་བའི་དབང་བསྐུར་ཏེ། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །རིགས་ཅན་བུ་མོ་མཚན་ལྡན་མ། །བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་ལོན། །སི་ཧྭ་ག་པུར་ཡོད་པ་ཡིན། །བུ་མོ་མཚན་ནི་འདི་དག་ལྡན། ཁྲ་རྩི་དཀར་ཞིང་སོ་ཚགས་དམ། །སྐྲ་ནི་ལྕང་ལོ་གཡས་སུ་འཁྱིལ། །མིག་ནི་དཀྱུས་རིང་ཨུཏུལ་འདྲ། །སྨིན་མཚམས་བར་ནི་མ་ཆད་ཅིང་། །བརྟུལ་ཞུགས་སྤྱོད་པ་སྤྱོད་ནུས་པ། །ཡང་ན་མཚན་ལྡན་བུ་མོ་ནི། །ཨུཏུལ་བཞིན་དུ་སྔོ་སངས་མ ར་བ་བཞི་ཡི་ཉ་བཞི་ལ། །གཟུང་ཐབས་བཞི་ནི་འགྱུར་བྱེད་ཅིང་། །རྟོག་མེད་སྙིང་རྗེ་ཆོས་ལ་དད། །དེ་ལྡན་གསང་བའི་དབང་བསྐུར་རོ། །དངོས་གྲུབ་རྟགས་ཀྱི་ཕྱག་རྒྱ་ཡིས། །གསང་བའི་མན་ངག་དེ་དབང་བསྐུར། །དྲོད་གསུམ་དང་ནི་ལྡན་བྱས་པའི། །དབང་གསུམ་དམ་ཚིག་ལྡན་ལ་སྦྱིན། །བདེ་བས་མྱོས་ལ་བརྒྱལ་བར་འགྱུར། །མན་ངག་དབང་བསྐུར་དེ་བཞིན་བྱ། ཁྲེས་རབ་ཡེ་ཤེས་དབང་བསྐུར་བ། །མཚན་ལྡན་ཤེས་རབ་དག་ལ་ནི། །སྣ་ཚོགས་དྲི་ཡིས་རབ་བརྒྱན་ཅིང་། །བསྲུབ་དང་བསྲུབ་པའི་ཐབས་དག་ལས། །མི་རྟོག་པ་ནི་རབ་ཏུ་སྐྱེ། །དགའ་དང་མཆོག་ཏུ་དགའ་བ་དང་། །མངོན་དགའ་རང་བཞིན་དགའ་བ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བགྲོད་བྱེད་མན་ངག་དག་གིས་སོ། །དང་པོ་དགའ་བའི་དུས་སུ་ནི། །དབུས་ཀྱི་རྒྱུ་བ་བཅུ་དག་ལ། །ཆུ་ཚོད་ལྔ་པར་སྦྱར་བྱས་ཏེ། །གཟུང་དང་བཟློག་པ་དེ་བཞིན་བྱ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི། །ཆུ་ཚོད་སུམ་ཅུ་གཉིས་ལྡན་བྱས། །དབྱུ་གུའང་དྲུག་ཅུ་རྩ་བཞི་ཡིན། །ཕྲ་མོའི་ཐུན་ནི་དྲུག་ཅུ་བཞི། །ཆེན་པོ་ཐུན་བཞི་ཐུན་བརྒྱད་ཡིན། །དགའ་བའི་གནས་སུ་དབུགས་དང་ནི། །ཐུན་ཚོད་ཆུ་ཚོད་བརྩི་བྱས་ཏེ། །དེ་བཞིན་དགའ་བའི་དུས་སུ་ནི། །ཐུན་ཚོད་ཆུ་ཚོད་དེ་བཞིན་བསླབ། །བདེ་བ་གང་སྐྱེས་གནས་དེར་ནི། །མན་ངག་དག་ཀྱང་དེར་བསྟན་བྱ། །སྐད་ཅིག་དུས་དང་ཟ་མ་ལ། །ཉིན་དང་མཚན་དུ་དེ་བཞིན་བསླབ། །ཟླ་བ་ལ་སོགས་དེ་བཞིན་བསླབ། །དེ་དོན་མན་ངག་བཅས་པ་ནི། ཁེས་རབ་དབང་བསྐུར་རབ་ཏུ་བཤད། །བཞི་པའི་དབང་ནི་བསྐུར་བྱ་སྟེ། །རླུད་གིརངབཞིནདེཤེསཤིང། །བོ་ལ་ཀཀློ་ལ་སྦྱར་ལ། །རངབཞིནབདེབསྐོརཕན་ཚུན་འབྱུང་། །གཟུང་དུ་མེད་དེ་བརྗོད་དུ་མེད། །རྟོག་པ་ཀུན་དང་བྲལ་བ་ཡི། །རངབཞིནའོདགསལདེར་གནས་པ། །ཚིག་སོགས་དབང་གི་རང་བཞིན་སྤྱིན། །རྟོག་པའི་བག་ཆགས་འཇོམས་པར་བྱེད། །དབང་གསུམ་འབྲས་བུ་དེ་ཡིན་ནོ། །དབང་བཞི་རབ་ཏུ་ལྡན་པ་ཡིས། །ཀུན་རྫོགས་གནས་བཞིའི་གནས་སུ་བཀྲུ། །ལུས་གྱི་རྣམ་རྟོག་སྦྱང་བ་དང་། །བག་ཆགས་དྲི་མ་བཀྲུ་བའི་ཕྱིར། །དབང་བསྐུར་རབ་ཏུ་སྦྱིན་པ་ཡིན། །དམ་ཚིག་མེད་པ་ཕལ་རྣམས་ལ། །དབང་དག་སྤྱིན་པར་མི་བྱའོ། །སློབ་དཔོན་སློབ་མ་ཤི་མ་ཐག །མནར་མེད་གནས་སུ་ངེས་པར་ལྟུང་། །དཀྱིལ་འཁོར་འཇུག་པའི་རྣལ་འབྱོར་པས། །སྣོད་དང་སྦྱར་ཏེ་དེ་དབང་བསྐུར། །དམ་ཚིག་ཉམས་པར་མ་གྱུར་ན། །ལམ་རྣམས་རབ་ཏུ་བགྲོད་བྱེད་པར། །དབང་མཆོག་འདི་ཡིས་བྱེད་པ་ཡིན། །དབང་བསྐུར་དམ་པ་འདི་ཡིས་ནི། །གནོད་གདུག་སྒྲོལ་བར་ནུས་པ་ཡིན། །ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་ལྔ་པའོ།། །།གཞན་ཡང་དམ་ཚིག་བསྟན་བྱ་བ། །རྩ་བ་ཡན་ལག་དམ་ཚིག་དག །རྟག་ཏུ་བསྲུང་བར་བྱ་བ་ཡིན། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །རྩ་བའི་དམ་ཚིག་དག་ཏུ་ཤེས། །མི་སྤང་བ་དང་དང་དུ་བླང་། ཁྲེས་དང་བསྒྲུབ་པའི་དམ་ཚིག་ནི། །ཡན་ལག་དམ་ཚིག་ཡིན་པར་བཤད། །དམ་རྫས་དག་ལ་ལོངས་སྤྱོད་ཅིང་། །རྟོག་མེད་དཔའ་བའི་གོ་གོན་པ། །དམ་ཚིག་དག་ཏུ་ངས་བཤད་དོ། །དམ་ཚིག་དག་ལ་རབ་གནས་པས། །ལས་རྣམས་ཐམས་ཅད་འགྲུབ་པ་ཡིན། །སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནི། །ལས་ཀྱི་བྱ་བ་ཀུན་བྱེད་པ། །དྲག་པོའི་རྫས་རྣམས་ལྡན་པ་ལ། །གདུག་པའི་ཚོགས་རྣམས་ཀུན་འདུལ་བྱ། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །དྲག་པོའི་དཀྱིལ་འཁོར་རབ་ཏུ་བརྩམ། །ས་བརྟག་ས་ཟུང་བྱིན་གྱིས་བརླབ། །དང་པོ་བརྟགས་པའི་གནས་ཆེན་དེར། །སྔགས་མཁན་བྱ་བ་ཀུན་བྱས་ཏེ། །སྟ་གོན་གནས་པའི་བྱ་བ་བྱས། །མཆོད་དང་སྡོམ་པ་གཟུང་བ་དང་། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། །སོ་ཤིང་སྲུང་སྐུད་ཀུ་ཤ་སྤྱིན། །སེམས་བསྐྱེད་ཕྱིར་ནི་ཆོས་བཤད་བྱ། །ལྷ་རྣམས་མཆོད་པས་མཉེས་བྱས་ལ། །འབྲུ་དང་སྨན་དང་སྙིང་པོ་དང་། །རིན་ཆེན་ཁ་རྒྱན་མགུལ་ཆིངས་ཅན། །དྲི་མེད་དག་པའི་བུམ་པ་ལ། །ཚུལ་བཞིན་དུ་ནི་བསྙེན་པ་བྱ། །དཀྱིལ་འཁོར་སྐྱང་ནུལ་ཐིག་གདབ་པ། །སྲད་བུ་ལྔ་དང་ལྡན་པ་ཡིས། །ཐིག་ནི་རབ་ཏུ་གདབ་པ་སྟེ། །ལྷ་དང་གཉིས་མེད་གནས་པའི་ཐིག །མཆོད་བྱས་ཡེ་ཤེས་ཐིག་ནི་གདབ། །གཉིས་པ་གཟུགས་བརྙན་ཐིག་གདབ་བོ། །ཚངས་ཐིག་དང་པོ་གདབ་པ་སྟེ། །ཚངས་ཐིག་གཉིས་པ་དེ་བཞིན་གདབ། །དེ་བཞིན་ཕྱོགས་མཚམས་མ་འཁྲུལ་གདབ། །ཆ་བརྒྱད་དེ་གསེས་བཅུ་དྲུག་ཆ། །ཆ་ཕྲན་དྲུག་ཅུ་རྩ་བཞིར་གདབ། །དབུས་བཞི་ཕྱི་རོལ་བཅུ་དྲུག་བསྐོར། །ཕྱི་རོལ་སྒོ་དང་རྒྱན་དུ་བྱ། །དཀྱིལ་འཁོར་ཐིག་དེ་བཏབ་ནས་ཀྱང་། །ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན། །གྲུ་གསུམ་ཉི་ཤུ་གཅིག་ཏུ་གདབ། །གསུམ་ནི་ལེའུ་ཚེའི་དཀྱིལ་འཁོར་བྱ། །སྐུ་ཡི་དཀྱིལ་འཁོར་འཁོར་ལོར་ལྡན། །སྐུ་གསུང་ཐུགས་འདུས་དཀྱིལ་འཁོར་ནི། །དཀྱིལ་འཁོར་ཀུན་གྱི་དམ་པའོ། །སྔོན་པོ་ལ་སོགས་ཚོན་རྣམས་ནི། །དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབ། །གཞུང་དང་མཐུན་པར་ཚོན་དགྱེ་སྟེ། །དྲག་པོའི་རྫས་རྣམས་རབ་ཏུ་གསོག །ལྷུ་དུམ་བཅད་འཕྲོ་དུམ་བུ་དང་། །སྒལ་རྩིབ་ཀླད་པ་ཁྲག་དང་མགོ ཁུ་གསུམ་མཐིང་ནག་གཏོར་མར་བཅས། །དུག་སོགས་དྲག་པོའི་རྫས་རྣམས་བསྔགས། །མཁའ་འགྲོའི་རྫས་དང་བཅས་པ་ནི། །བསགས་ཏེ་མཆོད་པ་བྱ་བ་ཡིན། །གདུག་པའི་རྫས་དང་སྔགས་ཀྱིས་ནི། །གནོད་ཅིང་གདུག་པ་བསྒྲལ་བར་བྱ། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནི། །དུག་དང་གདུག་པའི་རྫས་ཀྱིས་བསྐོར། །སྨུག་ནག་གཟུགས་ཀྱང་དེ་ནང་གཞུག །དྲག་པོའི་ཐུན་རྫས་དེར་བསག་བྱ། །ཟངས་ཕྱེ་རྡོ་ཕྱེ་ལྕགས་ཕྱེ་དང་། །དྲག་པའི་ལས་ཀྱི་ཕུར་པས་ནི། །གདུག་པ་ཐམས་ཅད་སྒྲོལ་བ་ཡིན། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། ཁྲོ་བོ་ཆེན་པོར་གྱུར་པ་སྟེ། །ཉོན་མོངས་ཐམས་ཅད་སྒྲོལ་བར་མཛད། །སྔགས་ཀྱི་འོད་ཟེར་དྲག་པོ་ནི། །ཚ་ཚའི་འོད་ཟེར་ལྟར་འཕྲོ་ཞིང་། །གདུག་པ་ཐམས་ཅད་འདུལ་བ་ཡིན། །སྔགས་དང་ཕྱག་རྒྱ་རབ་ལྡན་པས། །ཁྲོ་བོའི་ལུས་ནི་ཐམས་ཅད་ཀྱང་། །ཡེ་ཤེས་མེ་དང་༄༅ བཅས་པ་བསྒོམ། །གདུག་པ་བསྒྲལ་ཕྱིར་བཤད་པ་ཡིན། །ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། དམ་ཚིག་དང་ཐིག་རྫས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཁྲོ་བོ་རྣམ་པར་རྒྱལ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། དྲག་པོ་ལས་ཀྱི་དཀྱིལ་འཁོར་འདིར། །བཟླས་བརྗོད་བསམ་པ་ཇི་ལྟར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྣམ་རྟོག་ཉོན་མོངས་གཞོམ་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི། །བཟླས་པ་བྱ་བའི་རིམ་པ་ནི། །མཚན་མ་ཅན་དང་མཚན་མེད་དེ། །རྣམ་རྟོག་བག་ཆགས་སྤྱོད་པའི་ཕྱིར། །མཚན་མེད་བཟླས་པ་ཏིང་འཛིན་བྱ། །རང་གི་ལུས་ཀྱིས་ལུས་ཀྱི་གནས་རྣམས་སུ། །འཁོར་ལོ་བཞི་ནི་རབ་ཏུ་གནས། །བདེ་ཆེན་འཁོར་ལོར་གྱུར་པ་ནི། །རྩ་ནི་སུམ་ཅུ་རྩ་གཉིས་གནས། །ཡི་གེའང་དེ་བཞིན་ལྡན་པའོ། །ལོངས་སྤྱོད་རྩ་ནི་བཅུ་དྲུག་སྟེ། །ཡི་གེའང་དེ་བཞིན་གནས་པ་ཡིན། །ཆོས་ཀྱི་འཁོར་ལོའི་རྩ་རྣམས་ནི། །རྩ་དང་ཡི་གེ་བརྒྱད་དུ་གནས། །སྤྲུལ་པའི་རྩ་ནི་དྲུག་ཅུ་བཞི། །ཡི་གེའང་དེ་བཞིན་གནས་པའོ། །དབྱངས་དང་གསལ་བྱེད་ཡི་གེ་ནི། །མཚན་དང་དཔེ་བྱད་རང་བཞིན་ཏེ། །འཁོར་ལོ་བཞི་ཡི་གནས་སུ་བྱ། །དྲག་པོའི་ལས་ཀྱི་སྔགས་རྣམས་ཀྱང་། འཁོར་ལོ་ལ་ནི་རབ་ཏུ་དགོད། །ཐབས་དང་ཤེས་རབ་སྤྱོར་བ་ལས། །སྦྱོར་བའི་བདེ་བ་ཆེན་པོ་ནི། །འཁོར་ལོའི་རིམ་པ་རྣམས་སུ་གནས། །ཡི་གེ་དག་ཏུ་དེར་གཞུག་ཅིང་། །བདེ་བ་དག་ཀྱང་རབ་ཏུ་བསྐྱེད། །རྣམ་པར་རྟོག་པ་ཀུན་སྦྱོང་བའི། །འོད་ཟེར་དག་ཀྱང་ཀུན་ཏུ་སྤྲོ། །འཁོར་ལོ་བཞི་ཡི་གནས་དག་ཏུ། །དགའ་བཞི་དག་ཏུ་གནས་པ་ཡིན། །རྣམ་པར་རྟོག་པ་ཀུན་སྦྱོང་བའི། །ཐབས་འདི་དག་གིས་བྱེད་པ་ཡིན། །ལས་ཀྱི་རླུད་ནི་སྲོག་ཏུ་བཤད། །སེམས་ཅན་གཟུགས་སུ་བྱེད་པ་ཡིན། །བྱེད་པའི་རླུ་་ནི་གཉིས་ཡིན་ཏེ། ཁུ་དང་འབྲས་བུ་རྣམ་གཉིས་སོ། ཁུ་ནི་རྣམ་ལྔར་ཤེས་པར་བྱ། །ཁྱབ་བྱེད་ཐུར་དུ་སེལ་བ་དང་། །མེ་དང་མཉམ་དུ་གནས་པའི་རླུད་། །སྲོག་དང་གྱེན་དུ་འགྲོ་བའི་རླུ་་། རྒྱུ་ཞེས་རབ་ཏུ་བཤད་པ་ཡིན། །འབྲས་བུའི་རླུད་ནི་རྣམ་ལྔ་སྟེ། །རྒྱུ་དང་རྣམ་པར་རྒྱུ་བ་དང་། །ཡང་དག་རྒྱུ་དང་རབ་ཏུ་རྒྱུ། །དེ་བཞིན་ངེས་པར་རྒྱུ་བའོ། །རླུད་ནི་བཅུ་པོ་དེ་དག་གིས། །ལས་ནི་རྣམ་པར་བྱེད་པ་ནི། །བྱེད་པའི་རླུ་་ཞེས་རབ་ཏུ་བཤད། །རླུདནི་བཅུ་པོ་འདི་རྣམས་ཀྱིས། །འཁོར་ལོའི་གནས་ནི་ཐམས་ཅད་དུ། །བྱང་ཆུབ་སེམས་ཀྱི་འཕོ་བ་བྱེད། བདེ་བའང་དེ་བཞིན་དེར་བསྐྱེད་དེ། །སྟེང་གི་འཕོ་བ་ཞེས་ནི་གྲགས། །བྱང་ཆུབ་སེམས་ཀྱི་ཕུར་བུ་ནི། །ཨུ་ལི་ཀི་ལི་དག་པར་བྱུང་། །དེས་ནི་ཉོན་མོངས་སྒྲིབ་པ་རྣམས། །ཐམས་ཅད་སྲེག་པར་བྱེད་པ་ཡིན། །སྤྱིབོབདེཆེནའཁོརལོསྟེ། །རྩཆེནཡིགེའིགནས་སུ་བཤད། །ཀི་ལའི་ཡི་གེ་དེར་བརྗོད་དོ། །རྩ་བྲན་ཀུན་ནས་འོད་ཟེར་ནི། །བྱང་ཆུབ་སེམས་ཀྱི་ཕུར་བུ་རྒྱུ། །བདེ་ཆེན་གནས་སུ་ཞི་བར་བྱ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་སྟེ། །ཆེན་པོ་གསུམ་དང་ཀི་ལའི་སྔགས། །རབ་ཏུ་རྒྱུ་བར་བཤད་པ་ཡིན། །རྩ་ནི་འོད་ཟེར་རྒྱུ་བ་སྟེ། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིན། །མགྲིན་པའི་གནས་སུ་ལོངས་སྤྱོད་འཕེལ། །སྙིང་གར་ཆོས་ཀྱི་འཁོར་ལོ་སྟེ། །བྱང་ཆུབ་སེམས་ཀྱི་ཕུར་བུ་རྒྱུ། །སྙིང་གར་དག་ནི་དེར་རྒྱས་ནས། །ཐམས་ཅད་མ་ལུས་འགུགས་པར་བྱེད། །ལྟེ་བ་སྤྲུལ་པའི་འཁོར་ལོ་སྟེ། །ཆེན་པོ་ནས་ནི་ཀི་ལ་རྒྱུ། །ཕྲ་མོ་ནས་ནི་འོད་ཟེར་རྒྱུ། །བྱང་ཆུབ་སེམས་ཀྱི་ཕུར་བུ་འཕྲོ། །གནས་དེར་ཐམས་ཅད་བསྒྲལ་བ་ཡིན། །ཀི་ལ་ཡ་ཡི་སྒྲ་སྒྲོགས་ཤིང་། །གནས་དེ་དག་ཏུ་རབ་ཏུ་རྒྱུ། །གཉིས་མེད་སྦྱོར་བ་བདེ་བ་ལས། །སྤྲོས་མེད་ཆེན་པོའི་འོད་ཟེར་གྱིས། །རྣམ་པར་རྟོག་པ་ཐམས་ཅད་བསྲེག །བྱང་ཆུབ་སེམས་ཀྱི་ཕུར་བུ་འདི། །འཁོར་ལོ་བཞི་ལ་རབ་ཏུ་གནས། །འཕྲོ་བ་རླུད་གིས་རབ་ཏུ་བྱེད། །བདེ་སྟོང་ནམ་མཁའ་ལྟ་བུ་སྟེ། །ལས་དང་ཉོན་མོངས་རྣམ་རྟོག་དག །བྱང་ཆུབ་སེམས་ཀྱི་མེ་སྤར་བས། །འོག་ནས་གཡོ་བ་རླུད་གིས་བསྐྱོད། །དེས་ཀྱང་མེ་ནི་རབ་ཏུ་འབར། །བོ་ལ་ཀལྐོ་ལ་སྦྱར་ཏེ། །སྟེང་དང་འོག་གི་འཕོ་བ་ཡིན། །དེས་བསྐྱེད་བདེ་བ་དག་ལ་ནི། །བྱང་ཆུབ་སེམས་ཀྱི་ཕུར་པའོ། །དེས་ནི་འཁོར་ལོ་རྣམ་རྒྱས་པ། །དགའ་བ་རྣམས་སུ་རབ་ཏུ་བཤད། །གཡས་ན་ཀི་ལ་ཡ་རྒྱུ་བ། །གཡོན་ན་བིསྣ༷་རྒྱུ་བ་གཉིས། །བྱང་ཆུབ་སེམས་ཀྱི་ཡིག་འབྲུ་སྟེ། །མི་རྟོག་བསྐྱེད་ཕྱིར་རྩ་ནས་རྒྱུ། །འོད་ཟེར་བྱང་སེམས་ཕུར་བུར་རྒྱུ། །འཁོར་ལོ་བཞི་ཡི་གནས་དག་ཏུ། །འོད་ཟེར་ཁ་དོག་སོ་སོ་ཡིས། །ཕྲིན་ལས་རྣམ་བཞི་རབ་ཏུ་བྱེད། །མིག་ནས་སྙིང་ག་མགྲིན་པ་དང་། །གི་ལ་ཡ་དང་བིསྣ༷་སྔགས། །ཕྲིན་ལས་སོ་སོའི་ལས་སྔགས་སྦྱར། །གནས་བཞིར་བཟླས་པའི་འོད་ཟེར་གྱིས། །དགའ་བ་བཞི་ནི་རབ་བསྐྱེད་དེ། །མཚན་མའི་ཏིང་འཛིན་ལ་བརྟེན་ནས། །མཚན་མེད་མི་རྟོག་ཡེ་ཤེས་བསྐྱེད། །མཚན་མར་བཅས་པའི་བཟླས་པ་ཡང་། །དྲག་པོའི་ལས་ཀྱི་སྔགས་ཀྱིས་སོ། །གདུག་པའི་ཚོགས་རྣམས་འདུལ་བར་བྱེད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས།ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །བུརྙ་ཀི་ལི་ཀི་ལ་ཡ། སརྦ་བིསྣ༷་བ༷་ཧུ༷་ཧུ༷་ཕཊ། ཧུ༷་ལ༷་བཛྲ་ཀི་ལི་ཀི་ལ་ཡ། སརྦ་བིསྣ༷་བ༷་ཧུ༷་ཧུ༷་ཕཊ། མོ་ཧ་ལྷུ་ཏ་ཡ་རཏྣ་ཀི་ལི་ཀི་ལ་ཡ། སརྦ་བིསྣ༷་བ༷་ཧཱུཾ་ཧུ༷་ཕཊ། བྷ་ག་ལྷུན་པདྨ་ཀྱི་ལི་ཀི་ལ་ཡ། སརྦ་བིསྣ༷་བ༷་ཧཱུཾ་ཧུ༷་ཕཊ། ཤི་སྨྲ༷་བི་ཀྲི་ཀསྨི་ཀི་ལི་ཀི་ལ་ཡ། སརྦ་བིསྣ༷་བ༷་ཧུ༷་ཧུ༷་ཕཊ། ཐབས་དང་ཤེས་རབ་ལྡན་ཕྱིར་རོ། །སྟུལྷ་ནན་ཀི་ལི་ཀི་ལ་ཡ། སརྦ་བིསྣ༷་བ༷་ཧུ༷་ཧུ༷་ཕཊ། ཧཱུཾ་ཀྭ་ར་ཧུ༷། ཧུ༷་ཀྭ་ར་ཧུ༷་ཨ། ཧུ༷་ཀྭ་ར་ཧུ༷་ཨ། བི་ཛ་ཡ་ཨ། ནི་ལ་དཎྜ་ཨ།ཡ་མྱརྙ་ཀ་ཨ། ཨུརུ་ཨ་ཙ་ལ་ཨ། ཧ་ཡ་རྒི་ཝ་ཨ། ཨ་པ་ར་ཛི་ཏ་ཨ། ཨ་མྲི་ཏ་ཀུཎྜལི་ཨ།ཏྲེ་ལོ་ཀྱ་བི་ཛ་ཡ་ཨ། ཉོན་མོངས་བག་ཆགས་སྦྱང་བའི་ཕྱིར། །ལྷ་རྣམས་སྔགས་འདིས་སྐྱེ་མེད་བསྒོམ། །དངོས་གྲུབ་བར་གཅོད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིང་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཧྭ༷་པ་ར་བིདྷརྒྱུ། འདི་ཡིས་ཐམས་ཅད་མགོ་མནན་ལ། །བདུད་རྩི་འཁྱིལ་བའི་ལས་སྔགས་ཀྱིས། །ཐམས་ཅད་མ་ལུས་སྒྲོལ་བ་ཡིན། །སྦྱིནྟྲསྨིསྟོ་ཧུ༷་ཕཊ། མི་གཡོ་མགོན་པོའི་ལས་སྔགས་ཀྱིས། །ཐམས་ཅད་མ་ལུས་བཅིང་བ་ཡིན། །བན་དྷ་བན་དྷ་ཧུ༷་ཕཊ། ཁམས་གསུམ་རྣམ་རྒྱལ་ལས་སྔགས་ཀྱིས། །ཐམས་ཅད་མ་ལུས་སྒྲོལ་བར་བྱེད། །སྟིན་དྷ་སྟིན་དྷ་ཧུ༷་ཕཊ། རྟ་མཆོག་དཔལ་གྱི་ལས་སྔགས་ཀྱིས། །ཐམས་ཅད་མ་ལུས་འཛིན་པར་བྱེད། །གྲོཎྜ་གྲིཎྜ་ཧུ༷་ཕཊ། རྣམ་པར་རྒྱལ་བའི་ལས་སྔགས་ཀྱིས། །ཉོན་མོངས་ཐམས་ཅད་འཇོམས་པར་བྱེད། །ཧ་ན་ཧ་ན་ཧུ༷་ཕཊ། །ཁྲོ་རྒྱལ་ཐུགས་ཀྱི་དཀྱིལ་འཁོར་ནས། །དྲག་པོ་ལས་ཀྱི་ཐུན་སྔགས་འབྱུང་། །ཧ་ས་ཡ་ར་ཧ་ས་ཡ་ར་ཧུ༷་ཕཊ། ཨུ་ཝེ་ཤ་ཡ་ཨུ་ཝེ་ཤ་ཡ་ཧུ༷་ཕཊ། ཤི་སྨྲ༷་ཨུ་ན་ཡ་ཧུ༷་ཕཊ། ཛ་ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། ཏ་ཐུ་ཡ་ཏ་ཐུ་ཡ་ཧྭ༷་ཕཊ། སྟིན་དྷ་ཡ་སྟིན་དྷ་ཡ་ཧུ༷་ཕཊ། སྔགས་དྲུག་ལས་ཀྱི་འཁོར་ལོ་འདིས། །མ་རུངས་པ་རྣམས་རྣམ་པར་སྒྲོལ། །ཐམས་ཅད་མ་ལུས་རྡུལ་དུ་རློག ཁྲོ་རྒྱལ་འདུས་པའི་དམོད་མོ་ཡིན། །འཁོར་ལོ་དག་ནི་བསྐོར་བྱ་་ཁུ་། །གསང་བའི་གནས་སུ་གསད་བྱ་ཡིན། །གདུག་པ་སྔགས་ཀྱི་འོད་ཟེར་གྱིས། །བསྒྲུབ་བྱ་དག་ནི་སྒྲོལ་བར་བྱེད། །སྔགས་ཀྱི་འོད་ཟེར་བསྐུལ་ནས་ནི། །ལུས་ཀྱི་རྩ་རྣམས་ཐམས་ཅད་དུ། །འོད་ཟེར་དག་ནི་རྒྱས་བྱས་ཏེ། །སྟོང་གྲོགས་བྱེད་ལ་སོགས་པ་དབྲལ། །གདུག་པའི་ཚོགས་རྣམས་ཀུན་སྒྲོལ་ཏེ། །འཁྲུལ་འཁོར་དག་ཏུ་རབ་ཏུ་བཟླས། །བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །སྔོན་ཆད་ཇི་བཞིན་དམ་བཅས་པ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་བོ་རྣམ་རྒྱལ་ཏིང་འཛིན་གྱིས། །གདུག་པ་གདུལ་ཕྱིར་གཟི་བྱིན་བསྐྱེད། །ཧ་ན་ཧ་ན་བཛྲ། །གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར། ཁྲོ་རྒྱལ་དབྱུག་སྔོན་ཏིང་འཛིན་གྱིས། །གདུག་པ་བསྲེག་ཕྱིར་སྔགས་འདི་བརྗོད། །ད་ཧ་ད་ཧ་བཛྲ། ཞེ་སྡང་ཅན་རྣམས་ཚར་བཅད་ཕྱིར། །ཁྲོརྒྱལགཤིནརྗེའིགཤེདཔོཡིས། །ཐམས་ཅད་གསད་ཕྱིར་གཟི་བྱིན་བསྐྱེད། །པ་ཙ་པ་ཙ་བཛྲ། ཡེ་ཤེས་ཐུགས་ཀྱི་ཕྲ་མེན་མ། ཁྲ་ན་མི་ཁའི་སྔགས་ཀྱིས་ནི། །བྱིན་བརླབས་གཟི་བྱིན་བསྐྱེད་པ་ཡིན། །མ་ཐ་མ་ཐ་བཛྲ། །ཡེ་ཤེས་ཚོགས་ཀྱི་སྲུང་མ་ནི། །བསེ་མོ་བཞི་ཡི་སྔགས་དག་གིས། །གཟི་བྱིན་དག་ནི་བསྐྱེད་པ་ཡིན། །ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཛ་ཡེ་བི་ཛ་ཡེ་བཛྲ། ཡེ་ཤེས་ཁྲོ་བོ་ཆེན་པོ་ཡིས། །སྔགས་འདིས་གདུག་པ་སྒྲོལ་བར་བྱེད། །ཨ་ཛི་ཏེ་ཨ་པ་ར་ཛི་ཏ། མྱ་ར་སེ་ན་ཕྲ་མརྡ་ན་ཡེ་ཧུ༷་ཕཊ། གཟི་བྱིན་དག་ནི་རབ་བསྐྱེད་ནས། །རྣམ་པར་རྟོག་པ་འཇོམས་པ་ཡིན། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཆེན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་འདའ་མ་བྱེད། །བདག་ཉིད་ཆེན་མོའི་སྔགས་འདི་ཡིས། །གདུག་པ་ཐམས་ཅད་སྒྲོལ་བར་བྱེད། །ཧུ༷་མ་མ་བ་ཤ༷་ཀུ་རུ་མ་ཏང་ཉ་ཀ་ར་ཨི་དན། དྷ་དྷི་མ་མ་ཀརྨ་ཤི་སྨྲ༷་ཀྭ་ར་ཡ། སྔགས་འདིས་དུག་གསུམ་སྒྲོལ་བྱེད་ཅིང་། །དྲག་པོའི་ལས་རྣམས་བྱེད་པར་འགྱུར། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །ཧུ༷་མཛད་སྟོབས་ཆེན་ཁྲོ་བོ་ཡིས། །གདུག་པའི་ཚོགས་རྣམས་ཐམས་ཅད་བསྒྲལ། སྔགས་དོན་འདི་དག་རབ་ལྡན་པས། །བསྒྲུབ་བྱ་ཐམས་ཅད་སྒྲོལ་བར་བྱེད། །མཚན་བཅས་བཟླས་པ་དེ་བཤད་དེ། །བསྒྲུབ་བྱ་རྟག་ཏུ་སྒྲོལ་བ་ཡིན། །མཚན་བཅས་ཕྱི་ཡི་བཟླས་པ་ནི། །སྙིང་ག་ནས་ནི་སྤྲོ་བྱ་ཞིང་། །འོད་ཟེར་གྱིས་ནི་ཁམས་གསུམ་བསྒྲལ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །ཞེ་སྡང་ཅན་རྣམས་བསྒྲལ་བར་བྱ། །བསྒྲུབ་པའི་བར་གཅོད་ཐམས་ཅད་ཀྱང་། །སྔགས་ཀྱི་འོད་ཟེར་དྲག་པོས་བསྒྲལ། །གསང་བའི་གནས་ནས་སྤྲོ་བར་བྱ། །བསྒྲུབ་བྱ་དག་ནི་དེར་བསྒྲལ་ཏེ། །ང་རྒྱལ་བཅས་པ་བཅོམ་ནས་ཀྱང་། །ཡེ་ཤེས་ཕུར་པའི་འོད་ཟེར་ནི། །བར་མཚམས་མེད་པར་བསྐོར་བ་ཡིན། །སྔགས་ཀྱི་འོད་ཟེར་དེ་ཡིས་ནི། །བསྒྲལ་ཕྱིར་འཁོར་ལོ་དྲུག་ཀྱང་བསྐོར། །ལས་དང་ཉོན་མོངས་ཐམས་ཅད་ལ། །འཁྲུལ་འཁོར་གཙང་མས་འཁོར་ལོ་བསྐོར། །དེ་ཡིས་གདུག་པ་ཀུན་སྒྲོལ་ཏེ། །ལས་ནི་ཐམས་ཅད་འགྲུབ་པ་ཡང་། །དྲག་པོ་འདི་ཡིས་བྱེད་པར་འགྱུར། །ཡེ་ཤེས་ཐུགས་ཀྱི་ཕུར་བུ་ལས། །བྱང་ཆུབ་སེམས་ཀྱི་འོད་འཕྲོ་ཞིང་། །ཉོན་མོངས་ཐམས་ཅད་བསྲེག་པར་བསྒོམ། ཁྲོ་བོ་འཇིགས་པའི་གཟུགས་ཅན་གྱིས། །གདུག་པ་སྔགས་ཀྱི་སྒྲ་སྒྲོགས་ཤིང་། །ཞེ་སྡང་ང་རྒྱལ་ལ་སོགས་འཇོམས། ཁྲོ་རྔམསཆེནཔོསཁམསགསུམ་སྒྲོལ། །སྤྲུལ་པ་ཕོ་ཉ་བཀའ་ཉན་གྱིས། །དེ་ཡི་སྡིག་སྒྲིབ་སྦྱངས་ཏེ་བསྒྲལ། །བཟླས་པ་གཉིས་ཀྱིས་ལས་ཀུན་འགྲུབ། །དེ་ལྟར་ཐུགས་རྗེས་བསྒྲུབ་བྱ་བསྒྲལ། །ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། བསྐྱེད་རྫོགས་མཚན་བཅས་མཚན་མེད་ཀྱི་བཟླས་པ་འཁོར་འོའི་ལེའུ་སྟེ་བདུན་པའོ།། །།དྲག་པོ་ལས་ཀྱི་དཀྱིལ་འཁོར་འདིར། །བགེགས་དང་ལོག་འདྲེན་བར་གཅོད་སོགས། །བསད་ཅིང་བརྡེག་སོགས་ཐབས་གང་ལགས། །རྫས་ནི་གང་དང་གང་གིས་བགྱི། །རྣམ་པར་རྒྱལ་བས་དེ་སྐད་གསོལ། །དེ་སྐད་གསོལ་གསན་བཀའ་སྩལ་པ། །དངོས་གྲུབ་བར་གཅོད་བྱེད་ལ་སོགས། །བསད་ཅིང་བཅིང་བའི་ལས་ཚོགས་ནི། །སྔགས་དང་རྫས་དང་ལྡན་པར་བྱ། །ཡེ་ཤེས་ཐུགས་ཀྱི་ཕུར་བུ་ཡིས། །དྲག་པོའི་སྔགས་ནི་བཟླ་བར་བྱ། །ཚོན་སྐུད་སྣ་ལྔས་མགོ་རྐང་བཅིང་། །ཡེ་ཤེས་ཐུགས་ཀྱི་ཕུར་བུ་དང་། །དུག་དང་རྫས་སུ་བཅས་པ་ནི། །བཏབ་པས་ཐམས་ཅད་གསོད་པར་འགྱུར། །བཟླས་པ་གསུམ་དང་ལྡན་པས་ནི། །བར་གཅོད་ཐམས་ཅད་སྒྲོལ་བར་བྱེད། །དྲག་པོའི་ལས་ཀྱི་ཐུན་བཏབ་ན། །བསྒྲུབ་བྱ་དག་ནི་འཆི་བར་འགྱུར། །སྡུག་ཅིང་སྡང་སེམས་ལྡན་པ་རྣམས། །ཐུན་བཏབ་བསྲེག་པའི་ལས་ནི་བྱ། །ལས་ཀྱི་སྔགས་ནི་ཐམས་ཅད་ཀྱིས། །བར་གཅོད་ལོག་ལྟ་ཐམས་ཅད་བསྒྲལ། །ཕོཉའིཚོགསརྣམསཐམས་ཅད་ཀྱིས། །བར་གཅོད་ཐམས་ཅད་རྟག་ཏུ་བསྒྲལ། །ལས་ཀྱི་རིམ་པ་བྱ་བ་ཡང་། །སྦྱིན་སྲེག་དག་ནི་རབ་ཏུ་བྱ། ཐམས་ཅད་མ་ལུས་ཞི་བྱའི་ཕྱིར། ཁེན་ཏུ་ཁ་དོག་དཀར་ལ་འཚེར། །ཞི་བའི་ཐབ་ཁུང་དེ་བྱས་ཏེ། ཁྲུ་གང་ཁྲུ་དོའི་ཚད་དུ་བྱ། །འབྲས་ཐུག་འོ་ཐུག་དཀར་གསུམ་དང་། །མངར་གསུམ་དང་ནི་རབ་ལྡན་ཏེ། །ཞི་བའི་རྫས་ནི་མ་ལུས་བསག །མེ་ཏོག་དཀར་པོ་ཏིལ་དཀར་དང་། །འབྲས་ཆན་ཏིལ་སོགས་དངུལ་ཕྱེ་བསག །བསྲེག་ཤིང་ཁྲུ་གང་ཚད་བྱས་ཏེ། །ཡམ་ཤིང་མཐོ་གང་སོར་བཞི་བྱ། ཁེན་ཏུ་དྲི་ཞིམ་དྲི་ཡིས་བྱུག །ར༷་ལས་ཞི་བའི་མེ་ལྷ་ནི། །སྲུན་ལ་ཁ་དོག་དཀར་པོ་སྟེ། །འོད་ཟེར་དཀར་པོ་འཁྱིལ་ཚུལ་འཕྲོ། །ར་སྐྱེས་དཀར་པོའི་གདན་ལ་བཞུག །བགྲང་ཕྲེང་རིལ་བ་ཕྱག་ན་བསྣམས། །ཉོན་མོངས་ཐམས་ཅད་ཞི་མཛད་པ། །མེ་ལྷ་གསལ་བསྒོམ་སྤྱན་དྲངས་ལ། །བསྟིམས་ཏེ་ཞལ་བསིལ་བསྲེག་བླུག་བདུན། །ཕུ་ཏེ་གང་འདོད་ཞི་བར་བཅོལ། །ཨོ་ཨསྣ་ཡེ་ཧ་བྱ་ཀ་བྱ། བ་ཧ་ན་ཡ་དི་བྱ་གྲྭ་ཧྭ། །དེ་ནས་གཙོ་བོ་ཡབ་ཡུམ་དང་། །ཕྱོགས་ཀྱི་ཁྲོ་བོ་ལྔ་རྣམས་ལ། །ཆོ་ག་གོང་བཞིན་རྫོགས་པ་དང་། །བརྒྱ་རྩ་བརྒྱད་ཀྱིས་བསྲེག་བླུག་འབུལ། ཁྲོ་བོ་བཅུ་པོ་ཡབ་ཡུམ་ལ། །བརྒྱ་རྩ་བརྒྱད་ནི་དབུལ་བར་བྱ། །ཕྲ་མེན་སྤྲུལ་པའི་ཚོགས་ལ་བདུན། །སྒོ་སྐྱོང་ལ་ཡང་བདུན་འབུལ་ཏེ། །སོ་སོའི་སྔགས་ཀྱི་གཤམ་དག་ལ། །འདི་ཞེས་བྱ་བ་ཞི་གྱུར་ཅིག ཁྲེརྙ༷་ཀུ་རུ་གྲྭ་ཧྭ། །དེ་བྱས་གདུག་པའི་ཚོགས་རྣམས་ནི། །ཐམས་ཅད་མ་ལུས་ཞི་བར་འགྱུར། །རྒྱས་པའི་ལས་ཀྱིས་སྦྱིན་སྲེག་ནི། །གསེར་འདྲའི་ཐབ་ཁུང་ཁྲུ་དེའི་ཚད། །བརྐོས་ཏེ་ཕྱི་རོལ་གྲུ་བཞིར་བྱ། །སྲེག་ཤིང་བུད་ཤིང་ཁྲུ་དོའི་ཚད། །མེ་ཏོག་སེར་པོ་ཉུང་དཀར་དང་། །མར་དང་སྦྲང་རྩི་བུར་རམ་གསེར། །འབྲས་དང་འོ་ཐུག་ལ་སོགས་ཏེ། །རྒྱས་པའི་རྫས་རྣམས་སོ་སོར་བསག །ར༷་ལས་མེ་ལྷའི་སྐུ་བསྐྱེད་དེ། །སྲུན་ལ་ཁ་དོག་སེར་པོ་སྟེ། །འོད་ཟེར་སེར་པོ་ཕྱོགས་བཅུར་འགྱེད། །ར་སྐྱེས་སེར་པོའི་གདན་ལ་བཞུགས། །བགྲང་ཕྲེང་དང་ནི་སྤྱི་བླུག་འཛིན། །ཅི་འདོད་དངོས་པོ་རྒྱས་མཛད་པའི། །མེ་ལྷ་གསལ་བསྒོམས་སྤྱན་དྲངས་ལ། །བསྟིམ་ཏེ་ཞལ་བསིལ་བསྲེག་བླུག་འབུལ། །ཕུལ་ཏེ་གང་འདོད་རྒྱས་པར་བཅོལ། །ཨོ་ཨསྣ་ཡེ་ཧ་བྱ་ཀ་བྱ། །བ་ཧ་ན་ཡེ་དི་བྱ་དི་བྱ་གྲྭ་ཧྭ། དང་པོ་གཙོ་བོ་ཡབ་ཡུམ་ལ། །དེ་འོག་རིགས་ལྔའི་ཀི་ལ་ཡ། །བརྒྱ་རྩ་བརྒྱད་ཀྱིས་བསྲེག་བླུག་འབུལ། ཁྲོ་བོ་ཁྲོ་མོ་ཉི་ཤུ་ལ། །བསྲེག་བླུག་ཉི་ཤུ་རྩ་གཅིག་འབུལ། །ཕྲ་མེན་སྤྲུལ་པ་སྒོ་སྐྱོང་དང་། །སྲས་མཆོག་དག་ལ་བདུན་བདུན་འབུལ། །སོ་སོའི་སྔགས་ཀྱི་གཤམ་དག་ལ། །འདི་ཞེས་བྱ་བ་རྒྱས་གྱུར་ཅིག །སྤྲུརྙུ་ཀུ་རུ་གྲྭ་ཧྭ། ཚེ་དང་བསོད་ནམས་ལ་སོགས་ཏེ། །གང་འདོད་ཐམས་ཅད་རྒྱས་པར་འགྱུར། །དབང་གི་ལས་ཀྱི་སྤྱིན་སྲེག་ནི། ཁ་དོག་དམར་པོའི་ས་གཞི་ལ། ཁྲུ་དོའམ་ཁྲུ་བཞི་ཟླ་གམ་བརྐོ། །ཕྱི་རོལ་རྒྱར་ཡངདེབཞིནབྱ། །ཕྱིརོལ་ཁདོག་ནག་པོ་ལ། །ཕྱག་རྒྱ་བཞི་ཡིས་མཚན་པར་བྲི། ཁ་དོག་དམར་པོའི་ཤིང་རྣམས་ལ། །ཟླ་གམ་ཁྲུ་དོ་ཁྲུ་བཞི་བརྩིག །བུད་ཤིང་ཡམ་ཤིང་དེ་བཞིན་ནོ། །འབྲས་ཐུག་འོ་ཐུག་དམར་པོར་བྱ། །མེ་ཏོག་དམར་པོ་ཡུངས་མར་དང་། །སྦྱར་བའི་བསྲེག་རྫས་རབ་ཏུ་འབུལ། །ར༷་ལས་མེ་ལྷ་དམར་པོར་བསྐྱེད། །སྤྱན་དྲངས་བསྟིམས་ཏེ་ཞལ་བསིལ་ལ། །སྲེག་བླུག་བདུན་ཕུལ་དབང་ལས་བཅོལ། །ཨོ་ཨསྣ་ཡེ་ཧ་བྱ་ཀ་བྱ་དི་བྱ་དི་བྱ་ཡེ། །ཆེ་གེ་མོ་བ་ཤང་ཀུ་རུ་གྲྭ་ཧྭ། དང་པོ་དཀོན་མཆོག་གསུམ་ལ་མཆོད། །རྩ་བ་ཡབ་ཡུམ་རིགས་ལྔ་ཡི། །ཀི་ལ་ཡ་ལ་བརྒྱ་རྩ་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་བརྒྱད། །ཕྲ་མེན་སྒོ་བ་སྲས་མཆོག་ལ། །བསྲེག་བླུག་བདུན་ནི་དབུལ་བར་བྱ། །སོ་སོའི་སྔགས་ཀྱི་གཤམ་དག་ལ། །འདི་ཞེས་བྱ་བ་དབང་དུ་སྡུས། །བ་ཤང་ཀུ་རུ་གྲྭ་ཧྭ། གང་ལ་བྱ་བ་དབང་དུ་འགྱུར། །དྲག་པོའི་ལས་ཀྱི་སྦྱིན་སྲེག་ནི། །ས་གཞི་ཁ་དོག་ནག་པོ་ལ། ཁུ་གསུམ་ཁྲུ་གང་ཐུར་དུ་བརྐོ། །ཕྱི་རོལ་ཁྲུ་དོའམ་ཁྲུ་དྲུག་ཚད། །མདུང་དང་རལ་གྲི་དགྲ་སྟུ་དང་། །མདའ་གཞུ་དེ་བཞིན་མཚོན་གྱིས་བསྐོར། །ཕྱི་རོལ་ཐོད་པ་མེ་རི་བྲི། ཁོན་ཏུ་གདུག་པའི་ཤིང་རྣམས་ལ། །ཁྲུ་གང་གྲུ་གསུམ་དབྱིངས་སུ་བརྩིག །དེ་བཞིན་ཡམ་ཤིང་ལ་སོགས་བསག །ཟང་ཕྱེ་རྡོ་ཕྱེ་ལྕགས་ཕྱེ་དང་། །དུག་སྣ་མུསྐོའི་ཆན་དུག་སྣ། །ཁྲག་སྣ་ཤ་སྣ་སྙིང་སྣ་དང་། །དུག་གི་མེ་ཏོག་སྣ་ཚོགས་དང་། །མེ་ཏོག་ནག་པོ་སྣ་ཚོགས་དང་། །ཏིལ་ནག་ཁྲ་བོ་ནག་པོའི་འབྲུ། །ར༷་ལས་མེ་ལྷ་ནག་པོ་བསྐྱེད། །སྤྱན་དྲངས་བསྟིམ་ཞིང་ཞལ་བསིལ་ལ། །བསྲེག་བླུག་བདུན་ཕུལ་མངོན་སྤྱོད་བཅོལ། །ཨོ་ཨསྣ་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡེ་དི་བྱ་དི་བྱ་ཆེ་གེ་མོ་མྱ་ར་ཡ་ཕཊ། །རྩ་བ་ཡབ་ཡུམ་རིགས་ལྔ་ཡི། །ཀི་ལ་ཡ་ལ་བརྒྱ་རྩ་བརྒྱད། །ཁྲོ་བོ་ཁྲོ་མོ་ཉི་ཤུ་གཅིག །ཕྲ་མེན་སྒོ་བའི་ཚོགས་རྣམས་དང་། །སྲས་མཆོག་ཚོགས་ལ་བདུན་བདུན་ཕུལ། །སོ་སོའི་སྔགས་ཀྱི་གཤམ་དག་ལ། །བརྣག་པ་འདི་ཁོ་ན་མུ་ར་ཡ། །བསྟོད་དེ་སྦྱིན་སྲེག་བཅོལ་བར་བྱ། །ཧུ༷་ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།ཁྲོས་པས་ཡུད་ཀྱིས་བརླག་པར་མཛད། །བརླག་པར་མ་གྱུར་གང་ཡང་མེད། །ཆགས་པའི་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཆགས་པས་སྡུད་ལ་དབང་མཛད་དེ། །དབང་དུ་མ་གྱུར་གང་ཡང་མེད། །ང་རྒྱལ་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །དཔལ་དང་གཟི་བརྗིད་ཆེན་པོ་རྣམས། །ཡུད་ཙམ་གྱིས་ནི་རྒྱས་པར་མཛད། །གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་འདིར་རབ་འབྱམས་ཀུན། །ཡུད་ཙམ་གྱིས་ནི་ཞི་མཛད་དེ། །ཞི་མཛད་གྲུབ་ལ་ཕྱག་འཚལ་བསྟོད། །དེ་ནས་ཐབ་ཁུང་རིམ་པ་ཡང་། །ཀུན་གྱི་དཀྱིལ་འཁོར་རྡོ་རྗེས་མཚན། །ཞི་བའི་ཁ་ཁྱེར་ཟླ་ཚེས་མཚན། །རྒྱས་པ་ཉ་དང་ཉི་འོད་དོ། །དབང་ལ་པདྨ་དམར་པོས་མཚན། །ཞི་བ་རྗེའུ་རིགས་ཁྱིམ་གྱི་མེ། །རྒྱས་པ་རྒྱལ་པོ་ལས་བྱུང་བའོ། །དབང་ནི་བྲམ་ཟེ་སྨད་འཚོང་མའོ། །དྲག་པོ་བཤན་པའི་ཁྱིམ་གྱི་མེ། །དེ་ལྟར་ལས་དེས་བསྒྲུབ་བྱ་སྒྲོལ། །དྲག་པོའི་སྔགས་ཀྱིས་ཟིལ་མནན་ལ། །གྲོགས་དང་ཕྲལ་ཏེ་དགུག་ཅིང་དབབ། །བཅིངས་ཤིང་གཟིར་ལ་ཕུར་པས་གདབ། །མཚོན་གྱིས་གཏུབས་ཏེ་གཏུན་གྱིས་རྡུང་། །ལྷག་མ་མེད་པར་བསྟབ་སྟེ་བསྒྲལ། །ཐམས་ཅད་ང་རྒྱལ་བཅག་པའི་ཕྱིར། །ཞི་བའི་སྤྱིན་སྲེག་བྱ་བ་ཡིན། །ཚེ་དང་བསོད་ནམས་སྤེལ་བའི་ཕྱིར། །རྒྱས་པའི་སྤྱིན་སྲེག་དེ་བཞིན་བྱ། །ཐམས་ཅད་དབང་དུ་བསྡུ་བའི་ཕྱིར། །དབང་གི་སྤྱིན་སྲེག་བྱ་བ་ཡིན། །གནོད་གདུག་བར་གཅོད་སྒྲོལ་བའི་ཕྱིར། །ཨ་དྷི་ཙརུའི་སྤྱིན་སྲེག་བྱ། །ལས་བཞིས་ལས་རྣམས་ཀུན་རྫོགས་འགྲུབ། །ཕུར་པ་འཕྲིན་ལས་ཀྱི་རྒྱུད་ལས། ཨ་སྟི་ཙརུའི་སྲེག་པ་དང་བཅས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཐུགས་ཀྱི་དཀྱིལ་འཁོར་གྲུ་གསུམ་ནག །བྱིན་བརླབས་ཕུར་པ་དེ་དག་ཀྱང་། །སྐུ་སྟོད་ཞལ་གསུམ་དྲག་པོའི་སྐུ། །ཕྱག་དྲུག་མཚོན་ཆ་སྣ་ཚོགས་བསྣམས། །སྐུ་སྨད་ཕུར་བུ་ཟུར་གསུམ་སྟེ། །དུ་ཏྲོརེ་གདན་ལ་རབ་ཏུ་བཞུགས། །གྲུ་གསུམ་གནས་ནི་ཐམས་ཅད་དུ། །དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད། །ཚོགས་དེ་རབ་ཏུ་འཇིགས་པའི་གཟུགས། །དེར་ནི་དྲག་པོའི་རྫས་རྣམས་དག །བསགས་ཏེ་གདབ་པའི་ལས་རྣམས་ཀྱང་ ཡེ་༄༅། ཁྲེས་ཐུགས་ཀྱི་ཕུར་བུ་ནི། །གསལ་བཀོད་འོད་ཟེར་ཚུལ་བཞིན་སྤྲོ། །དགུག་གཞུག་ལ་སོགས་སྔགས་རྣམས་ཀྱིས། །བསྒྲུབ་བྱ་དག་ལ་ལས་རྫོགས་བྱ། །གསལ་བ་གསུམ་དང་ལྡན་པ་ཡིས། །ཏེང་འཛིན་བསྒོམས་ཏེ་གདབ་པར་བྱ། །ཞེ་སྡང་སྐུ་ནི་གསལ་བ་ལས། །ཀི་ལ་ཡ་ཡི་སྔགས་བཟླས་ནས། །ཞེ་སྡང་སྐུ་ནི་གསལ་གདབ་བྱ། །ཀི་ལ་ཡ་སོགས་སྔགས་དང་ནི། །ཁྲོ་རྒྱལ་སྔགས་དང་བཅས་པས་ནི། །སྐུ་གསལ་བསྒོམ་ཏེ་ཁྲུས་ལུད་བྱ། །སྐྱེ་མེད་ཁྲུས་ཀྱིས་རབ་དག་ནས། །གཟི་བྱིན་བསྐྱེད་དེ་གདབ་པར་བྱ། །ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ། ཨ་༷བ་ར་ཛི་ཏེ། །ཀ་ཏ༷་ཀ་ཡེ་སྔགས་ཀྱི་གདབ། །ཀུན་གཞི་ཉོ༷ན་མོངས་ཨར་གསལ་བྱ། །ཨ་དེ་བདག་ལ་རབ་བསྟིམ་པ། །ཚོ་ཞེས་བྱ་སྟེ་དངོས་གྲུབ་བླངས། །ཨོ་སརྦ་ཏ་ཐུ་ག་ཏ། །མ་ཧྭ་ཀྭ་ཡ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨཱོཾ་སརྦ་ཏ་ཐུ་ག་ཏ། མ་ཧྭ་ལྷུསྐ་བཛྲ་སྭ་སྒྱུ་ཝ་ཨུཏྣ་ཀོ྅ཧ༷། ཨཱོཾ་སརྦ་ཏ་ཐུ་ག་ཏ་མ་ཧྭ་ཙིཉི་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། བདག་གིས་སྐུ་གསུང་ཐུགས་ཐོབ་ནས། །བསྒྲུབ་བྱའི་བྱུང་ཚོར་སྒོ་དགག་བྱ། །གནས་བརྒྱད་དག་ཏུ་ཕུར་བུ་གདབ། །ཕུང་པོའི་རྟེན་ནི་གཅད་པའི་ཕྱིར། །བ་ར་བི་དྷན་མགོ་རེ་ལ། །དེ་བཞིན ཚོགསརྣམས་ཐམས་ཅད་ཀུན། །གསལ་བར་བསྒོམས་ལ་མནན་ཏེ་བསྡམས། །རྣམ་ཤེས་རྟེན་ནི་རྩད་གཅད་ཕྱིར། །བདུད་རྩི་འཁྱིལ་པས་གདབ པརབྱ། །སྣྲིཇིསྦྱིཇིཧུ༷ ཕཊ། སྙིང་ལ་བཏབ་སྟེ་ཀུན་གཞིའི་རྟེན། །དག་པར་བྱས་ཏེ་བསྒྲལ་བའོ། ཁམས་གསུམ་རྣམ་རྒྱལ་སྔགས་ཀྱིས་ནི། །དཔུང་མགོ་གཉིས་སུ་གདབ་པར་བྱ། །ཞེ་སྡང་རྣམ་པར་དག་ཕྱིར་རོ། །སྟིསྡོ་སྟིསྡོ་ཧུ༷་ཕཊ། རྟ་མཆོག་དཔལ་གྱི་དབྱི་གཉིས་ལ། །གྲིཎྜ་གྲིཎྜ་ཧུ༷་ཕཊ། །རྣམ་པར་རྒྱལ་བ་གསང་བར་གདབ། །སྐྱེ་རྒྱུན་དག་ནི་རབ་ཏུ་གཅོད། །ཧ་ན་ཧ་ན་ཧུ༷་ཕཊ། །མི་གཡོ་མགོན་པོས་མཚོགས་མར་གདབ། །བན་དྷ་བན་དྷ་ཧུ༷་ཕཊ། །བསྒྲུབ་བྱ་བསྒྲལ་ཕྱིར་རྣམ་ཤེས་རྟེན། །བྱུང་ཚོར་སྒོ་ནི་དགག་ཕྱིར་གདབ། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཛ་ཡེ་བི་ཛ་ཡེ། ཨ་ཛ་ཏེ། ཨ་པ་ར་ཛི་ཏེ། མིག་གཉིས་རྣ་བ་གཉིས་དང་ནི། །སྣ་བུག་གཉིས་དང་ལྕེ་ལ་གདབ། །མགྲིན་པ་སྙིང་ག་ཁྲག་སྦལ་དང་། །ཉོན་མོངས་ཡིད་ལ་རབ་ཏུ་གདབ། །གརྫ་གརྫ་ཏ་ཐུ་ཡ་ཧུ༷་ཕཊ། འཇུ་ཐག་གཅད་ཕྱིར་སྤྱི་བོར་གདབ། །སྒྲོ་ཊ་ཡ་སྤོ་ཊ་ཡ་སརྦ་ཨུ་ན་ཡ་ཧུ༷་ཕཊ། རྟེན་ཕུར་དབྱུང་ཕྱིར་མཐིལ་དུའོ། །གདབ་པ་ཀུན་གྱི་གོང་དུ་ནི། །མཐུ་དང་རྫུ་འབྲུལ་དབྲོག་ཕྱིར་གདབ། །ཉོན་མོངས་མནར་བའི་སེམས་ཅན་དག །འཁོར་བའི་གནས་ནས་དྲང་བའི་ཕྱིར། །རྡོ་རྗེ་ཕུར་བུས་རབ་ཏུ་གདབ། །ངན་སོང་རྒྱུ་ནི་དེས་ཚར་བཅད། །རྒྱ་མདུད་གཉིས་དང་ལོགས་བརྒྱད་དང་། །དཔལ་དང་བཅས་པའི་འོད་ཟེར་གྱིས། །ངན་སོང་གསུམ་ནི་དེར་སྦྱོང་བྱེད། །ཕུར་བུའི་འོད་ཟེར་ཆེན་པོ་་་་་་་་་་་དེས། །བདག་དང་གཞན་གྱི་དོན་བསྒྲུབ་བྱ། །སྔགས་ཀྱི་འོད་ཟེར་དྲག་པོ་དེ། །སྤྲོས་པས་གཞན་གྱི་སྡིག་པ་འཇོམས། །བསྡུས་པས་བདག་གི་སྡིག་པ་འཇོམས། །ཕུར་བུའི་འོད་ཟེར་དེ་བསྒོམས་ཤིང་། །རྣམ་རྟོག་ཐམས་ཅད་དེས་སྒྲོལ་བྱེད། །དྲག་པོའི་ལས་ནི་ཐམས་ཅད་ཀྱང་། །སྙིང་རྗེས་ཟིན་པའི་ཞེ་སྡང་གིས། །ཉོན་མོངས་གནས་སུ་དག་བྱས་བསྒྲལ། །ཐུགས་ཀར་བཟླས་པའི་འཁོར་ལོས་བཟླ། །སྐུ་གསུང་ཐུགས་སུ་རབ་བཟླས་ཤིང་། །བདག་དང་གཞན་གྱི་དོན་བསྒྲུབ་བྱ། །སྔགས་དྲུག་ལས་ཀྱི་འཁོར་ལོ་ཡིས། །གཟས་པ་སྐད་ཅིག་གཅིག་གིས་སྒྲལ། །ཕུར་བུའི་འོད་ཟེར་ཆར་གྱི་ནི། །བདག་དང་གཞན་གྱི་དོན་བསྒྲུབ་བྱ། །མཁའ་འགྲོའི་ལས་ཀྱི་སྔགས་ཀྱིས་ནི། །ཉོན་མོངས་གནོད་གདུག་ཚར་གཅད་བྱ། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །རྒྱ་གྲམ་དབྱུག་ཏོ་མཚོན་ཆའི་ཆར། །ཐབས་ལ་མཁས་པས་གདུག་པ་སྒྲོལ། །ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །སྔགས་ཀྱི་འོད་ཟེར་དྲག་པོ་ཡིས། །ངན་སོང་གསུམ་ལ་སོགས་པ་བསྒྲལ། །སྐྱེ་མེད་རྣམ་དག་ལམ་ལ་དགོད། །ཡེ་ཤེས་ཐུགས་ཀྱི་ཕུར་བུ་ཡིས། །རྣམ་རྟོག་ཚར་གཅོད་གཉིས་མེད་དགོད། །ཡི་གེ་འབྲུ་ལྔ་འོད་ཟེར་ལྔས། ཁུད་ལྔའི་ལས་ཀྱི་སྒོ་བཀག་ནས། །རྣམ་ཤེས་ཧུ༷་དུ་གསལ་གྱུར་ཏེ། །ཉོན་མོངས་ལས་ཀྱི་ཕུང་པོ་དག །རྣམ་རྟོག་ཐམས་ཅད་རྒྱས་པས་ནི། །ལས་དང་ཉོན་མོངས་དེས་བྱས་པས། །སྡུག་བསྔལ་ཕུང་པོ་སྲེད་ལེན་བླངས། །རྣམ་རྟོག་ལས་ལས་བྱུང་བ་ཡི། །སྲིད་པའི་ཕུང་པོར་རྟེན་བཅས་ནས། །མ་རིག་འདུ་བྱེད་རྣམ་ཤེས་ཆགས། །མིང་གཟུགས་རེག་ཚོར་རྒ་ཤིའི་ལམ། །ངན་སོང་སྡུག་བསྔལ་དེས་སྦྱང་ཕྱིར། །ལན་ཆགས་དགག་ཞིང་སྡིག་པ་བཤགས། ཁྲེས་པ་རྟེན་བསྟིམ་སེམས་བསྐྱེད་སྐྱབས། །སོ་སོའི་ཁྲོ་རྒྱལ་ཆེན་པོ་དང་། །སྤྲུལ་པའི་ཕོ་ཉ་ཡིག་འབྲུ་དང་། །འོད་ཟེར་ཁྲོ་མོ་བུམ་ཆུ་ཨ་ཡིས་བཀྲུས། །འདོད་ཡོན་ལྔ་ཡིས་ཚིམ་བྱས་ཤིང་། །ཁྱད་པར་སེམས་བསྐྱེད་དམ་ཚིག་དབབ། །རིགས་ཀྱི་ལྷར་བརྟག་དེ་བསྒྲལ་ལོ། །དེ་དག་སྦྱང་ཕྱིར་ལས་ཀྱི་རྒྱུད། །ང་ཡིས་ངེས་པར་རབ་ཏུ་བཤད། །སེམས་ཀྱི་ཕུར་བུ་ཐིབས་པ་ན། ཁམས་གསུམ་བསྒྲལ་ཞེས་དེ་ལ་བརྗོད། །ཉི་ཤུ་རྩ་གཅིག་ཕུར་བུ་ནི། །རྣམ་ཤེས་དག་གི་རང་བཞིན་ལ། །ཕྱིས་ཉིད་མི་འཁོར་བྱ་བའི་ཕྱིར། །ཉོན་མོངས་ཕུང་པོ་དག་པ་ལ། །ཕུར་པ་གདབ་ཅིང་ལྷར་གསལ་དགོད། །ཁྲོ་རྒྱལ་ཏིང་འཛིན་གསལ་བས་ནི། །ཕུང་པོ་ལྷར་གསལ་རྣམ་ཤེས་སེམས། །མི་རྟོག་དོན་གྱི་ལམ་ལ་དགོད། །གཉིས་མེད་དོན་གྱི་རང་བཞིན་ལ། །དགོད་པ་ཉིད་དུ་བྱ་བ་སྟེ། །སྟོང་ཉིད་དོན་ལ་རབ་གནས་པ། །སྡིག་པ་ཐམས་ཅད་དེར་བཅོམ་སྟེ། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིན། །རྩ་བས་ཁམས་གསུམ་ཡང་དག་བསྒྲལ། །ཕུར་བུའི་འོད་ཟེར་ཕྱོགས་བཅུར་འཕྲོས། །དེ་དོན་རྟོགས་ན་ཐེབས་པ་ཡིན། །ལུས་སེམས་བྲལ་ན་འ་ས་པ་ཡིན། །ཕུང་པོ་ཇ་རིལ་བསྒངས་བྱས་ལ། །དེ་ནས་ཡེ་ཤེས་བུམ་ཆུས་བཀྲུ། ཁྲེས་པ་དག་ལ་ཆགས་པ་ཡི། །སྔོན་གྱི་ལན་ཆགས་གང་ཡོད་དང་། ཁོག་སྲུང་དག་ལ་ལན་ཆགས་བཀར། །བདེན་པའི་བཀའ་བསྒོ་དྲག་པོས་བསྐྲད། །སིལ་བུར་བྱས་ཏེ་དཀྱིལ་འཁོར་དགོད། །སྙིང་ནི་དབུས་སུ་དགོད་པར་བྱ། །མགོ་ནི་ཤར་ལ་གློ་བ་ལྷོ། །མཆིན་པ་ནུབ་སྟེ་མཁལ་མ་བྱང་། །མཆེར་བ་ཤར་སྟོད་བཀོད་ནས་ཀྱང་། །གཙོ་བོ་ཡབ་ཡུམ་རིགས་ལྔ་ཡི། །ཀི་ལ་ཡ་ལྔ་རིམ་གྱིས་དགོད། །མིག་གཉིས་ཤར་དང་ཤར་ལྷོར་དགོད། །རྣ་བ་ལྷོ་དང་ལྷོ་ནུབ་ཏུ། །ལྕེ་ནི་ནུབ་ཏུ་སྣ་བུག་བྱང་། །མགྲིན་པ་བྱང་དུ་དགོད་པར་བྱ། །བྱང་ཤར་ལྷེན་སྣ་གསང་བའོ། །ཀླད་པ་སྟེང་དུ་དགོད་པར་བྱ། །གཡས་ཀྱི་སོག་པ་ཤར་དུ་སྟེ། །དཔུང་པ་ཤར་ལྷོ་ལག་ངར་ལྷོ། །གཡོན་གྱི་སོག་པ་ལྷོ་ནུབ་སྟེ། །དཔུང་པ་ནུབ་ཏུ་དགོད་པར་བྱ། །ལག་ངར་ནུབ་བྱང་དག་ཏུའོ། །དཔྱི་གཡས་བྱང་སྟེ་བརླ་བྱང་ཤར། །རྗེ་ངར་འོག་གི་ཕྱོགས་སུ་སྟེ། །རྐང་གཡོན་བརླ་དང་རྗེ་ངར་སྟེང་། །དཔྱི་ནི་ཤར་ལྷོའི་མཚམས་སུ་དགོད། །ནམ་ཚོད་ཤར་སྨད་གཡས་གཡོན་རྩིབ། །ལྷོ་དང་ལྷོ་ནུབ་སྨད་དུ་དགོད། །བྲང་ནུབ་ནུ་མ་གཡས་གཡོན་དང་། །ཚོང་ར་མཇུག་ཐོ་བྱང་ཤར་འགོད། །ལག་མཐིལ་རྐང་མཐིལ་སྒོ་སྐྱོང་ངོ་། །ཅི་རིགས་དོན་གྱི་ས་ལ་སྦྱར། །བསྲེག་པའི་ལས་ཀྱང་དེ་བཞིན་ནོ། ། སྙིང་རྗེ་ཆེན་པོའི་ཏིང་འཛིན་གྱིས། །སེམས་ཅན་དོན་ནི་བྱ་བ་ཡིན། །དེ་དོན་རྟོགས་ན་ཐེབས་པ་ཡིན། །དེ་ལྟའི་ལས་ཚད་ཕྲིན་ལས་མཆོག །ཕུར་བུ་ཕྲིན་ལས་ཀྱི་རྒྱུད་ལས། ཐུགས་ཀྱི་དཀྱིལ་འཁོར་ཕུར་བུ་་པ་ཀུགདབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཕུར་བུ་གསུང་གི་དཀྱིལ་འཁོར་ནི། །དམར་ནག་ལེའུ་ཚེའི་དཀྱིལ་འཁོར་ལ། །དྲག་པོ་ལས་ཀྱི་ལྷ་རྣམས་དགོད། །དབུས་སུ་རྡོ་རྗེ་རྒྱ་གྲམ་སྟེ། །རྡོ་རྗེའི་ལྟེ་བར་ཀི་ལ་ཡའི། །སྔགས་ནི་རབ་ཏུ་བསྒྲིམས་ཏེ་བྲི། །ཕྱོགས་བཞིའི་རྭ་ནི་བཞི་རྣམས་ལ། །རིགས་བཞི་ཀི་ལ་ཡ་རྣམས་ཀྱི། །སྙིང་པོ་དག་ཀྱང་རབ་ཏུ་བྲི། །སོ་སོའི་ལེའུ་ཚེ་དག་ལ་ནི། །དྲག་པོ་ལས་ཀྱི་སྔགས་རྣམས་བྲི། །མུ་ཁྱུད་ཨོ་ལ༷་སྔག་ཀྱིས་བསྐོར། །པ་ར་བི་དྷན་སྔགས་རྣམས་ནི། །ཧ་ན་ད་ཧའི་སྔགས་བཅས་པ། །ལེ་ཚེ་དག་ལ་རབ་ཏུ་བྲི། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །མ་མོའི་སྔགས་ནི་བྲི་བར་བྱ། །འགུགས་བྱེད་སྔགས་ནི་ཐམས་ཅད་ཀྱང་། །ཕྱི་རོལ་མཚམས་སུ་བྲི་བར་བྱ། །གསུང་གི་དཀྱིལ་འཁོར་དེ་བྲིས་ལ། །དེར་ནི་བཟླས་པ་འབད་དེ་བརྩམ། །འཁྲུལ་འཁོར་གསང་བར་བཟླས་པ་དང་། །སྐུ་གསུང་ཐུགས་སུ་བཟླས་པའོ། །ཕྱི་རོལ་བཟླས་པ་དེ་བྱས་པས། །མ་རུངས་པ་རྣམས་སྒྲོལ་བར་བྱེད། །དྲག་པོའི་སྔགས་ནི་བཟླས་པ་ཡིས། །བདག་དང་གཞན་གྱི་དོན་རྣམས་འགྲུབ། །སྤྲོ་དང་བསྡུ་བའི་ཏིང་འཛིན་གྱིས། །གསུང་གི་དཀྱིལ་འཁོར་དེ་དབུས་ཀྱི། །རྡོ་རྗེ་གཤོན་ནུའི་རྩ་སྔགས་ལ། །རྟགས་མཚན་མ་བྱུང་བར་དུ་བཟླ། །ཕྱོགས་ཀྱི་ཀི་ལ་ཡ་རྣམས་ཀྱི། །སྔགས་ཀྱང་དེ་བཞིན་དྲན་པར་བྱ། །སྔགས་དེ་དག་གི་འཕྲོ་འདུ་ཡིས། །ལས་དང་ཉོན་མོངས་ཐམས་ཅད་འཇོམས། །བསྒྲུབ་བྱའི་ལུས་ལ་འོད་ཟེར་འཕྲོ། །དེ་ཡི་སྒྲིབ་པ་སྦྱོང་བར་བྱེད། །དྲག་པོའི་སྔགས་དང་ལས་རྣམས་ནི། །ཉིན་མཚན་དུ་ནི་སྤྲོ་བར་བྱ། །གཙོ་བོའི་སྐུ་རུ་གསལ་བྱས་ཏེ། །སྤྱི་བོ་ལྗགས་དང་སྙིང་ག་ནས། །སྤྲོས་ཏེ་གཡས་རྒྱུ་གཡོན་རྒྱུ་དང་། །འཁོར་བར་རྒྱུ་དང་ཕྲ་མོར་རྒྱུ། །ཕུར་བུའི་གཟུགས་སོགས་ཡིག་འབྲུ་སྤྲོ། །བ་་བསྡུས་ཡིག་འབྲུའི་ཚུལ་དུ་བསྡུ། །ལུས་ཀྱི་འཁོར་ལོའི་གནས་རྣམས་སུ། །ཡིག་འབྲུ་ཕུར་བུ་དེར་སྤྲོ་བྱ། །སྤྱིན་སྲེག་བཞི་ཡང་དེར་བསྒྲུབ་སྟེ། །མཆོད་སྦྱིན་བཞི་ཡང་དེར་བསྒྲུབ་བྱ། །དགང་གཟར་བླུགས་གཟར་སྦྱར་བ་ཡིས། །གསང་བའི་གནས་སུ་སྦྱིན་བསྲེག་བྱ། །དེར་ནི་མཆོད་པ་བྱ་བ་སྟེ། །མཆོད་པ་གསུམ་དུ་ཤེས་པར་བྱ། །གནས་གསུམ་དག་ཏུ་མཆོད་པ་ཡིས། །ཉོན་མོངས་རྣམ་རྟོག་བསྲེག་བྱའི་ཕྱིར། །ཁྲོ་རྒྱལ་རྣམས་ནི་རྟགཏུམཆོད། །ཁྲོབོའཇིགས་པའི་གཟུགས་ཅན་གྱིས། །མ་རུངས་ཚོགས་ནི་ཀུན་འདུལ་བྱེད། །ཐབས་དང་ཤེས་རབ་སྦྱོར་བྱེད་ཅིང་། །སྤྲུལ་པའི་མགོ་བརྙན་མང་པོ་འགྱེད། །མགྱོགས་པ་མགྱོགས་མ་ཕོ་ཉར་བཅས། །གདུག་པའི་ཚོགས་རྣམས་ཐམས་ཅད་ལ། །ཉིན་དང་མཚན་དུ་ལས་བྱེད་འགྱུར། །འོད་ཟེར་ཀུན་ཏུ་སྤྲོ་བྱེད་ཅིང་། །ལས་དང་ཉོན་མོངས་ཐམས་ཅད་བསྲེག །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། ཁྲོ་བོ་སྤྲུལ་པ་ཕྲ་མེན་བཅས། །དེ་ཡིས་ཐམས་ཅད་ཁེངས་གྱུར་ཏེ། །མཚོན་ཆ་སྣ་ཚོགས་རབ་ཏུ་འཕྲོ། །དེས་ནི་གདུག་པའི་ཚོགས་རྣམས་ཀུན། །སྐད་ཅིག་ཡིད་ཀྱིས་འཇིགས་པར་མཛད། །ཡེ་ཤེས་ཐུགས་ཀྱི་ཕུར་བུ་ནི། །གསུང་གི་དཀྱིལ་འཁོར་དེར་བཀོད་བྱ། །མཚན་བཅས་མཚན་མེད་བཟླས་པ་བྱ། །གཉིས་སུ་བསྐྱེད་དང་གཉིས་མེད་བསྟིམ། །བཟླས་བརྗོད་དབུལ་ཞིང་དངོས་གྲུབ་བླང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས། །དངོས་གྲུབ་དག་ནི་རབ་ཏུ་བསྒྲུབ། །བཟླས་པའི་དྲོད་ཚད་ལྡན་པ་ཡིས། ཁུད་དྲུག་གནས་ནས་དྲག་པོས་བསྒྲལ། །ཞེ་སྡང་ཆེན་པོའི་ཏིང་འཛིན་གྱིས། །ཉོན་མོངས་དག་ནི་རབ་ཏུ་བསྒྲལ། །ལས་དང་ཉོན་མོངས་ཐམས་ཅད་ནི། །ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས། །མ་ལུས་པར་ནི་བསྲེག་པར་མཛད། །ཡེ་ཤེས་མེ་ནི་ཕྱོགས་བཅུར་འཕྲོ།ཁྲོ་རྒྱལ་འཇིགས་པའི་གཟུགས་ཅན་གྱིས། །སྟོང་ཉིད་དོན་ལ་འགོད་པར་མཛད། །ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེག །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཡེ་ཤེས་མེ་ཡིས་བསྲེགས་པར་འགྱུར། །རྩ་བའི་སྐུ་ལས་འོད་ཟེར་འཕྲོ། །གསུང་གི་འོད་ཟེར་དེ་དབང་བསྐུར། །ཡེ་ཤེས་ཐུགས་ཀྱི་ཕུར་བུ་ཡིས། །ལས་དང་ཉོན་མོངས་ཐམས་ཅད་འཇོམས། །བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས། །གཉིས་མེད་དོན་ལ་དེ་བསྒོམ་བྱ། །ལུས་ཀྱི་གནས་ནི་ཐམས་ཅད་དུ། ཁུ།ད་དྲུག་གནས་ཀྱི་ས་བོན་གསལ། །དེར་ནི་ཧུ༷་གི་ས་བོན་ནི། །བཀོད་དེ་རང་རྒྱུད་ས་བོན་བསྲེག །སྤྲོ་དང་བསྡུ་བའི་རང་བཞིན་ཡང་། །ལུས་ཀྱི་གནས་རྣམས་ཀུན་ཏུ་བྱའོ། །གསུང་གི་དཀྱིལ་འཁོར་ཆེན་པོས་ནི། །ཐམས་ཅད་སྒྲུབ་པར་བྱེད་པ་ཡིན། །གསུང་གི་དཀྱིལ་འཁོར་དེ་དག་ནི། །ལས་ཀྱི་སྔགས་རྣམས་དེར་བཀོད་ཅིང་། །གནས་དེར་ལས་རྣམས་ཐ༷མས་ཅད་བྱེད། ཁྲེས་རབ་ཐབས་ཀྱིས་སྐུལ༷་བྱེད་ཅིང་། །བརྡའ་ཡང་དེ་བཞིན་བསྐུལ་བ་ཡིན། །ས་༷མ་ཡ་ཧོ། ས་མ་ཡ་སྟུ༷། རྭ་ཧོ༷་ཧ༷། རྭ་ག་ཡུ་མི། ཨོ་སརྦ་ཏ་ཐུ་ག་ཏ། མ་ཧྭ་༷ཨ་ནུ་རྭ་ག་ཎ་པྱུ་ཛ་སུ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨཱོཾ་བཛྲ་ཀྲོ་དྷ་ཧུ༷་ཀྭ་ར་ཧུ༷།གརྫ་༷གརྫ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་དྷི་དི་པ་ཡ་ཏི་ཧཱུཾ་ཕཊ། བཛྲ་སྨུ་ཀ་ར་མུ་ཁ་ཧུ༷། ཨཱོཾ་བཛྲ་ཨི་ཁུ་ས་མུ་ཁྲི་ཧུ༷། ཨཱོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧུ༷། ཧ་ན་ཧ་ན་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་དྷི་ལྭ་པྱ་ཀི་ཧུ༷་ཕཊ། བཛྲ་བྱ་སྨྲ་མུ་ཁ་ཧུ༷། བཛྲ་གྲོ་རྟེ་མུ༷་ཁྲི་ཧུ༷། ཨཱོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨཱོཾ༷་བཛྲ་ཀྲོ་དྷི་ཏྭ་རྭ་ཧུ༷། ཨཱོཾ༷་ཙ་མ་ར་མུ་ཁ་ཧུ༷། ཨཱོཾ༷་བཛྲ་དྲོ་ཎ་མུ་ཁྲི་ཧུ༷། ཨཱོཾ༷་བཛྲ་ཀྲོ་དྷ་ཡ་མརྙ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་དྷི་ཤཱ་ཤ་ན་བ་ཏི་ཧུ༷། ཨོ་བཛྲ་ཧ་རི་ཎ་མུ་ཁ་ཧུ༷། ཨཱོཾ༷་བཛྲ་ཨུ་ལྕུ་ཀ་མུ་ཁྲི་ཧུ༷། ཨཱོཾ༷་བཛྲ་ཀྲོ་དྷ་ཨུརུ་ཨ་ཙ་ལ་ཧུ༷། བན་དྷ་བན་དྷ་ཧུ༷་ཕཊ། ཨཱོཾ༷་བཛྲ་ཀྲོ་དྷི་མུ་ས་ལ་ཧུ༷། ཨཱོཾ༷་བཛྲ་དྲི་པྲི་མུ་ཁ་ཧུ༷། ཨཱོཾ༷་བཛྲ་བ་ཀྭ་ཀ་མུ་ཁྲི་ཧུ༷། ཨཱོཾ༷་བཛྲ་ཀྲོ་དྷ་ཧ་ཡ་རྒི་ཝ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ།ཨཱོཾ༷་བཛྲ་ཀྲོ་དྷི་ཙཎྜསྙི་ཏི་ཧུ༷། ཨཱོཾ༷་བཛྲ་བི་ཌའ་ལ་མུ་ཁ་ཧུ༷། ཨཱོཾ༷་བཛྲ་བཀྟ་ཏི་མུ་ཁྲི་ཧུ༷། ཨཱོཾ་བཛྲ་ཀྲོ་དྷ་ཨ་པ་རྭ་ཛི་ཏ་ཧུ༷། ཏིཁྱི་ཏིཁྱི་ཧུ༷་ཕཊ། ཨཱོཾ༷་བཛྲ་ཀྲོ་དྷི་ཤ་བྱུ་ཡ་ཏི་ཧུ༷། ཨཱོཾ༷་བཛྲ་ཤྭ་ན་མུ་ཁ་ཧུ༷། ཨཱོཾ༷་བཛྲ་པ་ཏྲི་མུ་ཁྲི་ཧུ༷། ཨཱོཾ༷་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜལི་ཧུ༷། སྣྲིསྡོ་སྣྲིན་ཧུ༷་ཕཊ། ཨཱོཾ༷་བཛྲ་ཀྲོ་དྷི་ས་བྱུ་མི་ཏ་ཧུ༷། ཨཱོཾ༷་བཛྲ་སིང་ཧ་མུ་ཁ་ཧྭ༷། ཨཱོཾ༷་བཛྲ་ར༷་ཏི་ལ་མུ་ཁྲི་ཧུ༷། ཨཱོཾ༷་བཛྲ་ཀྲོ་དྷ་ཏྲེ་འོ༩་ཀྱ་བི་ཛ་ཡ་ཧྭ༷། སྟིསྡོ་སྟིསྡོ་ཧྭ༷་ཕཊ། སྐོ༷་་བཛྲ་ཀྲོ་དྷི་མ་ར་ཎ་ཧུ༷། ཨཱོཾ༷་བཛྲ་ཏཀྱུ་རཀྟ་ས་མུ་ཁ་ཧྲུ༷། ཨཱོཾ༷་བཛྲ་ན་ཀུ་ལ་མུ་ཁྲི་ཧུ༷། ཨཱོཾ༷་བཛྲ་ཀྲོ་དྷ་མ་ཧྭ་བ་ལ་ཧུ༷། སྒྲོ་ཊ་སྒྲོ་ཊ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་དྷི་ཙུསྡོ་ཡ་ཏི་ཧུ༷། ཨཱོཾ༷་བཛྲ་རི་ཀྟ་མུ་ཁ་ཧྭ༷། ཨཱོཾ༷་བཛྲ་ཀ་སྤྲ་ཀ་མི་ཀ་མུ་ཁྱི་ཧུ༷། ཨཱོཾ༷་བཛྲ་ཨཀླི་་ཁི་མུ་ཁ་ཧུ༷། ཨཱོཾ༷་བཛྲ་སྟི་ར་བེ་མུ་ཁ་ཧུ༷། ཨཱོཾ་བཛྲ་ཨ་མྲི་ཏ་མུ་ཁ་ཧུ༷། ཨཱོཾ༷་བཛྲ་བཱ་ར་ཎ་མུ་ཁ་ཧྭ༷། ཨཱོཾ༷་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣ༷་བ༷་ཧཱུཾ་ཧུ༷་ཕཊ། ཛ༷༷ཧུ༷་བ༷་ཧོ་༷ ཨ་སུ་དྲི་པྲེ་ཏྲི་དུ། རྒྱུད་དྲུག་སྐུལ་བྱེད་དེས་བསྐུལ་བྱུང་། །འབྲུ་དགུ་སྔགས་ཀྱང་དེར་བཀོད་དེ། །དཀྱིལ་འཁོར་དེར་ནི་དེ་བཟླས་པས། །བསྒྲུབ་བྱའི་ཚོགས་རྣམས་སྒྲོལ་བར་བྱེད། །གསུང་གི་དཀྱིལ་འཁོརདེབཞིནཡང། །རངརང་ལྷ་རྣམས་གདན་དུ་བཏིང་། །ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས།གསུང་གི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་ཕུར་བུའི་ལས་རྣམས་ནི། །དྲག་པོ་ལས་ཀྱི་སྔགས་ཀྱིས་བྱེད། །སྔགས་ཀྱི་ཚོགས་ནི་ཐམས་ཅད་ཀྱང་། །ཨུ་ལི་ཀྭ་ལི་དག་ལས་བྱུང་། །ལྷ་རྣམས་སོ་སོའི་སྙིང་པོ་ནི། །སྔགས་དེ་དག་ལས་རབ་ཏུ་བྱུང་། །དབྱངས་ཀྱི་ཡི་གེ་བཅུ་དྲུག་ལ། །མིང་ཡིག་སྡེ་ཚན་ལྔ་ཡིས་བརྒྱན། །སྡེ་ཚན་ལྔ་ཡི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྣ་ཡི་གཉིས་པས་མཛེས། །སྡེ་ཚན་དང་པོའི་དང་པོ་ལ། །དབྱངས་ཡིག་གི་ནི་བཞི་པས་བརྒྱན། །ཨརྙསྦྲུ་ཡི་གསུམ་པ་ལ། །དབྱངས་ཡིག་གི་ནི་གསུམ་པས་བརྒྱན། །སྡེ་ཚན་དང་པོའི་དང་པོ་ལ།།དབྱངས་ཀྱིཡི་ ་གེ་བཞི་པས་བརྒྱན། །ཨརྙསྦྲུ་ཡི་གསུམ་པ་དང་། །ཨརྙསྣ་ཡི་དང་པོའོ། །ཤཱམི་ཎ་ཡི་གསུམ་པ་དང། །ཨརྙསྦྲུ་ཡི་གཉིས་པ་ལ། །སྡེ་ཚན་ལྔ་ཡི་གསུམ་པས་བརྒྱན། །ལྔ་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་གི་ནི་གསུམ་པས་བརྒྱན། །སྡེ་ཚན་དང་པོའི་བཞི་པས་མཛེས། །སྡེ་ཚན་བཞི་པའི་ལྔ་པ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་བརྒྱན། །སྡེ་ཚན་བཞི་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་གསུམ་པ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །གུམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པས་མཛེས། །སྡེ་ཚན་ལྔ་པའི་གཉིས་པ་ལ། །སྡེ་ཚན་གསུམ་པའི་དང་པོས་ལ། །དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། །སྡེ་ཚན་བཞི་པའི་གསུམ་པ་ལ། །དབྱངས་ཡིག་གེ་ནི་བཞི་པས་བརྒྱན། །སྡེཚན་ལྔ་པའི་དང་པོ་དང་། །ཨརྙསྦྲུ་ཡི་དང་པོའོ། །སྡེ་ཚན་བཞི་པའི་དང་པོ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན། །སྒྱུགློ་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པས་མཛེས། །དབྱངས་ཡིག་གི་ནི་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ལྔ་པ་ཡི་ནི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དང་པོ་ཡི་ནི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་བཞི་པའི་བཞི་པའོ། །སྡེ་ཚན་ལྔ་པའི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་མཛེས། །སྡེ་ཚན་གཉིས་པའི་གསུམ་པ་དང་། །ཨརྙསྦྲུ་ཡི་དང་པོའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །གུམི་ཎ་ཡི་བཞི་པ་ལ། །སྡེ་ཚན་བཞི་པའི་བཞི་པ་ནི། །ཉིས་འགྱུར་དག་ཏུ་བྱ་བ་ཡིན། །གུརྨོ་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་གཉིས་པ་ལ། །སྡེ་ཚན་གསུམ་པའི་དང་པོས་བརྒྱན། །དབྱངས་ཡིག་གི་ནི་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ལྔ་པ་ཡི་ནི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དང་པོ་ཡི་ནི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་བཞི་པའི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། །ཨརྙསྒ་ཡི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་གཉིས་པར་ལྡན། །ཤཱརྨོ་ཎ་ཡི་གསུམ་པ་ལ། །ཨརྙསྦྲུ་ཡི་དང་པོ་སྦྱར། །དང་པོ་ཡི་ནི་དང་པོ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་མཛེས། །ཨུརྨོ་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །དབྱངས་ཡིག་གི་ནི་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ལྔ་པ་ཡི་ནི་གསུམ་པ་དང་། སྡེཚན་གཉིས་པའི་གསུམ་པ་ལ། །ཨརྙསྒྱུ་ཡི་གཉིས་པས་བརྒྱན། །དང་པོ་ཡི་ནི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་བཞི་པའི་བཞི་པའོ། །ཨརྙསྒྱུ་ཡི་དང་པོ་དང་། །སྡེཚན་ལྔ་པའི་ལྔ་པ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། །སྡེ་ཚན་བཞི་པའི་ལྔ་པ་ལ། །སྡེ་ཚན་བཞི་པའི་དང་པོས་བརྒྱན། །སྡེ་ཚན་དང་པོའི་དང་པོའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གཉིས་པའི་དང་པོའོ། །དེ་དག་ཉིས་འགྱུར་དག་ཏུ་བྱ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པས་མཛེས། །སྡེ་ཚན་ལྔ་པའི་གཉིས་པ་ལ། །སྡེ་ཚན་གསུམ་པའི་དང་པོས་མཛེས། །དབྱངས་ཡིག་གི་ནི་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ལྔ་པ་ཡི་ནི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྒ་ཡི་གཉིས་པས་བརྒྱན། །དང་པོ་ཡི་ནི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་བཞི་པའི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། །ཤཱམི་ཎ་ཡི་དང་པོ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །གུམི་ཎ་ཡི་དང་པོ་དང་། །སྡེ་ཚན་ལྔ་པའི་ལྔ་པ་ཉིད། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་བཞི་པའི་དང་པོ་ལ། །དབྱངས་ཀྱི་ཡི་གེ་བཞི་པས་མཛེས། །སྐྱུམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་མཛེས། །དབྱངས་ཡིག་གི་ནི་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ལྔ་པ་ཡི་ནི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དང་པོ་ཡི་ནི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་བཞི་པའི་བཞི་པའོ། །དབྱངས་ཀྱི་ཡི་གེ་དང་པོ་དང་། །སྡེ་ཚན་ལྔ་པའི་དང་པོ་དང་། །ཨརྙསྦྲུ་ཡི་གཉིས་པ་ལ། །དེ་ལ་དབྱངས་ཡིག་གཉིས་པས་མཛེས། །སྡེ་ཚན་གཉིས་པའི་གསུམ་པ་ལ། །དབྱངས་ཡིག་གི་ནི་གསུམ་པས་བརྒྱན། །སྡེ་ཚན་བཞི་པའི་དང་པའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་བརྒྱན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་བཞི་པའི་བཞི་པའོ། །སྡེ་ཚན་བཞི་པའི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པ་དང་། །དབྱངས་ཡིག་བཅུ་གཉིས་པ་ཡིས་མཛེས། །ཨརྙསྤུ་ཡི་གསུམ་པ་ལ། །དབྱངས་ཡིག་བཅུ་གསུམ་པ་ཡི་མཛེས། །སྡེ་ཚན་དང་པོའི་དང་པོ་ལ། །ཨརྙསྤུ་ཡི་དང་པོས་བརྒྱན། །སྡེ་ཚན་ལྔ་པའི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན། །སྡེ་ཚན་གཉིས་པའི་གསུམ་པ་དང་། ། །ཨརྙསྦྲུ་ཡི་དང་པོའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་བཞི་པའི་ལྔ་པ་ལ། །བཞི་པ་ཡི་ནི་བཞི་པས་བརྒྱན། །དེ་དག་ཉིས་འགྱུར་དག་ཏུ་བྱ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ལྔ་པ་ཡི་ནི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྒྱུ་ཡི་གཉིས་པས་བརྒྱན། །དང་པོ་ཡི་ནི་དང་པོ་ལ། །ཨརྙསྤུ་ཡི་གཉིས་པས་བརྒྱན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་བཞི་པའི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་བཞི་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། །ཨརྙསྦྲུ་ཡི་གཉིས་པ་དང་། །སྡེ་ཚན་གསུམ་པའི་ལྔ་པའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ལྔ་པ་ཡི་ནི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དང་པོ་ཡི་ནི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་བཞི་པའི་བཞི་པའོ། །སྡེ་ཚན་ལྔ་པའི་ལྔ་པ་དང་། །གུམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་གཉིས་པས་མཛེས། །སྡེ་ཚན་ལྔ་པའི་གསུམ་པ་དང་། །ཨརྙསྣ་ཡི་གསུམ་པའོ། །སྒྱུམོ་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །གུཚི་ཎ་ཡི་གསུམ་པ་ལ། །སྡེ་ཚན་ལྔ་པའི་གཉིས་པས་བརྒྱན། །དབྱངས་ཡིག་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་གསུམ་པའི་དང་པའོ། །དེ་དག་ཉིས་འགྱུར་དག་ཏུ་བྱ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་ཕོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ལྔ་པ་ཡི་ནི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དང་པོ་ཡི་ནི་དང་པོ་ལ། །ཨུརྙསྦྲུ་ཡི་གཉིས་པས་བརྒྱན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། །སྡེ་ཚན་ལྔ་པའི་ལྔ་པ་ལ། །དབྱངས་ཀྱི་ཡི་གེ་ལྔ་པས་མཛེས། །སྡེ་ཚན་གསུམ་པའི་ལྔ་པ་ལ། །གསུམ་པ་ཡི་ནི་གསུམ་པས་བརྒྱན། །དེ་ལ་དབྱངས་ཡིག་བཅུ་གཉིས་མཛེས། །སྡེ་ཚན་ལྔ་པའི་ལྔ་པ་ལ། །ལྔ་པ་ཡི་ནི་ལྔ་པས་བརྒྱན། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ཁྲོ་བོ་ཆེན་པོ་བཅུ་རྣམས་ཀྱི། །རྩ་བའི་སྔགས་དང་ལས་སྔགས་བཅས། །དེ་དག་རིམ་པར་བཏུ་བ་ཡིན།། །།དབྱངས་ཡིག་གི་ནི་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ཨརྙསྦྲུ་ཡི་གསུམ་པ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ཨརྙསྤུ་ཡི་གསུམ་པ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ཤཱམི་ཎ་ཡི་གསུམ་པ་ལ། །སྡེ་ཚན་བཞི་པའི་དང་པོས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པར་ལྡན། །སྡེ་ཚན་ལྔ་པའི་བཞི་པ་དང་། །སྡེ་ཚན་བཞི་པའི་ལྔ་པ་ལ། །སྡེ་ཚན་ལྔ་པའི་ལྔ་པར་ལྡན། །སྡེ་ཚན་ལྔ་པའི་ལྔ་པ་ལ། །དབྱངས་ཡིག་བཅུ་གསུམ་པ་ཡིས་བརྒྱན། །གུམི་ཎ་ཡི་བཞི་པ་དང་། །སྡེ་ཚན་དང་པོའི་བཞི་པ་ལ། །དབྱངས་ཡིག་གི་ནི་གཉིས་པས་བརྒྱན། །སྡེ་ཚན་བཞི་པའི་དང་པོ་དང་། །སྐྲུརྙསྦྲུ་ཡི་དང་པོའོ། །སྡེ་ཚན་ལྔ་པའི་བཞི་པ་དང་། །དང་པོ་ཡི་ནི་གསུམ་པ་དང་། །ཨརྙསྦྲུ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་གཉིས་པས་མཛེས། །སྡེ་ཚན་བཞི་པའི་ལྔ་པས་བརྒྱན། །སྔགས་ཀྱི་བཞི་མོ་དེ་དག་གིས། །བསྐུལ་དང་སྤྱན་དྲངས་བྱ་བ་ཡིན།། །།གུམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པར་ལྡན། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །ཨརྙསྦྲུ་ཡི་གཉིས་པ་ཡང་། །སྡེ་ཚན་ལྔ་པའི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་གསུམ་པར་ལྡན། །སྡེ་ཚན་བཞི་པའི་གསུམ་པ་ལ། །ཨརྙསྒ་ཡི་དང་པོས་བརྒྱན། །དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། །སྡེ་ཚན་གཉིས་པའི་དང་པོ་ལ། །གཉིས་པ་ཡི་ནི་གཉིས་པས་བརྒྱན། །དབྱངས་ཀྱི་ཡི་གེ་གསུམ་པས་མཛེས། །སྡེ་ཚན་བཞི་པའི་ལྔ་པ་ལ། །བཞི་པ་ཡི་ནི་བཞི་པས་བརྒྱན། །དེ་དག་ཉིས་འགྱུར་དག་ཏུའོ། །གུརྨོ་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །སྡེ་ཚན་ལྔ་པའི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་མཛེས། །སྡེ་ཚན་བཞི་པའི་ལྔ་པ་ལ། །བཞི་པ་ཡི་ནི་བཞི་པར་ལྡན། །དེ་དག་ཉིས་འགྱུར་དག་ཏུའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །སྡེ་ཚན་དང་པོའི་གསུམ་པ་ལ། །དབྱངས་ཡིག་གི་ནི་བདུན་པས་མཛེས། །ཤཱམི་ཎ་ཡི་བཞི་པ་ལ། །གསུམ་པ་ཡི་ནི་ལྔ་པས་བརྒྱན། །དེ་དག་ཉིས་འགྱུར་དག་ཏུའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། སྡེ་ཚན་གསུམ་པའི་དང་པོས་མཛེས། །སྡེ་ཚན་ལྔ་པའི་གསུམ་པ་ལ། །བཞི་པ་ཡི་ནི་ལྔ་པར་ལྡན། །སྡེ་ཚན་བཞི་པའི་བཞི་པས་བརྒྱན། །དེ་དག་ཉིས་འགྱུར་དག་ཏུའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །སྡེ་ཚན་བཞི་པའི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དེ་ལ་དབྱངས་ཡིག་གཉིས་པས་མཛེས། །ཤཱམི་ཎ་ཡི་དང་པོ་དང་། །ཨརྙསྦྲུ་ཡི་དང་པོའོ། །དེ་དག་ཉིས་འགྱུར་དག་ཏུའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །སྡེ་ཚན་ལྔ་པའི་བཞི་པ་ལ། །སྡེ་ཚན་བཞི་པའི་ལྔ་པས་བརྒྱན། །སྡེ་ཚན་བཞི་པའི་གསུམ་པར་ལྡན། །དེ་དག་ཉིས་འགྱུར་དག་ཏུའོ། །གུམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །དྲག་པོའི་སྔགས་ཀྱི་རིམ་པ་ནི། །ལས་རྣམས་ཀུན་ལ་འཇུག་པ་སྟེ། ཁྱད་པར་ལས་གསུམ་དག་ལ་འཇུག །ཤཱརྨོ་ཎ་ཡི་བཞི་པ་དང་། །ཤཱརྨོ་ཎ་ཡི་གསུམ་པ་དང་། །ཨརྙསྦྲུ་ཡི་དང་པོ་དང་། །ཨརྙསྦྲུ་ཡི་གཉིས་པ་སྟེ། །དེ་དག་ཉིས་འགྱུར་དག་དང་ནི། །ཤཱམི་ཎ་ཡི་བཞི་པ་ལ། །ཨརྙསྒྱུ་ཡི་གཉིས་པས་བརྒྱན། །དེ་ལ་དབྱངས་ཡིག་བཞི་པས་མཛེས། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །སྡེ་ཚན་བཞི་པའི་གསུམ་པ་ལ། །སྡེ་ཚན་གསུམ་པའི་ལྔ་པས་བརྒྱན། །དེ་ལ་གསུམ་པའི་གསུམ་པར་ལྡན། །གུམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་ལ། །སྡེ་ཚན་གསུམ་པའི་དང་པོས་མཛེས། ཁྲོ་བོ་ཆེན་པོ་རྣམས་ཀྱི་ནི། །ཉོན་མོངས་གདུག་པ་ཀུན་སྒྲོལ་བ། །སྔགས་འདི་དག་གིས་བྱེད་པ་ཡིན།། །།དབྱངས་ཀྱི་ཡི་གེ་གཉིས་པ་དང་། །ཨརྙསྣ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་བཅུ་གཅིག་མཛེས། །ཤཱམི་ཎ་ཡི་དང་པོ་དང་། །ཨརྙསྒྱུ་ཡི་དང་པོའོ། །དེ་དག་ཉིས་འགྱུར་དག་དང་ནི། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའེ་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །ཤཱམི་ཎ་ཡི་དང་པོ་ལ། །དབྱངས་ཡིག་གི་ནི་བཞི་པས་མཛེས། །སྡེ་ཚན་དང་པོའི་བཞི་པ་ལ། །ཨརྙསྦྲུ་ཡི་བཞི་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པས་མཛེས། །དབྱངས་ཡིག་གི་ནི་གཉིས་པ་དང་། །སྡེ་ཚན་བཞི་པའི་ལྔ་པ་དང་། །ཨརྙསྒྲུ་ཡི་དང་པོའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས།། །།སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྒ་ཡི་བཞི་པ་ལྡན། །ཨརྙསྦྲུ་ཡི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། །སྡེ་ཚན་ལྔ་པའི་དང་པོ་དང་། །ཨརྙསྦྲུ་ཡི་དང་པོའོ། །ཤཱརྨོ་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས།། །།སྡེ་ཚན་བཞི་པའི་དང་པོ་དང་། །སྡེ་ཚན་བཞི་པའི་གཉིས་པ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། །ཨརྙསྦྲུ་ཡི་དང་པོའོ། །དེ་དག་ཉིས་འགྱུར་དག་དང་ནི། །སྒྱུརྨོ་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །སྡེ་ཚན་ལྔ་པའི་བཞི་པ་ལ། །དབྱངས་ཡིག་གི་ནི་གསུམ་པས་མཛེས། །སྡེ་ཚན་བཞི་པའི་བཞི་པ་ལ། །སྡེ་ཚན་བཞི་པའི་གསུམ་པས་བརྒྱན། །ཨརྙསྦྲུ་ཡི་དང་པོའོ། །དེ་དག་ཉིས་འགྱུར་དག་དང་ནི། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །དྲག་པོའི་ལས་ཀྱི་སྔགས་འདིས་ནི། །ལས་རྣམས་ཐམས་ཅད་འགྲུབ་པ་སྟེ། །བཟླས་བརྗོད་སྔགས་སུ་དེ་བཤད་དོ། །གུརྨོ་ཎ་ཡི་བཞི་པ་དང་། །སྡེ་ཚན་བཞི་པའི་ལྔ་པའོ། །དེ་དག་ཉིས་འགྱུར་དག་དང་ནི། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །སྡེ་ཚན་བཞི་པའི་གསུམ་པ་དང་། །སྒྱུམི་ཎ་ཡི་བཞི་པ་སྟེ། །དེ་དག་ཉིས་འཀྱུར་དག་དང་ནི། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གཉིས་པའི་དང་པོ་སྟེ། །དེ་དག་ཉིས་འགྱུར་དག་དང་ནི། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པ་དང་། །སྡེ་ཚན་བཞི་པའི་གཉིས་པ་སྟེ། །དེ་དག་གཉིས་འགྱུར་དག་དང་ནི། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྒྱུ་ཡི་བཞི་པས་བརྒྱན། །ཨརྙསྦྲུ་ཡི་གསུམ་པ་སྟེ། །དེ་དག་ཉིས་འགྱུར་དག་དང་ནི། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །སྤུརྙསྦྲུ་ཡི་གཉིས་པས་བརྒྱན། །ཨུཛི་ཎ་ཡི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་ལྔ་པས་མཛེས། །ཨརྙསྦྲུ་ཡི་གཉིས་པ་ལ། །དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན། །དེ་དག་ཉིས་འགྱུར་དག་དང་ནི། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པ་ལ། །དབྱངས་ཀྱི་ཡི་གེ་ལྔ་པས་མཛེས། །ཨརྙསྦྲུ་ཡི་གཉིས་པ་ལ། །དབྱངས་ཡིག་གི་ནི་ལྔ་པས་བརྒྱན། །དེ་དག་ཉིས་འགྱུར་དག་དང་ནི། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྒྱུ་ཡི་གཉིས་པས་བརྒྱན། །སྡེ་ཚན་གཉིས་པའི་གསུམ་པ་དང་། །ཨརྙསྣ་ཡི་དང་པོ་ལ། །དབྱངས་ཡིག་བཅུ་གཅིག་པ་ཡིས་མཛེས། སྡེ་ཚན་ལྔ་པའི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན། །སྡེ་ཚན་གཉིས་པའི་གསུམ་པ་དང་། །ཨརྙསྦྲུ་ཡི་དང་པོ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་མཛེས། །དབྱངས་ཀྱི་ཡི་གེ་དང་པོ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་མཛེས། །སྡེ་ཚན་བཞི་པའི་དང་པོ་ལ། །དབྱངས་ཡིག་བཅུ་གཅིག་པ་ཡིས་མཛེས། །དབྱངས་ཀྱི་ཡི་གེ་དང་པོ་དང་། །སྡེ་ཚན་ལྔ་པའི་དང་པོ་ཉིད། །ཨརྙསྦྲུ་ཡི་གཉིས་པ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་སྤྲས། །སྡེ་ཚན་གཉིས་པའི་གསུམ་པ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན། །སྡེ་ཚན་བཞི་པའི་དང་པོ་ལ། །དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན། །སྡེ་ཚན་དང་པོའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་དང་པོའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོ་ལ། །དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན། སྡེ་ཚན་ལྔ་པའི་ལྔ་པ་ལ། །དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན། །ཨརྙསྦྲུ་ཡི་གཉིས་པ་དང་། ཤཱརྨོ་ཎ་ཡི་གསུམ་པ་ལ། །དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན། །སྡེ་ཚན་གཞི་པའི་ལྔ་པ་ལ། །ཨརྙསྦྲུ་ཡི་དང་པོས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པས་སྤྲས། །སྡེ་ཚན་ལྔ་པའི་ལྔ་པ་དང་། །ཨརྙསྣ་ཡི་གཉིས་པ་ལ། །སྡེ་ཚན་གཞི་པའི་གསུམ་པས་བརྒྱན། །སྡེ་ཚན་བཞི་པའི་ལྔ་པ་ལ། །དབྱངས་ཡིག་གི་ནི་གསུམ་པས་མཛེས། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས།། །།སྐྱུམི་ཎ་ཡི་གསུམ་པ་དང་། །ཨརྙསྦྲུ་ཡི་གཉིས་པ་ལ། །ཨརྙསྦྲུ་ཡི་བཞི་པ་སྦྱར། །དབྱངས་ཀྱི་ཡི་གེ་གཉིས་པ་དང་། །སྡེ་ཚན་བཞི་པའི་ལྔ་པ་དང་། །ཨརྙསྒ་ཡི་དང་པོའོ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས།། །།སྡེ་ཚན་བཞི་པའི་དང་པོ་དང་། །སྡེ་ཚན་བཞི་པའི་གཉིས་པ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། །ཨརྙསྦྲུ་ཡི་དང་པོའོ། །དེ་དག་ཉིས་འགྱུར་དག་དང་ནི། །ཤཱརྨོ་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་དང་པོ་དང་། །སྡེ་ཚན་གསུམ་པའི་དང་པོས་མཛེས། །སྟེང་དང་འོག་གི་ཁྲོ་བོ་ཡིས། །ཁམས་གསུམ་སྒྲོལ་བའི་ལས་སྔགས་ཡིན།། །།ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པ་དང་། །ལྔ་པ་དེ་ཡང་ཉིས་འགྱུར་ཏེ། །སྡེ་ཚན་ལྔ་པའི་གསུམ་པ་དང་། །གུམི་ཎ་ཡི་དང་པོ་ལ། །སྡེ་ཚན་ལྔ་པའི་ལྔ་པས་སྤྲས། །སྡེ་ཚན་དང་པོའི་དང་པོ་ལ། །དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན། །ཨརྙསྦྲུ་ཡི་གཉིས་པ་ལ། །དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པ་དང་། །སྡེ་ཚན་བཞི་པའི་དང་པོ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་གཉིས་པའི་ལྔ་པ་ཉིད། །སྡེ་ཚན་དང་པོའི་དང་པོ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་སྤྲས། །ཨརྙསྦྲུ་ཡི་གཉིས་པ་དང་། །དབྱངས་ཀྱི་ཡི་གེ་གསུམ་པ་ཉིད། །སྡེཚན་བཞི་པའི་གསུམ་པ་ལ སྡེ་ཚན་བཞི་པའི་ལྔ་པས་བརྒྱན། །སྡེ་ཚན་བཞི་པའི་བཞི་པ་དང་། །སྡེ་ཚན་བཞི་པའི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པ་དང་། །ལྔ་པའང་དེ་བཞིན་ཉིད་འགྱུར་ཏེ། །སྡེ་ཚན་དང་པོའི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །ཤཱམི་ཎ་ཡི་དང་པོ་ལ། །དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། །སྡེ་ཚན་དང་པོའི་བཞི་པ་ལ། །ཨརྙསྦྲུ་ཡི་གཉིས་པས་སྤྲས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་དང་པོའི་དང་པོ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། །ཨརྙསྦྲུ་ཡི་གཉིས་པ་ལ། །དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། །ཨརྙསྦྲུ་ཡི་དང་པོའོ། །མཁའ་འགྲོ་མ་ཡི་སྙིང་པོ་ནི། །དེ་དག་ཡིན་པར་ཤེས་པར་བྱ།། །།སྡེ་ཚན་དང་པོའི་གཉིས་པ་དང་། །སྡེ་ཚན་བཞི་པའི་གཉིས་པ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །དེ་དག་བདུན་འགྱུར་དག་ཏུ་བྱ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲག་པས་བརྒྱན། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །དེ་དག་བདུན་འགྱུར་ཤེས་པར་བྱ། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཡིག་གི་ནི་དྲུག་པས་མཛེས། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །དེ་དག་བཅུ་གཅིག་འགྱུར་དུ་བྱོ།།།སྡེ་ཚན་ལྔ་པའི་རྒིཉིས་པ་ལ། །སྡེ་ཚན་གསུམ་པའི་དང་པོས་བརྒྱན། །དེ་དག་སུམ་འགྱུར་དག་ཏུ་བྱ། །ཤཱམི་ཎ་ཡི་བཞི་པ་ནི། །སུམ་འགྱུར་དག་ཏུ་བྱ་བ་ཡིན། །དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །སྡེ་ཚན་ལྔ་པའི་གསུམ་པ་དང་། །སྡེ་ཚན་གཉིས་པའི་གསུམ་པ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །སྡེ་ཚན་དང་པོའི་དང་པོ་ལ། །ཨརྙསྦྲུ་ཡི་གཉིས་པས་བརྒྱན། །དབྱངས་ཡིག་བཅུ་གསུམ་པ་ཡི་མཛེས། །སྡེ་ཚན་གསུམ་པའི་བཞི་པའོ། །སྡེ་ཚན་དང་པོའི་གཉིས་པ་དང་། །ཤཱམི་ཎ་ཡི་བཞི་པ་ལ། །དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན། །སྡེ་ཚན་དང་པོའི་དང་པོ་ལ། །དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། །ཨརྙསྦྲུ་ཡི་གསུམ་པ་དང་། །ཨརྙསྦྲུ་ཡི་དང་པོ་ནི། །ཉི་ཤུ་རྩ་གཅིག་འགྱུར་དུའོ། །སྡེ་ཚན་དང་པོའི་དང་པོ་ལ། །དབྱངས་ཡིག་གི་ནི་བཞི་པས་མཛེས། །ཨརྙསྦྲུ་ཡི་གསུམ་པ་དང་། །ཨརྙསྦྲུ་ཡི་དང་པོའོ། །དེ་དག་བཅོ་བརྒྱད་འགྱུར་དུ་བྱ། །སྔགས་ཀྱི་བཏུ་བ་འདི་བྱས་ལ། །ཉོན་མོངས་གདུག་སེམས་ཐམས་ཅད་བསྒྲལ། །དྲག་པོ་ལས་ཀྱི་སྔགས་འདི་ནི། །གདེང་དང་ལྡན་པས་བསྒྲུབ་པ་ཡིན། །དེ་ཕྱིར་སྔགས་དོན་རབ་ཏུ་བཤད། །ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས་སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །རྡོ་རྗེ་རབ་ཏུ་ཀི་ལ་ཡའི། །སྒྲུབ་པའི་ལས་ཀྱི་རིམ་པ་དག །ཐབས་དང་རྫས་ནི་གང་གིས་བགྱི། །བསྒྲུབ་པའི་ཚད་ནི་གང་དག་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་ཕུར་བུའི་སྒྲུབ་གནས་ནི། །བྲག་རི་སྲིན་པོའི་གདོང་པ་འདྲ། །དུར་ཁྲོད་དཀྱིལ་ལམ་ངམ་གྲོག་གནས། །དེར་ནི་ས་གཟུང་བརྟག་ལ་སོགས། །སྔོན་དུ་ལས་རྣམས་ཐམས་ཅད་བྱ། །རས་བྲིས་ལུགས་སུ་བླུགས་སོགས་པའི། །སྐུ་ཡི་དཀྱིལ་འཁོར་ཆེན་པོ་བྱ། །མཆོད་པའི་རྫས་ལ་སོགས་པ་བཤམས། །བུམ་པ་དག་ནི་བཅུ་དགུ་ལ། །རང་རང་ལྷ་ཡི་ཕྱག་རྒྱ་བྲི། །རང་རང་སྔགས་ཀྱང་དེར་བྲིའོ། །འབྲུ་སྣ་སྨན་སྣ་སྙིང་པོ་ལྔ། །དྲི་ལྔ་རིན་ཆེན་ལྗོན་ཤིང་དང་། ཁ་དོག་སྣ་ལྔའི་རས་ཀྱི་བཅིངས། །དྲི་མེད་བུམ་པ་དེ་བྱས་ལ། །རང་རང་ཁ་དོག་བཞིན་དུ་བསྒྱུར། །ཡང་ན་ཀུན་ཀྱང་དཀར་པོར་བྱ། །དེ་དག་ལ་བརྟེན་བསྒྲུབ་པར་བྱ། །སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནི། །འཁོར་ལོ་རྩིབས་བརྒྱད་ལྟེ་བར་བཅས། ཁྲུ་ཆད་སྒོ་བཞི་རྒྱན་དང་ལྡན། །ལྷུ་དུམ་བཅད་འཕྲོ་ཕོར་པ་རྐང་། ་་ཁྲག་ཞིང་ཆེན་དུར་ཁྲོད་རྫས། །དཀྱིལ་འཁོར་དག་ནི་རབ་ཏུ་དགང་། །རྩ་བ་ལྔ་དང་ཡན་ལག་སྟོང་། །བདུད་རྩི་དག་ཀྱང་རབ་ཏུ་བསག །ཡུམ་ཆེན་རྣམས་ཀྱིས་བྱིན་བརླབས་པའི། །བུམ་པ་ལྷ་གྲངས་བཞིན་དུ་གཟུག །རྣམ་ལྔའི་མཆོད་པ་དེ་བཞིན་བྱ། །བདུད་རྩི་ལྔ་ལ་ལོངས་སྤྱོད་ཅིང་། །ལྷ་ཡི་ཚོགས་རྣམས་ཐམས་ཅད་ལ། །གཏོར་མ་ལྷ་གྲངས་བཞིན་དུ་འབུལ། །སྤྱན་དྲང་མཆོད་དང་བསྟོད་པ་དང་། །གང་འདོད་ལས་ལ་གསོལ་བ་གདབ། །རྩ་བའི་ཡབ་ཡུམ་སྐུར་གསལ་བས། །འཁོར་ལོ་བཞི་ཡང་གསལ་བར་བྱ། །ཨུ་ལི་ཀྭ་ལིའི་ཡི་གེ་ཡང་། །རྩ་ཡི་གནས་རྣམས་ཀུན་ཏུ་དགོད། །རྡོ་རྗེ་ཀི་ལ་ཡ་ཡི་སྔགས། །འཁོར་ལོའི་རྩ་གནས་ཀུན་ཏུ་བསྒོམ། །དྲག་པོའི་ལས་ཀྱི་སྔགས་རྣམས་ཀྱང་། །གསང་བའི་མཁའ་ལ་རབ་ཏུ་དགོད། །ལྷ་རྣམས་སོ་སོའི་ལས་ཀྱི་སྔགས། །རང་རང་གནས་སུ་དགོད་པར་བྱ། །ལུས་ལ་བསྔགས་ནི་དེ་བཀོད་ནས། །བུམ་པའི་ནང་དུ་དེ་བཀོད་བྱ། །རིགས་ལྔ་ཀི་ལ་ལ་སོགས་པའི། །སྙིང་པོ་དག་ཀྱང་རབ་ཏུ་བགྲང་། །ཉི་ཁྲི་བདུན་འབུམ་བགྲངས་ནས་ཀྱང་། །ལྷ་རྣམས་ཐུགས་དམ་བསྐུལ་བར་བྱ། ཁྲོ་བོ་ཆེན་པོ་རྣམས་ལ་ནི། །ཉི་ཁྲི་ལྔ་སྟོང་བསྙེན་པ་དང་། །དྲག་པོའི་ལས་ཀྱི་སྔགས་རྣམས་ནི། །བྱེ་བ་སུམ་འབུམ་བཟླས་པ་ཡིས། །མངོན་སུམ་པ་ཡི་རྟགས་འབྱུང་སྟེ། །སྐུ་གཟུགས་བཞད་དང་བུམ་པ་དང་། །ཕུར་པ་དག་ལས་འོད་འབྱུང་དག །ཕུར་པ་ལྡེག་འཕར་ལུང་སྟོན་འབྱུང་། །དེ་ལྟར་མ་བྱུང་བར་དུ་བསྒྲུབ། །དེ་རྟགས་ཐོན་ནས་སྒྲུབ་སྔགས་བཟླས། །རྩ་བ་ཡབ་ཡུམ་གསལ་བྱས་ཏེ། །ཀི་ལ་ཡ་ལྔ་ཕྱོགས་ནས་བསྐུལ། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་ནི། །མཚན་མའི་རྣམ་རྟོག་སྤྲིན་འབྱུང་ཞིང་། རྣམ་རྟོག་འཁོར་བར་འ་ས་པ་རྣམས། །ཐབས་དང་ཤེས་རབ་སྦྱོར་བ་ལས། །བདེ་བའི་ཕུར་བུ་རྒྱས་པ་ཡིས སོ་སོས་འཇིགས་པའི་སྒྲ་སྒྲོག་པས། །ལས་དང་ཉོན་མོངས་ཞི་བར་མཛད། །ཐོག་མ་མེད་ནས་བཀབ་པ་ཡིས། །ལས་དང་ཉོན་མོངས་གྱུར་པ་ཡི། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །སྲིད་པའི་འཁོར་ལོར་གྱུར་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །བདེ་བ་བྱང་ཆུབ་སེམས་ཕུར་དེས། །ལུས་ཀྱི་རྩ་རྣམས་ཀུན་ཏུ་གང་། །དུག་གསུམ་སྡུག་བསྔལ་དེར་སྦྱོང་མཛད། །ཆགསསྡངཞེན ལསབྱུངབཡི། །ཉོན་མོངས་པ་ལས་བྱུང་བའི་གཟུགས། །སྲིད་པའི་ལམ་ལ་གནས་བཅས་པ། །དེ་དག་རབ་ཏུ་འདོན་མཛད་ནས། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །བདེ་བ་བྱང་ཆུབ་སེམས་ཕུར་ནི། །ལུས་ཀྱི་རྩ་རྣམས་ཀུན་རྒྱུས་གང་། །དུག་གསུམ་སྡུག་བསྔལ་དེས་གཞོམ་མཛད། །ཆགས་དང་ཞེན་ལས་བྱུང་བ་ཡི། །ཉོན་མོངས་པ་ལས་བྱུང་བའི་གཟུགས། །ལྔ་ཕུང་སེམས་ཅན་དག་བྱའི་ཕྱིར། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །བདེ་བ་བྱང་ཆུབ་སེམས་ཕུར་དེས། །ལུས་ཀྱི་རྩར་བརྒྱུད་སེམས་བདེ་སྐྱེས། །བདེ་བས་ཉོན་མོངས་སྡུག་བསྔལ་ཞི། །ལས་དང་ཉོན་མོངས་འབྲེལ་འབྱུང་བའི། །འབྲས་བུ་ཕུང་པོ་སྡུག་བསྔལ་མྱོང་། །རྣམ་རྟོག་ལས་དང་ལམ་ལ་གནས། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །བདེ་བ་བྱང་སེམས་ཕུར་པས་ནི། །ལུས་ཀྱི་རྩ་རྒྱུད་སེམས་བདེ་རྙེད། །བག་ཆགས་ཕུང་པོ་སྡུག་བསྔལ་ཞི། །གཙོ་བོ་ ཡབ་ ཡུམ་ གཉིས་ མེད་ དེ། །གཡས་ ནས་ རྒྱུ་ དང་ གཡོན་ ནས་ རྒྱུ། །དབུས་ ནས་རྒྱུ་ དང་ འོད་ ཟེར་རྒྱུ། །སྤྱི་ གཙུག་ མགྲིན་ པ་ སྙིང་ གར་རྒྱུ། །མཚོན་ ཆར་རྒྱུ་ དང་ ཕུར་ བུར་རྒྱུ། །གཡས་ཀྱིས་གཅོད་དང་གཡོན་གྱིས་གཅོད། །གསོ་བསད་མནན་བཟློག་གང་འདོད་འགྲུབ། །ཕྱོགས་ཀྱི་བུམ་པའི་གནས་རྣམས་སུ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དབབ། །བུམ་པ་དེ་དག་ཆུ་རྒྱུན་གྱིས། །བཀང་སྟེ་རྣམ་པར་རྟོག་པ་བསྲེག །ལུས་ཀྱི་གནས་ནི་ཐམས་ཅད་དུ། །ཕབ་པའི་འོད་ཟེར་དེར་སྤྲོ་བྱ། །འོད་ཟེར་ཚོགས་ནི་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་སུ་གནས་པ་སྟེ། །རྣམ་རྟོག་ཀུན་གྱི་གཉེན་པོར་བཤད། །བདེ་ཆེན་འཁོར་ལོའི་གནས་སུ་ནི། །ཞི་བའི་ལས་ནི་སྒྲུབ་པ་ཡི། །སྔགས་ཀྱི་འོད་ཟེར་ཐམས་ཅད་ཀྱང་། །བདེ་ཆེན་རྩ་ནི་ཀུན་ཏུ་སྤྲོ། །གནས་དེར་བདེ་བ་བསྐྱེད་པས་ནི། །བདག་དང་གཞན་གྱི་རྣམ་རྟོག་བསྲེག །རྩ་དང་རླུད་དང་བྱང་ཆུབ་སེམས། །བདེ་བ་བསྐྱེད་དེ་དེ་བསྒོམ་མོ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་སྟེ། །དེར་ནི་རྒྱས་པའི་ལས་དག་བྱ། །སྔགས་ཀྱི་འོད་ཟེར་ཐམས་ཅད་ཀྱང་། །ལོངས་སྤྱོད་གནས་སུ་རབ་ཏུ་སྤྲོས། །རླུད་དང་རྩ་དང་བྱང་ཆུབ་སེམས། །བདེ་བ་བསྐྱེད་དེ་དེར་བསྒོམ་མོ། །རྣམ་པར་རྟོག་པ་ཐམས་ཅད་བསྲེག །ཚེ་དང་བསོད་ནམས་རྒྱས་པར་འགྱུར། །སྙིང་ག་ཆོས་ཀྱི་འཁོར་ལོར་ནི། །དབང་གི་ལས་ནི་བྱ་བ་ནི། །སྔགས་ཀྱི་འབྲུ་ནི་དེར་བསྒོམ་པས། །ཐམས་ཅད་མ་ལུས་འགུགས་པར་འགྱུར། །རྩ་དང་རླུད་དང་བྱང་ཆུབ་སེམས། །བདེ་བ་སྐྱེད་བྱེད་དེར་སྒོམས་ཤིག །གནས་དེ་དག་ཏུ་འོད་ཟེར་འཕྲོ། །ཐམས་ཅད་མ་ལུས་དབང་དུ་འགྱུར། །སྤྲུལ་པའི་འཁོར་ལོའི་གནས་སུ་ནི། །དྲག་པོའི་ལས་ཀྱིས་བསད་པ་ཡིན། །སྔགས་ཀྱི་འོད་ཟེར་དེར་བསྒོམས་ཏེ། །འཁོར་ལོའི་གནས་སུ་འོད་ཟེར་སྤྲོ། །རྩ་དང་རླུད་དང་བྱང་ཆུབ་སེམས། །བདེ་བ་སྐྱེད་བྱེད་རྒྱུ་རུ་བསྒོམ། །སྔགས་ཀྱི་འོད་ཟེར་དྲག་པོས་ནི། །སྤྲུལ་པའི་གནས་སུ་བསད་པ་ཡིས། །འཁོར་ལོ་བཞི་ཡི་གནས་དེར་ནི། །སྔགས་ཀྱི་འོད་ཟེར་གསལ་བསྒོམས་ལ། །སྤྲོ་དང་བསྡུ་བར་བྱ་བ་ཡིས། །བདེ་བ་དག་ལ་རྟེན་བཅས་ཤིང་། །མི་རྟོག་པའང་དེར་སྐྱེ་འགྱུར། །གསང་བར་བཟླས་དང་མི་གཡོར་འགྱུར། ཁྲོ་བོའི་སྤྲུལ་པའི་ཕྱག་བརྙན་དང་། །ཡང་སྤྲུལ་དག་ནི་འབྱུང་བས་ནི། །ཕུར་བུའི་དངོས་གྲུབ་སྟེར་བར་འགྱུར། །སྔར་བསྟན་རྟགས་ནི་ཀུན་འབྱུང་སྟེ། །མཆོག་དང་ཐུན་མོང་དངོས་གྲུབ་ཀྱང་། །སྐད་ཅིག་ལ་ནི་ཐོབ་པར་འགྱུར། །དེ་ཐོད་བཟླས་པའི་སྔགས་འདིའོ། །ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣ༷་བ༷་ཧུ༷་ཧུ༷་ཕཊ། །དེ་ནི་སྤྱི་ཡི་བསྙེན་པའོ། །དེ་བཞིན་ཁྲོ་བོ་སོ་སོའི་སྔགས། །ལས་ཀྱི་སྔགས་ཀྱང་དུས་སུ་བཟླ། །བསྙེན་པའི་སྔགས་ཀྱིས་དངོས་གྲུབ་ཐོབ། །ལས་ཀྱི་སྔགས་ཀྱིས་ཐམས་ཅད་སྒྲོལ། །ལས་འདི་རྣལ་འབྱོར་ཅན་གྱིས་བྱ། ཁྲོ་བོ་ཆེན་པོ་དེ་དག་གིས། །བདུད་དང་བར་དུ་གཅོད་པ་རྣམས། །བསྒྲལ་ཏེ་བྱང་ཆུབ་ལམ་ལ་བཀོད། ཁུད་དྲུག་འཁོར་བའི་སེམས་ཅན་དང་། །ལུས་སེམས་བྲལ་ཏེ་འ་ས་པ་དང་། །ངན་འགྲོའི་སྒོ་དགག་བདེ་ལམ་བཀོད། ཁྲོ་རྒྱལ་སྐུ་ཡི་འོད་ཟེར་གྱིས། །སྟེ་འོག་ཕྱོགས་མཚམས་ཀུན་ཏུ་སྤྲོ། །དེར་གནས་སེམས་ཅན་ཐམས་ཅད་ཀྱང་། །རང་རང་ཉོན་མོངས་ཀུན་སྤྱོད་བྱེད། །གྲོལ་བའི་ལམ་ལ་བཀོད་ནས་ཀྱང་ ། །སྡུག་བསྔལ་ཐམས་ཅད་དེར་འཇོམས་བྱེད། །དེ་བཞིན་དཀྱིལ་ འཁོར་ཆེན་པོ་ཡི། །བསྒྲུབ་ པ་དག་ནི་བྱེད་དུས་སུ། །དངོས་གྲུབ་རྟགས་ནི་བྱུང་དུས་སུ། །ཐེ་ཚོམ་མེད་ པའི་རྟོག་པས་བླང་། །དངོས་གྲུབ་ཆེན་པོ་ཐོབ་ནས་ཀྱང་། །ལས་རྣམས་ཐམས་ཅད་བྱ་བ་ཡིན། །བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །དེ་དག་བསྒྲུབ་པར་བྱ་བ་ནི། །རྩ་བའི་དཀྱིལ་འཁོར་མདུན་ཕྱོགས་སུ། །དཀྱིལ་འཁོར་གྲུ་གསུམ་མཐིང་ནག་བྱ། །ཕྱི་རོལ་ཟླ་གམ་གསུམ་གྱིས་བསྐོར། །དབུས་སུ་ཁྲོ་རྒྱལ་ཧུ༷་ཀྭ་ར། །གཡོན་དུ་ཁྲོ་མོ་སྒྲ་འབྱིན་མ། །གཡས་སུ་ཕག་གི་མགོ་ཅན་དེ། །རྒྱབ་ཏུ་སྨྲིག་བུའི་མགོ་ཅན་ནོ། ཁྲ་ཁྲག་སྣ་ཚོགས་ལས་བྱས་པའི། །གཏོར་མ་བྷན་དྷ་གང་བཞག་ལ། །བདུད་རྩི་ལྔ་ཡང་དེ་རུ་བླུག ་་ཆེན་ཚིལ་ཆེན་ཁྲག་ཆེན་དང་། །གཡང་གཞི་སྤྱི་བླུགས་ཐོད་པའི་རྔ། །དུར་ཁྲོད་རྒྱན་དང་རྫས་རྣམས་བསགས། ་་་དཀར་སྐྱེ་ཚེ་དུག་དང་སྦྱར། །ཟངས་ཕྱེ་རྡོ་ཕྱེ་ལྕགས་ཕྱེ་དང་། །དྲག་པོའི་རྫས་རྣམས་གྲུ་གསུམ་སྟེ། །ཧཱུཾ་མཛད་ཏིང་འཛིན་ལ་གནས་པས། །སྔགས་འདི་བགྲང་ཞིང་འཕྲོ་འདུ་བྱ། །ཨོ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧུ༷། བཞི་འབུམ་ལྔ་ཁྲི་འདོན་པར་བྱ། །ཕྲ་མན་་མེན་ཀུསྔགས་འདིས་ལས་ལ་གཞུག །གརྫ་གརྫ་ཧུ༷་ཕཊ། །བྱེ་བ་སུམ་ཁྲི་བཏོན་བྱས་ན། །ཕོ་ཉས་གང་འདོད་ལས་རྣམས་བྱེད། །སྤྲུལ་པས་གང་བསྒོའི་ལས་རྣམས་བྱེད། །རྣལ་འབྱོར་ཅན་ལ་དངོས་གྲུབ་འབེབས། །དེ་བཞིན་ཁྲོ་བོ་གཞན་དག་ཀྱང་། །རང་རང་ཁྲོ་མོ་ཕོ་ཉ་དང་། །བཅས་ཏེ་བསྒྲུབས་ན་དངོས་གྲུབ་ཐོབ། །བསྒོ་བ་ཉན་ཅིང་ལས་རྣམས་བྱེད། །རྣལ་འབྱོར་དམ་ལྡན་རྟོགས་པར་བྱ། །ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རྡོ་རྗེ་ཕུར་བུ་ཡིས། །ཚོགས་ཀྱི་དཀྱིལ་འཁོར་བཤད་པར་བྱ། །སྐུ་ཡི་དཀྱིལ་འཁོར་འབྲི་བར་བྱ། །སྣ་ཚོགས་ཟས་དང་སྣ་ཚོགས་འབྲུ། །སྨན་གྱི་རྣམ་པའི་གཏོར་མ་ནི། །གླང་པོའམ་ཤིང་རྟས་འགྲོངས་པའི་ཚད། །བརྒྱ་རྩ་བརྒྱད་དམ་ལྷ་གྲངས་བྱ། ཁྲ་སྣ་ཁྲག་སྣ་བརྒྱ་རྩ་བརྒྱད། །སྤྱན་གཟིགས་འདོད་ཡོན་སྣ་ཚོགས་བརྒྱན། །སྣ་ཚོགས་འབྲུ་ཡི་ཆང་རྣམས་བཤད། །རྣལ་འབྱོར་ཕོ་མོ་གཡས་དང་གཡོན། །ལུས་ངག་བརྡས་མཚོནི་སོ་སོས་མཆོད། །ལྷ་ཚོགས་ཕྱི་ནང་གསང་བས་མཆོད། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །བླ་མ་རྡོ་རྗེ་སློབ་དཔོན་ལ། །མཚན་ལྡན་གཟུངས་མ་ཕུལ་ནས་ནི། །གཙོ་བོ་རྣམས་ལ་དེ་བཞིན་མཆོད། །འཁོར་གྱི་རྣལ་འབྱོར་ཐམས་ཅད་ཀྱང་། །རང་རང་གཟུངས་མ་དག་དང་ནི། །ལྷན་ཅིག་གནས་ཏེ་ལྷ་རྣམས་མཆོད། །མཆོད་པའི་ལས་བྱེད་དུས་བརྡས་མཚོན། །གང་ཞིག་སྤྱི་བོ་སྟོན་པ་ལ། །དེ་ལ་རྐང་མཐིལ་བསྟན་པར་བྱ། །གང་ཞིག་སྨིན་མ་འདེགས་བྱེད་ལ། །དེ་ལ་མཛུབ་ནི་བསྟན་པར་བྱ། །གང་ཞིག་ལྕེ་ནི་བསྐྱོད་པ་ལ། །དེ་ལ་པདྨ་བསྟན་པར་བྱ། །གང་ཞིག་མཛུབ་མོ་སྟོན་པ་ལ། །དེ་ལ་ལག་པ་སྦྱིན་པར་བྱ། །གང་ཞིག་བྲང་ནི་སྟོན་པ་ལ། །དེ་ལ་ནུ་མ་སྟོན་པར་བྱ། །གང་ཞིག་སོར་མོ་རྣམས་སྟོན་ལ། །དེ་ལ་ལུས་ནི་བསྟན་པར་བྱ། །གང་ཞིག་ཨ་ཧོ་ཞེས་བརྗོད་ན། །ཀྱེ་མ་ཧོ་ཞེས་རབ་ཏུ་བརྗོད། །ཨ་ཏི་པུ་ཧོ་བརྗོད་པ་ལ། །པྲ་ཏི་པུ་ཧོ་བརྗོད་པར་བྱ། །ཨ་ཏི་ཛ༷༷ཞེས་བརྗོད་པ་ལ། །པྲ་ཏི་ཛ༷༷ཞེས་བརྗོད་པའོ། །ས་མ་ཡ་སྟ༷་ཞེས་བརྗོད་པ་ལ། །ས་མ་ཡ་ཧོ་ཞེས་བརྗོད་པར་བྱ །ར་ཧོ་ཧ༷་ཞེས་བརྗོད་པ་ལ། །རྭ་ག་ཡུ་མི་བརྗོད་པར་བྱ། །ཀྱེ་ཞེས་འབོད་པའི་སྒྲ་སྒྲོག་ན། །ཨ་ཧོ་ཞེས་པའི་ལན་ཡང་སྦྱིན། །སུ་ར་སྟི་ཞེས་བརྗོད་པ་ལ། །བཟའ་ཞིང་བ་་བ་རབ་ཏུ་སྦྱིན། །ས་མ་ཡ་ཛ༷༷ཞེས་བརྗོད་པ་ལ། །ལྷ་རྣམས་མཆོད་ཅེས་རབ་ཏུ་སྤྱིན། །དུད་དུ་ར་ཞེས་བརྗོད་པ་ལ། །སྤང་བར་བྱ་ཞེས་རབ་ཏུ་བརྗོད། །དེ་བཞིན་ངག་གི་སྒྲ་རྣམས་ཀྱང་། །དུས་འདི་དག་ཏུ་བྱ་བ་ཡིན། །ཚོགས་ཀྱི་འཁོར་ལོའིདུས་འདི་སྲ །རྐང་པ་བརྐྱང་བར་མི་བྱ་ཞིང་། །ཕྱི་རོལ་གཏམ་ཡང་རབ་ཏུ་སྤངས། །མི་བགད་གསང་བའི་ངག་ལ་གནས། །ལྷ་ཡི་གྲངས་ནི་དེ་བཞིན་དུ། །ཕྱི་ནང་གསང་བའི་མཆོད་པ་ཡང་། །ལྷ་རྣམས་ལ་ནི་རབ་ཏུ་འབུལ། །ཞལ་ཟས་ཚོགས་ལ་ལོངས་སྤྱོད་ཅིང་། །དཔའ་བོ་དཔའ་མོ་མཉམ་འཁྱུད་ལ། །བྱང་ཆུབ་སེམས་ཀྱི་བདེ་བས་མཆོད། །ཉོན་མོངས་རྣམ་པར་རྟོག་པ་ཡང་། །དེ་ཡི་འོད་ཟེར་དག་གིས་བསྲེག །ཕྱི་རོལ་བར་ཆོད་བྱེད་རྣམས་ལ། །འོད་ཟེར་དག་གི་བསྲེག་པར་བྱ། །བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ཡིས། །ཚོགས་ཀྱི་འཁོར་ལོ་བྱ་བ་ཡིན། །དམ་ཚིག་མེད་ཅིང་ངང་རྒྱུད་ངན། །རྟོག་པ་ཅན་ལ་ཚོགས་འཁོར་གསང་། །དབང་པོ་དཀྱིལ་འཁོར་བསྡུ། །ལས་དང་ཉོན་མོངས་རབ་ཏུ་འཇོམས། །དམ་ཚིག་ལྡན་པའི་རྣལ་འབྱོར་པས། །ལས་འདི་ལ་ནི་བརྩོན་པར་བྱ། །ཚོགས་ཀྱི་འཁོར་ལོ་རབ་འབྲིང་གསུམ། །ཕྱི་ནང་གསང་བ་གསུམ་ཞེས་བྱ། །དམ་ཚིག་ཉམས་པ་སྐོང་བའི་ཕྱིར། །ནང་གི་ཚོགས་ཀྱི་འཁོར་ལོ་བྱ། །ཚོགས་བསགས་བསོད་ནམས་བསྐྱེད་དུས་ཕྱི། །མི་རྟོག་ཡེ་ཤེས་བསྐྱེད་དུས་སུ། །གསང་བའི་ཚོགས་ཀྱི་འཁོར་ལོ་བྱ། །ཚོགས་འཁོར་དེ་གསུམ་གང་གིས་ཀྱང་། །སྒྲིབ་སྐྱོང་རྣམ་གྲོལ་ལམ་ལ་འགོད། །ཚོགས་ཀྱི་འཁོར་ལོ་ཆེན་པོ་འདིས། །ཡབ་ཡུམ་རིགས་ལྔའི་ཁྲག་འཐུང་དང་། ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་ཚོགས། །མཆོད་པ་དངོས་གྲུབ་རང་ཤུགས་འབྱུང་། ཁྲོ་རྒྱལ་ཚོགས་ཅན་བྲན་གྱི་ཚོགས། །ཕོ་ཉ་བཀའ་ཉན་བསྒོ་བ་ཉན། ཁམས་གསུམ་ཉོན་མོངས་ཀུན་སྒྲོལ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རྒྱལ་པོ་བྲམ་ཟེ་ཁྱིམ་བདག་ཚོགས། །དྲེགས་པའི་བསོད་ནམས་དབང་དུ་འདུ། །གནོད་གདུག་ཞི་ཞིང་འབྱོར་པ་འཕེལ། །གདུག་ཅིང་སྡང་སེམས་ལྡན་པ་སྒྲོལ། །དེ་ཕྱིར་ཚོགས་ཀྱི་འཁོར་ལོ་ཡང་། །རབ་ཏུ་བྱ་བར་བཤད་པ་ཡིན། །ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས།ཚོགས་ཀྱི་འཁོར་ལོའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་རྡོ་རྗེ་ཕུར་བུ་ཡི། །བསྲེག་དང་མནན་འཕང་བསྟོད་པར་བྱ། །ཐུགས་ཀྱི་དཀྱིལའཁོརཆེནཔོནི། །ཕུང་ཐོད་དུམ་བུ་དྲུག་པ་སྲ ཁྲག་སྣ་དུག་སྣའི་མིང་རུས་གཞུག །སྐྱེ་ཚེ་ཡུངས་ནག་བྲབ་རྫས་བཞག །ནས་ནག་རྡོ་ནག་ཟངས་ལྕགས་ཕྱེ། །ཟོར་གྱི་རྫས་སུ་ཐམས་ཅད་བསགས། །ཡང་ན་མདའ་ཡི་ཟོར་ཡང་བྱ། ཁྲ་དང་སྲིན་བྱ་ཕོ་རོག་དང་། །འུག་པ་དག་གི་སྒྲོ་བསྐྱོན་དེ། །སྨྱུག་མ་ལ་ནི་ཁྲག་གིས་བྱུགས། །སྐྱོན་མེད་སོར་ནི་བཅུ་གཉིས་པ། ཁྲག་དང་དུག་གི་བྱུགས་བྱས་ལ། །ཐུགས་ཀྱི་དཀྱིལ་འཁོར་དེར་གཟུག་བྱ། །ཟངས་ནག་ཞིང་ཆེན་སྤྱི་བླུགས་བགོ །དྲག་པོ་ལས་ཀྱི་གཟུངས་མ་ནི། །ནག་མོ་ག་་མོ་ཁྲོ་གཉེར་ཅན། །གཡོན་བཞག་སྒྲོལ་བའི་ཡུམ་དུ་བརླབས། །དྲག་པོའི་ལས་ཀྱི་ཕུར་པ་ཡིས། །བསྒྲུབ་བྱ་དག་ལ་བཏབ་སྟེ་བསྒྲལ། །སོ་སོའི་རྩ་སྔགས་ལས་སྔགས་ཀྱིས། །ཟོར་མདའ་ལ་ནི་རབ་ཏུ་བསྒྲུབ། །ཕུར་བུ་ཕྲ་མོ་བདུན་བྱས་བསྔགས། །སྒྲོ་རྩར་ཕུག་སྟེ་མདའ་ནང་གཞུག །མཚེ་ཉུང་དྲག་རྫས་བཟླས་ལ་བླུག །ཨོ་མོ་ཧ་ཀྟ་ཡ་གརྫ་གརྫ་ཧུ༷་ཕཊ། སྤྲོ་ཊ་ཡའི་བར་དག་ཏུ། །མོ་ཧ་བྷ་ཡས་མགོ་མནན་བསྒྲུབ། ཁྲག་གི་ནང་གིས་མིང་གཟུགས་ལ། །ནས་ནག་རྡོ་ནག་ལ་སོགས་པ། །དྲག་པོའི་སྔགས་འདི་བཏབ་སྟེ་བྲབ། །ཧུ༷་མ་མ་བ་ཤ༷་ཀུ་རུ་མ་ཏ་ཉ་ཀ་ར་ཨི་ནན་དྷ་དྷི་མ་མ་ཀརྨ་ཤི་སྨྲང་ཀྭ་ར་ཡུ། ལས་ཕྱེད་ཚོགས་ནི་དྲག་ཏུ་བསྐུལ། ཁྲོ་བོའི་སྤྲུལ་པ་དེ་བཞིན་བསྐུལ། །དྲོད་ཚད་ལྡན་པས་ཟོར་དུ་འཕང་། །མ་མོའི་ཟོར་ནི་སྲོད་ལ་སྟེ། །སྲིན་པོའི་ཟོར་ནི་ཐོ་རངས་འཕངས ཟོར་ལམ་ཕྱེ་ལ་ཁྲོ་བས་འཕངས། །མདའ་དང་ཐོད་ཟོར་ལྟས་ཀྱང་བལྟ། །ཟོར་ཁ་ཟློག་ན་བདུན་དགུར་བསྐྱར། །དེ་ནས་དྲག་ཏུ་བསྐུལ་དེ་འཕངས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སྐད་ཅིག་ཉིད་ལ་སྒྲོལ་བར་འགྱུར། །རྡོ་ནག་འུར་རྡས་འཕང་བར་བྱ། །མདའ་འཕང་མདེའུའི་མེ་སྟག་ནི། །གཡས་སུ་འཕྲོ་དང་གཡོན་དུ་འཕྲོ། །གང་ལ་ལོག་པའི་དྲོད་ཚད་བཟུང་། ཁྲག་ལ་དེ་བཞིན་བལྟ་བ་སྟེ། །ལྐུགས་དང་འཁྱིལ་དང་འཕྲོ་བའོ། །ལྟས་ཀྱི་རྣམ་པ་དེ་བལྟ་ཞིང་། །ཟོར་ནི་རབ་ཏུ་འཕང་བར་བྱ། །ཟོར་ཐོད་བུབ་དང་ལོག་ལྟས་ནི། །ཕྱི་རོལ་རྟགས་སུ་ཤེས་པར་བྱ། །ལས་ཀུན་མཐའ་ནི་ཟོར་གྱི་བསྐུལ། །ཕྲིན་ལས༷་རྣམ་བཞིས་མནན་བྱ་སྟེ། །ཨེ་ལས་གྲུ་གསུམ་དཀྱིལ་འཁོར་བསྐྱེད། །ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། ཁྲོ་བོར་མ་གྱུར་གང་ཡང་མེད། །ཐམས་ཅད་ཐལ་བ་རྡུལ་དུ་རློག །ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་མྱ་ར་ཡ་ཧུ༷་ཕཊ། བ༷་ལས་དབང་གི་ད༷ཀྱིལ་འཁོར་ནི། །ཟླ་གམ་དག་ཏུ་བསྐྱེད་པར་བྱ། །འདོད་ཆགས་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །དབང་གི་ཁྲོ་བོར་མ་གྱུར་མེད། །ཐམས་ཅད་དབང་དུ་འདུ་བར་མཛོད། །ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་བ་ཤ༷་མ་ན་ཧོ་བ་ཤ༷་ཀུ་རུ་གྲྭ་ཧྭ། ཡ་ལས་རྒྱས་པའི་དཀྱིལ་འཁོར་ནི། །གྲུ་བཞི་དག་ནི་བསྐྱེད་བྱ་སྟེ། །ང་རྒྱལ་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། །རྒྱས་པར་མ་གྱུར་གང་ཡང་མེད། །ཚེ་དང་བསོད་ནམས་འཕེལ་བར་མཛོད། །ཨཱོཾ༷་བཛྲ་ཀི་ལི་ཀི་ལ་ཡ་སྐྲུརྨྱེ་ཀུ་རུ་གྲྭ་ཧྭ། མ་ལས་ཞི་བའི་དཀྱིལ་འཁོར་ནི། །ཟླུམ་པོ་དག་ཏུ་བསྐྱེད་པ་སྟེ། །གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། །ཞི་བར་མ་གྱུར་གང་ཡང་མེད། །ཐམས་ཅད་མ་ལུས་ཞི་བར་མཛོད། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཤཱསྟི་ཀུ་རུ་གྲྭ་ཧྭ། རྡོ་རྗེ་གཤོན་ནུའི་ཞབས་ཀྱིས་མནན། །འཁོར་ལོ་རྒྱས་འདེབས་བྷ་གར་སྦ། ཁྲོ་བོའི་ཚོགས་ཀྱི་ཟས་སུ་བསྔོ། །བསྐལ་པའི་མེ་ཡི་ཕུང་པོར་བསྲེགས། །ཡེ་ཤེས་མེ་ཡི་བག་ཆགས་བསྲེགས། །ཉོན་མོངས་ལྔ་དང་ལྡན་པ་ཡིས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །བྱང་ཆུབ་སེམས་ནི་མ་སྐྱེས་པར། །ནམ་ཡང་བཏང་བར་མི་བྱ་སྟེ། ཁྲོ་རྒྱལ་ཡབ་ཡུམ་སྲས་བཅས་པའི། །ཞབས་ཀྱི་གདན་ཁྲིའི་འོག་ཏུ་མནན། །བསྐལ་པ་མེ་ཡི་ཀློང་དཀྱིལ་ནས། ཁྲོ་བོ་འཇིགས་པའི་གཟུགས་ལྡན་གྱིས། །མ་རུངས་ཚོགས་རྣམས་འདུལ་བའི་མཆོག །ཐམས་ཅད་མ་ལུས་ཚར་གཅོད་ཅིང་། །མ་རུངས་པ་ཡི་ཚོགས་རྣམས་འདུལ། །མནན་པས་བར་ཆོད་རབ་ཏུ་ཞི། །དེ་ནས་འཁོར་རྣམས་ཡི་རངས་ཏེ། །བསྟོད་པའི་མཆོག་འདིས་རབ་ཏུ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཞེ་སྡང་འདུལ་མཛདརྡོརྗེགཤོནནུའིསྐུ། །རྣམ་པར་ཐར་པའི་དབུར་ལྡན་ཞིང་། །ཕྱག་དྲུག་ཕྱག་མཚན་རྒྱུད་དྲུག་སྒྲོལ། །ཞབས་བཞིས་དུ་ཏྲ་བསྒྲལ་ཞིང་མནན། །གདུག་པ་འདུལ་མཛད་ཕྱག་འཚལ་བསྟོད། །རིགས་ལྔ་ཁྲག་འཐུང་ཀི་ལ་ཡ། །ཐམས་ཅད་མ་ལུས་རྡུལ་དུ་རློག ཁེན་ཏུ་ཁྲོས་པའི་གཟུགས་ཅན་དེ། ཁྲོ་རྒྱལ་ཆེན་པོར་ཕྱག་འཚལ་བསྟོད། །ཕྱོགས་མཚམས་སྟེང་འོག་ཁྲོ་བོའི་ཚོགས། །ཐམས་ཅད་དབུ་གསུམ་ཕྱག་དྲུག་སྟེ། །སྐུ་སྨད་ཕུར་པས་གདོན་ཚོགིས་འདུལ། །རྣམ་པར་ཐར་པའི་དབུ་གསུམ་ལ། །རྒོད་གཤེ་ཆགས་པ་འཇིགས་པའི་ཞལ། །གླང་ལྤགས་ཀོ་རློན་སྐུ་ལ་གསོལ། །སྟག་ལྤགས་འབུམ་གྱི་ཤམ་ཐབས་ཅན། །གཡང་གཞི་ཐོད་སྤྲུལ་ཁྲག་ཞག་བརྒྱན། །ཕྱག་དྲུག་མཚོན་ཆས་ཉོན་མོངས་སྒྲོལ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ། །འཇིགས་བྱེད་ཁྲོ་རྒྱལ་ཚོགས་ལ་བསྟོད། །སྤྲུལ་པའི་ཕྲ་མེན་ཚོགས་བཅས་ནི། །ཕྱོགས་བཅུ་ཀུན་ཏུ་ཕོ་ཉར་འགྱེད། །བདུད་དང་བར་ཆོད་སྒྲོལ་བར་མཛད། ཁེན་ཏུ་འཇིགས་པའི་ཕོ་ཉ་རྣམས། །ལུས་ནི་མ་ངེས་སྣ་ཚོགས་སྟོན། །ཅིར་ཡང་འགྱུར་བའི་མཚོན་ཆ་བསྣམས། །མ་རུངས་ཤ་ལ་སྟོད་ཅིང་ཟ། །སྒྲོལ་བྱེད་ཚོགས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་ཐུགས་ཀྱི་སྤྲུལ་པ་ནི། །ཕྱོགས་བཅུ་ཀུན་ཏུ་འགྱེད་པར་མཛད། །རྣམ་རྟོག་ཉོན་མོངས་ཐམས་ཅད་འཇོམས། །ཐམས་ཅད་བདེ་བའི་ལམ་ལ་འགོད། །དུ་ཏྲ་ག་་རྔམས་མ་རུངས་པས། །སེམས་ཅན་ཀུན་ལ་གནོད་པར་བྱེད། །བཅོམ་ལྡན་ཐུགས་ཀྱི་ཕུར་བུ་ཡིས། །དེ་དག་