Ngb-pt-0300-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

བ་རྫོགས་སོ།། རྒྱ་གར་སྐད་དུ། ཨ་མྲི་ཏ་རཏྣ་སྙུ་ཧུ་ཙྭ་ན་ཙཀྲ་ཏནྟྲ། བོད་སྐད་དུ། བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཀུན་ཏུ་བཟང་པོ་དེ། དབྱིངས་རྣམ་པར་དག་པའི་བྷ་གར་རྟག་ཏུ་བཞུགས་སོ། །དེའི་གནས་ཀྱང་བྷ་ག་ཡངས་པའི་བཅུད་དང་ལྡན་པའི་བདུད་རྩིའི་བྷ་ག་ཞེས་མཁའ་དབྱིངས་རིན་པོ་ཆེའི་གཞལ་ཡས་ཁང་། རྒྱ་དང་ཚད་ལས་འདས་པ། གྲུ་བཞི་དང་སྒོ་བཞིར་འདུག་པ། རྟ་བབས་དང་ཐེམ་སྐས་དང་ལྡན་པ། དྲ་བ་དང་དྲ་ཕྱེད་ལ་སོགས་པ་ཀ་བ་བརྒྱད་དང་། གདུང་བཅུ་དྲུག་གིས་བྲིས་པ། སྣ་ཚོགས་པའི་གཟུགས་དང་། །སྣ་ཚོགས་པའི་དབྱིབས་དང་། སྣ་ཚོགས་པའི་རྒྱན་ལ་སོགས་པས་བརྒྱན་པ་དང་། ཉིད་ལས་མི་གཞན་པའི་འཁོར་སྨན་ལྷའི་རྒྱལ་པོ་དེ་བཞིན་གཤེགས་པ་དཔལ་ཐོགས་པ་མེད་པ་སྨན་གྱི་ལྷ་རྣམས་གྱི་རྒྱལ་པོ་དང་། གཞན་ཡང་དེ་བཞིན་གཤེགས་པ་སྨན་གྱི་བླ་བིཌབྱ་འོད་ཀྱི་རྒྱལ་པོ་དང་། གཞན་ཡང་སྟེང་གི་ཕྱོགས་ན་སྨན་གྱི་ལྷ་མོ་གྲགས་མོ་རྒྱལ་དང་། འོག་གི་ཕྱོགས་ན་སྨན་གྱི་ལྷ་མོ་འཕེལ་བྱེད་མ་དང་། ཤར་ཕྱོགས་ན་སྨན་གྱི་ལྷ་མོ་གྲགས་དབྱངས་མ་དང་། ལྷོ་ཕྱོགས་ན་ཤིང་གི་ལྷ་མོ་འོད་འཆང་མ་དང་། ནུབ་ཕྱོགས་ནས་དྲིའི་ལྷ་མོ་ཨ་བྱིན་སྙིང་པོ་མ་དང་། བྱང་ཕྱོགས་ན་རྩེའི་ལྷ་མོ་གྲུབ་པའི་བློ་གྲོས་མ་ལ་སོགས་པའི་སྨན་དང་། རྩི་དང་དྲི་དང་ཤིང་དང་ནགས་ཚལ་ལ་སོགས་པའི་ལྟ་རྣམས་དང་། གཞན་ཡང་དེ་རྣམས་ཀྱི་དབང་པོ་དང་། དེ་བཞིན་དུ་ཡེ་ནས་ཡིན་པའི་ལྷ་རྣམས་དེ་བཞིན་གཤེགས་པ་དཔལ་རྣམ་པར་སྣང་མཛད་དང་།རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབར་དང་། འོད་ཀུན་ཏུ་སྣང་བ་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་ཡུམ་དང་འཁོར་དང་། གཞན་ཡང་གོའུ་རྡི་ལ་སོགས་པའི་འཁོར་དང་། གཞན་ཡང་སེང་གདོང་ལ་སོགས་པའི་འཁོར་དང་། གཞན་ཡང་སྒོ་བཞིའི་གཙོ་མོ་དབང་ཕྱུགས་མ་དང་། གཞན་ཡང་ལྷ་དང་དྲང་སྲོང་དང་། ཀླུ་དང་། བྲམ་ཟེ་དང་། མི་དང་། མིའི་དགེ་བསྙེན་དང་། གཞན་ཡང་ཚངས་པ་ཉེ་འཁོར་འདུན་ན་གནས་ལ་སོགས་པའི་འཁོར་མང་པོས་ཡོངས་སུ་བསྐོར་ནས་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ནམ་མཁའི་མཐོང་ནས་འོད་བྱུང་བ། །ཐུགས་རྗེ་སྤྲིན་མཐོང་ཉི་ཤར་འདྲ། །མུན་པར་སྒྲོན་མེ་བཏེགས་པ་བཞིན། །འགྲོ་བ་ཡོངས་ལ་སྣང་བར་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བདུད་རྩིའི་གླིང་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཔལ་ཀུན་ཏུ་བཟང་པོ་དེ་ཞལ་གསུམ་ཕྱག་དྲུག་པའི་ཚུལ་དང་ལྡན་པར་བཞེངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཏུ་བལྟས་སམ་གཟིགས་པས་སེམས་ཅན་ཉོན་མོངས་པའི་ནད་ཀྱིས་གདུང་པ་ལ་གཟིགས་ཏེ། །དེ་ལ་བཅུད་ཀྱི་གླིང་གི་འོད་ཟེར་དང་འོད་དུ་བཅས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་སོ། །འཕྲོས་པས་སེམས་ཅད་ཐམས་ཅད་ལ་བདུད་རྩི་གླིང་གི་འཚོ་བའི་སྨན་དུ་གྱུར་ནས། སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་ཐར་ནས། བདེ་བའི་ས་ལ་གནས་པར་གྱུར་ཏོ། །དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་མོངས་སེམས་ཅན་གསོ་བའི་ཕྱིར། །བཅུད་ཀྱི་གླིང་གི་སྨན་ཉིད་ཀྱིས། །གྲོལ་ལམ་བདེ་བའི་ས་ཐོབ་ནས། །ཡང་དག་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། གླིང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་སྟོན་པ་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཅི་ལྟར་བདུད་རྩིར་གྱུར་པ་ལ། །དབྱེ་དང་རབ་ཏུ་དབྱེ་བ་དང་། །དེ་བཞིན་ངེས་པར་དབྱེ་བའོ། །ཞེས་གསུངས་པས། བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །མ་མཐོང་བ་དང་རྨོངས་པ་ལ། །དབྱེ་བའི་དོན་ནི་རྣམ་པ་གསུམ། །དེ་བཞིན་ཡན་ལག་རྣམ་དབྱེ་འཚལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཡི་དོན་གྱི་དབྱེ་བ་ཡང་། །ཉོན་གཅིག་དེ་བཞིན་རྡོ་རྗེ་ཆོས། །དང་པོ་ལ་ནི་གཉིས་ཡོད་དེ། །དེ་བཞིན་གཉིས་པ་ལྔ་རུ་བཤད །དེ་བཞིན་གསུམ་པ་དེ་བཞིན་གསུམ། །ཞེས་བཀའ་སྩལ་ཏོ། །དེ་ནས་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །ཡན་ལག་དོན་ནི་དེ་ལགས་ན། །རྒྱས་པའི་དོན་ནི་གང་གསུངས་པ། །དེ་ཡང་དེ་བཞིན་གཤེགས་པས་གསུང་། །ཞེས་གསོལ་ཏོ། །དེ་ནས་ཡང་བཀའ་སྩལ་པ། དང་པོའི་དོན་ནི་གཉིས་ཡིན་ཏེ། །གཉིས་པའི་དང་པོ་གང་ཡིན་པ། །དེ་བཞིན་འདྲེས་དང་མ་འདྲེས་གཉིས། །དེ་བཞིན་གཉིས་པ་དྲུག་པོ་ནི། །དེ་བཞིན་ཡེ་ཤེས་དྲུག་པའོ། །གཉིས་པ་ལྔ་པའི་དོན་བཤད་ནི། །ལྔ་པའི་གཉིས་པ་གང་ཡིན་ན། །ཆོས་ཉིད་དང་ནི་ཡེ་ཤེས་སོ། །དེ་བཞིན་ལྔ་པའི་གསུམ་པ་ནི། །དང་པོ་དངོས་གཞི་རྣམ་པ་ལྔ། །དེ་བཞིན་རྩེ་སྨད་ཐམས་ཅད་དང་། །དེ་ལྟར་མཚོན་པའི་བདུད་རྩིའོ། །དེ་བཞིན་གསུམ་པའི་གསུམ་པ་ཡང་། །མཚོན་པ་དང་ནི་མཚོན་བྱེད་དང་། །དེ་བཞིན་མཚོན་པ་བྱེད་པའོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩིའི་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བདུད་རྩི་ངེས་པའི་ཚིག་བཀའ་སྩལ་ཏོ། །ཅི་ལྟར་བདུད་རྩིར་གྱུར་པ་ལ། །ངེས་དང་རབ་ཏུ་ངེས་པ་དང་། །དེ་བཞིན་ཡང་དག་ངེས་པའོ། །དེ་ལྟར་ངེས་པའི་དོན་བསྟན་པ། །ཀུན་གྱིས་དང་དུ་བླང་བར་བྱའོ། །སྤྲོས་པ་ཡང་དག་མཐའ་ལས་འདས། །བདུད་རྩི་ཞེས་ནི་དེ་ལ་བྱའོ། །རྣམ་མཐར་གསུམ་དང་ལྡན་པ་ཡིས། །ཡང་དག་དོན་ལ་བདུད་རྩི་ཞེས། །དཔའ་བོ་ཆེན་པོས་དེ་སྐད་གསུངས། །འཁོར་བ་བདུད་དང་འདྲ་བ་ལ། །ཆོས་ཉིད་བདེན་པའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཀུན་རྫོབ་སྒྱུ་མའི་དཔེ་བརྒྱད་ལ། །ཡེ་ཤེས་ཆེན་པོའི་རྩེ་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཕུང་པོ་ལྔ་ནི་བདུད་ཡིན་ཏེ། །རྒྱལ་བ་རིགས་ལྔའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་བཞིན་མིག་ལ་སོགས་པ་ཡིན། །སྐྱེ་མཆེད་རྣམས་ནི་བདུད་ཡིན་ཏེ། །སེམས་དཔའ་སེམས་མའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །འབྱུང་བ་ལྔ་ནི་བདུད་ཡིན་ཏེ། །དེ་བཞིན་ཡུམ་ལྔའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །གཟུགས་ལ་སོགས་པའི་ཡུལ་རྣམས་ལ། །དེ་བཞིན་དམིགསཔ་བདུད་ཡིན་ཏེ། །དེར་འཛིན་མེད་པའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་བཞིན་འཁོར་བའི་བག་ཆགས་ལ། །ཐུགས་རྗེ་ཆེན་པོའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་ཕྱིར་ཨ་ནི་མཉམ་གནས་ཏེ། །མྲི་ནི་ཐམས་ཅད་བདུད་ཡིན་པས། །དེ་ཡི་རྩི་ནི་ཏ་ཞེས་བྱ། །དེ་བཞིན་ཨ་ནི་དྲི་ཡིན་ཏེ། །མྲི་ནི་ཐམས་ཅད་སྨན་ཡིན་ནོ། །དེ་བཞིན་ཏ་ནི་རྩི་རུ་བཤད། །ཨ་ནི་ཐམས་ཅད་རྒྱ་ཡིན་ཏེ། །མྲི་ནི་ཐམས་ཅད་འབྲས་ཡིན་ཏེ། །དེ་ལ་ཏ་ནི་ཐབས་སུ་གསུངས། །ཨ་ནི་ཆོས་ཉིད་ཡང་དག་སྟེ། །མྲི་ནི་ཡེ་ཤེས་ཆེན་པོའོ། །ཏ་ནི་ཡོངས་སུ་དག་པའོ། །དེ་བཞིན་རྒྱུ་འབྲས་ཐམས་ཅད་ལ། །བདུད་རྩི་ཞེས་ནི་ང་ཡིས་སྨྲས། །བདུད་ཀྱི་རྩི་ནི་ཆོས་ཉིད་ཡིན། །དེ་ལ་བདུད་རྩི་ཞེས་བྱའོ། །བདུད་ཀྱི་རྩི་ནི་ཡེ་ཤེས་ཡིན། །དེ་ལ་བདུད་རྩི་ཞེས་བྱའོ། །བདུད་ཀྱི་རྩི་ནི་སྤྱིན་པ་ཡིན། །དེ་ལ་བདུད་རྩི་ཞེས་སུ་གསུངས། །བདུད་ཀྱི་རྩི་ནི་ཤེས་རབ་ཡིན། །བདུད་ཀྱི་རྩི་ནི་བཟོད་པ་ཡིན། །བདུད་ཀྱི་རྩི་ནི་བསམ་གཏན་ཡིན། །བདུད་ཀྱི་རྩི་བརྩོན་འགྲུས་ཡིན། །བདུད་ཀྱི་རྩི་ནི་ཚུལ་ཁྲིམས་ཡིན། །བདུད་ཀྱི་རྩི་ནི་སྟོབས་ཡིན་ཏེ། །བདུད་ཀྱི་རྩི་ཡེ་ཤེས་ཡིན། །དེ་ལ་བདུད་རྩི་ཞེས་བྱའོ། །བདུད་ཀྱི་རྩི་ནི་དད་པ་ཡིན། །བདུད་ཀྱི་རྩི་ནི་སེམས་བསྐྱེད་ཡིན། །བདུད་ཀྱི་རྩི་ནི་ཚད་མེད་ཡིན། །བདུད་ཀྱི་རྩི་ནི་བསྡུ་བ་ཡིན། །བདུད་ཀྱི་རྩི་ནི་ཕྲིན་ལས་ཡིན། །བདུད་ཀྱི་རྩི་ནི་དགེ་བ་ཡིན། །བདུད་ཀྱི་རྩི་ནི་དཀྱིལ་འཁོར་ཡིན། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །ཐམས་ཅད་ཐམས་ཅད་བདུད་རྩི་ཞེས། །ང་དང་ང་ཡིས་བསྟན་པ་དང་། །གཞན་དང་གཞན་གྱིས་བསྟན་པ་དང་། །འདས་དང་མ་བྱོན་ཐམས་ཅད་དང་། །དེ་བཞིན་རྒྱལ་སྲས་ཀུན་གྱིས་གསུངས། །ཞེས་བཀའ་སྩལ་ཏོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད་ལས། ངེས་པའི་ཚིག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དོན་འདི་ཉིད་ཀྱི་དགོངས་པ་བསྟན་ནམ། གསུངས་སམ། བཀའ་སྩལ་ཏོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་བཀའ་གསོལ་ཏོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །ཨེ་མ་ངོ་མཚར་རྨད་ཀྱི་ལམ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་མཐུ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། ཉོན་ཅིག་ཉོན་ཅིག་རྡོ་རྗེ་ཆོས། །མ་མཐོང་ཆོས་ལ་ངོ་མཚར་སྐྱེས། །གཞན་ལས་སྐྱེས་པ་མ་ཡིན་ཏེ། །ས་དང་ལམ་གྱི་རིམ་པ་དང་། །དེ་བཞིན་མཐར་ཕྱིན་འབྲས་བུ་ལ། །ངོ་མཚར་སྐྱེས་པའི་འབྲས་བུ་ནི། །ངེས་དང་དྲང་བའི་སངས་རྒྱས་སོ། །དེ་ལ་རིམ་པ་འདི་ལྟ་སྟེ། །ཐོས་བསམ་ཡོངས་ལ་སེམས་བསྐྱེད་པའི། །སློབ་དཔོན་དག་ལ་ཞུ་ཕུལ་ཏེ། །སྣུམ་ལ་འཇམ་པའི་ས་གཞི་ལ། །ས་ཡི་ཆོ་ག་ལེགས་པརབྱ། །སཆོགདགྲརྣམསམེད་པ་སྲ །སྟ་གོན་ལ་སོགས་གཞུང་བཞིན་བྱ། །མང་ཉུང་མེད་པའི་འབྲུ་བསྡམས་ལ། །དམ་ཚིག་སྲང་གིས་གཞལ་ལ་གཞག །གནས་ཀྱི་ཐེམ་པའི་ཕྱི་རོལ་དུ། །ས་འམ་ཐལ་བ་འཇམ་པོ་ལ། །རྒྱ་གྲམ་འགྲོས་ཀྱིས་རྒྱ་ཡང་གདབ། །དེ་རུ་སྤྱིན་གཏོར་གཏང་བ་ནི། །ཚོགས་ཀྱི་ལམ་དུ་བསྟན་པ་ཡིན། །སེམས་བསྐྱེད་སེམས་དང་ཚད་མེད་རྣམས། །སྦྱོར་བའི་ལམ་དུ་གཞག་པ་ཡིན། །གཅིག་དང་དུ་མ་མ་ཡིན་པར། །རེ་རེ་དག་ཏུ་སངས་རྒྱས་ལ། །དམ་ཚིག་རྩ་བ་འབུམ་པ་སྟེ། །དམ་པ་རིགས་བརྒྱ་ཞེས་བྱ་བ། །རྣམ་པར་མི་རྟོགས་ཡེ་ཤེས་ཀྱིས། །མཐོང་བའི་ལམ་དུ་སངས་རྒྱས་སོ། །དེ་ནས་རིགས་སུ་རྣམ་ཕྱེ་བ། །གཞལ་ཡས་ཁང་ནི་རྣམ་པ་ལྔ། །བདུད་རྩི་བསྒྲུབ་པའི་སྣོད་ཡིན་པར། །རྩ་བ་སྐྱོབས་སུ་ཆས་པ་ལ། །རིགས་དང་རིགས་སུ་རྣམ་དབྱེ་བ། །མཚན་མ་མེད་པའི་ཡེ་ཤེས་ཀྱིས། །གཉིས་པ་དག་ནས་རབ་བརྩིས་ནས། །ས་ནི་བརྒྱད་པ་ཞེས་བྱ་སྟེ། །སྙིང་པོ་སྔགས་ཀྱིས་བཏབ་ནས་སུ། །དེ་ཉིད་རིགས་ལྔའི་སངས་རྒྱས་སོ། །དགུ་པ་དག་ནས་བཟུང་ནས་ནི། །སངས་རྒྱས་ས་ལ་སངས་རྒྱས་པ། །སྙིང་པོ་སྔགས་འདི་བཏབ་ནས་ཀྱང་། །སངས་རྒྱས་ས་ཡི་ཡེ་ཤེས་ཀྱིས། །རྡོ་རྗེ་སེམས་དཔའི་རང་བཞིན་གྱི། །གསང་ཆེན་རིགས་གཅིག་ཅེས་བྱ་བ། །རྡོ་རྗེ་སེམས་དཔར་མངོན་སངས་རྒྱས། །བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་ལ། །བདུད་རྩི་ཐིག་ལེ་མང་བྱས་ལ། །ཡབ་ཡུམ་གཉིས་སུ་བྱིན་བརླབས་ཏེ། །ཏ་ན་ག་ཎ་ཟབ་མོའི་མཛད་སྤྱོད་བྱ། །རྣལ་འབྱོར་མ་རྣམས་བརྒྱན་བྱས་ལ། །དྲི་དང་སྤོས་དང་རྒྱན་གྱིས་བརྒྱན། །འཁོར་ལོས་སྒྱུར་བའི་འདུག་སྟངས་ཀྱིས། །ཕོ་མོ་གཉིས་ནི་རྐང་བསྣོལ་ཏེ། །ལྕགས་ལས་བྱས་པའི་གཏན་གཏུན་ལ། །སྤོས་དང་ག་བུར་ཆུས་བཀྲུས་ལ། །གཙང་མ་ཉིད་དུ་བྱས་པ་ལ། །པདྨའི་མཁའ་ལ་རྡོ་རྗེ་ཐོ་བས་བརྡུང་། །ལས་དང་ཉོན་མོངས་བག་ཆགས་མྱ་ར་ཡ། ཁེས་བྱའི་སྒྲིབ་པ་ཐམས་ཅད་གཏན་ནས་དབྱུང་། །དེ་ཡིས་མཁྱེན་པའི་ཡེ་ཤེས་མཐོང་བར་ངེས། །སྨན་དང་རྩི་དང་དྲི་རྣམས་དེ་ལྟར་སངས་རྒྱས་ཏེ། །ཕུང་པོ་ཁམས་དང་སྐྱེ་མཆེད་གཞིའི་སངས་རྒྱས། །དེ་ནས་བཏག་དང་བཙག་པའི་ལས་བྱས་པས། །རྒྱ་མཚོ་ཐིགས་པའི་གྲངས་སུ་བགྲང་བ་དང་། །རི་བོའི་རྡུལ་ལ་སོགས་པའི་དངོས་པོ་རྣམས། །དུས་དེ་ཉིད་དུ་རྡོ་རྗེའི་འཛིན་པའི་ས་ཐོབ་སྟེ། །མཁྱེན་པའི་ཡེ་ཤེས་ཆེ་མཆོག་ཧེ་རུ་ཀ །དག་པའི་བདུད་རྩི་ཉིད་དུ་རབ་སྦྱར་ནས། །ཡེ་ཤེས་བདུད་རྩི་འཁྱིལ་དང་རབ་ཏུ་དབབ། །ཡབ་ཡུམ་གསང་བའི་མཁའ་ལ་རབ་བསྐྱིལ་ནས། །བཏབ་པའི་སྔགས་དང་ཕྱག་རྒྱས་རབ་གཞོམ་སྟེ། །དག་པའི་སྣོད་དུ་མུ་ཏིག་དཀར་པོའི་དྲི་མེད་ལྟར། །དཀར་ལ་འཚེར་དང་སྣུམ་ལ་འདྲིལ་བ་ལྟར། །ཐམས་ཅད་མ་ལུས་གསོས་སུ་གྱུར་པ་སྟེ། །དེ་འཐུང་སྐལ་དང་ལྡན་པའི་རྣལ་འབྱོར་པས། །དེ་ཉིད་ཕོ་བྲང་སོ་སོའི་འགོར་བཞག་སྟེ། །ལས་དང་ལྡན་པའི་དབང་རྣམས་བསྐུར་བར་བྱ། །དེ་ཡི་ཡོན་ཏན་དཔག་མེད་བསམ་མི་ལང་། །མགུལ་ལམ་སྤྱི་བོར་རབ་བཏགས་ན། །དེ་བཞིན་ཡོན་ཏན་ཆེ་བར་ངེས། །བུ་ཕོ་ཁྱེའུ་འོང་ཞེས་ཚེ་ཡི་རིག་འཛིན་འགྲུབ། །མཁྱེན་རབ་ཀུན་ལ་མཆོད་ཅིང་ཚངས་པའི་དངོས་གྲུབ་བླངས། །དྲིན་ལན་ལན་གྱིས་བླན་ཕྱིར་ཞི་ཁྲོའི་ལྷ་ཚོགས་དང་། །དེ་ཡི་བཀའ་སྡོད་བྱེད་པའི་མཁའ་འགྲོ་སྨན་གྱི་སྲུང་མ་ལ། །ཕོ་བྲང་ཁ་ཕྱེ་བདུད་རྩི་ཨ་མྲི་ཏས། །བསྒྲུབ་པའི་འཛབ་རྫོགས་རྟིང་ལ་དེ་བཞིན་བྱ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད་ལས། ས་ལམ་དང་འབྲས་བུ་ཡོན་ཏན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་སློབ་དཔོན་དང་སློབ་མ་དང་མཆེད་ཀྱི་མཚན་ཉིད་བསྟན་པ། ཡང་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དེ་བཞིན་དམངས་རིགས་གདོལ་པའི་རིགས། །མཚན་དང་ལྡན་པའི་སློབ་དཔོན་ནི། །གྲངས་སུ་དུ་ཙམ་གཞུག་པ་ལགས། །ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་དོན་དུ་རྡོ་རྗེ་ཆོས། །ཚད་དང་མི་ལྡན་དགག་པའི་ཕྱིར། །སློབ་དཔོན་ཚད་རྣམས་ངས་བཤད་ཀྱི། ཁྱོད་ཀྱིས་ལེགས་པར་ཉན་པར་བྱོས། ཁྲེས་རབ་ལུང་གི་སློབ་དཔོན་དང་། །དམ་ཚིག་དབང་གི་སློབ་དཔོན་དང་། །མན་ངག་བཀའ་ཡི་སློབ་དཔོན་དང་། །ཚེ་སྲོག་འཛིན་པའི་སློབ་དཔོན་དང་། །ཀུན་གྱི་དཔོན་དུ་གྱུར་པ་རྣམས། །མ་མཐོང་བ་ཡང་དེ་བཞིན་ནོ། །དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། ཁྲེས་རབ་ལུང་གི་སློབ་དཔོན་ནི། །བཀའ་ཡི་སྡེ་སྣོད་དག་ལ་མཁས། །མདོ་སྡེ་ཞེས་ནི་རབ་གྲགས་ཏེ། །དེ་ཉིད་སློབ་དཔོན་འོས་སུ་བཟང་། །དམ་ཚིག་དབང་གི་སློབ་དཔོན་ནི། །གང་དག་དབང་བསྐུར་བྱེད་པའི་ཚེ། །དཀོན་མཆོག་གསུམ་ནི་ལུས་ལ་འཇུག །གསང་བ་དང་ནི་གསང་ཆེན་དང་། །ཡེ་ཤེས་སྙིང་པོ་བཞི་པ་རྣམས། །གང་གིས་ཤེས་པ་སློབ་དཔོན་བཟང་། །མན་ངག་བཀའ་ཡི་སློབ་དཔོན་ནི། ཁུ།ད་རྣམས་ཀུན་གྱི་དོན་ལ་མཁས། །ཕྲ་མ་དབྱེན་གྱི་མི་ཚུགས་ཤིང་། །སློབ་དཔོན་དག་ལ་བརྙས་མི་འཇུག །དེ་ཉིད་སློབ་དཔོན་འོས་སུ་བཟང་། །ཚེ་སྲོག་འཛིན་པའི་སློབ་དཔོན་ནི། །ཕྱི་ནང་མེད་པའི་ལས་ལ་མཁས། །ནད་པ་སྲིའུ་འདོན་བྱེད་པ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གསུམ། །གང་གིས་ཤེས་པ་སློབ་དཔོན་བཟང་། །ཀུན་གྱི་སློབ་དཔོན་གྱུར་པ་ནི། །བླ་མའི་བླ་མ་བླ་མེད་སྟེ། །བུ་དང་ཚ་བོ་ཡང་ཚ་དང་། །དེ་ལྟར་དེ་བཞིན་བྱེད་པ་ནི། ཀུན་དབོན་ཆེན་པོ་ཡིན་པར་བཟང་། །དེ་ནས་སློབ་དཔོན་ཐམས་ཅད་ཀྱིས། །གཅུགས་དང་ཕྲ་མ་སྨྲ་མི་བྱ། །སློབ་དཔོན་དག་ལ་སྨྲ་མི་བྱ། །མ་མཐོང་བའམ་རྨོངས་པ་ལ། །གསང་བའི་མན་ངག་བསྟན་མི་བྱ། །དཀོན་མཆོག་གསུམ་ལ་བཀུར་བར་བྱ། །ཡོན་ཏན་བརྒྱད་དང་ལྡན་པ་ཡིས། །སློབ་དཔོན་ཆེན་པོ་ཡིན་པར་གྲགས། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་ཡང་གསོལ་པ། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །ཕུན་སུམ་ཚོགས་པའི་གླེང་གཞི་ལྟར། །འབྲེལ་པའི་ཕྱིར་ན་སློབ་མ་རྣམས། །ཅི་ལྟར་ལགས་པ་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐེག་པའི་ཡང་རྩེ་དག་ལ་མཁས། །སློབ་དཔོན་སངས་རྒྱས་བཞིན་དུ་བཀུར། །མིག་འབྲས་བཞིན་དུ་གཅེས་པར་འཛིན། །དུས་གསུམ་གྱི་ནི་མགོན་པོ་ལ། ཁྲེན་ཏུ་གཅེས་དང་ཡིད་འཐད་འབུལ། །རིག་པའི་གནས་མཆོག་དག་ལ་མཁས། །མང་པོ་མི་སྨྲ་ཞེ་མི་གཅོད། །བློ་ཡངས་ཤེས་རབ་ཐུག་པ་ནི། །རྒྱལ་པོའི་རིགས་ཀྱི་སློབ་མ་ཡིན། །གསང་སྔགས་མནའ་ལ་དམ་པོར་འཛིན། ཁྲེས་རབ་སྙིང་རྗེར་ལྡན་པ་དང་། ཁུ།ད་ཀྱི་དོན་ལ་ངེས་པར་བརྩོན། །སེར་སྣ་མི་བྱེད་གཏང་བར་ཕོད། །རྩ་བས་རྩེ་མོ་མི་གཅོད་པ། །མ་ཉམས་པ་ནི་བདུན་དང་ལྡན། །དེ་ནི་རྗེའུ་རིགས་སློབ་མའོ། །བྲམ་ཟེ་གཙང་མ་ཁྲུས་ལ་དགའ། །གླེན་པའི་བརྟུལ་ཞུགས་འདག་པ་ཡིས། །གར་མཁན་མཆོག་གི་གར་བྱས་པའི། །མི་འགྱུར་འཇམ་པས་གཏན་ལ་འབེབས། །བྲམ་ཟེའི་རིགས་ཀྱི་སློབ་མའོ། །མ་ཧྭ་ཡོ་གའི་ཚུལ་གྱིས་སུ། །གཙང་སྨེ་མེད་པར་ཀུན་ཏུ་སྤྱོད། །བཟང་ངན་མེད་པར་ཐམས་ཅད་ཟ། །བཟང་སྡུག་མེད་པར་ཐམས་ཅད་སྦྱོར། །མི་སྡུག་འཇིགས་པའི་ཆ་བྱད་ཅན། །རང་ལུས་སྲོག་དང་ནོར་དང་དབྱིག །བླ་མ་མཉེས་ཕྱིར་འབུལ་བར་བྱེད། །གཏིང་དཔག་དཀའ་ཕྱིར་རྫུན་དུ་སྨྲ། །མཆོད་པའི་ཕྱིར་ནི་མ་བྱིན་ལེན། །ཉོན་མོངས་དུག་ལྔ་རང་དགར་སྤྱོད། །གདོལ་པའི་རིགས་ཀྱི་སློབ་མ་ཡིན། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱི་ཐེག་པ་ཕྱོགས་རིས་མེད་པའི་ཕྱིར། །འདི་ཞུས་སོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །མཐའ་ཡས་མུ་མེད་སེམས་ཅན་ལ། །ཐུགས་རྗེ་ཆེན་པོས་བསྐྱབ་པའི་ཕྱིར། །མཆེད་ཀྱི་མཚན་ཉིད་བསྟན་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ཅན་མཐའ་ཡས་མུ་མེད་ཕྱིར། །ཐུགས་རྗེ་ཆེན་པོ་སྙོམས་ནས་བྱུང་། །འབྲེལ་བའི་མཆེད་དང་མ་འབྲེལ་མཆེད། །ཕྱི་ཡི་མཆེད་དང་ནང་གི་མཆེད། །གསང་བའི་མཆེད་དང་རང་བཞིན་མཆེད། །དེ་བཞིན་ཐུགས་རྗེ་ཆེན་པོའི་མཆེདམཆེད་དུ་སྣང་བ་ཐམས་ཅད་ལ། །དབྱེ་བསལ་མི་མཛད་མཚན་ཉིདདོ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། མཚན་ཉིད་སྡེ་གསུམ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། ཕྱི་དང་ནང་དང་གསང་བ་དང་། །དེ་བཞིན་རང་བཞིན་བདུད་རྩི་རྣམས། །བཤད་ཀྱིས་རྡོ་རྗེ་ཆོས་ལ་བཤད། །ར་སྭ་ཡ་ན་ཕྱི་ཡི་སྨན། །དམ་རྫས་སྔ་ནི་ནང་གི་སྨན། །རླུད་ལྔ་རྣམ་དག་གསང་བའི་སྨན། །སྐུ་དང་ཡེ་ཤེས་མཐར་ཐུག་སྨན། །བསམ་གྱིས་མི་ཁྱབ་བརྗོད་ལས་འདས། །རྩ་བ་བརྒྱད་དང་ཡན་ལག་སྟོང་། །ཐམས་ཅད་མ་འདུས་གཅིག་ཀྱང་མེད། །དེ་ཡི་ཕྱིར་ན་བདུད་རྩི་ཞེས། །བསམ་མི་ཁྱབ་ཀྱིས་དེ་སྐད་གསུངས། །ཞེས་གསུངས་སོ། །དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །མན་ངག་རྒྱུད་ལུང་གལ་པོའི་སྙིང་བྲུས་ནས། །ཟག་ཟོག་རྟ་དང་གླང་པོ་ནོར་གྱིས་བསླུས། ཁེ་དང་གྲགས་པས་རིན་ཆེན་འདམ་དུ་བསྣུབས། །ཚ་གྲང་དམྱལ་བའི་ཡུལ་དུ་ཡུན་རིང་ཞུགས། །དཔེར་ན་རྒྱལ་མཚན་རིན་ཆེན་ནོར་བུ་ལ། །སོ་སོའི་ཡོན་ཏན་རྨད་དུ་འབྱུང་ན་ཡང་། །མཆིང་བུའི་ཕུང་པོ་བཞིན་དུ་ཡ་མཚན་མི་བརྗོད་པ། །ཚ་གྲངས་དམྱལ་བའི་ཡུལ་དུ་ཡུན་རིང་ཞུགས། །གསེར་ལ་སོགས་པའི་ཡོན་ཏན་དེ་འདྲ་ཡང་། །ངན་པའི་དུག་ཆུས་གསེར་ལ་ཟོང་མ་བྱས། །ཙསྡོན་སྡོང་པོ་དྲུངས་པ་རྩད་ནས་ཕྱུང་། །དེ་བཞིན་དམྱལ་བའི་ཡུལ་དུ་ཡུན་རིང་བཞུགས། །ཞིང་རབ་གཤིན་ལ་འབྲུ་རྣམས་སྣ་ཚོགས་བཏབ། །ཏིལ་དང་ཉུང་དཀར་སྣུམ་ལྟར་སྣང་མོད་ཀྱང་། །བྲ་བོའི་སོག་མ་བཞིན་དུ་ཡོན་ཏན་མེད། །ཚ་གྲང་དམྱལ་བའི་གནསསུདེབཞིནསྐྱེ། །དེནས་ཡང་འདི་གསུངས་སོ། །བུ་བཞིན་གཅེས་པས་སེམས་ཀྱིས་ཡོངས་སུ་བཅས། །རྟོག་པའི་སྐྱོན་མེད་རླུ་་ཁར་གསེར་ལྟར་ལྕི། །བཟང་ངན་མེད་ཀྱང་སོ་སོར་ཡོངས་སུ་བྱས། །དེ་ཡང་ཡུན་རིང་དེ་བཞིན་གནས་པར་འགྱུར། །རིན་ཆེན་གླིང་ལ་ཕྱིན་ནས་རིན་ཆེན་ཕུང་པོ་བཙལ། །རྙེད་ནས་སོ་སོར་ཕྱེས་ཏེ་གཅེས་པས་མཆོག་ཏུ་བཟུང་། །དུང་དང་མན་ཤེལ་བཞིན་དུ་དང་དུ་བླང་། །ཀརྙ་པ་ཁི་བཞིན་དུ་སོ་སོར་གཞག །དེ་ཡང་དེ་དང་འདྲ་སྟེ་ཉུང་བར་འགྱུར། །ཡོན་ཏན་བརྒྱ་དང་ལྡན་པའི་སྣོད་ཅན་སློབ་མ་ལ། །དད་པ་སྙེན་བསྲིང་བྱས་པས་ཅི་ཡང་མེད་པར་འགྱུར། །དེ་ཡང་དེ་དང་འདྲ་སྟེ་ཡུན་རིངས་བསྲེག་དང་བསྒྲིབ། །རྫུན་དང་ཕྲ་མ་དབྱེན་གཅུག་སྤངས་པ་ཡིས། །བུ་ཡི་ནང་ནས་སྙིང་རྗེ་གསེར་དང་འདྲ་བ་ལ། །དབྱེན་གཅུག་སྨོད་ལ་དགའ་བའི་སློབ་པ་དེས། །སློབ་དཔོན་སློབ་མ་མཆེད་དང་དབྱེན་གཅུག་ཕྲལ། །ཉེས་པའི་སྐྱོན་གྱིས་སེམས་ཅན་དམྱལ་བར་སྐྱེ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལསབདུད་རྩིའི་དབྱེ་བ་དང་སློབ་དཔོན་སློབ་མ་ཁྱད་པར་གྱི་དམ་ཚིག་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བདུད་རྩི་ངེས་པར་འབྱུང་བའི་ལུང་བསྟན་ཏེ། །དེ་ཡང་བདུད་རྩི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །བདུད་རྩི་འབྱུང་བའི་རྒྱུ་ནི་ཡབ་ཡུམ་མཁའ། །བདུད་རྩི་བསྒྲུབ་པའི་སྣོད་ནི་ཀ་བཱ་ལ། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོངས། །བདུད་རྩིའི་དོན་ནི་སྐྱེ་འཆི་མེད། །ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་དང་། །བདུད་རྩི་ཆེན་པོ་རང་རྟོགས་དྲུག །འདི་དྲུག་རྟོགས་ན་མངོན་སངས་རྒྱས། །ལྟ་བ་ངོ་མཚར་རྨད་ཀྱི་ཆོས། །མངོན་པར་འདུས་བྱས་འདུས་མ་བྱས། །མེ་ལོང་ལྷ་བུའི་ཡེ་ཤེས་ཀྱིས། །ཞེ་སྡང་འཁོར་བ་རྩད་ནས་ཆོད། །མ་སྤངས་འབྲས་བུ་རྡོ་རྗེ་སེམས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ཉོན་མོངས་ང་རྒྱལ་གཏན་ནས་འཇོམས། །མ་སྤངས་འབྲས་བུ་རིན་ཆེན་འབྱུང་། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འདོད་ཆགས་འཁོར་བ་རྩད་ནས་གཅོད། །མ་སྤངས་འབྲས་བུ་སྣང་མཐའ་ཡས། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །ཉོན་མོངས་ཕྲག་དོག་རྩད་ནས་གཅོད། །མ་སྤངས་འབྲས་བུ་དོན་ཡོད་གྲུབ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །གཏི་མུག་འཁོར་བ་རྩད་ནས་གཅོད། །མ་སྤངས་འབྲས་བུ་རྣམ་སྣང་མཛད། །རང་བྱུང་ཆེན་པོའི་ཡེ་ཤེས་ཀྱིས། །རྒྱུན་གྱི་ཉོན་མོངས་རྩད་ནས་གཅོད། །མ་སྤངས་འབྲས་བུ་ཧེ་རུ་ཀ །ཡེ་ཤེས་དབུ་ནི་ཉི་ཤུ་གཅིག །འབར་བའི་ཕྱག་ནི་བཞི་བཅུ་གཉིས། །བརྟན་པའི་ཞབས་ནི་རྣམ་པ་བརྒྱད། །སྦྱོར་བའི་དཀྱིལ་འཁོར་རྣམ་པ་བདུན། །དེ་ཡིས་འགྲོ་བའི་དོན་ལ་སྤྱོད། །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩི་ཇི་ལྟར་ཡིན་པ་དང་དེའི་འབྲས་བུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བདུད་རྩིའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །ཉོན་ཅིག་བདུད་རྩི་རྡོ་རྗེ་ཆོས། །བདུད་རྩིའི་ལུས་ནི་འཆང་འདོད་ན། །བཏག་བཙག་ལས་ནི་ཟིན་པ་དང་། །ནང་དང་ཕྱི་ཡི་དངོས་པོ་ཀུན། །བདུད་རྩིའི་ལུས་ཀྱི་རང་བཞིན་ཏེ།།ཐམས་ཅད་སྦྱར་བའི་དབུས་ཉིད་དུ། །ཞོ་ཤ་གསུམ་གྱི་ཕྱེ་མ་གཞག །དེ་ཡི་ནང་གི་རྣམ་པ་ལ། །སྐད་དང་མི་མཐུན་རྣམ་པ་སྟེ། །སྤྱི་ཡི་སྤོས་ནི་ཐམས་ཅད་གཞག །དེ་ཡི་ནང་གི་རྣམ་པ་ལ། །ཚ་བ་གསུམ་ཉིད་སྦྱར་བ་གཞག །དེ་ཡི་ནང་གི་རྣམ་པ་ལ། །གུ་གུར་ལ་སོགས་རྣམ་པ་ལྔ། །དེ་ཡི་ནང་གི་རྣམ་པ་ལ། །ཛུ་ཏི་ཕ་ལ་བཏབ་པ་གཞག །དེ་ཡི་ནང་དུ་ག་པུར་ཏེ། །དྲི་ཡི་རྒྱལ་པོ་ནང་ནས་དགྱེ། །འོད་དང་དུ་བ་དྲི་བ་དྲི་དང་སྒྲ། །ཕུན་སུམ་ཚོགས་པར་འབྱུང་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །ཞལ་བུ་ཀ་བཱ་ལ་ཡི་མཚན་གསོལ་བ། །ཡེ་ཤེས་ལྔ་ལྡན་ཞལ་བུ་ཀ་བཱ་ལ། །འབར་བའི་སྐྲུ་ཡི་བུ་ག་གཉིས་དང་ལྡན། །མཐའ་གཉིས་མི་འདོར་ཕྱི་ན་དབུས་སུ་བཞག །སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཀ་བཱ་ལ། །འབར་བའི་སྐུད་པ་ཚངས་པའི་དཀྱིལ་ན་ཡོད། །ལྟག་ནས་སྣ་ཚོར་ཡོངས་འདུ་ས་བརྟོལ་འདྲ། །ཞེ་སྡང་མ་སྤངས་ཕྱིར་ན་ཤར་དུ་དགོད་པར་བྱ། །ཡིད་བཞིན་གཏེར་ལྷར་རྡོ་རྗེ་ཀ་བཱ་ལ། །རིན་ཆེན་དབྱིབས་ལ་དགོས་འདོད་འབྱུང་བ་དེ། །དཔག་བསམ་ཤིང་བུ་བུ་ག་གཉིས་དང་ལྡན། །ང་རྒྱལ་མ་སྤངས་ལྷོ་ཡི་ཕྱོགས་སུ་གཞག །ཁམས་གསུམ་ཡོངས་སྒྲོལ་རྡོ་རྗེ་ཀ་བཱ་ལ། །ཐམས་ཅད་དབང་དུ་སྡུད་པས་དུམ་བུ་གཅིག་པ་སྟེ། །དབྱིངས་དང་ཡེ་ཤེས་ཐ་དད་དབྱེར་མེད་ཕྱིར། །འདོད་ཆགས་མ་སྤངས་ནུབ་ཀྱི་ཕྱོགས་སུ་གཞག །ཆོ་འཕྲུལ་རྟགས་འབྱིན་རྡོ་རྗེ་ཀ་བཱ་ལ། །ལས་བཞི་མཐར་རུ་ཕྱིན་པས་བྷནྟྲ་སུལ་བཞི་པ། །དྲག་པོའི་ལས་ལ་ཤེས་པས་རྒྱ་གྲམ་བཞིན་དུ་འདུག །ཕྲག་དོག་མ་སྤངས་བྱང་གི་ཕྱོགས་སུ་གཞག །ཡེ་ཤེས་ལྔ་དང་ལྡན་པས་ཕྱོགས་བཞི་དབུས་དང་ལྔ། །བདེ་བར་གཤེགས་པ་རིགས་ལྔའི་ཕོ་བྲང་ཡིན་པར་གྲགས། །དེ་རུ་མྱ༷་ས་གཤང་གཅི་ཁུ་བ་ཁྲག །སྐྱོབས་དང་རྩ་བར་སྦྱར་ཏེ་གཞག་པར་བྱ། །དེ་ནས་ཡང་བྷནྟྲའི་སྐྱོབས་འདི་གསུངས་སོ། །མི་འགྱུར་གཡུང་དྲུང་རྡོ་རྗེ་ཀ་བཱ་ལ། །མཆོད་རྟེན་དབྱིབས་སུ་འདུག་པ་བཀྲ་ཤིས་སྒོ་མང་སྟེ། །མཚན་དང་ལྡན་པས་བྷནྟྲ་ཡེ་ཤེས་སྐྱོབས། །མི་ཤིགས་མཛོད་ལྡན་རྡོ་རྗེ་ཀ་བཱ་ལ། །རྩལ་གསུམ་རྫོགས་པ་སེང་གེའི་ཐོད་པ་སྟེ། །ཐམས་ཅད་མ་ལུས་ཟིལ་གྱིས་གནོན་པ་སྟེ། །སྟོབས་ལྡན་ཡེ་ཤེས་ཤར་ལྷོ་མཚམས་སུ་གཞག །སྲིད་པ་ཡོངས་སྒྲོལ་རྡོ་རྗེ་ཀ་བཱ་ལ། །སྲིན་པོ་ད་ཤ་རྒི་བཏུལ་གླང་པོ་ཆེ། །དམག་དཔུང་ཁར་འགྱེད་ཁྱུ་མཆོག་རིན་པོ་ཆེ། །སྟོབས་ལྡན་ཡེ་ཤེས་ལྷོ་ནུབ་མཚམས་སུ་གཞག །དུག་གསུམ་གཏན་སྤྲུག་རྡོ་རྗེ་ཀ་བཱ་ལ། །ལྷ་ཆེན་མ་ཧྭ་དེ་བ་བསྒྲལ་བའི་ཐོད་པ་སྟེ། །འཇིག་རྟེན་ནང་ན་ཆེ་བཙན་བཀྲ་ཤིས་རྟགས། །ཡེ་ཤེས་ཆེན་པོ་ནུབ་བྱང་མཚམས་སུ་གཞག །མཚན་མ་སྤྲོས་བྲལ་རྡོ་རྗེ་ཀ་བཱ་ལ། །མི་ཆེན་ལང་ཀའི་གཟུགས་ཀྱི་ཕུང་པོ་སྟེ། །ལེ་ཙ་ཀུ་རེའི་ཐོད་པ་དངོས་གྲུབ་རྫས། །ག་་ཆེན་ཡེ་ཤེས་བྱང་ཤར་མཚམས་སུ་གཞག །གཞན་ཡང་དེ་བཞིན་གྲུ་ཆད་ལ། །སྒྲུབ་པ་པོ་ཡི་བཀྲ་ཤིས་རྫས། །ཡོངས་སུ་རྫོགས་ལྡན་རྡོ་རྗེ་ཀ་བཱ་ལ། །ལྕུག་ཕྲན་འཕེལ་བྱེད་ཡེ་ཤེས་གསང་བའི་རྫས། ་ར་གྱི་གྲུ་ལ་དེ་བཞིན་གཞག་པར་བྱ། །བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་བཱ་ལ། །ག་པུར་གངས་ཞུན་དཀར་པོ་འཇོམས་པ་ཡིས། །དམིགས་སུ་མ་ཕྱེ་རིས་སུ་གཞོན་པ་ཡིས། །ཡེ་ཤེས་གསང་བའི་ཐོད་པ་ལྷོ་ཡི་གྲུ། །མི་འགྱུར་སྲ་མཁྲེགས་རྡོ་རྗེ་ཀ་བཱ་ལ། །མ་དམའ་མ་ཤི་ལྕུག་ཕྲན་སྡོང་པོ་འདྲ། །དེ་ནི་བྷརྙ་ཡང་དག་བཀྲ་ཤིས་ཏེ། །ཡེ་ཤེས་གསང་བའི་ཐོད་པ་ནུབ་ཀྱི་གྲུ། །ཨུ་ཡུ༷༷དཔལ་ལྡན་རྡོ་རྗེ་ཀ་བཱ་ལ། །མཁས་པ་མང་པོའི་གཟུངས་མ་བྱས་པ་ཡི། །དབང་བསྐུར་དབང་དང་ལྡན་པའི་ཐོད་པ་དེ། །ཡེ་ཤེས་གསང་བའི་ཐོད་པ་བྱང་གི་གྲུ། །གཞན་ཡང་ཡེ་ཤེས་ཐོད་པ་བཞི། །སྒོ་བཞི་དག་ཏུ་གཞག་པར་བྱ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩི་འབྱུང་བའི་རྒྱུ་ལ་སོགས་པ་དང་། བྷརྙའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཐམས་ཅད་དབང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །རྣམ་པ་དང་ནི་དད་པ་དང་། །དང་བ་དང་ནི་དམ་ཚིག་གིས། །མ་སྨིན་པ་ལ་སྨིན་པར་མཛོད། །མ་གྲོལ་བ་ལ་གྲོལ་བར་མཛོད། །དབུགས་མ་འབྱིན་པ་དབུགས་འབྱིན་མཛོད། །དབང་དང་ལྡན་ནི་གསང་སྔགས་མཆོག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དུས་ལ་བབ་ན་རྡོ་རྗེ་ཆོས། །དབང་དང་ལྡན་པའི་དམ་ཚིག་གིས། །ནུས་པ་མཐུ་དང་ལྡན་པར་འགྱུར། །འཁོར་ལོ་རྩིབས་བརྒྱད་སྒོ་རིམ་གཉིས། །དབུས་ཀྱི་འཁོར་ལེའི་གདན་སྟེང་དུ། །ཡེ་ཤེས་གསང་བའི་སྟན་བཏིང་ནས། །ནུབ་ཀྱི་དཀྱིལའཁོར་ལྔ་པ་ལ། །དབུས་སུ་པདྨ་འདབ་བརྒྱད་བྲི། །སློབ་མ་འབྲུ་དང་གོ་རིམ་གྱིས། །དེ་ཉིད་དག་ཏུ་སྣུམ་པ་གཞག །དེ་ནས་མཎྜལ་དབུས་སུ་ནི། །རྡོ་རྗེ་སློབ་དཔོན་རྣལ་འབྱོར་གྱིས། །ཕོ་བྲང་པང་དུ་ཐོགས་ནས་ཀྱང་། །ནུབ་ཕྱོགས་དག་ཏུ་ཁ་བལྟས་ཏེ། །གཞུག་དང་མེ་ཏོག་དོར་བ་དང་། །བསྟན་པ་དང་ནི་གསོལ་བ་གདབ། །དེ་ལ་ཕན་དང་ནུས་པའི་དབང་། །ཅི་ལྟར་འཚམས་པ་བཞིན་དུ་བསྐུར། །སློབ་མས་ཅི་ལྟར་གསོལ་པ་ནི། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཅི་ལྟར་མཆོད་ཆེན་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་བོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དབང་དང་བསྟན་པར་བྱ་བ་ནི། །སྐལ་ལྡན་རྣལ་འབྱོར་རིགས་ཀྱི་བུ། །སེམས་དཔའ་ཆེན་པོ་བསྐྱེད་པའི་ཕྱིར། །ད་ལྟ་ཉིད་ནས་སེམས་བསྐྱེད་ནས། །བུ་ཁྱོད་དགའ་བ་ཅི་ལ་དགའ། ཞེས་པའོ། །ཡང་རྡོ་རྗེ་སློབ་མས་གསོལ་པ། །བདག་ནི་སྐལ་ལྡན་བདེ་ཆེན་ལ། །རབ་དགྱེས་དག་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །སྐལ་བ་བཟང་ལ་བདག་དགའོ། །ཞེས་པས་མེ་ཏོག་དོར་བ་ཡང་། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །གསང་མཆོག་རྫས་ཀྱི་མེ་ཏོག་དོར་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རྣལ་འབྱོར་བདག་ལ་སྩལ་དུ་གསོལ། །པྲ་ཏི་གྲོ་ཎྜ་ཧུ༷་གིས་དོར་བ་བྱ། །དགེ་སློང་ཁྲིམས་དང་ལྡན་པ་ཡི། །གསང་བར་བསྔགས་པའི་དོག་པ་ལ། ཁ་ཚར་མ་ཉམས་རས་དག་གི། །ཡོལ་བས་བཅད་པ་དབྱེ་བར་བྱ། །དེ་ཡང་པྲ་བེ་ཤ་ཕཊ། མིག་དབྱེ་བའི་སྔགས་ཡིན་ནོ། །སྙན་པའི་དབྱངས་འདི་བླང་པ་ཡིས། །མེ་ཏོག་ལྷ་རུ་བཅས་པ་རྣམས། །སློབ་མའི་སྤྱི་བོར་གཞག་པར་བྱའོ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རྣལ་འབྱོར་ཁྱེད་ལ་སྤྱིན་པར་བྱ། །ཆོས་ཀྱི་ཕྱག་རྒྱ་སྙིང་ལ་གནས་བྱ་ཞིང་། །སྤྱི་ནས་སྙིང་གར་ཆུ་བོའི་རྒྱུན་བཞིན་འབབ། །གསང་བའི་མེ་ཏོག་དམ་པ་གསུམ་དུ་བོར། །དེ་ནས་ཕན་དང་ནུས་པ་དབང་རྣམས་རྣལ་འབྱོར་པ་ལ་གདམས་པ་གཏད། །ཕོ་བྲང་པང་དུ་བླངས་ལ་སློབ་མའི་སྤྱི་བོར་གཞག །གཉིས་སུ་མེད་པ་བུམ་པའི་དབང་ཡང་བསྐུར་བར་བྱ། །སེམས་བསྐྱེད་མང་པོ་སྔོན་དུ་འགྲོ་བར་བྱ། །དབྱངས་ཚིག་དོན་དང་ལྡན་པ་རྣ་བར་བསྒྲག །གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །དག་དང་མ་དག་མི་རྟོག་ངང་ལ་གནས། །དུས་གསུམ་གཅིག་ཏུ་ཕྱི་བཤོལ་མེད། །དངོས་གྲུབ་སྣ་ཚོགས་རླབས་ཆེན་བར་མ་ཆད། །སུ་འདོད་སྤྱིན་གྱིས་ད་ལྟ་ང་ལས་ལོང་། །བསྐལ་པར་བསྒྲིབས་དང་གཏི་མུག་མུན་པ་ལ། །སྤྲིན་མཐོང་ཉི་ཤར་ཁུད་པར་དྲོ་བ་བཞིན། །བདུད་རྩིའི་རྒྱལ་པོའི་དབང་ཆེན་འདི་བྱིན་པས། །རིག་འཛིན་རྒྱལ་པོའི་གཙོ་བོའི་གོ་འཕང་འཐོབ། །ཚེ་དང་བསྐང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པ། །ཡོན་ཏན་རྩ་བརྒྱད་འདིས་འཐོབ་བོ། །དེ་ནས་བདུད་རྩི་བུམ་པའི་དབང་། །སྤྱི་བོ་ལ་སོགས་ཐིག་ལེ་ལྔ། །སྐུ་ལྔ་ཡེ་ཤེས་འཕྲོ་འདུའི་དོན། །ལྕེ་སྟེང་དུ་ཡང་གཞག་པར་བྱ། །འཕྲོས་པས་གཞལ་ཡས་ཁང་དུ་འགྱུར། །ནང་དུ་དཔའ་བོ་འབྲུ་ལྔ་ལས། །ཕྱག་མཚན་ལྔ་དང་སྐུ་ལྔར་འགྱུར། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །མུ་ཏིག་དཀར་པོ་དྲི་མེད་བཞིན། །བུམ་པའི་ནང་དུ་གང་བར་བསམ། །འོད་འཕྲོས་རྒྱལ་བའི་ཐུགས་དམ་བསྐུལ། །ཡེ་ཤེས་ཆུ་རྒྱུན་གཉིས་མེད་བསྟིམ། །དབྱངས་ཚིག་བླང་བ་འདི་ལྟ་སྟེ། །ཧོ༷༷ཡི་གེ་ཕྱག་མཚན་འཕྲོ་འདུ་ལས། །ཡབ་ཡུམ་བཅུ་ཡི་སྐུ་རུ་གསལ། །གཉིས་སུ་མེད་པའི་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་ཆར་ཆེན་ཕོབ། །བུམ་པ་མགོ་ཡི་ཐོག་ཏུ་གཞག །ཨོ་ཨུ༷༷ཧུ༷། བྲརྙ་མ་ཧྭ་ཤི་ཧེ་རུ་ཀ་་དྷ་ཀྲོ་རྙི་ཤཱ་རྡི་ཨ་སྟི་ཁི་རྩི་ཧུ༷། བཛྲ་ཤི་ཧེ་རུ་ཀ་བཛྲ་ཀྲོ་རྙི་ཤྭ་རྡི་ཨསྟི་ཁི྅་ཧུ༷། རཏྣ་ཤི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རྡི་ཨ་སྟི་ཁིརྩི་གྲྭ། པདྨ་གྲི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རྡི་ཨ་སྟི་ཁེ྅་ཨུ༷། །ཀརྨ་ཤི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རྡི་ཨ་སྟི་ཁི྅་ཧ། བདུད་རྩི་བུམ་པའི་དབང་བསྐུར་བས། །ཕུང་པོ་ལྔ་ཡི་དྲི་མ་དག །སློབ་དཔོན་གནངབ་བསྒྲག་པར་བྱ། །ཨོ་ཨུ༷༷ཧུ༷་སརྦ་པ྅་ཨ་མྲི་ཏ་སྟུཇོ་བི་རོ་ཙ་ན་ཨ་སྟི་ཁི྅་ཧུ༷་ཧེ༷༷ཐ། ཨོ་ཨུ༷༷ཧུ༷་སརྦ་པ྅་ཨ་སྒྲུ་ཏ་ཨ་མི་དྷི་ཝ་སྙི༷༷ཨ་སྟི་ཁི྅་ཧུ༷་ཧི༷༷ཐ། ཨོ་ཨུ༷༷ཧུ༷་སརྦ་པརྩི་ཨ་མྲི་ཏ་ཨསྨྱོ་བྷ་ཨ་སྟི་ཁི྅་ཧུ༷་དྷི༷༷ཐ། ཨོ་ཨུ༷༷ཧུ༷་སརྦ་པ྅་ཨ་མྲི་ཏ་རཏྣ་ས༷་བྷ་ཝ་ཨ་སྟི་ཁེ྅་ཧུ༷་ཧི༷༷ཐ། ཨོ་ཨུ༷༷ཧུ༷་སརྦ་པརྩི་ཨམྲི་ཏ་ཨ་མོ་ བྷ་སིརྙི་ཨ་སྟི་ཁི྅་ཧུ༷་རྙི༷༷ཐ། དེ་ལྟར་ཕྱག་རྒྱས་རྒྱས་བཏབ་ནས། ཁུ་ལ་ནན་ཏན་བྱས་པའོ། །དེ་ནས་སྤྱི་བོ་སྙིང་ག་དང་། །ལྕེ་སྟེང་གསུམ་དུ་ཐིག་ལེ་བྱ། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །བྱང་ཆུབ་སེམས་ཀྱི་གཞལ་ཡས་ཁང་། །སྙིང་གི་དཀྱིལ་དུ་གསལ་བར་བྱ། །དེ་རུ་ཡི་གེ་འབྲུ་གསུམ་ལས། །སོ་སོའི་ཕྱག་མཚན་འཕྲོ་འདུ་ལས། །སོ་སོས་སྐུ་ཡི་སྦྱོར་བ་མཛད། །བྱངཆུབ་སེམས་ཀྱི་འོད་ཟེར་གྱིས། །སྐུ་གསུང་ཐུགས་སུ་ནན་ཏན་བྱ། །ཧུ༷་དཔའ་བོ་འབྲུ་གསུམ་བྱིན་རླབས་ཀྱིས། །རིགས་གསུམ་སངས་རྒྱས་སྐུ་རུ་གསལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་ཐིམ། །ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་ཀྭ་ཡ་བཛྲ་སྭ་བྷ་ཝ་ཨུདྨ་ཀོ྅་ཧ༷། ཨོ་ན་མ༷༷སརྦ་ར་ཐུ་ག་ཏ་ལྷུ་ཀ་བཛྲ་སུ་བྷ་ཝ་ཨུཏྣ་ཀོ྅་ཧ༷། ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་ཙིསྟ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། སྐུ་གསུང་ཐུགས་ཀྱི་དབང་ཐོབ་ནས། །སློབ་༷དཔོན་དག་གི་གནང་བ་བསྒྲག །དེ་ནས་ཡེ་ཤེས་ལྔ༷་དབང་བསྐུར། །གནས་ལྔ་དག་ཏུ་ཐིག་ལེ་བྱ། ༷།འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །ཡེ་ཤེས་ལྔ་ཡི་བྱིན༷་རླབས་ཀྱིས། །དཀྱིལ་འཁོར་ཐམས་ཅད་དབང་༷བསྐུར་རོ། །ཨཱོཾ་མ་ཧྭ་ཤུ་རྒྱ་ཏྭ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། ཨཱོཾ་མ་ཧྭ་ཨ་དརྙ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣཀོ྅ཧ༷། །ཨཱོཾ་མ་ཧྭ་ཏུ་བེ་ཀྟ་ན་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ༷྅་ཧ༷། ཨཱོཾ་མ་ཧྭ་ས་མ་ཏྭ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། ༷ཨཱོཾ་མ་ཧྭ་ཀྲི་ཏུ་ནུཛི་ན་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། དེ་ན༷ས་རྡོ་རྗེ་སློབ་དཔོན་གྱིས། །ཡེ་ཤེས་ལྔ་ཡི་གནང་བ་བསྒྲག །དེ་ནས་ཅོད་པན་ཕྱག་རྒྱའི་དབང་། །ཨཱོཾ་སརྦ་ཏ་ཐུ་ག་ཏ་མ་ཧྭ་ཀྭ་ཡ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། ཨཱོཾ་སརྦ་ཏ་ཐུ་ག་ཏ་མ་ཧྭ་ཝ་ཀ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་མ་ཧྭ་ཙིསྟ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། ཙཀ་ལི་ཡི་དབང་ཡིན་ཏེ། །དེ་ཡི་རྒྱལ་མཚན་རྩེ་མོར་གྱུར། །དེ་ལྟར་ཡོངས་སུ་ཤེས་པར་བྱ། །ཐུན་མོང་ཁོ་ནའི་དབང་ཡིན་ནོ། །མཚམས་མེད་ལྔ་ཡང་འདྲེན་པར་འགྱུར། །དེ་ནས་བལྟ་ཞིང་ཉན་པའི་དབང་བསྐུར་ཏེ། །ཀྭ་ཡ་སིརྙི་ཨཱོཾ༷། ཝ་ཀ་སིརྙི་ཨུ༷༷། ཙིཀྟ་སིརྙི་ཧུ༷། ལྕེ་ཐོག་ཏུ་ཐིག་ལེ་བྱ། །དེ་བཞིན་རྣ་བར་ཐིག་ལེ་བྱ། འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །ཐིག་ལེ་རྒྱུ་ལས་ཏྣ༷་དུ་གྱུར། །དེ་ལས་སོ་སོའི་སྐུ་རུ་གསལ། །སྦྱོར་མཛད་བྱང་ཆུབ་སེམས་སུ་ཞུ། །རིན་ཆེན་རིགས་མཆོག་སྤྱན་དྲངས་ཏེ། །རྣ་བ་གཉིས་སུ་ཞུགས་པར་བསམ། །རྡོ་རྗེ་སློབ་དཔོན་དཔལ་ལྡན་གྱིས། །དེ་ཡི་གནང་བ་བསྒྲག་པར་བྱ། །དེ་ནས་བསྒྲུབ་པའི་དབང་བསྐུར་ཏེ། །སྙིང་གར་ཐིག་ལེ་གཅིག་བྱས་ཏེ། །དེ་ལས་འོད་འཕྲོས་གཞལ་ཡས་ཁང་། །མེ་ཏོག་ཕོག་པའི་ལྷ་དེ་ཡི། །སྙིང་པོ་ཕྱག་འཚལ་སྐུ་རུ་གསལ། །སྦྱོར་མཛད་བྱང་ཆུབ་སེམས་སུ་ཞུ། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། ། ཡེ་ཤེས་སེམས་དཔའ་སྤྱན་དྲང་བཞུགས། །དེ་ལ་གནང་བ་བསྒྲག་པར་བྱ། །དེ་ནས་ཕྲིན་ལས་དབང་བསྐུར་ཏེ། །ལག་པའི་མཐིལ་དུ་ཐིག་ལེ་བྱ། །དེ་ལས་འོད་འཕྲོས་གཞལ་ཡས་ཁང་། །དེ་རུ་སྙིང་པོ་ཕྱག་འཚན་ལས། །དོན་ཡོད་གྲུབ་པ་ཡབ་ཡུམ་གསལ། །སྦྱོར་མཛད་བྱང་ཆུབ་སེམས་སུ་ཞུ། །འཕྲོ་འདུ་ལས་ཀྱིས་སྦྱོར་བ་ལས། །ལས་ཀྱི་རིགས་ཀྱི་ལྷ་ཚོགས་རྣམས། །སྤྱན་དྲང་བཞུགས་སུ་གསོལ་བ་ལས། །ལག་པ་གཉིས་ལ་ཐིམ་པར་བསམ། །དེ་ནས་གནང་བ་བསྒྲག་པར་བྱ། །དེ་ནས་འཆད་པའི་དབང་བསྐུར་ཏེ། །ལྕེ་ལ་ཐིག་ལེ་བྱང་ཆུབ་སེམས། །དེ་ལས་འོད་འཕྲོས་གཞལ་ཡས་ཁང་། །དེ་རུ་སྙིང་པོ་ཕྱག་མཚན་ལས། །སྣང་བ་མཐའ་ཡས་ཡབ་ཡུམ་གསལ། །སྦྱོར་མཛད་བྱང་ཆུབ་སེམས་སུ་ཞུ། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །པདྨའི་རིགས་མཆོག་སྤྱན་དྲངས་ནས། །ལྕེ་ཡི་སྟེང་དུ་གཞག་པར་བྱ། །དེ་ལས་གནང་བ་བསྒྲག་པར་བྱ། །སྤྱི་བོའི་གཙུག་ཏུ་ཐིག་ལེ་བྱ། །འོད་ཟེར་འཕྲོས་པས་གཞལ་ཡས་ཁང་། །དཔའ་བོ་འབྲུ་ལྔའི་སྦྱོར་བ་ལས། །ཕྱག་མཚན་ལས་ནི་སོ་སོའི་སྐུ། །རྒྱལ་བ་རིགས་ལྔའི་ཡེ་ཤེས་ཏེ། །ཆོས་ཉིད་གཉིས་སུ་མེད་པར་སྦྱོར། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །རྒྱལ་བ་ཡབ་ཡུམ་སྤྱན་དྲང་སྤྱི་བོར་བསྟིམ། །དེ་ལ་གནང་བ་བསྒྲག་པར་བྱ། །དེ་ནས་གསང་བའི་དབང་བསྐུར་ཏེ། །བྱང་ཆུབ་སེམས་ཀྱི་དབང་ཡིན་པས། །རིག་མའི་མཚན་ཉིད་བརྟག་པ་དང་། །བརྟུལ་ཞུགས་ཅན་གྱིས་རྡོ་རྗེའི་དབང་། །རྡོ་རྗེ་ལ་ནི་རྡོ་རྗེ་དབང་། །ཤེས་རབ་ཡེ་ཤེས་དབང་མཆོག་ནི། །ཕྱག་རྒྱ་མོ་ལ་གནས་བཅས་ནས། །ཕོ་བྲང་གཟུངས་མར་བྱིན་གྱིས་བརླབ། །ཡང་ན་དངོས་པོ་ཁོ་ན་ལ། །དེ་ལ་གནང་བ་བསྒྲགས་པར་བྱ། །དཔའ་བོ་ང་དང་འདྲ་བ་ཡིས། །དབང་གི་རྟགས་དང་བཏགས་པར་བྱ། །དེ་ལ་ཡོན་འབུལ་སློབ་མ་ནི། ཁྲེས་རབ་དང་ནི་སྙིང་རྗེ་དང་། །དད་པ་དང་ནི་བརྩོན་འགྲུས་དང་། །སྤྱིན་པ་དང་ནི་བསམ་གཏན་དང་། །གཅེས་པ་དང་ནི་ཡིད་འཐད་དང་། ཁེན་ཏུ་སྙིང་ཉེ་ཡོན་གྱི་མཆོག །འདི་བརྒྱད་ཡོན་གྱི་མཆོག་ཡིན་ནོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དབང་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བདུད་རྩིའི་ཕྲད་དང་སྐྱོབ་བསྟན་པར་བྱ་སྟེ། རྫོགས་པ་གསུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞེངས་སོ། །དེ་ལ་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་ཅིག །ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ་ཆོས་ལ་ངོ་མཚར་ཆེ། །རྫོགས་པའི་ཆོས་ལ་ངོ་མཚར་ཆེ། །སྐྱེ་བ་མེད་ལས་ངོ་མཚར་ཆེ། །སྐྱེས་པ་ཉིད་ན་ངོ་མཚར་ཆེ། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །རྫས་ལས་སངས་རྒྱས་ངོ་མཚར་ཆེ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནཱ༷་ས་བཤང་གཅི་ཁུ་བ་ཁྲག །ཡེ་ནས་སངས་རྒྱས་རྣམ་པ་ལྔ། །རིགས་ལྔའི་སངས་རྒྱས་དེ་ལ་བྱ། །དེ་ནས་ཡང་བཅོམ་ལྡན་ཀྱིས་འདི་སྐད་ཅེས་གསུངས་སོ། ཁུ་མཆོག་ཆེན་པོ་འབྲས་བུ་ལྔ། །ཡེ་ཤེས་སངས་རྒྱས་ལྔ་ཡི་གདན། །བདུད་རྩི་ལྔ་ཡི་འབྲང་དུ་ཆེ། །བསྒྲལ་བའི་ལྕེ་ལ་སོགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཀྱིས་གསུངས་སོ། །ཨ་རུ་ར་ལ་སོགས་པའི་སྨན། །ག་པུར་ཙསྡོན་དྲི་ལ་སོགས། །གླ་རྩི་དུར་བྱེད་རྩི་ཡི་མཆོག །བདུད་རྩི་ལྔ་ཡི་སྐྱོབས་ཡིན་པས། །གསང་བ་མཆོག་གིས་བསག་པར་བྱ། །གཞན་ཡང་སྤོས་ཆེན་ལྔ་ལ་སོགས། །ཅི་རིགས་རྫས་རྣམས་ཐམས་ཅད་བསག །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩིའི་ཕྲད་དང་སྐྱོབས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དོན་དམ་པའི་བདུད་རྩི་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དོན་གྱི་བལྟ་བ་འདི་རྡོ་རྗེ་ཆོས་ཀྱིས་ཞུས་པ། ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །སངས་རྒྱས་ཞེས་ནི་གང་ཡིན་པ། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་ཞུསླ་པ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཚངས་དང་དྲ་སྲོང་མུ་སྟེགས་དང་། །ཉན་ཐོས་དགྲ་བཅོམ་རང་རྒྱལ་དང་། །ཀླུ་དང་བྲམ་ཟེས་གཙང་མ་ཟ། །དེ་དག་རྟོག་པ་ཟློག་པའི་ཕྱིར། །བདུད་རྩི་ལྔ་དང་ཤ་ལྔ་དང་། །གཞན་ཡང་མི་བཟད་པ་ཡི་རྫས། །མི་གཙང་བ་ལ་གཙང་བར་བཟློག །དེ་དག་གཙང་མར་བཟློག་པ་ནི། །ཆོས་ཀྱི་སྐུ་ཡི་དོན་རྟོགས་ན། །དེ་དག་ཐམས་ཅད་གཙང་མ་ཟ། །བདུད་རྩི་ཞེས་ནི་དེ་ལ་བྱ། །བདུད་རྩི་ཞེས་ནི་བྱ་བ་ཡང་། །སྣང་བ་མེད་ན་བདུད་རྩི་ཡིན། །ལྷག་གིས་རྟོགས་ན་བདུད་རྩི་ཡིན། །མཉམ་པར་མཐོང་ན་བདུད་རྩི་ཡིན། །མཐོང་བ་མེད་ན་བདུད་རྩི་ཡིན། །བསྒོམ་དུ་མེད་ན་བདུད་རྩི་ཡིན། །ཚིག་ལས་འདས་ན་བདུད་རྩི་ཡིན། །དམིགས་པ་ཐམས་ཅད་བདུད་རྩི་ཡིན། །དུག་ལྔ་ཐམས་ཅད་བདུད་རྩི་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །བདུད་རྩིའི་དངོས་པོ་ཡང་དག་གོ །ཆོས་ཉིད་ལ་ཡང་ཆོས་ཉིད་མེད། །དེ་བས་ཆོས་ཉིད་བདུད་རྩི་ཡིན། །སེམས་ཉིད་ལ་ཡང་སེམས་ཉིད་མེད། །དེ་བས་སེམས་ཉིད་བདུད་རྩི་ཡིན། །ཡེ་ཤེས་ལ་ཡང་ཡེ་ཤེས་མེད། །དེ་བས་ཡེ་ཤེས་བདུད་རྩི་ཡིན། །སྐྱེ་བ་མེད་ལས་སྐྱེ་བ་མེད། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །དེ་བས་སྐྱེ་མེད་བདུད་རྩི་ཡིན། །འགག་པ་ཉིད་ན་འགག་པ་མེད། །འགག་པ་མེད་ན་བདུད་རྩི་ཡིན། །འོང་བ་མེད་དང་འགྲོ་མེད་པ། །བདུད་རྩི་དེ་ལས་གཞན་མེད་པས། །ཐ་སྙད་འདོགས་ན་བདུད་རྩི་མིན། །དེ་བས་དངོས་པོ་དངོས་མེད་ན། །སྤྲོས་པའི་མཐའ་དང་བྲལ་བ་སྟེ། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་ལ་ཚངས་དང་དྲང་སྲོང་སོགས། །དེ་ལ་ཀླུ་དང་བྲམ་ཟེ་ལྷོས། །དེ་ལ་ཉན་ཐོས་རང་རྒྱལ་ལྟོས། །དེ་ལ་རྟག་ཆད་མུར་ཐུག་ལྷོས། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དོན་དམ་པའི་བདུད་རྩི་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །ཡང་དག་པར་གསུངས་སོ། །རྐྱང་བུ་དང་ནི་རེང་བུ་དང་། །ལྡེ་དགུ་དང་ནི་ཁྲོལ་བུ་དང་། ཕྱེ་མ་དང་ནི་གོ་བུ་དང་། །མིག་སྨན་དང་ནི་ཙི་ལི་དང་། །ཉི་མ་དང་ནི་ཟླ་བ་དང་། །དེ་བཞིན་སྡོང་པོ་ལྕུག་ཕྲན་དང་། །ས་ལ་སྐྱེས་པའི་བདུད་རྩི་ལ། །ཀུན་ཏུ་བཟང་པོའི་བྱིན་རླབས་ཀྱིས། །འབྱུང་བ་བཞི་ནི་བདུད་རྩི་བཞི། །ཡབ་ཡུམ་མཁའ་ནི་བདུད་རྩིའི་ལམ། །ཀ་བཱ་ལ་ནི་བདུད་རྩིའི་སྣོད། །མྱ༷་ས་བཤང་གཅི་ཁུ་བ་ཁྲག །དག་པའི་རྒྱུ་སྟེ་བདུད་རྩིའི་གཙོ། །ལ་ལ་གཙོ་བོ་གཅིག་ལས་གྲུབ། །ལ་ལ་གཙོ་བོ་གཉིས་ལས་གྲུབ། །ལ་ལ་གཙོ་བོ་གསུམ་ལས་གྲུབ། །ལ་ལ་གཙོ་བོ་བཞི་ལས་གྲུབ། །ལ་ལ་གཙོ་བོ་ལྔ་ལས་གྲུབ། །ལ་ལ་བསྐལ་པ་གཅིག་གིས་འགྲུབ། །ལ་ལ་བསྐལ་པ་གཉིས་ཀྱིས་འགྲུབ། །ལ་ལ་བསྐལ་པ་གསུམ་གྱིས་འགྲུབ། །ལ་ལ་བསྐལ་པ་བཞི་ལ་རྫོགས། །ལ་ལ་ཐང་ཅིག་ཡུད་ཀྱིས་འགྲུབ། །ལ་ལ་ཉིན་ཞག་གཅིག་གིས་འགྲུབ། །ལ་ལ་ཟླ་བ་བདུན་གྱིས་འགྲུབ། །ལ་ལ་ལོ་དགུ་དག་གིས་འགྲུབ། །ལ་ལ་ཚེ་ལོ་གཅིག་གི་འགྲུབ། །ལ་ལ་ལུས་དང་སྦྱར་བས་འགྲུབ། །ལ་ལ་ངག་དང་སྦྱོར་བས་འགྲུབ། །ལ་ལ་སེམས་དང་སྦྱར་བས་འགྲུབ། །ལ་ལ་ཀུན་ཚོགས་སྒོ་ནས་འགྲུབ། །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བསྒྲུབ་པའི་རིམ་པ་དུས་དང་བཅས་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་གསང་བའི་རིམ་པ་བསྟན་པར་བྱ་སྟེ། །གསང་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་གསང་བའི་སྙིངཔོ་འདི་འཐོན་ཏོ། །ཨོ་ཨུ༷༷ཧུ༷། ཨ་མོ་ཀྟ་སིརྙི་ཨ་མྲི་ཏ་བཛྲ་ར་ཏི་ས་མ་ཡ་སྟུ༷། བདུད་རྩི་ལས་ཀྱི་སྔགས་སོ། །ཨོ་ཨུ༷༷ཧུ༷་མ་ཧྭ་པདྨ་རཀྟ་མྱུ་ལ་ཨ་སྤོ་ཏ་རྭ་ག་པ་ཏི་ས་མ་ཡ་སྟ༷། ས་མ་ཡ་ཧུ༷། ས་མ་ཡ་སུ་ཁ་སྙི༷༷། བདུད་རྩི་པདྨའི་ལས་ཀྱི་སྔགས་སོ། །ཨོ་ཨུ༷༷ཧུ༷། བཛྲ་ས་ཏྭ་ཧུ༷་སརྦ་ཨེ་ཧོ་ཤུད་དྷི། ཨ་མྲི་ཏ་སུ་ཁ་མ་ཧྭ་ཡོ་ག་ཧུ༷། ཙིསྟ་ཧུ༷། ཨོ་ཨུ༷༷ཧུ༷།ཨསྙོ་སྦྱ་དེ་ཥ་ར་ཏི་ས་མ་ཡ་སྟུ༷། རྡོ་རྗེ་བདུད་རྩིའི་སྔགས་སོ། །ཨོ་ཨུ༷༷ཧུ༷། བི་རོ་ཙ་ན་མོ་ཧ་ར་ཏི་ས་མ་ཡ་སྟུ༷། མ་ཧྭ་ཡོ་ག་ཨ་དྷི་བ་ཏ་ན། བ་ལི་ཏ་ཨ་མྲི་ཏེ་།སྣྲོ་སྟ་ཨ་དྷི་ཏིཇི་སྟ༷། ཨོ། །བདུད་རྩི་འཁོར་ལོའི་སྔགས་སོ། །ཨོ་ཨུ༷༷ཧུ༷་མ་ཧྭ་ས་མ་ཡ་མ་ཧྭ་ཨ་མྲི་ཏ། རོ་ཧོ་ཧ༷་རཏྣ་ར་ཏི་ས་མ་ཡ་སྟུ༷། རིན་ཆེན་བདུད་རྩིའི་སྔགས་སོ། །ཨོ་ཨུ༷༷ཧུ༷་སརྦ་པ྅་ཨ་མྲི་ཏ། ར་སྭ་ཡ་ན་ཏ་ན་ཛ་ཡ། གུ་༷རྒྱ་སིརྙི་ཧུ༷རྒི་ ༷༷ཐ། གསང་བའི་སྔགས་ཐམས་ཅད་དོ། །ཨཱོཾ༷་བཛྲ་ཨ་མྲི་ཏ་ཧུ༷་རྙི༷༷ཐ། ༷རྒྱལ་བ་ཐམས་ཅད་སྤྱིའི་སྔགས་སོ། །ཨཱོཾ་ཨུ་མྲི་ཏ་ཛ་གད་པྲ་བེ་ཤ་སྲུ་ཧྭ། ཛ་གད་ཐམས་ཅད་སྤྱིའི་བྱིན་གྱིས་རློབས་པའི་སྔགས་སོ། །ཨཱོཾ་ཀྲོ་རྙི་ཤྭ་རྡི་་་་དྷ་ཡ། འོ་མ་སེམས་ཅན་ཐམས་ཅད་ཀྱི་སྐྱོབས་ཀྱི་སྔགས་སོ། །ཨཱོཾ་ཨུ༷༷ཧུ༷་སརྦ་པརྩི་ཨ་མྲི་ཏ་རཏྣ་ཙིསྟ་ཙིསྟ་ཧུ༷་སྙི༷༷ཐ། གསེར་ལ་སོགས་པ་སྦྱང་བའི་སྔགས་སོ། །ཨཱོཾ་ཏེ་ན་ཧུ༷་ཨཱོཾ་ཏེ་ན་ཧུ༷། ཏེ་ཏེ་ཧུ༷། བི་དྷ་ན་ཀྲོ་དྷི་ཤྭ་རྡི་ས་མ་ཡ་ཧུ༷། གོན་ནན་ལ་སྦྲེལ་བའི་སྔགས་སོ།༷།ཨཱོཾ༷་ཛ་བྷ་གྲྭ་ཧྭ། །ཆང་གི་སྔགས་ལྷག་མ་དང་བཅས་པའོ། །ཨཱོཾ༷་ཀྲོ་དྷི་ཤཱ་རྡི་ཤོ་དྷ་ཡ། མུ་མ་ཀིས་སྦྱང་བའི་སྔགས་སོ། །ཨཱོཾ༷་སརྦ་པ྅་ཨ་མྲི་ཏ་བཛྲ་ཙིསྟ་ས་མ་ཡ་ཧུ༷། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་སྙིང་པོ༷འོ། །ཨཱོཾ་ཨ་མྲི་ཏ་ཧ་ན་ཧ་ན། མཁ༷ འ་དབྱིངས་རྣམ་པར་དག་པའི་སྔགས་ཛོ། །ཨཱོཾ༷་ཨ་མྲི་ཏ་ཤུརྗེ་ཤོ་དྷ་ཡ་ཙ་ཀ་ལན་བྷསྟོ་བྷརྙ། རྟོག་པ་ངན་པ་བཙག་པའི་སྔགས་སོ། །མུ་ས་ལ་མུ་ས་ལ། ཀུན་སྤྱོད་པའི་སྔགས་སོ། །ཨཱོཾ་ཨ་མྲི་ཏ་སརྦ་མ་ཧྭ་ཡོ་ག་ཧུ༷། ཨཱོཾ་བཛྲ་ས་མ་ཡ་ཧུ༷། །ཨཱོཾ༷་མ་ཧྭ་སརྦ་པ྅་ཨ་མྲི་ཏ་མ་ཧྭ་སུ་ཁ་ཉི༷༷། སརྦ་ཨེ་ཧོ་ཤུརྗེ་ཨཱོཾ༷་ཀྲོ་ རྙི་ཤྭ་རྡི་སརྦ་ཤོ་དྷ་ཡ། ཨོ་ཨུ༷༷ཧུ༷་བཛྲ་ཨ་མྲི་ཏ་ཧུ༷་སྙི༷༷ཐ། ཞི་བ་སྤྱིའི་སྔགས་སོ། །ཨོ་ཨུ༷༷ཧུ༷་བཛྲ་ཨ་སྤོ་ཏ་ཧུ༷་སྙི༷༷ཐ། ཕྱེ་མ་ཁྲོ་བོས་སྦྱང་བའི་སྔགས་སོ། །ཨོ་ཨུ༷༷ཧུ༷་སརྦ་པརྩི་ཨམྲི་ཏ་ཀུན་ཌ་ལི་ཧུ༷་དྷི༷༷ཐ། ཡེ་ཤེས་མཁའ་ལ་བསྐྱིལ་བའི་སྔགས་སོ། །ཨོ་ཨུ༷༷ཧུ༷་མེ་པྲ་བེ་ཤ་ཡ་ཕེ་ཕོ་ཧུ༷་སྙི༷༷ཐ། མུ་ཏིག་དཀར་པོ་དྲི་མ༷་མེད་པའི་སྔགས་གང་གྭ་ཀླུང་གི་ཆུ་བོ་བཞིན་དུ་འབབས་སོ། །ཞེས།་སྐུ་གསུང་ཐུགས་རྗེ་ལས་ཕྱུང་ངོ་། །ཡང་གསང་ཐུགས་ལས་ཕྱུང་ངོ་། །བསྙེན་པའི་རྟགས་ནི་བྱུང་བ་དང་། གྲུབ་པ་པོ་ཡིས་དངོས་གྲུབ་བླང་། །ཨཱོཾ་མ་ཧྭ་ཤི་ཧེ་རུ་ཀ་ཨ་ཧོ་སུ་ཁ་དྷརྨ་ཀྭ་ཡ་ནི། ཨམྲི་ཏེ་སིརྙི་ཧུ༷་ཧི༷༷ཐ། །དེ་ནས་དངོས་གྲུབ་བླང་བར་བྱ། །དེ་ཡིས་གཉིས་མེད་དོན་དམ་མཐོང་། །ཚེ་ཡི་རིག་འཛིན་སྨོས་ཅི་དགོས། །སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ། །དེ་ཡིས་ཡེ་ཤེས་ཆེན་པོ་མཐོང་། །སེམས་དཔའ་ཡིད་དང་རྣམ་པར་ཤེས། །ཐོས་བསམ་བསྒོམ་ལ་རག་ལས་པས། །གླེགས་བམ་མཐོང་བས་ཤེས་སྙམ་བླུན། །དེ་བས་ནན་ཏན་བྱ་བར་ཤེས། །རི་བོང་ཅན་ཡང་གསལ་བྱའི་ཕྱིར། །ཤེས་པ་ཉེ་ལྟར་གསལ་བར་བལྟ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། རིག་པའི་རྒྱལ་པོ་དང་དེ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་གནས་ཀྱི་དབྱིབས་བརྟགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ཡང་དག་པར་གསུངས་སོ། །སྣང་བ་ཡེ་ཤེས་གསུམ་གྱིས་བསྲེག །ཟུང་དུ་འཇུག་པས་ཡེ་ཤེས་མཐོང་། །ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་དུ། །ས་གཞི་ཡོངས་སུ་བརྟག་བྱས་ལ། །དེ་བཞིན་ཆོ་ག་ལེགས་པར་བྱ། །ས་ཡི་རོ་རྣམས་མེད་པ་དང་། །ལས་དང་བྱ་བས་གནས་ཁང་བརྩིག །ལེགས་པར་ཞལ་གྱིས་ཕྱིན་པ་དང་། །རྣམ་པ་སྣ་ཚོགས་དྲི་ཡིས་བྱུག །དེ་ནས་དབང་བསྐུར་གནང་བའི་ཡུལ། །རྣལ་འབྱོར་མི་མང་མི་ཉུང་བསོག །ཡོ་བྱེད་རྫས་རྣམས་འཚོགས་པར་བྱ། །དེ་ནས་དམ་སྲིའི་ལས་བྱས་ཏེ། །སྔོན་དུ་སྤྱིན་པ་རྒྱ་ཆེར་བཏང་། །དེ་ནས་འབྱུང་པོ་ཐམས་ཅད་བསྐྲད། །ཕྱོགས་སྐྱོང་དག་ལ་སྤྱིན་གཏོར་གཏང་། །བརྔན་པ་བསྐངས་ནས་ཕྱི་མཚམས་བཅད། །དམ་པ་རྣམས་ཀྱིས་དམ་སྲི་མནན། །དཀྱིལ་འཁོར་གྲུ་བཞི་ལམ་པ་ལ། །ཁྲུ་བཞིའི་ཚད་ལ་ཁྲུ་གང་དཔངས། །སྤོས་དང་ག་པུར་འོ་མ་དང་། །དྲི་སྣ་ལྔ་ཡིས་ཆག་ཆག་གདབ། །རཀྟའི་ཐིག་ལེ་ལྔ་བྱས་ལ། །སྟེང་དུ་བདུད་རྩི་རྣམ་པ་ལྔ། །སོ་སོའི་རིགས་དང་མཐུན་པར་གཞག །དེ་ལ་བཤད་པའི་ཆོ་ག་བྱ། །དེ་ནས་མཎྜལ་སྐྱང་ནུལ་བྱ། །མ་ཏྲང་ཁོག་པ་ཁ་ཕྱེས་ལ། །གཞལ་ཡས་ཁང་དུ་བྱིན་གྱིས་བརླབ། །ཐིག་རྣམས་ལེགས་པར་བཏབ་པ་དང་། །འཁོར་ལོ་རྩིབས་བཞི་ཁྱམས་དང་ལྡན། །དེ་བཞིན་སྒོ་དང་ལྕགས་རི་ལ། །ལྷ་རྣམས་ལེགས་པར་ཚད་དང་ལྡན། ཁྲར་དུ་ཚོགས་པའི་དཀྱིལ་འཁོར་ཏེ། །མེ་ལོང་ལྷ་བུའི་ཡེ་ཤེས་ཡིན །ལྷོ་རུ་བསྡུ་བའི་དཀྱིལ་འཁོར་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ནུབ་ཏུ་སྦྱོར་བའི་དཀྱིལ་འཁོར་ཏེ། །སོ་སོར་རྟོགས་པའི་ཡེ་ཤེས་ཡིན། །བྱང་དུ་སྒྲོལ་བའི་དཀྱིལ་འཁོར་ཏེ། །བྱ་བ་ནན་ཏན་ཡེ་ཤེས་ཡིན། །དེ་ལྟར་དབུས་དང་ཡེ་ཤེས་ལྔ། །ཞི་བའི་དཀྱིལ་འཁོར་མངོན་སངས་རྒྱས། །དབུས་ནས་བརྩམ་སྟེ་ལྷ་རྣམས་ཀྱིས། །སྙིང་པོ་ཕྱག་རྒྱ་གང་ཡང་རུང་། །དབུས་སུ་རིན་ཆེན་ཁྲི་བཙུག་སྟེ། །སྨན་གྱི་ཕོ་བྲང་སྐྲུང་སྟེ་བཞག །རྒྱལ་པོ་ལ་སོགས་མདུན་མདུན་དུ། །སྨན་གྱི་རིག་འཛིན་བསྐང་བའི་ཕྱིར། །བཟེད་ཕོར་རེ་དང་ཨསྙེ་རེ། །དེ་བཞིན་ཕྱོགས་བཞིར་བཀྲམ་པར་བྱ། །མཆོད་པ་དུས་དྲུགདེབཞིནབྱ། །ཕྱིནང་སྣོད་བཅུད་རྣམ་པར་དག ཁུ་རྒྱ་ཏྭ་ཡི་སྔགས་བརྗོད་ལས། །ཡང་དག་ས་ལ་ངེས་ཕྱིན་ཏེ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་གསལ། །དེ་ནས་རྒྱས་པར་མི་ཤེས་པས། །ཚད་མེད་བཞི་ཡིས་མངོན་ཕྱུང་སྟེ། །ཀུན་ལ་ཁྱབ་པར་སྣང་བས་ན། །ཀུན་ཏུ་སྣང་བའི་ཏིང་འཛིན་གསལ། །དེ་ལས་རྒྱུ་ཡི་ས་བོན་ཏེ། ཁྲེན་ཏུ་དཀར་ཞིང་འོད་འཕྲོས་པས། །དེ་ལས་བསྐྱེད་པའི་ཨ་དཀར་པོ། །དེ་ལས་ཐམས་ཅད་བསྐྱེད་པའི་ཕྱིར། ཁུ་ཡི་ས་བོན་ངེས་པར་འབྱུང་། །འབྱུང་བ་ལྔ་དང་གཞལ་ཡས་ཁང། །རིམ་པ་བཞིན་དུ་དེ་ལས་འབྱུང་། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྩ་བའི་དཀྱིལ་འཁོར་དེ་བཞིན་ཏེ། །རྒྱལ་བ་ཐམས་ཅད་བསྐྱེད་པའོ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དབྱིངས་ཀྱི་དཀྱིལ་འ༷ཁོར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཞི་བ་རྩ་བའི་མཎྜལ། །རིས་པའི་རྒྱལ་པོ་འདི་གསུངས་སོ། །ཡང་དག་པར་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཧུ༷་བཛྲ་དྷིཀ །མུ་དྷ་ཏི་ཤྭ་རི། ཨཱོཾ་ཛི་ན་ཛིཀ །ལྭ༷་དེ་ཥ་ར་ཏི། གྲྭ་རརྙལྷོཀ །སྨྱུ༷་མོ་ཧ་ར་ཏི། །ཨུ༷་ཨུ་རོ་ལིཀ །བཱ༷་རྭ་ག་ར་ཏི། ཧ་པྲ་རྙོ་དྷིཀ །ཏྭ༷་བཛྲ་ར་ཏི །སྟོ་ཧི་རྭ་ཛུ་ཡ། ཧུ༷་ལྭ་པྱེ་ས་མ་ཡ་སྟུ༷། ཏྲ༷་ཨུ་གསྟེ་ཡ། ཏྲ༷་ནཱ་ལེ་ས་མ་ཡ་ཧོ། །ཧྲི༷་ཧ་ཧུ༷་པདྨ་བཱ་ད་མ།སྙི༷་གིརྟི་རྭ་གོ྅་ཧ༷། ཛི་ཀུ་རུ་བཱ་ཎ། ཨ༷་ནིརྟི་རྭ་ག་ལྭ་མི། མི་དྷ་རྭ་ཡ་སྲུ་ཧྭ། ཛ༷༷སྤྱི་པེ་པྲ་ཝེ་ཤ །སྙི་ནིསྒ་ར༷་བྷ་ཡ་གྲྭ་ཧྭ། ཧུ༷་པྲསྤྲོ་ཨ་བེ་༄༅། ་་ཡ། ཧུ༷་ས་རྭ་ཛུ་༷ཡ་གྲྭ་ཧྭ། བ༷་དི་པ་སུ་གི་རི། མུ༷་ཤི་ཨ༷་རྭ་ག་ཡ་གྲྭ་ཧྭ། ཧོ་བྷརྙེ་ཙིསྟ། ཧྭ༷་ཧུ༷་ཧུ༷་བཛྲ་ཙིསྟ་ཨཱོཾ༷། །ཨ་ཨ་ཨ་བཛྲ་བྷ་དྲ་ས་མརྙ་ཨོ།༷ཨོ་མུ་ནེ་ཀྲི་གྲྭ་ཧྭ། ཨོ་མུ་ནེ་ཧྲུ༷་གྲྭ་ཧྭ།ཨཱོཾ༷་མུ་ནེ་སྲུ༷་གྲྭ་ཧྭ། ཨཱོཾ༷་མུ་ནེ་པྲེ་སྐྲུ་ཧྭ། ཨཱོཾ་མུ་ནེ་ཀྟ༷་གྲྭ་ཧྭ། ཨཱོཾ་མུ་ནེ་ཡེ་གྲྭ་ཧྭ། ཧུ༷་ཡ་མྱན་ཏ་ཀྲིཏ་ཕཊ། ཨཱོཾ༷་མ་ཧྭ་༷བཛྲ་དྷ་ར་མ་ཧྭ་ཀྲོ་ཧཱུཾ་ཤྭ་སྡུ་ཛ་ལ་ནི་ཧུ༷་ཕཊ། ཧུ༷་བིཀྟ༷་ནཱན་ཏ་ཀྲིཏ་ཕཊ། ཨཱོཾ་རཏྣ་དྷ་ར་མ་ཧྭ་ཀྲོ་ཏི་ཤཱ་རྡི་ཛ་ལ་ནི་ཧུ༷་ཕཊ། ཨོ་པདྨརྙ་ཀྲིཏ་ཕཊ། ཨཱོཾ་མ་ཧྭ་པདྨ་དྷ་ར་མ་ཧྭ་ཀྲོ་ཏི་ཤྭ་རྡི་ཛ་ལ་ནི་ཧུ༷་ཕཊ། ཧུ༷་པྲ་ཙྭརྙ་ཀྲི་ཏ་ཕཊ། ཨཱོཾ་ཀརྨ་དྷ་ར་མ་ཧྭ་ཀྲོ་ཏི་ཤྭ་རྡི་ཛ་ལ་ནི་ཧུ༷་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རིག་པའོ། །དེ་ནས་ཡང་ཕྱག་མཚན་བཀའ་སྩལ་ཏོ། །དེ་དག་རྣམས་ཀྱི་ཕྱག་རྒྱ་ནི། །འདེབས་པའི་ཕྱིར་ན་ཕྱག་རྒྱ་ཆེ། །རྒྱུ་ལ་འབྲས་བུས་རྒྱས་འདེབས་པས། །དེ་ཁོ་ན་ཉིད་ལས་སྐུ་བསྐྱེད་དོ། །ཕྱག་རྒྱ་ལས་ནི་སྐུ་རུ་གསལ། །དེ་ཕྱིར་རྡོ་རྗེ་དྲིལ་བུ་དང་། །འཁོར་ལོ་དང་ནི་དྲིལ་བུ་དང་། །རིན་པོ་ཆེ་དང་དྲིལ་བུ་དང་། །པདྨ་དང་ནི་དྲིལ་བུ་དང་། །རལ་གྲི་དང་ནི་དྲིལ་བུ་དང་། །གཞན་ཡང་རིན་པོ་ཆེ་དང་མྱུ་གུ་དང་། །མེ་ལོང་རལ་གྲི་ཕྲེང་བ་པདྨ་དཀར་པོ་དང་། །ཀླུ་ཤིང་སྤོས་མེད་རྡོ་རྗེ་དང་། །གར་གྱི་ལག་པ་ཆོས་ཀྱི་འཁོར་ལོ་མེ་ཏོག །རིན་པོ་ཆེ་ཡི་སྙེ་མ་དང། །མར་མེ་ཨུཏུལ་དྲི་ཆབ་བོ། །དེ་དངདེ་དག་ཐམས་ཅད་ནི་བསྐྱེད་པའི་ཕྱག་རྒྱའོ། །གཉིས་པ་མཉམ་པར་གཞག་པའི་ཕྱག་རྒྱ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། མཆོད་པའི་སྔགས་སྦྱོར་བའི་ཚིག་གོ །དེ་ལས་གསལ་བའི་བྱང་ཆུབ་སེམས། །ཡང་དག་པར་ནི་བྱང་ཆུབ་སེམས། །བྱ༷ང་ཆུབ་སེམས་ལས་ཡེ་ཤེས་གསལ། །དེ་ལས་ཧུ༷་ཧུ༷༷་ཧུ༷་སེམས་ཀྱིས་ཞུ། །ཨཱོཾ༷་བཛྲ་ཀྲོ་ཏ་བི་ཛ་ཡ་ཧུ༷། ཧ་ན་ཧ་ན་ཧུ༷་ཕཊ། ཨཱོཾ༷་བཛྲ་ཀྲོ་ཏ་ནི་ལ་དནྟྲ་ཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨཱོཾ༷་བཛྲ་ཀྲོ་ཏ་ཡ་མྱརྙ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཨུརུ་ཨ་ཙ་ལ་ཧུ༷། བྷསྟོ་བྷནྟྲ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་སྣྲི་ཝ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨཱོཾ༷་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧུ༷། ཏིཛི་ཏིཁྱི་ཧུ༷་ཕཊ། ཨཱོཾ༷་བཛྲ་ཀྲོ་ཏ་ཧུ༷་ཀྭ་ར་ཧཱུཾ། གརྫ་གརྫ་ཧུ༷་ཕཊ། ཨོ༷་བཛྲ་ཀྲོ་ཏ་མ་ཧྭ་བ་ལ་ཧུ༷། སྤྲོ༷ ་ཊ་སྤྲོ་ཊ་ཧུ༷་ཕཊ། ཏ་ཀྲིཏ་ཆེན་པོ་བརྒྱད་དུ་གསལ་ལོ། །དེ་ནས་ཡང་འདི་དག་ཐུགས་ལས་ཕྱུང་ངོ་། །ཨཱོཾ༷་བྲདྷི་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨཱོཾ༷་རཏྣ་ཤི་ཧེ་ར་ཀ་ཧུ༷་ཕཊ། ཨཱོཾ༷་པདྨ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨཱོཾ་ཀརྨ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨཱོཾ་བཛྲ་ཤི་ཧེ་རུ་ཀ་ཧུ༷་ཕཊ། བྱོལ་སོང་གི་གཙོ་བོ་བརྒྱད་མནན་པའོ། །སྐུ་དང་ཡེ་ཤེས་གསལ་བ་ལས། །ཏ་ཀྲིཏ་བརྒྱད་དང་རིགས་ཀྱི་གཙོ། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །དེ་སྟེང་རིགས་བཞི་ཧེ་རུ་ཀ །དཔལ་ནི་ཁྲག་འཐུང་ཆེན་པོ་དང་། །རིན་པོ་ཆེ་པདྨ་དང་། །ལས་སུ་གྱུར་ཏེ་ཁྲོ་རྒྱལ་བཞི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་མནན། །དེ་སྟེང་བཛྲ་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞི་ཡིས། །རིགས་བཞི་ཁྲག་འཐུང་དབུ་རྣམས་མནན། །དེ་སྟེང་ཁྲོ་མོ་གནམ་ཞལ་མ། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་སྟེ། །ཞབས་བརྒྱད་རྡོ་རྗེ་ཁྲག་འཐུང་མནན། །དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །ཁྲོ་མོ་སྨིན་མཚམས་ཞབས་ཀྱིས་བརྫིས། །ཡེ་ཤེས་སེམས་དཔའ་ཡབ་ཡུམ་གསལ། །ཞེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །དེ་ནས་བྱིན་རླབས་དབང་བསྐུར་ཏེ། །ཡེ་ཤེས་ལྔ་རུ་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་དབང་ཐོབ་པའོ། །དེ་ཡིས་གཉིས་མེད་ཡེ་ཤེས་མཐོང་། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། རིགས་དང་སྔགས་དང་དཀྱིལ་འཁོར་གསལ་བར་བསྐྱེད་པའི་རིམ་པ་སྟེ་ལེའུ་བཅུ་དྲུག་པའོ།། །།དེ་ནས་ཡང་དོན་ཐབས་མ་ནོར་བ་འདི་ལྟ་བུ་གསུངས་སོ། །ཡེ་ཤེས་ཀློང་གི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་བཞུགས་ནས། ཧུ༷་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །སྔོན་གྱི་དམ་ཚིག་ཆེན་པོ་ཡིས། ཁྲག་འཐུང་འཁོར་རྦཅས་གཤེགས་སུ་གསོལ། །འཆི་མེད་བདུད་རྩིའི་དཀྱིལ་འཁོར་ནས། །དཔལ་འབར་ཆེ་མཆོག་ཧེ་རུ་ཀ །རྒོད་དང་གཤེ་དང་ཟ་བྱེད་པ། །འཇིགས་པའི་ཚུལ་གྱིས་གཤེགས་སུ་གསོལ། །ཨེ་མ་ཧོ་ཆེ་མཆོག་ཧེ་རུ་ཀ །ཆོས་ཀུན་སྐུ་ལ་རྫོགས་པ་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཆོས་ཉིད་མཁའ་ལ་ལོངས་སྤྱོད་རྫོགས་པའི་སྐུ། །དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟ་བུའི་གཟུགས། །ཆུ་རླབས་ལྟ་བུར་བརྗིད་པའི་ཞལ་གདངས་ཤིང་། །ཉི་མ་བུམ་གྱི་འོད་ཟེར་བརྡལ་བ་བཞིན། །ཐེག་ཆེན་དགུ་དང་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་བཀོད་ནས་རྫོགས་པའི་སྐུ། །སྐུ་གསུམ་ལྷུན་གྲུབ་ཆོས་སྐུ་འོད་སྟོང་འབར། །དབུ་སྐྲ་ཁམ་ནག་རལ་པའི་ཅོད་པན་ཅན། །ཀླུ་རྒྱལ་འབུམ་གྱིས་བཀླུབས་ཤིང་མཆོད་པ་འབུལ། །རྡོ་རྗེའི་གསུང་གིས་ལྗགས་སྒྲ་བརྡབ་པས་ཀྱང་། །ཧཱུཾ༷་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྒྲོགས། །ཐེག་ཆེན་དོན་དམ་གསང་སྔགས་སྒྲོག་པའི་ཚེ། །འབར་བའི་སྨིན་མ་མུན་རུབ་གློག་ལྟར་འཁྱུག །སྤྱན་དམར་བཟློག་པས་སྡང་མིག་ཉི་ལྟར་འབར། །འབར་བའི་ཤངས་ནས་བསྐལ་པའི་འཚུབས་ནག་འཁྱིལ། །རྡོ་རྗེའི་ཐོག་དང་གནམ་ལྕགས་སེར་ཆེན་འབེབས། །རྣོ་དབལ་མཆེ་བ་ཟང་ཡག་གཙིགས་པ་ནི། །ཉོན་མོངས་ལོག་ལྟའི་ཚོགས་ལ་རྔམས་ཤིང་འཁྲུགས། །ཐོད་རུས་ཤ་དང་རྐང་རུས་འབུ་དང་རྣག །ཟ་བྱེད་རྔམ་པའི་ཞལ་དུ་ཆེམ་ཆེམ་གསོལ། །སྦྲུལ་གདུག་ཀོ་རློན་ལ་སོགས་གདུག་པའི་རྒྱན། །རྔམ་པའི་སྐུ་ལ་ཤིན་ཏུ་བརྗིད་པར་བརྒྱན། །ཟ་བྱེད་རྔམས་དང་འཇིགས་བྱེད་མང་པོའི་ཚོགས། །འབར་བའི་ཕྱག་མཚན་སྤྲུལ་པ་ཕོ་ཉར་མཛད། །འབར་བ་ཀུན་དངཐར་བའི་ཆོས་རྣམས་ནི། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་ཅིང་རོལ། །འགྲན་གྱི་ཟླ་མེད་ཆེ་བཙན་ཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། སྤྱན་དྲངས་པའི་ཐབས་དང་སྟོད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དཔའ་བོ་གཅིག་ཚུགས་ཀྱི་སྒྲུབ་པ་ཡང་དག་པར་གསུངས་སོ། །དཔའ་བོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །དུས་གསུམ་བཞུགས་པའི་བཅོམ་ལྡན་འདས། ཁམས་གསུམ་སྒྲོལ་བའི་བཅོམ་ལྡན་འདས། །དུག་གསུམ་འཇོམས་པའི་བཅོམ་ལྡན་འདས། །སྐུ་གསུང་ལྷུན་གྲུབ་བཅོམ་ལྡན་འདས། །མཉམ་ཉིད་གཏེར་ལྡན་བཅོམ་ལྡན་འདས། །མགོན་པོ་ཀུན་ལ་ཕྱག་འཚལ་ལོ། །མགོན་པོ་ཀུན་ལ་སྐྱབས་པའི་ཆོས། །ཀུན་གྱི་སྣང་བའི་དམ་ཆོས་འདི། །ང་དང་ང་ཡིས་བསྟན་པས་བཤད། །སེམས་དཔའ་ཡང་དག་ཐུགས་ལ་སེམས། །ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་དཀྱིལ་འཁོར་རྫོགས་པའི་ཕྱིར། །སོར་བཞི་པ་ཡི་དཀྱིལ་འཁོར་ལ། །ག་པུར་ཙསྡོན་ཆག་ཆག་གདབ། །དྲི་སྣ་ལྔ་ཡི་ཐིག་ལེ་བྱ། །དེ་རུ་དུང་གི་སྣོད་བཞག་སྟེ། །ནང་དུ་བཙོད་ཀྱི་འོ་མ་དང་། །དཔའ་བོ་གཅིག་ཚུགས་གཞག་པར་བྱ། །ཨོ་ཨུ་མྲི་ཏ་ར་སྭ་ཡ་ན་ཨུ༷༷ཧུ༷་སྙི༷༷ཐ། ཞེས་པས་སྦྱང་། བྱེ་བ་ས་ཡ་སོང་བ་དང་། །སྐྱ་རེངས་ཤར་བའི་ཚེ་ན་བཟའ། །དེ་ལྟར་དངོས་གྲུབ་རབ་བླངས་ལ། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐུབ། །དེ་ལྟར་ཅི་བདེར་ཟོས་ན་ནི། །ཚེ་ཡི་རིག་འཛིན་ཐོབ་པར་ངེས། །ཤིན་ཏུ་བདེ་བའི་ལུས་ཐོབ་ནས། །རི་རབ་ཁོང་སེང་ལམ་བྱས་ཏེ། །དགའ་ལྡན་རྣམས་ཀྱི་བུ་མོ་སྤྱོད། །ཆགས་པ་བདེ་བའི་ཉམས་མྱོང་ནས། །རྣམ་པར་མི་རྟོག་ས་ལ་གནས། །ས་གནས་ཡེ་ཤེས་སྐྱེ་འགྱུར་ནས། །རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། །བདུད་རྩིའི་རྒྱལ་པོ་དེ་འགྱུར་རོ། །དེ་ལ་གཤེགས་པར་ཏུལ་མི་མངའ། །རྣམ་པར་མི་རྟོག་ས་ཐོབ་ནས། །འགྲོ་བའི་དོན་ལ་གཤེགས་པར་བྱ། །ས་ཡ་འབུམ་པ་དེས་གསུངས་འགྱུར། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དཔའ་བོ་གཅིག་ཚུགས་བསྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་ཕན་གདགས་པའི་ཐབས་དོན་མ་ནོར་བ་འདི་གསུངས་སོ། །བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གནས་པ་ལ། རྡོ་རྗེ་ཆོས་ཀྱིས་འདི་སྐད་ཞུས་པ། །ཀྱེ་རྒྱལ་བ་རྒྱལ་བ་ཐུགས་ལ་མངའ། །རྒྱལ་བ་རྒྱལ་བ་དོན་ལ་མངའ། །ཐུགས་རྗེ་མྱ་ངན་འདས་འོག་ཏུ། །མྱ་ངན་མི་འདའ་ཐུགས་རྗེའི་ངང་། །མཐའ་ཡས་སེམས་ཅན་ཐམས་ཅད་ལ། །ན་བ་དང་ནི་ཚ་བ་དང་། །སྐོམ་པ་དང་ནི་བཀྲེས་པ་དང་། །དེ་བཞིན་སྡུག་དང་བསྔལ་བ་དང་ ། །སྐྱེ་བ་དང་ནི་རྒ་བ་དང་། །བར་མ་དོ་ཡིས་སེམས་ཅན་འབྱུང་། །གཟུ་བོ་ཆེན་པོ་གཟུ་མཛོད་ལ། །འཚོ་བྱེད་སྨན་པས་སྨན་གྱིས་གསོས། ཞེས་གསོལ་པས། དེ་ལ་བཅོམ་ལྡན་འདས་བདེ་བ་ཆེན་པོ་དེ་ཐུགས་ཀྱི་དཀྱིལ་འཁོར་ནས་བཞེངས་ཏེ་ཡོངས་སུ་གསུངས་པ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ། །གཟུ་བོར་སྐུལ་བ་རྡོ་རྗེ་ཆོས། །སྨན་པར་སྐུལ་བ་རྡོ་རྗེ་ཆོས། །ལེགས་པར་ཞུས་པ་ལན་གྱི་མཆོག །ང་ཡི་ཡིད་ལས་བྱུང་བ་འདི། །ཉོན་ཅིག་ཉོན་ཅིག་རྡོ་རྗེ་ཆོས། །སྡུག་བསྔལ་དག་གི་མཚན་ཉིད་ནི། །ཅི་ལྟར་རྣ་བར་ཆུ་སོང་བ། །ཆུ་གཞན་དག་གིས་འབྱིན་བྱེད་པ། །ཅི་ལྟར་ཆུ་ཡིས་ཚིག་པ་ལ། །ཆུ་གཞན་དག་གིས་བགྲང་བར་བྱ། །ཇི་ལྟར་ཆུ་ཡིས་འབྱགས་པ་ལ། །ཆུ་གཞན་དག་གིས་བགྲང་བར་བྱ། །ཇི་ལྟར་ཆུ་ཡིས་ཟ་བ་ལ། །ཆུ་གཞན་དག་གིས་དབྱུང་བར་བྱ། །ཅི་ལྟར་མེ་ཡིས་ཚིག་པ་ལ། །མེ་གཞན་དག་གིས་འགྲོ་བར་བྱ། །ཅི་ལྟར་མེ་ཡིས་གདུངས་པ་ལ། །མེ་གཞན་དག་གིས་དབྱུང་བར་བྱ། །མེ་ཡིས་མི་བཏང་མེ་ཡིས་བསྐམ། །མེ་ལ་མེ་བཏང་མེ་ཡིས་བསྲེག །ཅེས་གསུངས་སོ། །དེ་ནས་ཡང་འདི་གསུངས་སོ། །ནད་པ་དག་ལ་ན་བ་གཅེས། །ཚ་བ་དག་ལ་ཚ་བ་གཅེས། །སྐོམ་པ་དག་ལ་སྐོམ་པ་གཅེས། །བཀྲེས་པ་དག་ལ་བཀྲེས་པ་གཅེས། །སྡུག་པ་དག་ལ་བསྔལ་བ་གཅེས། །བསྔལ་བ་དག་ལ་སྡུག་པ་གཅེས། །སྐྱེ་བ་དག་ལ་རྒས་པ་གཅེས། །རྒས་པ་དག་ལ་སྐྱེ་བ་གཅེས། །དཔེ་ནི་རྒྱལ་པོ་མེ་བཞིན་ནོ། །དེ་ནས་ཡང་འདི་གསུངས་སོ། །སྟག་མོ་སྡིག་པའི་སྦྱོར་བ་ཡིས། །ཨསྣི་ལས་རྣམས་ཐེ་ཚོམ་མེད། །རྣལ་འབྱོརམཆེདཔགང་དག་གིས། ཁེ་བའི་རོ་ལ་དེ་བྱས་ན། །བ་སྤྲང་དག་གི་རྒྱལ་ཁམས་བསྲེག །དཔེར་ན་སྟག་མོའི་མེ་བཞིན་ནོ། །དེ་ནས་ཡང་འདི་གསུངས་སོ། །མདོར་ན་ཆོས་རྣམས་ཐམས་ཅད་ནི། །བྱིས་པའི་རྩེད་མོ་ཅི་བཞིན་ཏེ། །བྲག་ཆ་དག་ལ་བྱིས་པ་ལྟར། །དེ་བཞིན་སྒྱུ་མའི་ཆོས་རྣམས་ནི། །བརྟག་ན་དངོས་པོ་གང་ཡང་མེད། །གཉིད་ལོག་རང་ལ་དབང་བྱས་ན། །རྒས་པོ་མ་ནིང་བྱིས་པ་དང་། །དེ་བཞིན་དགེ་སློང་ཤེས་རབ་དབང། །དཔེར་ན་དགེ་སློང་ཀླུ་བཞིན་ནོ། །དེ་ནས་ཡང་འདི་གསུངས་སོ། །རྣལ་འབྱོར་ཐམས་ཅད་སྒོམ་པ་ལས། །ཆོས་སྐུ་གཅིག་ལ་ཐ་དད་པ། །ས་དང་ལམ་གྱི་རིམ་པ་ཡི། །ཉི་རིང་འཚོ་མཐའི་གྲུ་བཞིན་ནོ། །དཔེར་ན་དངུལ་ཆུའིགསེར་ཚོལ་འདྲ། །དེ་ནས་ཡང་འདི་གསུངས་སོ། །ལུས་དང་ངག་དང་སེམས་དང་གསུམ། །མདུང་ཁྱིམས་བཞིན་དུ་ཡོངས་སུ་བསྟན། །གཅིག་འགྱེལ་གཉིས་འགྱེལ་གཅིག་མི་སྲོང་། །ལུས་ངག་ཡིད་གསུམ་འདམ་བུ་འདྲ། །དཔེ་ནི་སློབ་དཔོན་སློབམ་བཞིན། །གཅིག་གིས་སྡིག་བྱས་མཉམ་པོར་བསྲེག །དེ་ནས་ཡང་འདི་གསུངས་སོ། །ལྟ་བསྤྱོད་པ་དམ་ཚིག་གསུམ། །གཅིག་ལ་གཅིག་བརྟེན་ཡོངསཀྱིས་ཚད། །གཅིག་མ་ཚང་བར་གཅིག་མི་ཚང་། །གཅིག་གིས་གཅིག་ལ་མ་བརྟེན་ན། །དམངས་དང་རྗེ་དང་རྒྱལ་པོ་འདྲ། །དཔེར་ན་གསེར་གླིང་རྒྱལ་ཁམས་འདྲ། །དེ་ནས་ཡང་འདི་གསུངས་སོ། །སྨན་དང་དྲི་དང་རྩི་དངགསུམ། །གཅིགགིསགཅིག་སྦྱར་བདུད་རྩི་སྟེ། །གཅིག་ལ་གཅིག་བརྟེན་སྨན་གྱི་མཆོག །འདུས་ནས་སྨན་དུ་རབ་སྦྱར་ན། །རྩི་ཡི་མཆོག་ནི་དར་ཡ་ཀན། །དཔེ་ནི་ཁ་ཆེའི་གུར་གུམ་འདྲ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། ཁམས་གསུམ་གྱི་སེམས་ཅན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བསལ་བའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་བརྟག་པའི་རྒྱལ་པོ་ཕྱི་མ་འདི་ཡོངས་སུ་བཤད་དོ། །དེ་ནས་ཡང་དབང་བསྐུར་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ཡོངས་སུ་ཡང་དག་པར་གསུངས་སོ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །དྲི་ཡི་ལྷ་མོ་དྲི་ཆབ་མ། །རྩི་ཡི་ལྷ་མོ་གྲུབ་པ་མོ། ཁེང་གི་ལྷ་མོ་འོད་འཆང་མ། །ལྷ་མོ་ཁྱོད་ལ་སྩལ་བ་ནི། །བྱིས་པ་ལོ་བརྒྱད་གཙང་མ་ཡིས། ཁྲར་ཕྱོགས་དག་ལ་ཁ་བལྟས་ཏེ། །གོ་ཟུ་དཀར་པོ་གོན་ནས་ནི། །དར་དཀར་དག་གིས་ཤམ་ཐབས་བྱ། །ཆུ་གཙང་དག་གིས་བཀྲུས་ནས་ནི། །ལྷ་ཕྱག་ཕོག་གསུམ་བཙལ་ནས་ནི། །སྨན་དང་རྩི་དང་དྲི་གསུམ་བཙལ། །རྡོ་རྗེ་ཆོས་ཀྱིས་ཡང་ཞུས་པ། །སྟོན་པ་བཅོམ་ལྡན་མགོན་པོ་དང་། །སྨན་དང་རྩི་ཡི་ལྷ་མོ་དང་། །ཤིང་དང་ནགས་ཀྱི་ལྷ་མོ་ལ། །བུདྷི་ཡ་ཡིས་ཕྱག་བཙལ་ནས། །བདུད་རྩི་དངོས་ནི་གང་ལ་བགྱི། །བདུད་རྩིའི་ལས་ནི་གང་ལ་བགྱི། །བདུད་རྩིའི་དབྱེ་བ་གང་ལ་བགྱི། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ལྷ་མོ་རྣམས་ཀྱིས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་དང་རྩི་ཡི་ལྷ་མོ་དང་། ཁེང་དང་ནགས་ཀྱི་ལྷ་མོ་དང་། །བསྟན་པ་དང་ནི་སྟོན་པ་དང་། །རང་དང་གཞན་གྱི་སྐྱེ་བོ་དང་། །ད་ལྟ་ང་དང་ང་ཡིས་ལ། །ཞུ་བ་དག་ལ་གནང་བར་བྱ། །ཉན་པ་དག་ལ་སྙན་པར་སྨྲ། །སེམས་དཔའ་དག་ལ་བསམ་གཏན་སྤྱིན། །གཏོང་བ་དག་ལ་སྤྱིན་པ་བསླབ། །ལས་རྣམས་ཀུན་གྱི་སྔོན་རོལ་དུ། །སེམས་བསྐྱེད་པ་ནི་བསྟན་པའི་མཆོག །ང་དང་ང་ཡིས་བསྟན་པ་ལ། ཁྱོད་ཀྱིས་ཞུས་པ་ང་ཡིས་བཤད། །བཤད་པ་ཡང་དག་ཆོས་ཀྱི་མཆོག །བདུད་རྩི་དངོས་ནི་ཆོས་ཉིད་ལགས། །བདུད་རྩིའི་ལས་ནི་ཕྲིན་ལས་ལགས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་དབྱེ་བ་བདེན་པ་གཉིས། །སེམས་བསྐྱེད་སེམས་ཅན་དོན་ལ་སེམས། །གཞན་དོན་བྱེད་དང་རྣམ་གཉིས་སོ། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་ཞུས་པ། །ཨེ་མ་བདུད་རྩིའི་མགོན་པོ་ཁྱོད། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །མཆོད་པ་གང་ཡིན་དགའ་བ་ཡིན །བདུད་རྩིའི་ངེས་དོན་བཤད་དུ་གསོལ། །ཞེས་ཞུས་པ་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ཉོན་ཅིག་རྡོ་རྗེ་ཆོས། །གསང་བ་སྔགས་ཀྱི་དམ་པ་སྟེ། །སྒྱུ་མའི་མཚན་ཉིད་ངེས་པའི་དོན། །སྤྲོས་པའི་མཐའ་རྒྱ་ངེས་པའི་དོན། །ལྷངས་ཀྱིས་རྟོགས་པ་ངེས་པའི་དོན། །བསམ་དུ་མེད་པ་ངེས་པའི་དོན། །བསྒོམ་དུ་མེད་པ་ངེས་པའི་དོན། །བརྗོད་ལས་འདས་པ་ངེས་པའི་དོན། །ཚིག་ལས་འདས་པ་ངེས་པའི་དོན། །སྣང་བ་མེད་པ་ངེས་པའི་དོན། །བཅོས་སུ་མེད་པ་ངེས་པའི་དོན། །ཐིག་ལེ་ཆེན་པོ་ངེས་པའི་དོན། །དབྱིངས་ཀྱི་དབྱིངས་ཉིད་ངེས་པའི་དོན། །མཐོང་བ་མེད་པའི་ངེས་པའི་དོན། ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་ཞུས་པ། །ཨེ་མ་ཧོ་བཅོམ་ལྡན་མགོན་པོ་དཔལ། །རྟེན་གྱི་སངས་རྒྱས་བསྟན་པ་དང་། །ལུང་གིས་སངས་རྒྱས་བསྟན་པ་དང་། །སེམས་ཀྱི་སངས་རྒྱས་བསྟན་པ་དང་། །རང་བཞིན་སངས་རྒྱས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྟེན་གྱི་སངས་རྒྱས་འབྱུང་བ་ཆེ། །ལུང་གི་སངས་རྒྱས་བདེན་པའི་མཆོག །སེམས་ཀྱི་སངས་རྒྱས་ནམ་མཁའ་ཆེ། །རང་བཞིན་སངས་རྒྱས་ཡོངས་ལ་ཁྱབ། །ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་ཆོས་ཀྱི་ཡང་ཞུས། ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །རྟེན་གྱི་སངས་རྒྱས་རྫོགས་པའི་མཆོག །རྒྱུ་བ་རླུད་དང་གནས་པ་རྩ། །དེ་བཞིན་འབབས་པ་བྱང་ཆུབ་སེམས། །དེ་ལ་སོགས་པའི་སངས་རྒྱས་རྣམས། །གང་ལགས་ཅི་ལགས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་སེམས་དཔའ་རྡོ་རྗེ་ཆོས། །འབྱུང་བ་ལྔ་ལ་བརྟེན་པའི་ལུས། །བདུད་རྩི་ལྔ་ཡི་དྭངས་མ་ནི། །རྩ་བ་རླུད་ཉིད་ཡིན་པར་བཤད། །བརྟན་པར་བྱེད་པས་བདུད་རྩིའོ། །དེ་ཉིད་སྣོད་ཀྱི་དྭངས་མ་ཡིན། །དགེ་འཕེལ་མ་དང་རྣམ་རྟེན་དང་། །རྣམ་རྟོག་དང་ནི་ཡོངས་འདུས་སོ། །དེ་ཡི་འབྲས་བུ་བསྟན་པ་ནི། །ག་པུར་མུ་ཏིག་ཤེལ་ལྟ་བུ། །དེ་ལ་མ་ཚང་གཅིག་ཀྱང་མེད། །བདུད་རྩི་ཞེས་ཀྱང་དེ་ལ་བྱ། །གཞན་ཡང་བདུད་རྩི་གང་ཡིན་པ། །སེམས་ཉིད་རྣམ་པར་དག་པ་ལ། །བདུད་རྩི་ཞེས་ནི་དེ་ལ་བྱ། །བདུད་རྩི་རྙེད་ནས་བདུད་རྩི་འཚོལ། །བདུད་རྩི་གཞན་དུ་མ་འཚོལ་ཅིག །ཅེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བདུད་རྩི་ངེས་པའི་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་བདུད་རྩི་ལྡང་ཐང་གི་རིམ་པ་བསྟན་པ་ལ། བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཤིན་ཏུ་མནལ་བ་ལ། ཡང་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་བདུད་རྩི་ཞེས་བྱ་བའི་དོན་འདི་ལ་ལྡང་བའི་ཐབས་དུ་ཙམ་མཆིས། །བཅོམ་ལྡན་འདས་ཀྱིས་བདག་ལ་སོགས་པའི་རྟོག་པ་བསལ་དུ་གསོལ། །གཞན་ལ་ཕན་འདོགས་པའི་དོན་བཤད་དུ་གསོལ། ཉིད་ཀྱི་དངོས་པོ་ལ་མཁྱེན་པའི་ཡེ་ཤེས་དམ་པ་བསྐྱེད་པའི་ཕྱིར། །ལུང་སྩལ་དུ་གསོལ་ཞེས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་ལུང་སྩལ་པ། རྡོ་རྗེ་ཆོས་ཡང་དང་ཡང་དག་པར་ན། བདུད་རྩི་ནི་རྣམ་པ་གསུམ་སྟེ། སངས་རྒྱས་བདུད་རྩི་དང་། ཆོས་བདུད་རྩི་དང་། དགེ་འདུན་བདུད་རྩི་དང་རྣམ་པ་གསུམ་མོ། །དེ་གསུམ་གྱི་མཚན་ཉིད་བསྟན་པ་ནི། །ལྡང་ཐང་ཞེས་འདས་པའི་སངས་རྒྱས་མར་མེ་མཛད་དང་། ད་ལྟར་དང་བཅས་པའི་བསྟན་པ་དང་། དམ་པའི་སྐྱེ་བུ་རྣམས་དང་། མ་བྱོན་པའི་སངས་རྒྱས་ཆེ་གེ་མོ་ལ་སོགས་པས་ཀྱང་བདུད་རྩི་ནི་རྣམ་པ་གསུམ་ལས་མ་གསུངས་སོ། །ཞེས་གསུངས་སོ། དེ་ནས་རྡོ་རྗེ་ཆོས་ཀྱི་བཅོམ་ལྡན་འདས་ལ་ཡང་དག་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ཅིའི་ཕྱིར་ན་ལྡང་ཐང་ཡིན་གང་ལས་བཏགས་ནས་ལྡང་བ་ཡིན། སུ་ལ་དགོས་ནས་ལྡང་བ་ཡིན། འབྲས་བུ་ཅི་ལྟར་སྨིན་པས་ལྡང་ཞེས་གསོལ་ཏོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་ཆོས་ཁྱོད་ལེགས་སོ་ལེགས་སོ་ལེགས་པར་ཡིད་ལ་ཟུང་ཞིག །རྒྱུད་དང་འབྲས་བུ་ཐབས་དང་རྣམ་པ་གསུམ་དང་འབྲེལ་པས་ལྡང་བས་ལྡང་བའོ། །གདགས་པའི་ཆ་ནི་རྣམ་པ་དྲུག །ཚངས་དང་དྲང་སྲོང་ཀླུ་རྣམས་དང་། །ཉན་ཐོས་དགྲ་བཅོམ་རང་རྒྱལ་དང་། །ཐ་མ་མུ་སྟེགས་མུར་ཐུག་ལ། །དགོངས་པའི་དགོངས་པ་བསྟན་པ་ཡིན། །འབྲས་བུ་སངས་རྒྱས་རིན་པོ་ཆེ། །དགོས་འདོད་རེ་བ་འབྱུང་བའི་རྒྱུ། །ཡང་དག་པར་ནི་ཆོས་ཀྱི་སྐུ། །དེ་ལས་སངས་རྒྱས་གཞན་མེད་པས། །གཞན་ལས་སངས་རྒྱས་འདོད་པ་ནི། །ཚིག་ལ་བརྟེན་ནས་དྲང་བའི་དོན། །མིང་དང་མཚན་དུ་གྲགས་པ་དང་། །བརྡ་དང་སྐད་དུ་གྲགས་པ་དང་། །ཚིག་དང་ཡི་གེར་གྲགས་པ་ཀུན། །དཔེར་ན་རྒྱལ་པོ་བརྙན་མ་འདྲ། །ཆོས་ཀྱི་སྐུ་ལས་མ་གཏོགས་པ། །སངས་རྒྱས་འདོགས་པའི་གསང་མཆོག་དེས། །རི་བོ་ཅན་དང་འགྲོགས་འགྲོགས་ཀྱང་། །དེ་ཡི་དེ་ཉིད་མཐོང་མི་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཡང་དག་པར་གསོལ་ཏེ། མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས། །བཅ་ལེན་བདུད་རྩི་བསྒྲུབ་འདོད་ན། །གནས་ནི་ཇི་ལྟ་བུ་ཞིག་བཙལ། །རྟེན་ནི་གང་ལྟ་བུ་ལ་བགྱི། །བཅོམ་ལྡན་འདས་ཡང་དག་པར་བཀའ་སྩོལ་དང་ཞེས་གསོལ་ཏོ། །དེ་ནས་ཡང་གསང་བའི་མཛོད་ཀྱི་བཀའ་སྩལ་པ།སེམས་དཔའ་ཆེན་པོ་ཡང་དག་པར་ཉན་པར་བྱོས་ཤིག །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །གདོལ་པ་མོ་ཡང་དང་དུ་བླང་། །བཅུ་གཉིས་བཅོ་ལྔ་ཉི་ཤུ་གཉིས། སུམ་ཅུ་རྩ་གཅིག་མན་ཆད་དུ། །ལེགས་པར་བརྟག་བྱས་ཁྲུས་བྱས་ལ། །དྲི་རྩི་ཀུན་གྱིས་བྱུག་པར་བྱ། །དཀྱིལ་འཁོར་ཁྲུ་གང་སོར་བཞི་ལ། །བདུད་རྩི་ལྔ་ཡིས་ལེགས་བྱུག་ལ། །ལེའུ་ཚེ་ལྔ་ཡི་ཐིག་བཏབ་ལ། །ཕོ་བྲང་རིགས་དང་མཐུན་པ་ལྔ། །གོ་རིམ་བཞིན་དུ་ཚོན་གྱིས་དགོད། །སྨན་ལྔ་བུམ་པའི་སྙིང་པོ་སྟེ། །ཕྱག་རྒྱའམ་ནི་སྙིང་པོ་དགོད། །གོའུ་རི་བརྒྱད་དང་སྒོ་མར་བཅས། །ལྷ་གྲངསབཞིནདུབུམཔདགོད། །ལེགས་པར་བདུད་རྩིར་གྱུར་པ་དང་། །བུ་མོའི་མགོ་ལ་བཞག་པར་བྱ། །དཀོན་མཆོག་གསུམ་གྱི་མཚན་བརྗོད་ལ། །དཀྱིལ་འཁོར་ཐམས་ཅད་རྒྱས་པར་བསམ། །རང་ཉིད་རྣལ་འབྱོར་བྱིན་བརླབས་ལ། ཁྲ་དང་ཆང་གིས་བུ་མོ་གསོ། །བདག་ཀྱང་རན་པར་བཟའ་བ་་བྱ། །དེ་ཡིས་ཁུ་བ་འཕེལ་བར་འགྱུར། །སེང་གེའི་སྦྱོར་བ་རབ་བྱས་ཏེ། །འཁྲིགས་པ་རྡོ་རྗེ་ག་་གྱིས་བལྟ། །ཁུ་བ་འཕེལ་བ་བ་་བར་བྱ། །ཏིལ་གྱི་མར་ཁུས་ལུས་པོ་མཉེ། །དེ་ནི་དང་པོའི་སྦྱོར་བའོ། །དེ་ནས་ཡང་དག་བསམ་གཏན་བྱ། །གང་ཡང་རུང་བའི་ཟས་ཟོས་ལ། །གང་ཡང་རུང་བའི་བསམ་གཏན་བྱ། །དེ་ལྟར་ཡིན་ལ་བྱས་པས་ནི། །ལྷ་དང་མཉམ་པའི་ཚེ་རུ་འགྱུར། །དེ་ནི་བསྐྱེད་པའི་རིམ་པ་སྟེ། །རྫོགས་པའི་རིམ་པ་འདོད་པ་ལ། །སྐས་ཀྱི་རིམ་པ་ལྟ་བུ་གསུངས། །བདུད་རྩིའི་དཀྱིལ་འཁོར་རྣམ་མང་ཡང་། །བྱང་ཆུབ་སེམས་ཀྱི་དུང་ཁང་ན། །ག་པུར་དཀར་པོའི་རྒྱུན་འབབ་པ། །དབང་གི་རིམ་པས་བྱིན་རླབས་པ། །བུ་མོ་དག་གི་མཁའ་ལ་དབབ། །དེ་ཡང་དང་པོ་དགའ་བའི་གནས། །མུ་ཏིག་དཀར་པོ་ཤེལ་གྱི་རྒྱུན། །བ་ཡི་ཐག་པ་ཙམ་ཞིག་དབབ། །ལོངས་སྤྱོད་རྫོགས་པའི་བདུད་རྩི་ཡིས། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ། །ཆོས་དང་མཐུན་པར་འཁོར་ལོ་སྟེ། །བྱང་ཆུབ་སེམས་ཀྱི་བསྟིམ་གནས་པ། །སྤྲུལ་པའི་འཁོར་ལོ་དགའ་བའི་གནས། །བདུད་རྩིའི་ཁང་པ་ཡང་དག་སྟེ། །དགའ་བ་དང་པོ་དགའ་བ་ཡིན། །དེ་ནས་གཉིས་པ་དགའ་བ་ཡིས། །ངལ་གསོ་བ་ཡི་དགའ་བ་སྟེ། །གསུམ་པ་བུམ་པའི་དགའ་བ་པོ། །བཞི་པ་བྱང་ཆུབ་དགའ་བ་སྟེ། །བྲལ་མ་ཐག་གི་བདུད་རྩིའོ། །བདུད་རྩི་ཞེས་སུ་བཤད་པའང་། །ཚུལ་ལམ་ཐབས་ཀྱིས་གཞག་པར་བྱ། །དེ་ལ་བདུད་རྩི་ལྔ་ཚང་བས། །བདུད་ཀྱི་ལན་གྱི་བདུད་རྩིའོ། །ལུས་ཀྱི་བདེ་བ་ཉམས་མྱང་བས། །སེམས་ཀྱི་བདེ་བ་ཐོབ་པར་འགྱུར། །དེ་ལྟར་བདེ་བ་ཉམས་མྱོང་ནས། །རྣམ་པར་དབེན་པ་གསུམ་ལ་གནས། །དབེན་པ་གསུམ་གྱི་ས་ཐོབ་ན། །དབུགས་ནི་ཐིག་ལེ་ཉིད་ལ་གནས། །སེམས་ཀྱིས་སེམས་ལ་བལྟས་པས་ན། །ཐིག་ལེ་འོད་ལས་འགྲོ་དྲུག་གསལ། །ཨརྣ་པྲེ་དུ་ལྷག་མར་བཅས། །ཡང་དག་པར་ན་ས་ལེའོ། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། བསྐྱེད་རྫོགས་གཉིས་ཟུང་དུ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་དབུགས་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །སངས་རྒྱས་སེམས་ཅན་མཉམ་པའི་ཕྱིར། །སྐུ་གཅིག་པ་ལ་ཐ་དད་མེད། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །ཕུང་པོ་ལྔ་ནི་སངས་རྒྱས་ལྔ། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །འབྱུང་བ་ལྔ་ཉིད་རིགས་ཀྱི་ཡུམ། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །རྣམ་པར་ཤེས་པ་སེམས་དཔའི་ཚོགས། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །དམ་རྫས་རྣམ་ལྔ་སངས་རྒྱས་ལྔ། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །ཤ་ལྔ་སངས་རྒྱས་ལྔ་ཡི་གདན། །དེ་ཡང་སེམས་ཅན་རང་བཞིན་ཡིན། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཏེ། །སེམས་ཅན་ཐམས་ཅད་སངས་རྒྱས་པས། །དེ་ཡང་སེམས་ཅན་རྣམས་ཀྱི་དབུགས། །ཞེས་གསུངས་སོ། །དེ་ལ་རྡོ་རྗེ་ཆོས་ཀྱི་འདི་སྐད་ཞུས་ཏེ། ཀྱེ་ཀྱེ་སྟོན་པ་བཅོམ་ལྡན་འདས། །ཐུགས་རྗེ་ཆེ་ལ་ཐབས་མཁས་པས། །རྫོགས་དང་རྫོགས་པ་ཆེན་པོ་ཡི། །དོན་ཐབས་མ་ནོར་བཀའ་སྩལ་པ། །བདག་ཅག་རྣམས་ནི་ངོ་མཚར་ཆེ ཨེ་མའོ་ངོ་མཚར་སྨན་གྱི་ཆོས། །དེ་ནི་རང་བཞིན་རྫོགས་པ་སྟེ། །ཐབས་ཀྱི་རྫོགས་པ་བཀའ་སྩལ་འཚལ། །ཞེས་ཡོངས་སུ་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གནས་ལུང་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐབས་ཀྱི་རྫོགས་པ་འདི་བཀའ་སྩལ་ཏོ། །མཁྱེན་པ་ཐབས་ཀྱི་རྫོགས་པ་ནི། །རྩ་དང་འཁོར་ལོ་བྱང་ཆུབ་སེམས། །ལྤགས་པའི་མཐའ་ན་མི་གནས་ཏེ། །གནས་པ་རྣམས་ཀྱི་དུག་ལྔའི་རྒྱུ། །ཕྱི་རོལ་དེ་ལ་མི་བརྟན་ཏེ། །བདུད་རྩི་རྣམ་ལྔ་གནས་པ་ལ། །གཡས་དང་གཡོན་དང་དབུས་ཀྱི་རྩ། །དེ་ལ་སོགས་པའི་རྩ་རྣམས་ཀུན། །བདུད་རྩི་ལྔ་ཡིས་གང་བར་གནས། །དེ་ཡི་རྟེན་བྱེད་རླུད་ལྔ་སྟེ། །ཡི་གེ་ཕྱེད་པ་ཉིད་དང་དྲུག །དེ་ཡིས་བདུད་རྩི་འཕེལ་བར་བྱེད། །མུ༷་ས་བཤང་གཅི་ཁུ་བ་ཁྲག །དག་པར་གྱུར་ཏེ་བདུད་རྩི་ལྔ། །ཡེ་ནས་བདེར་གཤེགས་ལྔ་ཡི་ངང་། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཞེས་གསུངས་སོ། །དེ་ནས་ཡང་བསྒྲུབ་པ་རྣམས་བསྟན་པར་བྱ་སྟེ། དེ་ཡང་གང་དག་ཤ་རྣམས་སྟོན་པ་ལ། །དེས་ཀྱང་ཤ་རྣམས་བསྟན་པར་བྱ། །གང་དག་གསེར་རྣམས་སྟོན་པ་ལ། །དེས་ཀྱང་གསེར་རྣམས་བསྟན་པར་བྱ། །གང་དག་རྫས་རྣམས་སྟོན་པ་ལ། །དེས་ཀྱང་རྫས་རྣམས་བསྟན་པར་བྱ། ཁུ་མཆོག་ལྔ་ཡི་རྣ་བ་དང་། །ལྕེ་ལ་སོགས་པ་རྣམ་ལྔ་ལ། །རིན་ཆེན་སྣ་ལྔ་ཚང་བྱའི་ཕྱིར། །འབྲས་བུ་ལྔ་ལ་རྩ་བ་ལྔ། །རྩ་བ་ལྔ་ལ་རིན་ཆེན་ལྔ། །དེ་བསྒྲུབ་འགྲུབ་པས་ཅི་བསམ་འགྲུབ། །ཅེས་གསུངས་པས། རྫས་ཀྱི་རྣམ་པ་འབྲས་བུ་ལྔ། །བསྒྲལ་བའི་ལྕེ་ལ་སོགས་པ་ལྔ། །རིན་པོ་ཆེ་རྣམ་པ་ལྔར་སྒྲུབ་པ་གསུངས་སོ། །དེ་ནས་ཡང་རོ་རྗེས་སུ་བསྒྲུབ་པ་གསུངས་ཏེ། མཎྜལ་འདོམ་གང་གྲུ་བཞི་ལ། །བདུད་རྩི་སྨན་གྱིས་ཆག་ཆག་གདབ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་བྱ། །ཕྲིན་ལས་རྣམ་བཞིའི་ཕུར་པ་ལ། །བྱིན་བརླབ་དབང་བསྐུར་བྱས་ལ་གཞག །གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། །གང་ནས་རོ་དེ་འོངས་པ་དང་། །འགྱིངས་པའི་སྟབས་ཀྱི་བྲོ་ཡང་བརྡུང་། །དཀྱིལ་འཁོར་ཁ་རུ་བཞག་ནས་ནི། །ཕྲིན་ལས་རྣམ་བཞིའི་ཕུར་པ་གདབ། །དེ་ཡི་ལས་དང་ཉོན་མོངས་ལ། །དྲག་པོ་ཕུར་པས་བརླག་པར་བྱ། །བདག་གི་ཚེ་དང་བསོད་ནམས་དང་། །རྣལ་འབྱོར་གཞན་གྱི་བསོད་ནམས་ལ། །དེ་ལ་བཏབ་པས་རྒྱས་པར་བྱ། །དགྲ་བགེགས་གང་ཡིན་མི་སྲུན་པ། །གདབ་པས་ཐམས་ཅད་དབང་དུ་འདུ། །རིམས་ནད་ཐམས་ཅད་གཅད་པ་དང་། །བགེགས་རྣམས་ཐམས་ཅད་གཞོམ་པའི་ཕྱིར། །ཞི་བའི་ཕུར་པས་ཞི་བར་བྱ། །ཧུ༷་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གཏི་མུག་བདེ་གཤེགས་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། ཁེན་ཏུ་རྨོངས་པའི་སེམས་ཅན་རྣམས། །ཞི་བ་ཆེན་པོའི་ཐུགས་རྗེ་ཡིས། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། ཁྲེརྙ༷་ཀུ་རུ་གྲྭ་ཧྭ། ཧུ༷་སངས་རྒྱས་ཀུན་གྱི་སྐུ་གསུངས་ཐུགས། །ང་རྒྱལ་རིན་ཆེན་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །དྲེགས་པའི་སེམས་ཅན་མ་ལུས་ཀུན། །ཚེ་དབང་དངོས་གྲུབ་རྒྱས་མཛད་པའི། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །བྲེསྤྱོ་ཀུ་རུ་གྲྭ་ཧྭ། ཧུ༷་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འདོད་ཆགས་པདྨ་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། ཁེན་ཏུ་ཆགས་པའི་སེམས་ཅན་རྣམས། །ཡུད་ཙམ་གྱིས་ནི་དབང་བསྡུས་ནས། །དབང་དུ་མ་གྱུར་གང་ཡང་མེད། །དབང་མཛད་ལྷ་ལ་ཕྱག་འཚལ་ལོ། །བ་ཤང་ཀུ་རུ་གྲྭ་ཧྭ། ཧུ༷་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཞེ་སྡང་རྡོ་རྗེ་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། ཁེན་ཏུ་གདུག་པའི་སེམས་ཅན་རྣམས། །ཡུད་ཙམ་གྱིས་ནི་བསྡུས་བཏུབ་ནས། །རྡུལ་དུ་མ་བརླག་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་ལོ། །སུམ་བྷ་ནི་སུ་བྷ་ཧུ༷། གྲོཏྣ་གྲོཎྜ་ཧུ༷། །གྲོ་སྣྲི་པ་ཡ་གྲོ་རྣི་པ་ཡ་ཧུ༷། ཨུ་ན་ཡ་ཧོ། བྷ་ག་ལྷུན། བིདུ་རྭ་ཛ། ནཱ་ཤ་ཡ་སྟུ༷་བྷ་ཡ། ཡ་མ་དམ་སྲི་སྟུ༷་བྷ་ཡ་ཧུ༷་ཕཊ། ཅེས་རྫས་ཀྱིས་བསྒྲུབ་པའོ། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོ་ལས། དབུགས་དབྱུང་བ་དང་རྫོགས་པའི་རིམ་པ་དང་། རོ་བསྒྲུབ་པར་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོ་དེས། འཁོར་དང་ཡོངས་ཀྱི་རྣལ་འབྱོར་པ་ལ་གདམས་པ་དང་། གཏད་པ་འདི་ཡོངས་སུ་གསུངས་པ།འཁོར་ཐམས་ཅད་ལ་ཡང་བཞད་པའི་ཚུལ་གྱིས་བལྟས་ནས་འདིསྐད་ཅེས་གསུངས་སོ། །ངས་བསྟན་པའི་གནང་བའི་བདུད་རྩི་འདི། བཅུད་ཀྱི་གདེང་རྣམ་པ་གསུམ་གྱིས། སེམས་ཅན་ཐམས་ཅད་ལ་ལུས་རྣམ་པར་དབེན་པ་དང་། ངག་རྣམ་པར་དབེན་པ་དང་། སེམས་རྣམ་པར་དབེན་པ་དང་། ཡང་དག་པའི་མཐའ་ལ་སྐུ་དང་ཡེ་ཤེས་འབྱུང་བར་བྱོས་ཤིག །འདི་ལ་མ་མོས་གང་དག་ལ། བྲག་ཕུག་ཁ་བྱང་ཏུ་བལྟས་པ་བཞིན་དུ། ཐུགས་རྗེ་ཆེན་པོ་འདི་འབྱུང་བར་མི་འགྱུར་རོ། །འདི་ལ་མི་མོས་པ་གང་དག་ལ། བདུད་རྩིའི་བུམ་པ་ཡང་མགོ་ལ་རེག་པའི་གནས་མེད་དོ། །འདི་ལ་མི་མོས་པ་གང་དག་ལ། གསང་བའི་དོན་ལ་འདི་དག་ཚིག་ཙམ་ཡང་ཐོས་པར་མི་འགྱུར་རོ། །འདི་ལ་མི་མོས་པ་གང་དགབསྟན་པགང་དག་ལ་གནས་པའི་རྣལ་འབྱོར་དང་རྗེས་སུ་རྣལའབྱོར་དང་། ཤིན་ཏུ་རྣལ་འབྱོར་གྱི་དོན་གང་ཡང་ཐོབ་པར་མི་འགྱུར་རོ། །འདི་ལ་མི་མོས་པགང་དག་ལ་ཚེ་རབས་གང་དུ་ཡང་ཐ་ན་མུ་སྟེགས་ཀྱི་ཆོས་ཀྱང་ཐོསཔར་མི་འགྱུར། ཡིདལ་ཡང་མི་བྱེད། མཐའ་འཁོབ་རྒྱལ་པོ་ངན་པའི་རྒྱལ་ཁམསཀྱི་བློན་པོའི་ཚུལ་ཅན་དུ་སྐྱེའོ། །འདི་ལ་ཉན་པ་དང་།སྟོན་པ་དང་། ཡིད་ལ་བྱེད་པ་དང་། འབྲི་བ་དང་། འཆང་བ་དང་། སྙན་པར་སྨྲ་བ་དང་། ངེས་པའི་དོན་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། བཀུར་བསྟིར་བྱེད་པ། །དོན་གཏན་ལ་ཕེབས་པ་རྣམས་ནི། སངས་རྒྱས་མཐོང་བ་ཡངཡིན། ཆོས་གསང་བའི་རྣལ་འབྱོར་མཐོང་བ་ཡང་ཡིན། ཐེག་པ་ཆེན་པོའི་དགེ་འདུན་དང་། ཕུང་པོ་དང་། ཁམས་དང་།སྐྱེམཆེད་དང་། ལྷ་དང་ལྷ་མོའི་དཀྱིལའཁོར་ཡིད་ལ་བྱེད་པ་མཐོང་བ་ཡིན་ནོ། །གཞན་ཡང་ས་དང་ལམ་ལ་མཁས་པ་ཡང་། འདི་ཁོ་ནའི་ཡོན་ཏན་ཡིན་ནོ། །འདི་ཡིད་ལ་བྱེད་པ་རྣམསནི། སངས་རྒྱས་ཡིད་ལ་བྱེད་པའོ། །ཆོས་ཡིད་ལ་བྱེད་པའོ། །དགེ་འདུན་ཡིད་ལ་བྱེད་པའོ། །དེ་ལྟར་ཡིད་ལ་བྱེད་པགསང་བ་དང་། །གསང་ཆེན་དང་ཡེ་ཤེས་སྙིང་པོའི་དོན་ཉམས་སུ་བླངས་ནས། ཚེ་འདི་ཉིད་ལ་ས་དང་། །བདེན་པའི་ལམ་ཡང་མཐོང་། གཉིས་སུ་མེད་པའི་ས་ཐོབ། མ་ཕྱིན་པའི་ཡེ་ཤེས་དང་ལྡན་པར་འགྱུར་རོ། །གཞན་ཡངས་ངས་བསྟན་པའི་ཆོས་ཕུན་གསུམ་ཚོགས་པ་འདི། སེམས་ཅན་ཡོངས་ལ་སྨིན་པར་གྱིས་ཤིག །འདིས་དབང་བསྐུར་བར་གྱིས་ཤིག །འདིས་དབུགས་འབྱིན་པར་གྱིས་ཤིག །འདིས་མ་དད་པ་རྣམས་དད་པར་གྱིས་ཤིག །འདི་ཁྱེད་རྣམས་ལ་ཡོངས་སུ་གཏད་དོ། །བཅང་བ་དང་། བསྟན་པ་དང་། བསྒྲུབ་པ་དང་། བྲི་བ་དང་། བཀླག་པ་དང་། བལྟ་བ་རྣམས་ལེགས་པར་བྱོས་ཤིག །ང་ནི་མྱ་ངན་འདས་འོག་ཏུ། །ལྷོ་ཕྱོགས་སྙེ་ཏའི་ཡུལ་ཤེད་དུ། །བྱམས་ལྡན་མགོན་པོ་གླུ་ཞེས་འབྱུང་། །དེ་ཡིས་བསྟན་པ་དམ་པ་གཟུང་། །བདུད་རྩི་བཅུད་ཀྱི་གདེང་རྣམ་པ་གསུམ་ལས། བམ་པོ་ཁྲི་པའི་ནང་ནས་སྙིང་པོའི་རྒྱུད་རིན་པོའི་ཆེ་གསང་བའི་འཁོར་ལོ་ཞེས་བྱ་བ། །རྣམ་འབྱོར་མ་ཆེན་མོའི་ཕྱོགས་གསང་ཆེན་ཐིག་ལེའི་རྒྱུད་གཏད་ནས་སྟོན་པ་ཉིད་མི་སྣང་བར་གྱུར་ཏོ། །འཁོར་རྣམས་ཀྱིས་ཀྱང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བདུད་རྩི་རིན་པོ་ཆེ་གསང་བ་འཁོར་ལོའི་རྒྱུད་རྫོགས་སོ།། །།རྒྱ་གར་མཁས་པ་བི་མ་ལ་མུ་དྲ་དང་། ཞུས་ཆེན་གྱི་ལོ་ཙྭ་ཞང་ཙྭ་ནས་གཏན་ལ་ཕབ་པའོ། །ཕྱིས་སྐ་བ་དཔལ་རྩེགས་ལ་སོགས་པས་ཡོངས་སུ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། མ་ཧྭ་ཨམྲི་ཏ་ཙཀྲ་ཛ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་ཆེན་པོ་