Ngb-pt-0176-vol-02-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

ཤིཛ་དྷི་་་འི་ཞི་འཚ་དིགི་ངརྒྱ་གར་སྐད་དུ། ་ ་ལ་ཀྲ་ ་ཏནྟྲ། བད་སྐད་དུ། དཔལ་འབར་ཁྲ་མ ་རྒྱུད། བཅམ་ལྡན་འདས་ ་ཁྲའ་ལྟ་ལ་ཕྱག་འ ལ་ལ། །འ ་སྐད་བདག་ ས་ཐས་ནས་བཤད་པའ་ཅིངངསྲི་ང་་་ང་་ང་མེང་ངདུས་ག ག་ན། །ཇ་ལྟར་སྣང་ཞང་ ད་པ་དང་། མཐང་ཞང་ཐས་པ་དང་། བསྟན་ཅང་རྟགས་པ་འད་དག་ཐམས་ཅད། ཡ་ནས་མ་གཡས་ཤང་། བཅས་པ་ ད་པའ་ཆས་ཉད་ལ། སྣང་བ་ནི་ལྷ་དང་ལྷ་མོའི་སྐུ་གསུང་ཐུགས། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་སྣང་ལ། མི་སྣང་ན་དངོས་པོ་དང་མཚན་མ་དང། གཟུང་འཛིན་དང་རྟག་ཆད་དུ་མི་སྣང་བ་ཡིན་ལ། ཡོད་ན་ནི་སེམས་ཀྱི་ཡེ་ཤེས་གསལ་ལ་མ་བསྒྲིབས་པར་སངས་རྒྱས་པར་ཡོད་ལ། མེད་ན་གཉིས་སུ་སྣང་བ་དང་། ཕྱོགས་དང་རིས་སུ་ཕྱེ་བ་མེད་པ་ཡིན་ལ། རོལ་ན་ཐབས་དང་ཤེས་རབ་ང་་དེང་་ཆེ་་ངམི་་ངངངམིདབྱངས་དང་ཡ་ཤས་དགའ་བ་དང་བ ་བའ་ལངས་སྤྱད་ ན་པར་རལ་པ་ཡན་ལ། ་རལ་ན་ཆས་ཉད་མཉམ་པ་ཉད་ཀྱ་ངང་ལ། གང་ལ་ཡང་མ་ཆགས་གང་ལ་ཡང་ ་འཛིན། གང་ལ་ཡང་མི་གནས་པ་ཡིན་པས། མ་རིག་པའི་དབང་གིས་རྟོག་པའི་རིགས་བསམ་གྱིས་མི་ཁྱབ་པར་སྣང་བས། དཔེར་ན་ནམ་མཁའ་ལ་འདི་ཞེས་གཟུང་རྒྱུ་མེད་པ་ལ། མིག་ནད་ཅན་ལ་སོགས་པ་འཁྲུལ་པའི་དབང་གིས་ཇི་ལྟར་ཡང་སྣང་ལ། སྣང་བའི་དབང་གིས་ཐ་དད་པར་སྣང་བ་བཞིན་དུ། ཡང་དག་པའི་ཆོས་ཉིད་ལ། གང་ཡང་གྲུབ་པ་མེད་པ་ལ། ལོག་ངགི་་སྟེ་ང་ངངངངགིངཞིང་ཤེངཔ་དང་འཁྲུལ་པའ་དབང་ ས་ས་སར་སྣང་ ། ཆས་ཉད་སྣང་བ་མ་རྟགས་པས་མ་རག་པའ་དབང་དུ་གྱུར་ལ། མ་རག་པའ་དབང་ ས་མུན་པའ་སྨག་བ ན་འཐབས་པས ཡ་ ས་ཀྱ་སྣང་བ་ནུབ་པར་གྱུར་ཏོ། །རྟོགས་པའི་དབང་གིས་ལས་སྣ་ཚོགས་ཡང་སྣང་བར་གྱུར་ཏོ། །ཉོན་མོངས་པའི་དབང་གིས་འདུ་བྱེད་སྣ་ཚོགས་པར་སྣང་བར་གྱུར་ཏོ། །ཕྱིན་ཅི་ལོག་གི་དབང་གིས་གོལ་བ་སྣ་ཚོགས་སུ་གྱུར་ཏོ། །འཁྲུལ་པའི་དབང་གིས་རྒྱུ་འབྲས་སྣ་ཚོགས་སུ་གྱུར་ཏོ། །སྡིག་པའི་དབང་གིས་སྡུག་བསྔལ་སྣ་ཚོགས་སུ་གྱུར་ཏོ། །ལས་ཀྱི་དབང་གིས་ཉོན་མོངས་ཤིང་མྱང་བ་སྣ་ཚོགས་སུ་གྱུར་ཏོ། །དེ་དག་ཀྱང་གང་ཞེ་ན།འདི་ལྟ་སྟེ། འཁྲུལ་པ་ལ་ལས་རྩ་བ་དང་ཡན་ལག་གི་དམ་ཚིག་མི་འདའ་བའི་ཆོས་ཉིད་ལ། འདའ་བར་བྱར་མེད་པ་ལ། རྡོ་རྗེ་སློབ་དཔོན་ལ་སོགས་པ་ལ་མི་རིགས་ཤིང་འདའ་བའི་ལས་བྱས་པས། འཇིག་རྟེན་གྱི་ཁམས་འདིར་ཡིད་དུ་མི་འོང་བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ནས། མནར་མེད་པའི་དམྱལ་བ་ལ་སོགས་པར་སྡུག་བསྔལ་སྣ་ཚོགས་ལས་ནམ་ཡང་ཐར་བའི་དུས་མེད་པར་སྐྱེས་པ་དང་། འཁྲུལ་པ་ལ་ལས་འདོད་པ་དང་། ལོངས་སྤྱོད་ལ་ཆགས་པའི་དབང་གིས་མཆོད་པ་དང་རྒྱུ་རྐྱེན་ལ་སོགས་པ་རྣམས་ལ། བརྐམ་ཆགས་སྣ་ཚོགས་པར་སྦྱད་པའི་དབང་གིས། ཡི་དྭགས་ལ་སོགས་པའི་གནས་སུ་ཡུན་རིང་བར་འཁོད་པ་དང་། འཁྲུལ་པ་ལ་ལས་གཏི་མུག་གི་དབང་གིས། དེབཞིནགཤེགསཔའིསྐུ་ལ་ཐུག་ཐུབ་ཏུ་སྤྱད་པ་དང་། ཐམས་ཅད་མ་རྟོགས་པའི་དབང་གིས་བབ་ཅོལ་དུ་གྱུར་པས། བྱོལ་སོང་ལ་སོགས་པའི་གནས་སུ་སྐྱེས་ནས། དེ་ལས་འཆི་ན་ཡང་སླར་ལུས་དེ་ཉིད་ལེན་ཅིང་བསྐལ་པ་ཡུན་རིང་བར་གནས་པ་དང་། དེ་བཞིན་དུ་མི་དང་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་འཆི་འཕོ་བ་དང་། འཐབ་ཅིང་རྩོད་པ་དང་།འགྱུརབའི་སྡུག་བསྔལ་ལ་སོགས་པ་ཉམས་སུམྱོང་ཞིང་འཁོར་རོ། །འཁྲུལ་པ་ལ་ལས་བསྟན་ཅིང་བསྒྲག་པ་དང་། བསྒོམ་ཞིང་བསྒྲུབ་པར་བྱ་བརྣམས་ནི། བདག་གིས་མ་རྟོགས་ཤིང་གཞན་ལ་མ་ཁྲོལ་བར་བྱས།གསང་ཞིང་སྦ་བ་དང་ཐབས་ཀྱིས་སྤྱོད་པ་རྣམས་ནི། བདག་གི་ངོ་མཐོན་དང་གསང་མཚམས་མེད་པར་སྤྱད་ལ། གཞན་ལ་ཡང་དེ་ལྟར་བསྟན་ཅིང་དེ་བཞིན་དུ་བསྒོམ་སྟེ། ལྟ་བས་མཆོད་པ་ཐམས་ཅད་ལ་བསྒོམ་པ་དང་། བསྒོམས་པས་མ་ཆོད་པར་ཅི་ལཡང་འཇུག་པ་དང་། བསྒྲུབ་པ་མཐར་མ་ཕྱིནཔར་ལས་རྣམ་པ་སྣ་ཚོགས་པ་བརྩམས་ཏེ། བདག་ཉིད་ཕུང་པོ་ལྷའི་དཀྱིལ་འཁོར་དུསྒྲོལ་མ་ཤེས་པར། སེམསཅན་གཞན་ལ་མངོན་སྤྱོད་ཀྱིས་སྒྲལ་བའི་ལས་ལ་བབ་ཅོལ་བར་བྱས་པ་དང་། བདག་ཉིད་སེམས་ཀྱི་ཆོས་ཉིད་མ་སྐྱེས་པ་ལ། རྟོགས་པའི་ཡེ་ཤེས་སྦྱོར་མ་ཤེས་པར། གཞན་ཡིད་དུ་འོང་བ་ལ་གླགསལ་བབ་པདང་། ཐབས་འོག་ཏུ་ཆུད་པ་དང། རྡོ་རྗེ་གཡོས་པའི་དབང་གིས། མོའི་རིགས་སྣང་སྣང་ལ་སྦྱོར་བའི་ལས་བབ་ཅོལ་བྱསཔ་དང་། བདག་ཉིད་བསྒོམ་པའིཏིང་འཛིན་མ་གསལ་བར། གཞན་དྲང་བར་འདོད་པའི་ཕྱིར། དཀྱིལ་འཁོརལ་སོགས་པའི་དཔོན་བྱས་ཏེ་གཞན་ཚོམ་བུ་ལ་སོགས་པ་བསྡུས་ནས། བཀའ་བཞིན་དུ་ནི་གང་ཡང་མ་བྱས། ཕྲིན་ལས་ཀྱི་ལུང་འཆོལ་བ་སྣ་ཚོགས་པར་བྱས་པ་དང་། བདག་ཉིད་བསྒྲུབས་པའི་རང་རྩལ་མ་རྫོགས་པར་འཇིག་རྟེན་གྱི་ཁེ་གྲགས་དང་གཞན་ཐུབ་པར་འདོད་པའི་མཐུ་རྩལ་འདོད་པའི་ཕྱིར། མུ་སྟེགས་ལ་སོགས་པའི་ལོག་པའི་ཆོས་དང་། དེ་ལ་བརྟེན་པའི་གང་ཟག་གིས་འདོད་པ་ཚོལ་བའི་བཅོས་བུ་དང་། འཕྲལབསྡེབས་བྱས་ནས་དམ་མེད་པས། གཞན་ལ་བསླུས་པའིའགལ་བ་ཆེནཔོ་ལ་ཁྲིམས་ཕྱུང་ནས། དང་དུ་ལེན་པར་བྱེད་པ་དང་། བདག་ཉིད་དངོས་གྲུབ་གསལ་བར་མ་ཐོབ་པར། གཞན་གྱིས་བཀུར་བར་འདོད་པདང་། བཙུན་ཞིང་མཁས་པར་འདོད་པའི་ཕྱིར། ལུང་ལས་བཏུས་པ་དང་། ཡིད་ལས་བྱུང་བའི་སྙནངག་ཏུ་སྡེབ་སྦྱོར་བྱས་ནས། གཞན་ལ་འཆད་ཅིང་སྟོན་པར་བྱེད། བདག་ཉིད་རྒྱལ་བའི་བཀའ་བརྒྱུད་གསལ་བར་མ་གྱུར་པས། གཞན་ལས་བདག་ཉིད་ཆུང་བར་མཐོང་བས། བདག་ཉིད་ཀྱིས་ཕྱོགས་བསྡུས་ནས་གཞན་དང་རིས་སུ་བཅད་ནས། བཀའ་འདི་ལས་ལྟག་པ་གཞན་ན་མེད་དོ། །ཞེས་སྨྲ་བར་བྱེད་ཅིངདེའི་སྡེ་དང་འཁོར་གྱིས་ཀྱང་དེ་བཞིན་དུ་རང་རང་གི་རིས་བཟུང་ཞིང་ཆེ་བར་ཕྱུང་ནས། གསང་བའི་དོན་བློ་ལ་མ་སོན་པས་སྨྲ་བའི་རྒྱུཆུང་བས། གསང་བ་སྐད་སྨྲཞིང་ཉོན་མོངས་པའི་མཐུ་གཏིང་བརྟས་པརབྱེད་པདང།བདག་ཉིད་ཉོན་མོངས་པ་ལ་ཤས་ཆེར་སྤྱད་པས། གཞན་ཡང་དེ་ལ་ལན་འདོན་པའི་དབང་གིས། བདག་དང་གཞན་དངོས་སུ་འཐབ་པ་དང། སྐྱོན་དང་ཟོལ་ལ་སོགས་པ་བཤམས་ནས། འཁྲུག་པ་དང་གསོད་པ་ལ་སོགས་པ་བྱེད་པ་དང་། བདག་ཉིད་ཀྱིས་མི་རྟག་པ་དང་། སྒྱུ་མ་ལྟ་བུའི་དོན་མི་ཤེས་པས། མི་ཆོས་ཀྱི་བློན་པོ་ལྟ་བུ་དང་། འདུ་འཛི་གཡེང་བ་སྤྱོད་པའི་ལས་བྱེད་པ་དང་། དེ་ལྟ་བུའི་ལོག་པར་འདྲེན་པའི་སློབ་མ་མང་བའི་དབང་གིས། གཞན་ཐམས་ཅད་ཀྱང་དེ་ལྟ་བུའི་ལས་བྱེད་པ་དང་། གཅིག་ལ་གཅིག་འཛུག་པ་དང་། འཐབ་ཅིང་རྩོད་པ་དང་། ཕྲག་དོག་རློམ་པ་དང་། ཆེ་བ་དང་བཀུར་བའི་རིམ་པ་མེད་པར་གནད་དུ་བཙུགས་ནས། ལོག་པའི་ལས་རྣམ་པ་སྣ་ཚོགས་པ་བཤམ་པ་དང་། ལོག་པ་དང་སྡིག་པའི་ལས་རྣམ་པ་སྣ་ཚོགས་པར་སྤྱད་པའི་དབང་གིས། ཡོངས་ཀྱིས་དཔྱ་སླ་བར་གྱུར་ནས། ཀུན་ཀྱང་འཇིག་རྟེན་གྱི་ཁམས་འདིར་མི་བདེ་བ་རྣམ་པ་སྣ་ཚོགས་པ་ཉམས་སུ་མྱོང་ནས། བསྒྲུབ་པ་ལ་དོན་མེད་ཅིང་དུས་མ་ཡིན་པར་ཚེ་ཟད་ནས། དམ་ཚིག་ཉམས་པ་རྣམས་ནི་སེམས་ཅན་དམྱལ་བའི་ཡང་གཏིང་དུ་སྐྱེ་བར་འགྱུར་རོ། །ནམ་ཡང་འཐོན་པའི་དུས་མེད་པ་ཡིན་ནོ། །ཕལ་པ་རྣམས་དང་སློབ་མ་རྣམས་ཀྱིས་སྣ་དྲངས་ནས། མནར་མེད་པ་མ་གཏོགས་པ་ཡན་ཆད་ནས། ཉི་ཚེ་བ་མན་ཆད་དུ་བསྐལ་པ་དུ་མ་ཞིག་གི་བར་དུ་སྡུག་བསྔལ་ཉམས་སུ་མྱོང་ནས། དེ་ལས་ཐར་ནས་བྱོལ་སོང་དང་ཡི་དྭགས་ཀྱི་གནས་སུ་སྐྱེ་ན་ཡང་། སྔོན་གསང་སྔགས་སྤྱོད་ཙ་ནས། ཞེ་སྡང་གི་དབང་གིས་མགོ་ལུས་མང་བར་བསྒོམས་པའི་ཁ་མིག་མགོ་ལུས་མང་བར་སྐྱེས་ནས། དེར་ཡང་སྡུག་བསྔལ་ཤས་ཅིག་ཉམས་སུ་མྱོང་ནས། དེ་ནས་ཐར་ནས་སྐྱེ་ན་ཡང་ཐར་པའི་སྒོ་ལྷོ་ནུབ་པས། གནས་ཀྱང་ལྷོ་ནུབ་མཚམས་དུར་ཁྲོད་ཀ་རངས་ཞེས་བྱ་བར་སྐྱེས། དེ་དངོས་པོར་འཛིན་དབང་གིས་ལྷོ་ནུབ་མཚམས་དེ་ཡང་ཕྱོགས་བཞི་དབུས་དང་ལྔར་གནས། ཐ་མ་གྲོང་ཁྱེར་གྱིས་བསྐོར་བ། ཕྱི་མཐའ་དུར་ཁྲོད་ཀྱི་ཚོགས་མང་བར་གནས་པའི་ཡུལ་དུ་སྐྱེས། དེ་ལ་གནས་པ་དེ་ལ་ཡང་རང་རྒྱུད་ཀྱི་གནས་མ་ཡིན་ཏེ་ཁྲོ་བོའི་ལས་དབང་གི་སྣང་བའོ། །དེ་ལྟ་བུའི་དབུས་སུ་ན། སྔོན་གསང་སྔགས་ཀྱི་དོན་སྤྱོད་ཙ་ན། དངོས་པོ་ལ་བརྟག་པར་འཛིན་པའི་མཐུ་བརྟས་པས། རུ་ཏྲ་རྣམ་པ་གསུམ་གྱི་བདག་པོ་དབུས་ན་གནས་པ་དེ།སྔོན་དངོས་པོ་ཡོད་པ་ལ་ཆེ་བར་བསྒོམས་པའི་དབང་གིས། ལུས་རི་རབ་ཙམ་ལ། སྡིག་པའི་ལས་སྔོན་དུ་ཐལ་ཞིང་། བསོད་ནམས་ཀྱི་ལས་ཕྱིར་ལུས་པས། མདོག་ཀྱང་ཐལ་མདོག་སྔོ་སྐྱར་འདུག་པ། ཉོན་མོངས་པ་དུག་གསུམ་གྱི་རྩ་བ་ལས། ཉོན་མོངས་པ་བསམ་གྱིས་མི་ཁྱབ་པར་སྔོན་སྤྱད་པའི་མཐུས། ལག་ན་ཡང་མདུང་རྩེ་གསུམ་པ་ལ་སོགས་ཏེ། མཚོན་ཆ་བསམ་གྱིས་མི་ཁྱབ་པ་ཐོགས་པ། སྔོན་ཉོན་མོངས་པ་གྲགས་པ་ཆེ་བའི་འཁོར་དང་སྨོན་ལམ་མཐུན་པས། དེའི་འཁོར་ཡང་ཤར་གཏི་མུག་ཆེ་བ་དྲི་ཟའི་སྲིན་པོ། ལྷོ་ང་རྒྱལ་ཆེ་བ་གཤིན་རྗེའི་སྲིན་པོ། ནུབ་འདོད་ཆགས་ཆེ་བ་ཀླུའི་སྲིན་པོ། བྱང་ཕྲག་དོག་ཆེ་བ་གནོད་སྒྱིན་སྲིན་པོ། དེ་རྣམས་ཀྱང་ཆོས་ཉིད་ལ་ཆོག་ཤེས་པའི་ཏིང་ངེ་འཛིན་མེད་པས། ཀུན་ཀྱང་སེམས་ཅན་མང་པོ་ཟོས་འཆོས་ཀྱང་སྐེམ་པ་ལ་ཧྲིད་པ་རྩ་རྒྱུས་སྲ་བ། པགས་པ་གཉེར་མ་རུས་གོང་ཆེ་བའོ། །དེ་རྣམས་ཀྱང་སྔོན་འདོད་ཆགས་དང་འབྲལ་མ་ཤེས་པས། ཆུང་མ་རེ་རེ་དང་འཁྲིལ་ཏེ། དེ་རྣམས་སྔོན་འདོད་ཆགས་ལ་ཆོག་པའི་དུས་མེད་པས་གཞན་ཡིད་དུ་འོང་བའི་བྱི་མོ་དང་། སླས་དང་དུར་ཁྲོད་ལ་སོགས་པའི་མོ་རྣམས་ལ་ཆགས་པ་སྤྱད་པའི་དབང་གིས། དེ་རྣམས་ཀྱི་འཁོར་ན་སྲིན་མོ་བརྒྱད་དང་། མགོ་བརྙན་མ་བརྒྱད་དང་། ཤ་ཟ་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས། གཙོ་མོ་བཞི་སྟེ་རྩ་དྲུག །ལས་དང་མངག་གཞུག་སུམ་བརྒྱ་དྲུག་ཅུ་དང། གསོད་པ་བཅོ་བརྒྱད་ཡང་བྲན་བརྒྱད་ཁྲི་བཞི་སྟོང་། སུམ་བརྒྱ་དྲུག་ཅུ། བཅོ་བརྒྱད། བཅུ་བཞི། བཞི་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞི་བརྒྱ་རྩ་བཞི་ལག་ཆར་བསྐུར་ནས། སྐྱེ་འགྲོ་མཐོང་དག་ནི་བསྒྲལ་ནས། ཐམས་ཅད་ཕུང་བར་བྱས་ཏེ། གཙང་སྨེ་མེད་པར་ཟ་སྟེ། ཏ་ནའི་ལས་ལ་དུས་དང་རྒྱུན་མེད་པར་བྱེད། ཆུང་མ་དང་འཁོར་ཐམས་ཅད་ལ་བཟང་ངན་མེད་པར་སྦྱོར་ཞིང་། འདོད་ཆགས་ཀྱི་ལས་ལ་དུས་དང་རྒྱུན་མི་འཆད་པར་བྱེད། གསོད་གཅོད་དང་མི་སྙན་པའི་དགྲ་དྲག་པོ་དུས་མེད་པར་གྲགས། ཤ་དང་རུས་པ་ནི་རི་ལྟར་སྤུངས། ཁྲག་དང་ཆུ་སེར་ནི་མཚོ་ལྟར་བསྐྱིལ། གཟུགས་དང་ཁོག་པ་ནི་རྫ་ལྟར་བསྙིལ།གསུར་དང་དུད་པའི་དྲི་བསུང་སྤྲིན་ལྟར་གཏིབས། ཧ་ཧ་དང་ཁ་ཁ་འབྲུག་ལྟར་བསྒྲག །མཚོན་ཆ་དང་རྣག་ཁྲག་ཆར་ལྟར་འབབ། གཞན་ཡང་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སྲིན་མོ་ནད་གཏོང་མ་བརྒྱ་དང་། ལྕགས་ཀྱི་ཏིགི་སྤྲུལ་པ་བཞི་ལ་སོགས་པ་བཏང་སྟེ། དང་པོ་དུད་འགྲོའི་གནས་བཞི་ལ། ནད་སྣ་ཚོགས་དང་། མཚོན་ཆ་སྣ་ཚོགས་བཏང་སྟེ་ཟོས། དེ་ནས་གླིང་བཞིའི་མི་ཟོས། དེ་བཞིན་དུ་འདོད་ཁམས་དང་། གཟུགས་དང་། གཟུགས་མེད་པའི་ཁམས་རིལ་དབང་དུ་སྡུས་ཤིང་ཟོས་ཏེ། ཐམས་ཅད་དུ་གསོད་པ་དང་། སྦྱོར་བའི་ལས་མཐའ་དག་གཙོར་སྤྱོད་ཅིང་། འབྲས་བུ་ངན་སོང་གསུམ་དང་མནར་མེད་པའི་ལས་སྣ་ཚོགས་པ་བསྒྲུབ་པ་ལ། འོག་མིན་ཆོས་ཀྱི་དབྱིངས་ནས། བདེ་བར་གཤེགས་པ་རྣམས་ཀྱིས་གཟིགས་ནས། ཤིན་ཏུ་ཉམ་ཐག་ཅིང་གོལ་བར་གཟིགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དེ་དང་ཆ་མཐུན་སྤྲུལ་པར་མཇད་དེ། བཅོམ་ལྡན་འདས་ཡིད་བྱེད་པ་ཀུན་ཏུ་བཟང་པོས་ཁྲོ་བོ་ཐམས་ཅད་ཀྱི་མཆོག་ཧེ་རུ་ཀར་སྤྲུལ་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྐུ་ལ་ཚང་ཞིང་རྫོགས་ནས། ཁྱབ་ཅིངགདལ་བའི་ཕྱིར་ན། དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས་སུ་སྤྲུལ། ཡུམ་ཀུན་ཏུ་བཟང་མོ་ཀྲོ་དྷི་ཤྭ་རི་གནམ་ཞལ་མར་སྤྲུལ་ནས། ཡབ་ཡུམ་གཉིས་སུ་མེད་པའི་མཁའ་ལས་རིགས་ལྔའི་སངས་རྒྱས་ཡབ་ཡུམ་རྣམས་ཡེ་ཤེས་ཀྱི་ཧེ་རུ་ཀ་ཡབ་ཡུམ་བཅུར་གྱུར་ཏེ། རྣམ་པར་སྣང་མཛད་ཡབ་ཡུམ་བུརྙ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་ནས། དེ་ཅི་བས་ཀྱང་སྐུ་ཆེ་བ་ཕྱག་མང་བ་མཚོན་ཆ་རྣོ་བ་མེ་དཔུང་འབར་བ ང་རོ་ཆེ་བ་མཐུ་ཆེ་བ་དྲག་ཅིང་རྔམ་པ། གསོད་པ་ལ་བརྩོན་པར་སྤྲུལ་ཏེ། དྲེགས་པ་ཆེན་པོ་གཙོ་བོར་དུ་ཏྲ་དངར།སུ་བསྒྲལ་ལོ། །ཡུམ་གྱིས་དེའི་ཆུང་མ་བསྒྲལ་ལོ། །དེ་བཞིན་དུ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱིས། ཤར་གྱི་དྲི་ཟའི་སྲིན་པོ་ཕོ་མོ་བསྒྲལ་ལོ། །རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱིས། ལྷོ་གཤིན་རྗེའི་སྲིན་པོ་ཕོ་མོ་བསྒྲལ་ལོ། །པདྨ་ཧེ་་ཀ་ཡབ་ཡུམ་གྱིས། ནུབ་ཀླུའི་སྲིན་པོ་ཕོ་མོ་བསྒྲལ་ལོ། །ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱིས། བྱང་གནོད་སྤྱིན་གྱི་སྲིན་པོ་ཕོ་མོ་བསྒྲལ་ལོ། །བདུད་དང་སྲིན་པོའི་ལག་ཆ་མདུང་རྩེ་གསུམ་རྒྱལ་བྱེད་རྟགས་ཀྱི་ཁ་ཊ༷་གར་བསྣམས། པགས་པ་གཡང་གཞིར་སྐུ་ལ་གསོལ་ལོ། །ཐོད་པ་མནབས་ཞལ་དུ་མཛད་དོ། །རྣམ་པར་ཤེས་པའི་སེམས་རིགས་ངེས་པའི་སྲས་སུ་གྱུར་པས། རསྒ་ཧེ་རུ་ཀའི་སྐུར་གྱུར་ཏོ། །ངན་སོང་གསུམ་དུ་སྐྱེ་ངེས་པའི་སྲས་སེམས་རིགས་ངེས་པའི་སྲས་སུ་བསྒྲལ་བས། ས་ནུ་ཧེ་རུ་ཀར་གྱུར་ཏོ། །འཁོར་བྱང་ཆུབ་སེམས་དཔའ་དུ་བརླག་པའི་རྟགས་ཡིན་ནོ། །ཞེས་སྨྲས་པས། སྲིན་མོ་དེས་ཀྱང་དེ་བཞིན་དུ་བསྒོམས་པས། སྲིན་མོ་དེས་ཕྱིར་མི་ལྡོག་པའི་ས་ཐོབ་པས མ་འོངས་པའི་འགྲོ་བའི་དོན་དུ་ཀོའུ་རིའི་བྲན་དང་ཡང་བྲན་དང་། ཁོལ་དང་ཡང་ཁོལ་དུ་དབང་བྱིན་ཏེ་བཞག་གོ །དེ་བཞིན་དུ་སྲིན་པོའི་ཡུལ་གྱི་ལྷོ་ཕྱོགས། དུར་ཁྲོད་ཆེན་པོ་འཇིགས་པའི་ཡུལ་ན། སྲིན་མོ་མདའ་འཕེན་མས་སེམས་ཅན་ཐམས་ཅད་གསོད་ཅིང་ཟ་སྟེ། བྱམས་དང་སྙིང་རྗེ་ནི་མེད། ཉོན་མོངས་པ་རང་གམ་ལ་ཞི་བའི་ཏིང་ངེ་འཛིན་གང་གིས་ཀྱང་མ་ཐུལ་བ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་ལྷ་མོ་ཙོའུ་རི་མ་ཐབས་ཀྱི་མདའ་འགེངས་མར་སྤྲུལ་ནས། སྲིན་མོ་དེ་དང་སྤྱོད་པ་ཆ་མཐུན་པར་བྱས་ནས་བཏུལ་ཏེ། ཕྱིར་མི་ལྡོག་པའི་ས་ལ་བཀོད་ནས། བྲན་དང་ཡང་བྲན་དང་ཁོལ་དང་ཡང་ཁོལ་དུ་དབང་བྱིན་ཏེ་བཞག་གོ །དེ་བཞིན་དུ་སྲིན་པོའི་ཡུལ་གྱི་ནུབ་ཕྱོགས་དུར་ཁྲོད་ཆེན་པོ་འཛིན་བྱེད་ན། སྲིན་མོ་འཛིན་བྱེད་མ་ཞེས་བྱ་བ་ལག་ན་ཆུ་སྲིན་གསོན་མ་པི་ཏ་ཐོགས་པས། སེམས་ཅན་ཐམས་ཅད་འཛིན་ཅིང་མི་གཏང་བར་ཟ་བ་ལ། བྱམས་པའི་ཏིང་ངེ་འཛིན་གང་གིས་མ་ཐུལ་བ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས། ཁྲོ་མོ་པྲ་མོ་ཧ་མདོག་དམར་བ་ལག་པར་ཆུ་སྲིན་གྱི་རྒྱལ་མཚན་ཐོགས་པར་སྤྲུལ་ཏེ། དེ་དང་སྤྱོད་པ་ཆ་བསྟུན་ཞིང་རིགས་གཅིག་པར་བྱས་ནས་བཏུལ་ཏ།ཡངགོངམ་བཞིན་དུ་བཞག་གོ །སྲིན་པོའི་ཡུལ་གྱི་བྱང་ཕྱོགས་དུར་ཁྲོད་སྒྲོལ་བ་ན། སྲིན་མོ་བེ་ཏྭ་ནག་མོ་ཞེས་བྱ་ལ། ལག་གཡས་སྦར་ཁྱིམ་གདེངས་ནས་བུས་པ་བརྡུང་བ། གཡོན་པས་བུས་པ་ཁོག་རངས་སུ་ཟབ་ཅིག་གནས་པ་ལ། ཡང་ཅིས་ཀྱང་མ་ཐུལ་བ་ལས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ཁྲོ་མོ་བེ་ཏྭ་ལི་གཡས་རྡོ་རྗེ་གཡོན་བུས་པ་ཟ་བར་སྤྲུལ་ནས། གོང་མ་བཞིན་དུ་བཞག་གོ །སྲིན་པོའི་ཡུལ་གྱི་ཤར་ལྷོ་མཚམས་ནས། དུར་ཁྲོད་འདྲེན་བྱེད་ཅེས་བྱ་བ་ན། སྲིན་མོ་ནང་ཁྲོལ་འདྲེན་མ་ཞེས་བྱ་བས་སེམས་ཅན་ཐམས་ཅད་བསད་ནས་ནང་ཁྲོལ་དང་རྒྱུ་མ་ཤ་ཁྲག་རློན་པར་ཟ་བ་ལས། བྱང་ཆུབ་སེམས་དཔའ་བྱམས་པས།ཁྲོ་མོ་པུསྐ་སྙིར་སྤྲུལ་ནས། ཡང་གོང་མ་བཞིན་དུ་བཞག་གོ །སྲིན་པོའི་ཡུལ་གྱི་ལྷོ་ནུབ་མཚམས་ན་དུར་ཁྲོད་ཆེན་པོའི་ཚལ་སྔོན་ན། སྲིན་མོ་ཆེན་མོ་རབ་འཇིགས་མ་ཞེས་བྱ་བ། སེམས་ཅན་ཐམསཅད་ཀྱི་མགོ་བོ་ཕོར་པར་བཅད་ནས། ཤ་ཁྲག་ཚིལ་བུས་བཀང་སྟེ། སོར་མོ་གསུམ་གྱིས་དཀྲུག་ཅིང་འཐུང་བ་ལས། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས། ཁྲོ་མོ་བྷས་མ་རིར་སྤྲུལ་ནས་བཏུལ་ཏེ་ཡང་གོང་མ་བཞིནདུབཞག་གོ །སྲིན་པོའི་ཡུལ་གྱི་ནུབ་བྱང་གི་མཚམས་ན་དུར་ཁྲོད་ས་ལ་ཞེས་བྱ་བ་ན། སྲིནམོཆེནམོསྲོགགཅོད་མ་ཞེས་བྱ་བ། སེམས་ཅན་ཐམས་ཅད་ཀྱི་སྙིང་ཁྲག་རྩ་བ་ནས་ཕྱུང་ནས་ཟ་བ་ལ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། ཁྲོ་མོ་སྨར་ཤ་ནིར་སྤྲུལ་ནས་བཏུལ་ཏེ། ཡང་དེ་བཞིན་དུ་བཞག་གོ །སྲིན་པོའི་ཡུལ་གྱི་བྱང་ཤར་མཚམས་ན། དུར་ཁྲོད་ཆེན་པོ་ཀ་པ་ལ་ན། སྲིན་མོ་སྨྱོན་མ་ཞེས་བྱ་བ།སེམས་ཅན་ཐམས་ཅད་ཀྱི་མགོ་ལུས་བཅད་ནས། སྨྱོན་མའི་བརྟུལ་བཞུགས་ཀྱིས་གར་ཤ་སྟག་བྱེད་པ་ལས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། ཁྲོ་མོ་ཙཎྜ་ལིར་སྤྲུལ་ནས། ཡང་དེ་བཞིན་དུ་བ་་ནས་བཞག་གོ །དེ་ནས་སྲིན་པོའི་ཡུལ་དང་གནས་ཀྱི་ཕྱི་རོལ་ན། ཤར་ཕྱོགས་འཇིག་པ་ཆེན་པོའི་ཡུལ་ན། སྲིན་མོ་མགོ་བརྙན་མ་འཇོམས་བྱེད་ཆེན་མོ་སེང་གེའི་མགོ་ཅན། སེམས་ཅན་ཐམས་ཅད། ཁ་ལོང་དུ་བླང་ནས།སྤྲུག་ཅིང་རིལ་མིད་པར་བྱེད་པ་ལ། ཐབས་ཅིས་ཀྱང་མ་ཐུལ་བ་ལས། ལྷ་མོ་ལྭ་པྱ་མས་ཕྲ་མེན་མ་སིང་ཧ་མར་སྤྲུལ་ཏེ། དེ་དང་སྤྱོད་པ་ཆ་མཐུན་པར་བྱས་ནས་བཏུལ་ཏེ། ཕྱིར་མི་ལྡོག་པའི་ས་ལ་བཀོད་ནས། མ་འོངས་པའི་འགྲོ་བའི་དོན་དུ་བྲན་དང་ཡང་བྲན་དང་། གཡོག་དང་ཡང་གཡོག་ཏུ་དབང་བྱིན་ཏེ་བཞག་གོ །ལྷོ་ཕྱོགས་གཤིན་རྗེའི་ཡུལ་ན། སྲིན་མོ་ཕྲ་མེན་ཟ་བྱེད་སྟག་མགོ་མ། ལག་པས་བསྣོལ་ནས་བམ་ཆེན་པོ་ལ་འབྲུ་ཚུགས་སུ་བལྟ་བ་ལ། ལྷ་མོ་མུ་ལེ་མས་ཕྲ་མེན་མ་སྟག་མགོ་ཅན་དུ་སྤྲུལ་ནས་བཏུལ་ཏེ། དེ་བཞིན་དུ་བཞག་གོ །ནུབ་ཕྱོགས་ཀླུའི་ཡུལ་ན་སྲིན་མོ་ཕྲ་མེན་མ་ལེན་བྱེད་མ་ཞེས་བྱ་བ། ཝའི་མགོ་ཅན་མ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནས། བམ་ཆེན་མོའི་དྲི་ཚོར་ནས་ལེན་པར་བྱེད་པ་ལ། ལྷ་མོ་གིར་ཏི་མས་སྲི་ལ་མུ་ཁར་སྤྲུལ་ཏེ་བཏུལ་ནས། དེ་བཞིན་དུ་བཞག་གོ །སྲིན་མོ་ཕྲ་མེན་མང་རོ་མ་ཞེས་བྱ་བ། བྱང་ཕྱོགས་གནོད་སྤྱིན་གྱི་ཡུལ་ན། ཁྱིའི་མགོ་ཅན་བམ་ཆེན་པོ་ལ་འདྲད་ཅིང་ཟ་བ་ལ། ལྷ་མོ་ནིར་ཏི་མས། ཕྲ་མེན་མ་ཤྭ་ན་མུ་ཁར་སྤྲུལ་ནས། དེ་བཞིན་དུ་བཏུལ་ཏེ་བཞག་གོ །ཡང་ཤར་ལྷོའི་མཚམས་དྲང་སྲོང་གི་ཡུལ་ན། སྲིན་མོ་ཕྲ་མེན་མ་ཁྲག་འཐུང་མ། བྱ་རྒོད་ཀྱི་མགོ་ཅན་ཐོད་ཁྲག་འཐུང་བ་ལ། ལྷ་མོ་རྙུ་པེ་མས་གྲོརྙ་མུ་ཁར་སྤྲུལ་ནས་བཏུལ་ཏེ་བཞག་གོ །ལྷོ་ནུབ་ནིར་རི་ཏྲའི་ཡུལ་ན། སྲིན་མོ་ཕྲ་མེན་མ་རྐང་ཟ་བ་ཞེས་བྱ་བ། བྱ་ཀདྷའི་མགོ་ཅན་མ་བམ་ཆེན་པོ་ཕྲག་ལ་ཁུར་ནས། ཤ་དང་ཁྲག་དང་རྐང་དང་ཚིལ་བུ་ཟ་བ་ལ། ལྷ་མོ་བཛྲ་པུསྤྲོ་མས་ཕྲ་མེན་དུར་བྱའི་མགོ་ཅན་མར་སྤྲུལ་ནས་བཏུལ་ཏེ་བཞག་གོ །ནུབ་བྱང་རིགས་སྔགས་འཆང་བའི་ཡུལ་ན། སྲིན་མོ་ཕྲ་མེན་མ་འཇོམས་བྱེད་མ་བྱ་རོག་གི་མགོ་ཅན། ལག་ན་སྤུ་གྲི་ཀ་མ་ལ་ཐོགས་ནས། བམ་ཆེན་པོའི་མགོ་བཅད་པ་ཐོགས་ཤིང་ཟ་བ་ལ། ལྷ་མོ་མར་མེ་མས། ཀྭ་སྐ་མུ་ཁར་སྤྲུལ་ནས་བཏུལ་ཏེ་བཞག་གོ །བྱང་ཤར་འབྱུང་པོ་མང་པོའི་ཡུལ་ན། སྲིན་མོ་ཕྲ་མེན་མ་སྐུལ་བྱེད་མ་འུག་པའི་མགོ་ཅན། ལྕགས་ཀྱུ་དང་ཐོད་ཁྲག་ཐོགས་ནས། བམ་ཆེན་པོའི་ཙིསྟ་བརྐུ་བ་ལས། ལྷ་མོ་དྲི་ཆབ་མས་སྤུ་ལུ་མུ་ཁར་སྤྲུལ་ནས་བཏུལ་ཏེ། དེ་བཞིན་དུ་བཞག་གོ །སྲིན་མོའི་ཡུལ་དང་གནས་ཀྱི་ཕྱི་རོལ་ན། གྲོང་ཁྱེར་ཆེན་པོ་བཞི་ལ། ཤར་ཕྱོགས་གྲོང་ཁྱེར་ཙ་ཀ་ལི་བྱི་ན། མིའམ་ཅིའི་སྲིན་མོ་རྟ་མགོ་ཅན་ལག་ན་ལྕགས་ཀྱུ་ཐོགས་ཏེ། ཐམས་ཅད་འཛིན་ཅིང་ཟ་བ་ལས། བྱམས་པ་ཆེན་པོས་ལྕགས་ཀྱུ་མར་སྤྲུལ་ནས་བཏུལ་ཏེ་བཞག་གོ །ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་ཡ་མ་ཡོ་ཏི་ན། གྲུལ་བུམ་གྱི་སྲིན་མོ་ཕག་མགོ་ཅན་ལག་ན་ཞགས་པ་ཐོགས་ཏེ། ཐམས་ཅད་འཆིང་ཞིང་ཟ་བ་ལ། སྙིང་རྗེ་ཆེན་པོས་ཞགས་པ་མར་སྤྲུལ་ཏེ་བ་་ནས་བཞག་གོ །ནུབ་ཕྱོགས་སུ་གྲོང་ཁྱེར་མུ་ར་ཡ་ན། ལྷོ་འཔྱེའི་སྲིན་མོ་དྲེད་མགོ་ཅན་ལག་ན་ལྕགས་ཀྱི་དྲ་བ་ཐོགས་ནས། ཐམས་ཅད་ཟ་བ་ལ། དགའ་བ་ཆེན་པོས་ཉི་ཟླ་ལྕགས་སྒྲོག་ཅན་གྱི་སྐུར་སྤྲུལ་ནས་བ་་ཏེ་བཞག་གོ །བྱང་ཕྱོགས་གྲོང་ཁྱེར་ཆེན་པོའི་རྩ་མའི་རི་ན་ཤ་ཟའི་སྲིན་མོ་སྤྱང་ཀིའི་མགོ་ཅན། ལག་གཉིས་སྡེར་འཛིངས་སུ་སྦྱར་ཏེ། ཐམས་ཅད་སྤོར་ཅིང་ཟ་བ་ལས། བཏང་སྙོམས་ཆེན་མོ་དྲིལ་བུ་མར་སྤྲུལ་ནས་བཏུལ་ཏེ་དེ་བཞིན་དུ་བཞག་གོ །དེའི་ཕྱི་རིམ་ཕྱོགས་བཞི་མཚམས་བརྒྱད་ན། ཕྱོགས་སྐྱོང་སྲིན་པོ་བརྒྱད་ཀྱི་བུ་མོ་འབར་མ་བརྒྱད་ལས། ཤརཕྱོགས་དྲི་ཟ་མང་པོ་བསམ་གྱིས་མི་ཁྱབ་པའི་གྲོང་ཁྱེར་ན་དྲི་ཟའི་རྒྱལ་པོའི་བུ་མོ་འབར་མ་ཉི་མའི་ཞགས་པ་ཅན་ལག་ན་ཉི་ཟེར་གྱི་ཞགས་པ་ཐོགས་ནས། སྟོང་གསུམ་མམ་ཁམས་གསུམ་འཛིན་ཅིང་ཟ་བ་ལ། སྟོན་པཀུན་ཏུ་བཟང་པོའིཐུགས་ལས་ཡི་གེ་སྒ་ཕྱུང་། དེ་ལ་སྤོར་བྱེད་ཉི་ཟེར་ཞགས་པ་ཅན་དུ་སྤྲུལ་ནས། དེ་དང་སྤྱོད་པ་ཆ་མཐུན་པར་བྱས་ནས་བ་་ཏེ། ཕྱིར་མི་ལྡོག་པའི་ས་ལ་བཀོད་དེ། མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྲན་དང་ཡང་བྲན་དང་། གཡོག་དང་ཡང་གཡོག་དང་། འཁོར་དང་ཡང་འཁོར་དུ་དབང་བྱིན་ཏེ་བཞག་གོ །དེ་བཞིན་དུ་ཤར་ལྷོའི་དྲང་སྲོང་མང་པོའི་གྲོང་ཁྱེར་ན། མེ་ལྷ་ཨག་ནེའི་བུ་མོ་འབར་མ་མེ་ཁྱེར་གློག་ཕྲེང་འཛིན་ལ། ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མས། སྤོར་བྱེད་མེ་ཁྱེར་གློག་འཛིན་དུ་སྤྲུལ་ནས་བཏུལ་ཏེ། གོང་མ་བཞིན་དུ་བཞག་གོ །ལྷོ་ཕྱོགས་གཤིན་རྗེ་མང་པོའི་གྲོང་ཁྱེར་ན། གཤིན་རྗེའི་བུ་མོ་འབར་མ་གཏུམམོ་མདུང་ཐུང་འཕེན་ལ། མིའི་ཐུབ་པ་ཤཱཀྱ་ཐུབ་པས་སྤོར་བྱེདམ་དེར་སྤྲུལ་ཏེ་བཏུལ་ལོ། །ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ན། སྲིན་པོ་ནེརརེ་ཏུའི་བུ་མོ་འབར་མ་གཤིན་རྗེ་རལ་གྲིའི་སྐྲ་ལ་དམྱལ་བའི་ཐུབ་པས་དེར་སྤྲུལ་ནས་བཏུལ་ལོ། །ནུབ་ཕྱོགས་ཆུ་ལྷ་མང་པོའི་གྲོང་ཁྱེར་ན། བ་རུ་ཎའི་བུ་མོ་འབར་མ་རྡོ་རྗེ་དྲིལ་འཁྲོལ་མ་ལ། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོའི་ཐུགས་ལས་ཡི་གེ་ཨ་བྱུང་། ཨ་ལས་སྤོར་བྱེད་རྡོ་རྗེ་དྲིལ་འཁྲོལ་མར་སྤྲུལ་ནས་བཏུལ་ལོ། །ནུབ་བྱང་གི་ཕྱོགས་མཚམས་རླུ་་ལྷ་མང་པོའི་གྲོང་ཁྱེར་ན། རླུང་ལྷ་བ་དན་གྱི་བུ་མོ་འབར་མ་གནོད་སྦྱིན་ཁྱུང་ཐོགས་མ་ལ། ལྷའི་ཐུབ་པས་སྤོར་བྱེད་མ་དེར་སྤྲུལ་ནས་བཏུལ་ལོ། །བྱང་ཕྱོགས་གནོད་སྦྱིན་ཀུ་བེ་རའི་གྲོང་ཁྱེར་ན། གནོད་སྤྱིན་དབྱུག་ཐོ་ཅན་གྱི་བུ་མོ་འབར་མ་ཐོགས་མེད་སྐར་མདའི་གཏོང་ལ། ལྷ་མ་ཡིན་གྱི་ཐུབ་པས་སྤོར་བྱེད་མ་དེར་སྤྲུལ་ནས་བ་་ལོ། །བྱང་ཤར་བགེགས་མང་པོ་གནས་པའི་གྲོང་ཁྱེར་ན། དཔལ་ལྡན་གྱི་བུ་མོ་འབར་མ་བ་ལང་སྣ་ལ། བྱོལ་སོང་གི་ཐུབ་པས་སྤོར་བྱེད་མ་འཇིག་རྟེན་བཱཀྟ་རྒྱ་དུསྐྱེ་ངཤིངགིབྱེབྲག་ག རྡེབ་ཏུ་སྤྲུལ་ནས་བ་་ཏེ་དེ་བཞིན་དུ་བཞག་གོ །སྲིན་པོའི་ཡུལ་དང་གནས་ཀྱི་གྲུ་བཞི་ན། བདུད་ཀྱི་བུ་མོ་ཟ་བྱེད་མ་དང་། རྨོངས་བྱེད་མ་དང་། ཟ་བ་རྒྱས་འདེབས་མ་དང་། རྨོངས་པ་སྐེམ་བྱེད་མ་བཞི་ལ། དཔལ་ཆེན་པོའི་ཐུགས་གསང་བའི་གཟུངས་མ་བཞི་ལས། གསང་བའི་ཡུམ་ཆེན་མོ་བཞི་སྟེ། བདེ་བ་ཟ་བྱེད་མ་དང་། བདེ་བ་རྨོངས་བྱེད་མ་དང་། བདེ་བ་རྒྱས་འདེབས་མ་དང་། བདེ་བ་ཚེ་འཕེལ་མ་དང་བཞིར་སྤྲུལ་ནས། དེ་རྣམས་ཀྱི་འདོད་པའི་སྤྱོད་པ་དང་ཆ་མཐུན་པར་བྱས་ནས་བཏུལ་ཏེ། ཕྱིར་མི་ལྡོག་པའི་ས་ལ་བཀོད་ནས། མ་འོངས་པའི་དོན་དུ་གསང་བའི་གཟུངས་མའི་གཡོག་དང་ཡང་གཡོག་ལ་སོགས་པའི་དབང་བྱིན་ཏེ་བཞག་གོ །དེ་ནས་སྲིན་པོའི་ཡུལ་དང་། གནས་ཀྱི་ཕྱི་རོལ་ན། སྲིན་པོའི་འཁོར་དང་མཁའ་འགྲོ་མ་ཤ་ཁྲག་རུས་པའི་ལྷགསྡུདཆེནམོལ། ཕྱོགས་བཞི་ན་བཞི་བཞི། མཚམས་བཞི་ན་གསུམ་གསུམ། སྒོ་བཞི་ན་རེ་རེ་སྟེ་སུམ་ཅུ་རྩ་གཉིས་ལ། སེམས་དཔའ་ཆེན་པོ་སུམ་ཅུ་རྩ་གཉིས་ཀྱིས་བཏུལ་ཏེ། ཤར་ཐལ་བ་ཡོད་པའི་གླིང་ན། རྡོ་རྗེ་མཁའ་འགྲོ་མ་བཞི་བཏུལ་བ་ལས་དགའ་བར་བྱེད་པའི་མཁའ་འགྲོ་མ་མདོག་ཐལ་སྐྱ། ལག་ན་པདྨ་ལོ་མ་དང་ཆས་པར་བྱས་ནས། སེམས་ཅན་ཐམས་ཅད་དབང་དུ་སྡུད་ཅིང་ཟ་བ་ལས། སེམས་དཔའ་ཆེན་པོ་རྡོ་རྗེ་སེམས་དཔས་མཁའ་འགྲོ་དགའ་བར་བྱེད་པ་ལག་ན་རྡོ་རྗེ་རྩེ་གསུམ་ཐོགས་པར་སྤྲུལ་ཏེ། དེ་དང་སྤྱོད་པ་ཆ་མཐུན་པར་བྱས་ནས། ཐབས་ཀྱིས་བཏུལ་ཏེ་ཕྱིར་མི་ལྡོག་པའི་ས་ལ་བཀོད་ནས། མ་འོངས་པའི་འགྲོ་བའི་དོན་དུ། བྲན་དང་ཡང་བྲན་ལ་སོགས་པར་དབང་བྱིན་ཏེ་བཞག་གོ །དེ་བཞིན་དུ་མཁའ་འགྲོ་འདྲེན་བྱེད་ལག་ན་ལྕགས་ཀྱུ་ཐོགས་པ་ལ། སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱལ་པོས་མཁའ་འགྲོ་མ་འདྲེན་བྱེད་མར་སྤྲུལ་ནས་བཏུལ་ལོ། །དེ་བཞིན་དུ་སེམས་དཔའ་ཆེན་པོ་རྡོ་རྗེ་ལེགས་པས། མཁའ་འགྲོ་མ་གསོད་བྱེད་མར་སྤྲུལ་ནས། སྲིན་པོའི་འཁོར་གསོད་བྱེད་མ་བཏུལ་ལོ། །སེམས་དཔའ་ཆེན་པོ་རྡོ་རྗེ་ཆགས་པས་མཁའ་འགྲོ་མ་སྤོར་བྱེད་མར་སྤྲུལ་ནས། སྲིན་པོའི་འཁོར་སྤོར་བར་བྱེད་མ་བཏུལ་ལོ། །ལྷོ་ཕྱོགས་མེ་ཏོག་བཀྲམ་པའི་གླིང་ན། རིན་ཆེན་རིགས་ཀྱི་སེམས་དཔའ་བཞིས་བཏུལ་བའི་མཁའ་འགྲོ་མ་ལ། འབར་བྱེད་མ་མདོག་སྔོ་ལག་ན་མེ་འབར་བ་ལ། སེམས་དཔའ་ཆེན་པོ་རྡོ་རྗེ་རིན་ཆེན་གྱིས་མཁའ་འགྲོ་མ་འབར་བྱེད་མར་སྤྲུལ་ནས་བཏུལ་ཏེ་གོང་མ་བཞིན་བཞག་གོ །དེ་བཞིན་དུ་རྡོ་རྗེ་ཉི་མས་སྲིན་པོའི་འཁོར་གཟི་བརྗིད་མ་བཏུལ་ལོ། །རྡོ་རྗེ་རྒྱལ་མཚན་གྱིས་ཁྲོ་གཉེར་མ་བཏུལ་ལོ། །རྡོ་རྗེ་བཞད་པས་འཇོམས་བྱེད་མ་བཏུལ་ལོ། །ནུབ་ཕྱོགས་ཁྲག་གི་རྒྱ་མཚོའི་གླིང་ན། སྲིན་པོའི་མཁའ་འགྲོ་མ་བཞི་ལ། པདྨ་རིགས་ཀྱི་སེམས་དཔའ་བཞིས་བཏུལ་བ་ལ། མཁའ་འགྲོ་ཆགས་ཆེན་མ་ལག་ན་པདྨ་གདེངས་པ་མདོག་དམར་མོ་ལ། སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱིས། མཁའ་འགྲོ་ཆགས་ཆེན་མར་སྤྲུལ་ནས་བཏུལ་ལོ། །དེ་བཞིན་དུ་རྡོ་རྗེ་རྣོན་པོས་ཆགས་བྲལ་མ་བཏུལ་ལོ། །རྡོ་རྗེ་འཁོར་ལོས་འཁོར་ལོ་མ་བཏུལ་ལོ། །རྡོ་རྗེ་སྨྲ་བས་རྒྱས་འདེབས་མ་བཏུལ་ལོ། །བྱང་ཕྱོགས་ཤའི་ཕུང་པོ་སྤུངས་པའི་གླིང་ན། སྲིན་པོའི་མཁའ་འགྲོ་མ་བཞི་ལ་ལས་ཀྱི་རིགས་ཀྱི་སེམས་དཔའ་བཞིས་བཏུལ་བ། མཁའ་འགྲོ་སྣ་ཚོགས་མ་ལུས་མདོག་སེར་ལག་ན་མཚོན་ཆ་རྒྱ་གྲམ་ཐོགས་པ་ལ། སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱིས། མཁའ་འགྲོ་སྣ་ཚོགས་ལུས་མདོག་ལྗང་གུ། རྡོ་རྗེ་རྒྱ་གྲམ་ཐོགས་པར་སྤྲུལ་ནས་གོང་མ་བཞིན་དུ་བཏུལ་ནས་བཞག་གོ །དེ་བཞིན་དུ་རྡོ་རྗེ་གོ་ཆས་སྲུང་བ་མོ་བཏུལ་ལོ། །རྡོ་རྗེ་མཆེ་བས་གནོད་སྤྱིན་མོ་བཏུལ་ལོ། །རྡོ་རྗེ་ཁུ་ཚུར་གྱིས་ཡན་ལག་འཕྲོག་མ་བཏུལ་ལོ། །ཤར་ལྷོ་མཚམས་ན་རྐང་སྣ་ཚོགས་སྐྲུངས་པའི་གླིང་ན། སྲིན་པོའི་འཁོར་མཁའ་འགྲོ་མ་གསུམ་ལ། མཁའ་འགྲོ་བྱ་རོག་མགོ་ལག་ན་གྲི་ཐོགས་པ་ལ། སེམས་དཔའ་ཆེན་པོ་དཔའ་བར་འགྲོ་བས་བྱ་རོག་གི་མགོར་སྤྲུལ་ཏེ། ལག་ན་གྲི་དང་ལུབར་གཞོང་ཐོགས་པས་སྤྱོད་པ་ཆ་མཐུན་པར་བྱས་ནས་བཏུལ་ཏེ་གོང་མ་བཞིན་དུ་བཞག་གོ །དེབཞིན་དུ་ཀུན་ཏུ་བཟང་པོས་འཇིགས་བྱེད་མ་བཏུལ་ལོ། །ཟླ་འོད་གཞོན་ནུས་འུག་མགོ་མ་བཏུལ་ལོ། །ལྷོ་ནུབ་ཚིལ་སྣ་ཚོགས་སྐྲུངས་པའི་གླིང་ན། སྲིན་པོའི་འཁོར་མཁའ་འགྲོ་མ་གསུམ་ལ། སེམས་དཔའ་ཆེན་པོ་བཟང་སྐྱོང་ཀུན་ལ་སྐྱོང་གིས། མཁའ་འགྲོ་བཞད་མགོ་མར་སྤྲུལ་ནས། སྲིན་པོའི་འཁོར་བཞད་མགོ་མ་བཏུལ་ལོ། །དེ་བཞིན་དུ་དྲ་བ་ཅན་གྱི་འོད་ཀྱིས་ཁྱི་མགོ་མ་བ་་ལོ། །རྡོ་རྗེ་སྙིང་པོས་ཕག་མགོ་མ་བཏུལ་ལོ། །ནུབ་བྱང་ཞག་སྣ་ཚོགས་སྐྲུངས་པའི་གླིང་ན། སྲིན་པོའི་འཁོར་མཁའ་འགྲོ་མ་གསུམ་ལ། སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས། མཁའ་འགྲོ་རྔ་མོའི་མགོར་སྤྲུལ་ནས། སྲིན་མོ་རྔ་མོའི་མགོ་ཅན་བཏུལ་ལོ། །དེ་བཞིན་དུ་འོད་དཔག་མེད་ཀྱིས་བོང་བུའི་མགོ་ཅན་བཏུལ་ལོ། །མྱ་ངན་ཀུན་འཇོམས་ཀྱིས་ར་མགོ་མ་བཏུལ་ལོ། །བྱང་ཤར་མཚམས་ན་ནང་ཁྲོལ་དང་བ་སུ་ཏ་སྣ་ཚོགས་སྐྲུངས་པའི་གླིང་ན། སྲིན་པོའི་འཁོར་མཁའ་འགྲོ་མ་གསུམ་ལ། སེམས་དཔའ་ཆེན་པོ་རྒྱལ་བའིཡེཤེསཏོགགིས། མཁའའགྲོ་མ་བྱི་ལའི་མགོ་ཅན་མར་སྤྲུལ་ནས། སྲིན་མོ་བྱི་ལའི་མགོ་ཅན་མ་བ་། དེབཞིནདུབློགྲོསམིཟད་པས་ཀེང་རུས་དཀར་པོ་འཛིན་པ་བཏུལ། སྤོབས་པ་བརྩེགས་པས་མཁའ་འགྲོ་མ་རུས་པའི་ཕྲེང་བ་ཅན་གོང་མ་བཞིན་དུ་བཏུལ་ལོ། །དེ་རྣམས་ཀྱི་སྒོ་བཞི་ན། ཤར་ན་སྲིན་པོ་བུམ་སྣ། ལྷོ་ན་གཤིན་རྗེ་དྷ་ཤ་རྒི་ལ་སོགས་པ་བཞི་ནི།གཤིན་རྗེ་གཤེད་པོ་ལ་སོགས་པ་ཁྲོ་བོ་བཞིས་བསྒྲལ། དེ་རྣམས་ཀྱི་ཆུང་མ་བཞི་གནས་པ་ལ། བྱང་ཕྱོགས་ཀྱི་སེམས་དཔའ་ཆེན་པོ་བཞིས་བ་་ཏེ། ཤར་ཕྱོགས་ཀྱི་སྒོར་བྱང་ཆུབ་སེམས་དཔའ་ངན་སོང་ཀུན་འདྲེན་གྱིས། མཁའ་འགྲོ་མ་ལྕགས་ཀྱུ་མར་སྤྲུལ་ནས། ཤར་ཕྱོགས་སྲིན་པོ་བུམ་སྣའི་ཆུང་མ་ལག་ལ་ལྕགས་ཀྱི་ཀུ་ཀུ་ར་ཐོགས་པ་དང་སྤྱོད་པ་ཆ་མཐུན་པར་བྱས་ཏེ། གོང་མ་བཞིན་དུ་བ་་ནས་བཞག་གོ །སེམས་དཔའ་ཆེན་པོ་བྱམས་པ་མི་ཏྲིས། མཁའ་འགྲོ་མ་ཞགས་པ་མར་སྤྲུལ་ནས། ལྷོ་སྒོར་གཤིན་རྗེ་རྣམ་པར་འཇོམས་པའི་ཆུང་མ་ལྕགས་ཀྱི་ཐག་པ་འཕེན་པ་བཏུལ་ལོ། །སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོས། མཁའ་འགྲོ་མ་ལྕགས་སྒྲོག་མར་སྤྲུལ་ནས། ནུབ་སྒོར་སྲིན་པོའི་རྒྱལ་པོ་ལདྨ་མགྲིན་བཅུའི་ཆུང་མ་ལག་ན་ལྕགས་ཀྱི་ལུ་གུ་རྒྱུད་བསྡམས་པ་བ་་ལོ། །སེམས་དཔའ་ཆེན་པོ་དོན་ཡོད་གྲུབ་པས། མཁའ་འགྲོ་རྡོ་རྗེ་དྲིལ་འཁྲོལ་མར་སྤྲུལ་ནས། བྱང་སྒོར་གནོད་སྦྱིན་འབོད་སྒྲོག་གི་ཆུང་མ། ལག་ན་མི་རྐང་གི་གླིང་བུ་ཐོགས་པ་དང་སྤྱོད་པ་ཆ་མཐུན་པར་བྱས་ཏེ་བ་་ནས། ཕྱིར་མི་ལྡོག་པའི་ས་ལ་བཀོད་དེ། མ་འོངས་པའི་དུས་ན་བྲན་དང་ཡ་ ངབྲན་དང་། གཡོག་དང་ཡང་གཡོག་ཏུ་དབང་བྱིན་ཏེ། ལས་ཀྱི་མཁའ་འགྲོ་མར་བཞག་གོ །དེ་ནས་སྲིན་པོའི་ཡུལ་དང་གནས་ཀྱི་ཕྱོགས་བཞི་བླ་འོག་ན། སྔོན་གསང་སྔགས་ཀྱི་དོན་སྤྱོད་ཙམ་ན། གཟུང་འཛིན་དང་རྟག་ཆད་ཀྱི་བལྟ་བ་སུམ་བརྒྱ་དྲུག་ཅུའི་མཐུ་བརྟས་པ་ལས། སྲིན་པོའི་ཕོ་ཉ་དང་ཕྱག་བརྙན་སུམ་བརྒྱ་དྲུག་ཅུ་ལས། སྙེགས་པའི་ཕོ་ཉ་དང་ཕྱག་བརྙན་གཤོག་པ་ཅན་བརྒྱ་ཉི་ཤུ། འཛིན་པའི་ཕོ་ཉ་དང་ཕྱག་བརྙན་སྡེར་མོ་ཅན་བརྒྱ་ཉི་ཤུ། གསོད་པའི་ཕོ་ཉ་དང་ཕྱག་བརྙན་མཆེ་བ་ཅན་བརྒྱ་ཉི་ཤུ་ལས། ཕྱོགས་བཞི་བླ་འོག་ཏུ་དྲུག་ཅུ་དྲུག་ཅུ་བཀྱེ་སྟེ། སེམས་ཅན་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་བཀྱེ་སྟེ། དཀར་པོ་སེར་པོ་དམར་པོ་ལྗང་གུ་མཐིང་ག་རིན་པོ་ཆེའི་ཁ་དོག་ལ་སོགས་པ། འོད་ཟེར་རེ་རེ་ལ་ཡང་གྲངས་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དྲུག་ཅུར་སྤྲོས་ཏེ། ཕྱོགས་བཞི་མཚམས་བརྒྱད་བླ་འོག་ཕྱོགས་བཅུ་ཐམས་ཅད། འོད་ཟེར་གྱི་སྣང་བ་ཆེན་པོས་ཁྱབ་པར་བྱས་ནས། དོན་བྱ་བ་དང་བསྐུལ་བར་བྱ་བ་དང། བྱི་དོར་བྱ་བ་དང་། སྣོད་དུ་རུང་བར་བྱིན་གྱིས་བརླབས་ནས། འོད་ཟེར་དེ་དག་སླར་འདུས་པ་ལས། མི་མོ་སུམ་བརྒྱ་དྲུག་ཅུར་གྱུར་ཏེ། ཤར་ཕྱོགས་ནས་དུང་གི་མི་མོ་དྲུག་ཅུ། ལྷོ་ནས་ལྕགས་ཀྱི་མི་མོ་དྲུག་ཅུ། ནུབ་ཕྱོགས་ནས་ཟངས་ཀྱི་མི་མོ་དྲུག་ཅུ། བྱང་ནས་གཡུའི་མི་མོ་དྲུག་ཅུ། འོག་ནས་གསེར་གྱི་མི་མོ་དྲུག་ཅུ། སྟེང་ནས་བསེའི་མི་མོ་དྲུག་ཅུ་དེ་རྣམས་ཀྱང་མཐུན་པར་ཞལ་གཅིག་ཕྱག་བཞི་བཞི་སྟེ། གཡས་ཀྱི་དང་པོ་སྙེགས་བྱེད་ཀྱི་ཕོ་ཉ་གཤོག་པ་ཅན་བསམ་གྱིས་མི་ཁྱབ་པ་བསྣམས་པ། འོག་མ་ན་འཛིན་བྱེད་ཀྱི་ཕོ་ཉ་སྡེར་མོ་ཅན་བསམ་གྱིས་མི་ཁྱབ་པ་བསྣམས་པ། གཡོན་དང་པོ་ན་སྡོམ་བྱེད་ཀྱི་ཕོ་ཉ་མཚོན་ཆ་ཅན་བསམ་གྱིས་མི་ཁྱབ་པ་བསྣམས་པ། ཐ་མ་སྒྲོལ་བྱེད་ཀྱི་ཕོ་ཉ་མཆེ་བ་ཅན་བསམ་གྱིས་མི་ཁྱབ་པ་བསྣམས་པ། །དེ་ལྟ་བུ་དངོས་སུམ་བརྒྱ་དྲུག་ཅུ་ལ་དོན་གྱི་བྱེ་བ་ཁྲག་ཁྲིག་དང་ལྡན་པའོ། །དེ་དག་གི་མྱུར་བ་ནི་གློག་གིས་ཀྱང་བསྐྱད་དུ་མེད་པ། མགྱོགས་པ་རླུད་གིས་ཀྱང་བསྐྱད་དུ་མེད་པ། གཉེན་པོས་མི་ཚུགས་པ་རྡོ་རྗེ་ཕ་ལམ་གྱིས་བསྐྱད་དུ་མེད་པ། ཅི་ལ་ཡང་ཐོགས་པ་མེད་པ་ཤ་སྟག་གོ །དེ་ལས་ཤར་ཕྱོགས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྟགས། འོད་དཀར་པོ་ལས་རྡོ་རྗེ་རིགས་ཀྱི་ཕོ་ཉ་དུང་གི་མི་མོ་དྲུག་ཅུ། སྐུ་དང་གསུང་དང་ཐུགས་དང་རྡོ་རྗེ་ལས་བྱུང་ངོ་། །ཨོ་བཛྲ་བྷ་ན་བྷ་ན་ཨ༷་ཀུ་ཤ་ཛ། ཞེས་དྲུག་ཅུ་ཐམ་པ་བརྗོད་པས། ཕོ་ཉ་རྡོ་རྗེ་འབར་མ་དང་། རྡོ་རྗེ་སྡེར་མོ་དང་། རྡོ་རྗེ་ཀི་ལ་ཡ་དང་། རྡོ་རྗེ་འབིགས་མ་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་དྲག་མོ་དང་། རྡོ་རྗེ་མགྱོགས་མ་དང་། རྡོ་རྗེ་གཏུམ་མོ་དང་། རྡོ་རྗེ་འབེབས་མ་དང་། རྡོ་རྗེ་གསལ་མ་དང་། རྡོ་རྗེ་སྡོམ་མ་དང་། རྡོ་རྗེ་འགུགས་མ་དང་། རྡོ་རྗེ་ཐོགས་མེད་དང་། རྡོ་རྗེ་བསྐྱོད་མ་དང་། རྡོ་རྗེ་འཆང་བདག་དང་། རྡོ་རྗེ་ཕྲ་མེན་དང་། རྡོ་རྗེ་མྱུར་བྱེད་མ་དང་། རྡོ་རྗེ་སྐུལ་བྱེད་མ་དང་། རྡོ་རྗེ་གསལ་བཀྲ་མ་དང་། རྡོ་རྗེ་ཡང་དག་དང་། རྡོ་རྗེ་རྩེ་དང་། རྡོ་རྗེ་དབང་ཕྱུག་དང་།རྡོ་རྗེ་རིན་ཆེན་མོ་དང་། རྡོ་རྗེ་ཁ་འབར་མ་དང་། རྡོ་རྗེ་གསལ་བཀྲ་མ་དང་། རྡོ་རྗེ་ཁྲོ་མོ་དང་། རྡོ་རྗེ་འཆང་མ་དང་། རྡོ་རྗེ་གཏུམ་མོ་དང་། རྡོ་རྗེ་ཁྲོས་མ་དང་། རྡོ་རྗེ་ལས་བྱེད་མ་དང་། རྡོ་རྗེ་དུས་མཚམས་མ་དང། རྡོ་རྗེ་ཐར་མ་དང་། རྡོ་རྗེ་ཀུ་ལ་དང་། རྡོ་རྗེ་དཔལ་འབར་མ་དང་། རྡོ་རྗེ་སྐྱོང་ཆེན་མ་དང་། རྡོ་རྗེ་ལུས་ཁྲོ་མ་དང་། རྡོ་རྗེ་ངག་ཁྲོ་མ་དང་། རྡོ་རྗེ་ཡིད་གཏུམ་མ་དང་། རྡོ་རྗེ་སྡེར་ཆེན་མ་དང་། རྡོ་རྗེ་གསོད་བྱེད་མ་དང་། རྡོ་རྗེ་བརླང་བ་དང་། རྡོ་རྗེ་གསོད་མོ་དང། རྡོ་རྗེ་ཟ་བ་མོ་དང་། རྡོ་རྗེ་ཁྲག་འཐུང་མ་དང་། རྡོ་རྗེ་འཆང་བ་མོ་དང་། རྡོ་རྗེ་ཚེ་ལེན་མ་དང་། རྡོ་རྗེ་མདངས་ལེན་མ་དང་། རྡོ་རྗེ་སྲོག་འཕྲོག་མ་དང་། རྡོ་རྗེ་སྙིང་འབྱིན་མ་དང་། རྡོ་རྗེ་གཅོད་བྱེད་མ་དང་། རྡོ་རྗེ་སྐུལ་བྱེད་མ་དང་། རྡོ་རྗེ་སྣ་ཚོགས་གཟུགས་དང་། རྡོ་རྗེ་སྨྱོན་མ་དང་། རྡོ་རྗེ་འཇུག་བྱེད་མ་དང་། རྡོ་རྗེ་ཡིད་འཕྲོག་མ་དང་། རྡོ་རྗེ་རྐུན་མོ་དང་། རྡོ་རྗེ་རྫུ་བྱེད་མ་དང་། རྡོ་རྗེ་འཇིག་བྱེད་མ་དང་། རྡོ་རྗེ་བཅུད་ལེན་མ་དང་དེ་ལྟར་དྲུག་ཅུ་པོ་ཡང་སྤྲུལ་པ་མཆེ་བ་ཅན་དྲུག་ཅུ་འབྲངས་པས། སྲིན་པོ་ཤར་ཕྱོགས་ཀྱི་ཕོ་ཉ་དྲུག་ཅུ་དང་སྤྱོད་པ་མཐུན་པར་བྱས་ཏེ། ཕོ་ཉ་རྣམས་ལ་སྨྲས་པ། ཁྱེད་ལ་སོགས་པ་རྣམས་སྲིན་པོའི་ཕོ་ཉ་བྱེད་པ་དེ། རྟོགས་པ་ཅི་དང་ལྡན། དོན་ཅིས་བྱེད། ཕོ་ཉ་རྣམས་ཀྱིས་སྨྲས་པ། བདག་ཅག་གི་རྗེ་བོས་བདག་ཅག་རྣམས་ལ་ཕོ་ཉར་བྱིན་ཏེ། ལས་དང་མཐུར་ལྡན་པས་སེམས་ཅན་ཐམས་ཅད་འགུགས་པའི་ཕོ་ཉ་བགྱིད་པ་ལགས་སོ། །རྡོ་རྗེ་རིགས་ཀྱི་ཕོ་ཉ་མོས་སྨྲས་པ། སེམས་ཅན་ལ་ཡང་ད་རུང་མ་འོངས་པའི་སངས་རྒྱས་ཀྱང་ཡོད་ལ། ཚོགས་གསོག་པ་ལ་གནས་པ་དང་། དགེ་བ་བཅུ་ལ་གནས་པ་རྣམས་ནི་མ་གཏོགས་སོ། །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར་ཅིང་། ངན་པའི་ངང་ཚུལ་ཅན་སྒྲལ་བའི་ཞིང་བཅུར་གྱུར་པ་རྣམས་ནི། མ་བཀུག་ཅིང་མ་བསྒྲལ་ན་ཉམས་པ་ཆེན་པོའི་རྒྱུར་འགྱུར་བས་སྙིང་རྗེ་ཆེན་པོས་ཟིན་པར་བྱས་ལ། རྒྱལ་བའི་དཀྱིལ་འཁོར་དུ་བཅུག་ཅིང་དྲངས་ལ། ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ལ། གཉིས་སུ་མེད་པའི་ངང་དུ་བྱའོ། ཞེས་སྨྲས་པས། ཕོ་ཉ་དེ་དག་ཐམས་ཅད་དགའ་ཆེས་ཏེ། དེ་བཞིན་དུ་བགྱིའོ་ཞེས་ཁས་བླངས་ཏེ་མནའ་འབོར་ཏེ། བྲན་དང་ཡང་བྲན་དུ་དབང་བྱིན་ཏེ་འཁོར་དུ་བཞག་གོ །དེ་ནས་ནུབ་ཕྱོགས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྟགས་འོད་ཟེར་དམར་པོ་ལསཔདྨ་རིགས་ཀྱི་ཕོ་ཉ་མོ་ཟངས་ཀྱི་མི་མོ་དྲུག་ཅུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གརྫ་གརྫ་སྒྲོ་ཊ་བ༷། ཞེས་དྲུག་ཅུ་བརྗོད་པ་ལས། པདྨ་ཐོགས་འབེབས་མ་དང་། པདྨ་འབྲུག་སྒྲོགས་མ་དང་། པདྨ་ཆར་འབེབས་མ་དང་། པདྨ་འོད་འགྱེད་མ་དང་། པདྨ་བཀྲག་གསལ་མ་དང་། པདྨ་གཞའ་ཚོན་མ་དང་། པདྨ་འོད་འཕྲོ་མ་དང་། པདྨ་འོད་གསལ་མ་དང་། པདྨ་ཁྲག་འཐུང་མ་དང་། པདྨ་གར་གྱི་དབང་ཕྱུག་མ་དང་། པདྨ་ས་བདག་མ་དང་། པདྨ་འགུགས་བྱེད་མ་དང་། པདྨ་དཀར་ཤམ་མ་དང་། པདྨ་སྒྲ་སྒྲོགས་མ་དང་། པདྨ་ཡིད་ག་ཁུས་མ་དང་། པདྨ་ལྟ་ན་མཛེས་པ་དང་། པདྨ་སེང་ཕྲོག་མ་དང་། པདྨ་བདུད་རྩི་འབེབས་མ་དང་།པདྨ་མགྱོགས་བྱེད་མ་དང་། པདྨ་གསོད་བྱེད་མ་དང་། པདྨ་སྙིང་འབྱིན་མ་དང་། པདྨ་དམར་འཐུང་མ་དང་། པདྨ་རྐང་འཇིབ་མ་དང་། པདྨ་ལས་བྱེད་མ་དང་། པདྨ་ཞགས་ཐོགས་མ་དང་། པདྨ་བླ་འཕྲོག་མ་དང་།པདྨ་ཐོགས་བྱེད་མ་དང་། པདྨ་ཟ་བྱེད་མ་དང་། པདྨ་སྨྱོས་བྱེད་མ་དང་། པདྨ་རྨུགས་བྱེད་མ་དང་། པདྨ་རྫུ་བྱེད་མ་དང་། པདྨ་འཁྲུགས་བྱེད་མ་དང་། པདྨ་དྲག་མོ་དང་། པདྨ་བརྐམ་མ་དང་། པདྨ་འཇོམས་བྱེད་མ་དང་། པདྨ་དགའ་མ་དང་། པདྨ་འཛིན་མ་དང་། པདྨ་གློག་འགྱུ་མ་དང་། པདྨ་གཡུལ་འཇོམས་མ་དང་། པདྨ་ལྷ་འབྲེལ་མ་དང་། པདྨ་སྲོག་འབྲེལ་མ་དང་། པདྨ་མྱུར་བྱེད་མ་དང་། པདྨ་རངས་བྱེད་མ་དང་། པདྨ་སྲེག་བྱེད་མ་དང་། པདྨ་གློག་བྱེད་མ་དང་། པདྨ་ཐོ་བ་མ་དང་། པདྨ་གཏུན་ཁུང་མ་དང་། པདྨ་ཞགས་འཕེན་མ་དང་། པདྨ་མེ་ཁྱེར་མ་དང་། པདྨ་སྡུད་བྱེད་མ་དང་། པདྨ་གཡེངས་བྱེད་མ་དང་། པདྨ་བདུད་འཇོམས་མ་དང་།པདྨ་དཔལ་མོ་དང་། པདྨ་དབང་ཕྱུག་མ་དང་། པདྨ་དྲག་མོ་དང་། པདྨ་ག་་བག་ཅན་དང་། པདྨ་ཀ་ལ་མ་དང་། པདྨ་སྡེ་ཚོགས་དང་། པདྨ་མ་ཧྭ་ལ་མེ་ཁོ་དང་། པདྨ་རབ་བརྗིད་མ་དང་། དྲུག་ཅུ་རྣམས་ཀྱང་སྦྲུལ་གཤོག་པ་ཅན་དྲུག་ཅུ་འགབ་ན་འབྲེངས་པས། སྲིན་པོའི་ནུབ་ཕྱོགས་ཀྱི་ཕོ་ཉ་དྲུག་ཅུ་དང་སྤྱོད་པ་མཐུན་པར་བྱས་ཏེ། གོང་མ་དེ་བཞིན་དམ་མནོས་དབང་བྱིན་ཏེ་བཞག་གོ །དེ་ནས་ལྷོ་ཕྱོགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟགས་འོད་ཟེར་མཐིང་ག་ལས། རིན་པོ་ཆེའི་རིགས་ཀྱི་ཕོ་ཉ་མོ་ལྕགས་ཀྱི་མི་མོ་དྲུག་ཅུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཧ་ལ་ཧ་ལ་བཱ་ཤ་ཧུ༷་དྲུག་ཅུ་ལས་རིན་ཆེན་དབང་ཕྱུག་མ་དང་། རིན་ཆེན་མཁའ་འགྲོ་མ་དང་། རིན་ཆེན་མཐུ་འབེབས་མ་དང་། རིན་ཆེན་སྲ་བ་མོ་དང་། རིན་ཆེན་མཆོངས་མ་དང་། རིན་ཆེན་ཁྲོ་ག་་མ་དང་། རིན་ཆེན་བརྩོན་བྱེད་མ་དང་། རིན་ཆེན་འཇིགས་མ་དང་།རིན་ཆེན་ཤ་ཟ་མ་དང་། རིན་ཆེན་ཁྲག་འཐུང་མ་དང་། རིན་ཆེན་སོ་གཙིགས་མ་དང་། རིན་ཆེན་རལ་གསིགས་མ་དང་། རིན་ཆེན་འཁྲུགས་བྱེད་མ་དང་། རིན་ཆེན་འཛུལ་བྱེད་མ་དང་། རིན་ཆེན་ལྷུག་བྱེད་མ་དང་།རིན་ཆེན་མཐུ་མོ་ཆེ་དང་། རིན་ཆེན་ནག་མོ་ཆེ་དང་། རིན་ཆེན་རྟོག་མེད་མ་དང་། རིན་ཆེན་རྟོག་འཇོམས་མ་དང་། རིན་ཆེན་ཡོངས་གྲུབ་མ་དང་། རིན་ཆེན་སྣ་ཚོགས་ལུས་དང་། རིན་ཆེན་སྲེད་པ་མ་དང་། རིན་ཆེན་སྡོང་གཅིག་མ་དང་། རིན་ཆེན་དུར་ཁྲོད་མ་དང་། རིན་ཆེན་དབྱིངས་ཕྱུག་མ་དང་། རིན་ཆེན་བདེ་འགྲོ་མ་དང་། རིན་ཆེན་རྒྱས་བྱེད་མ་དང་། རིན་ཆེན་འཛུམ་བྱེད་མ་དང་། རིན་ཆེན་ཁྲག་གི་མྱོས་བྱེད་མ་དང་། རིན་ཆེན་རྔམ་འཛིན་མ་དང་། རིན་ཆེན་མགྱོགས་བྱེད་མ་དང་། རིན་ཆེན་སྡུམ་མ་དང་། རིན་ཆེན་མདུང་ཐུང་སྡེར་དང་། རིན་ཆེན་འགྱུར་མ་དང་། རིན་ཆེན་ཐོག་འབེབས་མ་དང་། རིན་ཆེན་སྤྲོས་མེད་མ་དང་། རིན་ཆེན་འཁྲུགས་བྱེད་མ་དང་། རིན་ཆེན་དབྱུག་མ་དང་། རིན་ཆེན་ཀ་ལ་ཡ་དང་། རིན་ཆེན་གསལ་བཀྲ་མ་དང་། རིན་ཆེན་མཁའ་བསྒྱུར་མ་དང་། རིན་ཆེན་ཀུན་སྒྲོལ་མ་དང་། རིན་ཆེན་ར་རོ་མ་དང་། རིན་ཆེན་ཁྲག་འཐུང་མ་དང་། རིན་ཆེན་འབར་མ་དང་། རིན་ཆེན་མི་ཟད་མ་དང་། རིན་ཆེན་འཕྲོག་བྱེད་མ་དང་། རིན་ཆེན་སྒྲོལ་བྱེད་མ་དང་། རིན་ཆེན་སྣ་ཚོགས་སྟོབས་དང་། རིན་ཆེན་ཡིད་འཕྲོག་མ་དང་། རིན་ཆེན་སྲོག་ལེན་མ་དང་།རིན་ཆེན་བཅུད་ལེན་མ་དང་། རིན་ཆེན་ཚེ་རྐུན་མ་དང་། རིན་ཆེན་དབང་མོ་ཆེ་དང་། རིན་ཆེན་དྲག་འཇོམས་མ་དང་། རིན་ཆེན་སྡུད་བྱེད་མ་དང་། རིན་ཆེན་གླང་འཛིན་མ་དང་། རིན་ཆེན་སྲོག་འཛིན་མ་དང་། རིན་ཆེན་རྩ་འགྲོ་མ་དང་། རིན་ཆེན་སྣ་ལ་བྱིན་མ་དང་། རིན་ཆེན་སྣས་སྟོང་མ་ལ་སོགས་པ་དྲུག་རེགཅིག་ག་ཅུ་རྣམས། ཡང་སྤྲུལ་རྨིག་བུའི་མགོ་ཅན་དྲུག་ཅུས་འགྲམ་ནས་འབྲེངས་པ། སྲིན་པོའི་ལྷོ་ཕྱོགས་ཀྱི་ཕོ་ཉ་དྲུག་ཅུ་དང་སྤྱོད་པ་མཐུན་པར་བྱས་ཏེ། །ཐབས་སྣ་ཚོགས་ཀྱིས་བཏུལ་ནས་གོང་མ་བཞིན་དུ་དམ་མནོས་ཏེ་བྲན་དུ་དབང་བྱིན་ནས་བཞག་གོ །དེ་ནས་བྱང་ཕྱོགས་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རྟགས་འོད་ཟེར་ལྗང་གུ་ལས། ལས་ཀྱི་རིགས་ཀྱི་ཕོ་ཉ་གཡུའི་མི་མོ་དྲུག་ཅུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པ་ཙ་པ་ཙ་ཀྟཎྜ་ཧོ༷༷དྲུག་ཅུ་ལས། ལས་རྡོ་རྗེ་མ་དང་། ལས་འཇོམས་མ་ཆེན་མོ་དང་། ལས་ཁ་ལོ་འདུལ་མ་དང་། ལས་དབང་ཕྱུག་མ་དང་། ལས་གྲུབ་བྱེད་མ་དང་། ལས་ལ་བསྐུལ་མ་དང་། ལས་གྲུབ་པ་མོ་དང་། ལས་མཐར་ཕྱིན་པ་མོ་དང་། ལས་ཆུད་མི་ཟ་བ་དང་། ལས་དབང་སྒྱུར་མ་དང་། ལས་ཐོགས་མེད་མ་དང། ལས་གྲུབ་པ་མོ་དང་། ལས་གསལ་བྱེད་མ་དང་། ལས་དབང་བྱེད་མ་དང་། ལས་ཀྱི་དམ་ཚིག་མ་དང་། ལས་ཀྱི་བྱ་ར་མ་དང་། ལས་ཀྱི་སྟངས་འཛིན་མ་དང་། ལས་ཀྱི་སྟངས་གཅོད་མ་དང་། ལས་ཀྱི་གལ་འཛིན་མ་དང་། ལས་ཀྱི་སྐུལ་བྱེད་མ་དང་། ལས་ཀྱི་བྱ་ར་མོ་དབང་མོ་དང་། ལས་ཀྱི་བྱ་ར་མོ་ཕག་མོ་དང་། ལས་ཀྱི་བྱ་ར་མོ་སྤྱན་བརྒྱ་མོ་དང་། ལས་ཀྱི་བྱ་ར་མོ་མིག་སྟོང་ལྡན་མ་དང་། ལས་ཀྱི་བྱ་ར་མོ་འོད་མགྱོགས་མ་དང་། ལས་ཀྱི་བྱ་ར་མོ་རླུང་ཞོན་མ་དང་། ལས་རྫུ་འཕྲུལ་ཅན་དང་། ལས་སྒྱུ་མ་དང་། ལས་དབང་ཕྱུག་རྒྱལ་མོ་དང་། ལས་གྲགས་རྒྱལ་མ་དང་། ལས་དཔལ་ཤམ་མ་དང་། ལས་ཡསྒ་མོ་དང་། ལས་ཁྲོ་བག་ཅན་དང་། ལས་མཆེ་བ་མོ་དང་། ལས་དབང་བསྐུར་མ་དང་། ལས་དངོས་གྲུབ་བདག་མོ་དང་། ལས་སྒྲོལ་བྱེད་ཆེན་མོ་དང་། ལས་ཐམས་ཅད་ཀྱི་བདག་མོ་དང་། ལས་འོད་འཕྲོ་མ་དང་། ལས་དྲག་མོ་དང་།ལས་ཁྲོ་སྐྱེན་མོ་དང་། ལས་མྱུར་གྲུབ་མ་དང་། ལས་ཆུད་མ་ཟོས་པ་དང་། ལས་འདུལ་བྱེད་མ་དང་། ལས་རྒྱ་མཚོ་དང་། ལས་སྟངས་འཛིན་མ་དང་། ལས་ཀྱི་སྒྲོལ་བྱེད་མ་དང་། ལས་འདུལ་མཁས་མ་དང་། ལས་ལ་གོམས་མ་དང་། ལས་ལ་མཁས་མ་དང་། ལས་ཀྱི་དབང་བསྐུར་མ་དང་། ལས་ཀྱི་མཆོག་སྒྲོལ་མ་དང་། ལས་ཀྱི་རྒྱུ་སྒྲོལ་མ་དང་། ལས་ཀྱི་རྔམ་པ་མོ་དང་། ལས་སྤྲོ་སྐྱེན་མོ་དང་། ལས་གཏུམ་ཆེན་མ་དང་། ལས་མིག་དམར་མ་དང་། ལས་སེན་མོ་ཅན་དང་། དྲུག་ཅུ་ངབརྒྱདཔ་མབྱུངརྣམས་ཀྱང་ཡང་སྤྲུལ་སྡེར་མོ་ཅན་གྱི་ཚོགས་དྲུག་ཅུ་བགབ་ནས་འབྲེངས་པས། སྲིན་པོའི་བྱང་ཕྱོགས་ཀྱི་ཕོ་ཉ་དྲུག་ཅུ་དང་ཆ་མཐུན་པར་བྱས་ཏེ། དེ་རྣམས་བཏུལ་ནས་དམ་ཕོག་ནས་དབང་བྱིན་ཏེ་བཞག་གོ །དེ་ནས་དབུས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟགས་འོད་ཟེར་སེར་པོ་ལས། གསེར་གྱི་མི་མོ་དྲུག་ཅུ་ཁྲོ་བོ་དང་ཁྲོ་མོར་སྤྲུལ་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཀྲོ་དྷ་ཀྲོ་དྷི་ཧྭ༷་ཕཊ། དྲུག་ཅུ་ལས་ཁྲོ་བོ་ཆེན་པོ་བི་ཛ་ཡ་དང་། ཁྲོ་མོ་ཆེན་པོ་རྡོ་རྗེ་རྣམ་བསྙེམས་མ་དང་། ཁྲོ་བོ་ཆེན་པོ་དབྱུག་པ་ཆེན་པོ་དང་། ཁྲོ་མོ་ཆེན་མོ་རྡོ་རྗེ་སྡེར་མོ་ཅན་དང་། ཁྲོ་བོ་ཆེན་པོ་ཡ་མྱན་ཏ་ཀ་དང་། ཁྲོ་མོ་ཆེན་མོ་རྡོ་རྗེ་དུར་ཁྲོད་མ་དང་། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་། ཁྲོ་མོ་ཆེན་མོ་རྡོ་རྗེ་གཏུན་ཁུང་མོ་དང་། ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཁྲོ་མོ་ཆེན་མོ་རྡོ་རྗེ་གཏུམ་མོ་དང་། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང་། ཁྲོ་མོ་ཆེན་མོ་མདའ་སྙེམས་མ་དང་། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་དང་། ཁྲོ་མོ་ཆེན་མོ་རླུང་འབྱིན་མ་དང་། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཁྲོ་མོ་ཆེན་མོ་གསོད་བྱེད་མ་དང་། ཁྲོ་བོ་ཆེན་པོ་མ་ཧྭ་བ་ལ་དང་། ཁྲོ་མོ་ཆེན་མོ་བསྐྱོད་ཆེན་མ་དང་། ཁྲོ་བོ་ཆེན་པོ་ཧུ༷་ཀ་ར་དང་། ཁྲོ་མོ་ཆེན་མོ་སྒྲ་འབྱིན་མ་དང་། ཁྲོ་བོ་ཆེན་པོ་བཛྲ་ཀི་ལ་ཡ་དང་། ཁྲོ་མོ་ཆེན་མོ་རྒྱས་འདེབས་ཆེན་མོ་དང་། ཁྲོ་བོ་ཆེན་པོ་དམེ་བརྩེགས་དང་། ཁྲོ་མོ་ཆེན་པོ་འདམ་འབྱིན་མ་དང་། ཁྲོ་བོ་ཆེན་པོ་བཛྲ་ཡསྒ་དང་། ཁྲོ་མོ་ཆེན་མོ་ས་མ་ཡེ་ཤྭ་རྡི་དང་། ཁྲོ་བོ་ཆེན་པོ་དམར་ནག་དང་། ཁྲོ་མོ་ཆེན་མོ་དབང་སྒྱུར་མ་དང་། ཁྲོ་བོ་ཆེན་པོ་བཛྲ་འབའ་ཏ་ལ་དང་། ཁྲོ་མོ་ཆེན་མོ་རྡོ་རྗེ་བྲག་མོ་དང་། ཁྲོ་བོ་ཆེན་པོ་སུ་ སུ་ཏི་ག་ར་དང་། ཁྲོ་མོ་འབར་འཇིགས་མ་དང་། ཁྲོ་བོ་ཆེན་པོ་ཤི་མ་ཧྭ་ཀ་ལ་དང་། ཁྲོ་མོ་ཆེན་མོ་རལ་པ་འགྲེང་མ་དང་། ཁྲོ་བོ་མི་འཆི་ཐབས་སྦྱོར་དང་། ཁྲོ་མོ་འཇོམས་བྱེད་ཆེན་མོ་དང། ཁྲོབོཆེནཔོལསཐམས་ཅད་པ་དང་། ཁྲོ་མོ་ལས་ཀུན་གྲུབ་མ་དང་། ཁྲོ་བོ་ཆེན་པོ་རབ་རྔམས་དང། ཁྲོམོཆེནམོགཏུམམོདང་། ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་སྣང་དང་། ཁྲོ་མོ་ཆེན་མོ་མི་ཕམ་མ་དང་། ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་འདུལ་དང་། ཁྲོ་མོ་ཆེན་མོ་ལྕགས་ཀྱུ་མ་དང་། ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་འཇིག་དང་། ཁྲོ་མོ་ཆེན་མོ་ཁྲོ་གཉེར་མ་དང་། ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་འཆིང་དང་། ཁྲོ་མོ་ཆེན་མོ་ཞགས་པ་མ་དང་། ཁྲོ་བོ་ཆེན་པོ་པདྨ་རྒྱལ་དང་། ཁྲོ་མོ་ཆེན་མོ་རོ་ལངས་མ་དང་། ཁྲོ་བོ་ཆེན་པོ་བེ་ཅོན་སྔོན་པོ་དང་། ཁྲོ་མོ་ཆེན་མོ་ལྕགས་སྒྲོག་མ་དང་། ཁྲོ་བོ་ཆེན་པོ་ཀ་ནི་བཛྲ་དང་། ཁྲོ་མོ་ཆེན་མོ་རལ་གཅིག་མ་དང་། ཁྲོ་བོ་ཆེན་པོ་རྡོ་རྗེ་གོ་ཆ་དང་། ཁྲོ་མོ་ཆེན་མོ་དྲིལ་བུ་མ་དང་། ཁྲོ་བོ་ཆེན་པོ་རྔམ་ཆེན་དང་། ཁྲོ་མོ་ཆེན་མོ་དབང་སྡུད་མ་དང་། ཁྲོ་བོ་ཆེན་པོ་རྡོ་རྗེ་ཐོ་བ་དང་།ཁྲོ་མོ་ཆེན་མོ་ཟ་བྱེད་མ་དང་དྲུག་ཅུ་རྣམས་ཀྱང་། ཡང་སྤྲུལ་མགོ་བརྙན་དང་། ཕྲ་མེན་མ་དང་། ཕྲ་ཐབས་ཉི་ཤུ་རྩ་གཅིག་གི་ཚོགས་དྲུག་ཅུ་བགབ་ནས་འབྲེངས་པས། སྲིན་པོ་དབུས་ཀྱི་ཕོ་ཉ་དང་། སྟེང་གི་ཕོ་ཉ་སྲིན་པོ་ཕོ་མོ་དྲུག་ཅུ་དང་སྤྱོད་པ་མཐུན་པར་བྱས་ཏེ། དེ་རྣམས་བཏུལ་ནས་བྲན་དང་ཡང་བྲན་དབང་བྱིན་ཏེ། ཕྱིར་མི་ལྡོག་པའི་ས་ལ་བཀོད་དེ། དམ་བྱིན་དབང་ཕོག་སྟེ་བཞག་གོ །དེ་ནས་མཐའ་དང་བླ་འོག་མེད་པ་ཆོས་ཀྱི་དབྱི་་ས་རྣམ་པར་དག་པའི་ཡེ་ཤེས་ཀྱི་རྟགས་འོད་མཐིང་ནག་ལས། བསེའི་མེ་མོ་དྲུག་ཅུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཱ་མ་བཱ་མ་སྨྱོ་སྨྱོ། ཞེས་དྲུག་ཅུ་ལསམམོཆེནམོརལཔགཅིག་མ་དང་།སྦས་པའི་མ་མོ་ཆེན་མོ་དང་། དུར་ཁྲོད་ཚོགས་ཀྱི་མ་མོ་དང་། ཟ་བྱེད་རྔམ་པའི་མ་མོ་ཆེན་མོ་དང་། ཁམས་གསུམ་སྡུད་པའི་མ་མོ་ཆེན་མོ་དང་། རྒྱུ་དྲུག་སྒྲོལ་བའི་མ་མོ་དང་། སྲིད་གསུམ་ཟ་བའི་མ་མ་ཆེན་མོ་དང་། ཡོངས་ལ་དབང་བསྒྱུར་བའི་མ་མོ་ཆེན་མོ་དང་། མཐུ་དཔུང་བསྐྱོད་དུ་མེད་པའི་མ་མོ་ཆེན་མོ་དང་། ཤ་ཁྲག་གསུར་ལ་དགའ་བའི་མ་མོ་ཆེན་མོ་དང་། ནང་ཁྲོལ་གློ་སྙིང་འབྱིན་པའི་མ་མོ་ཆེན་མོ་དང་།ཟ་བྱེད་ཚེ་སྲོག་འཕྲོག་པའི་མ་མོ་ཆེན་མོ་དང་། རྔམ་ཆེན་མཆོད་ལ་དགའ་བའི་མ་མོ་ཆེན་མོ་དང་། འཛིན་བྱེད་ཞལ་དུ་སྟོབས་པའི་མ་མོ་ཆེན་མོ་དང་། བགེགས་ཆེན་སྙིང་ལ་འདེབས་པའི་མ་མོ་ཆེན་མོ་དང་། ཞིང་བཅུ་གཏན་ནས་ལེན་པའི་མ་མོ་དང་། དམ་ཉམས་སྙིང་ལ་འདེབས་པའི་མ་མོ་དང་། འབྱུང་པོ་སྒྲོལ་བའི་མ་མོ་དང་། གཤིན་རྗེ་སྒྲོལ་བའི་མ་མོ་ཆེན་པོ་དང་། ཀླུ་སྒྲོལ་བའི་མ་མོ་དང་། གནོད་སྤྱིན་སྒྲོལ་བའི་མ་མོ་དང་།སྲིན་པོ་སྒྲོལ་བའི་མ་མོ་དང་། སྲིན་མོ་སྒྲོལ་བའི་མ་མོ་དང་། གཟའ་ཆེན་ལེན་པའི་མ་མོ་དང་། ཁྲག་འཐུང་བའི་མ་མོ་དང་། དྲོད་འཕྲོག་པའི་མ་མོ་དང་། དབུགས་ལེན་པའི་མ་མོ་དང་། སྲོག་འཕྲོག་པའི་མ་མོ་དང་།མདངས་འཇིབ་པའི་མ་མོ་དང་། བྱ་རྒོད་མགོའི་མ་མོ་དང་། ཁྲག་སྒྱུག་མའི་མ་མོ་དང་། ཆུ་སྲིན་ཁའི་མ་མོ་དང་། དུར་ཁྲོད་རྒྱན་གྱི་མ་མོ་དང་། རྡོ་རྗེ་གར་གྱི་མ་མོ་དང་། པདྨ་གར་གྱི་མ་མོ་དང་། ས་བདག་དབང་ཕྱུག་མ་མ་དང་། རི་རབ་རྩེ་ནས་བསྙིལ་བའི་མ་མོ་དང་། རྒྱ་མཚོའི་གཏིང་ནས་སྐེམ་པའི་མ་མོ་དང་། རྡོ་རྗེ་ཐོ་བའི་མ་མོ་དང་། རྡོ་རྗེ་གཏུན་ཁུང་གི་མ་མོ་དང་། རྡོ་རྗེ་དུར་ཁྲོད་བདག་གི་མ་མོ་དང་། རྡོ་རྗེ་འདེགས་པ་མོའི་མ་མོ་དང་། རྡོ་རྗེ་གསལ་བཀྲ་མའི་མ་མོ་དང་། རྡོ་རྗེ་ཁྲག་འཐུང་མའི་མ་མོ་དང་། རི་ལུང་དྲེའུ་ཞོན་པའི་མ་མོ་དང་། དུས་བཞིའི་རྒྱལ་མོ་འཇོམས་པའི་མ་མོ་དང་། ཁྱི་སྤྱང་ག།ཅན་དུ་སྤྲུལ་ང།འི་མ་མོ་ད།ང་། སྟཀ་དོམ།་དྲེད་ལྟར་རྫུ་བའི་མ་མོ་དང་། འཛུམ་ཕྱེད་ཁྲ་ལྟར་ལྡིང་བའི་མ་མོ་དང་། རི་ཀླུང་མེད་པར་ཁེབས་པའི་མ་མོ་དང་། ངལ་དུབ་མེད།་པར་རྒྱུག་པ་འི་མ་མོ་དང་། གཙང་སྨེ་མེད་ང།ར་སྐྲོལ་བའི་མ་མོ་དང་། ཡ་བྱིན་རའ།་དཀར་མཆོད་པའི་མ་མོ་དང་། བསེ་བྱིན་རྩལ་མོ་ཆེ་ཡི་མ་མོ་དང་། །ཕག་བྱིན་ཐོགས་པ་མེད་པའི་མ་མོ་དང་། །དེ་བྱིན་གྲུབ་པ་མོ་ཡི་མ་མོ་དང་། ཆེ་སྲོག་ཀུན་ལ་་ངབང་བསྒྱུར་མ་མོ་ང།ང་། གཡའ་ར་གངས་ལ་བརྟེན་པའི་མ་མོ་དང་། འབྲོག་སྲིན་སྐྱེས་པ་འདུལ་བའི་མ་མོ་དང་། །ཁྲོ་ཚག་མྱུར་བར་བརྩོན་པའི་མ་མོ་དང་། །དྲག།་ཅུ་རྣམས་རྣི་ཡང་སྤྲུལ་བུད་མེད་བརྡའ་མ་འ་་་་།ད་་་།། པ་།་་ཚེ་བ་བཟློག་ངཀའ་བ། འཁོར་དྲུག་ཅུ་དྲུག་ཅུར་འབྲེངས་པ་། སྲིན་པོའི་མག་་དང་མཐའི་ཕོ་་ཉ་བྱེད་་་།འི་སྲིན་མོ་དྲུག་ཅུ་དང་ཆ་ལུགས་མཐུན་པར་བྱ།ས་རྟོ། སྲིན་མ་་རྣམ།ས་ལ་སྨྲས་པ། ཁྱོད་ལ་ས་གས་་་།་རྣི་སྲིན་པོ་འི་ར་།་ཉ་བྱེད་ཅིང་སེམས་ཅན་ཐམ།ས་ཅད་བཀུག་བཅིང་བསྒྲལ་ནས། ཤ་ཁྲག་རུས་པ་ཟ་ཞིང་འདུག་པ་དེ་དོན་ཆེད་ཅི་ཡོད། རྟོགས་པ་ཅི་དང་ལྡན། ཞེས་སྨྲས་པ་དང་། སྲིན་མ་རླམས་ཀྱིས་སྨྲས་པ། བདག་ཅག་གི་ཇོ་བ་་བདུད་རུ་ཏྲ་ཆེན་པོས་ཁམས་གསུམ་དབང་བསྒྱུར་བས་ཕོ་ཉར་དབང་སྩལ་ཏེ། སེམས་ཅན་ཐམས་ཅད་དགུག་ཅིང་བསྒྲལ་བའི་ཕོ་ཉ་བགྱིད་འཚལ་བ་ལས། དོན་ཆེད་དང་རྟོགས་པ་གཞན་མ་མཆིས་སོ། །གྲགས་མོ་དག་རྟོགས་པ་དང་དན་ཅི་མཆིས། མ་མོ་རྣམས་ཀྱིས་སྨྲས་པ། བདག་ཅག་རྣམས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པས། བདག་དང་གཞན་བསྒྲལ་ནས། བླ་ན་མེད་པའི་བྱང་ཆུབ་ཆེན་པོར་འདོན་པའོ། །སྲིན་མ་་རྣམས་ཀྱིས་སྨྲས་པ་། རྟོགས་པ་དང་དོན་ཆེད་དེ་ལྟ་བུ་ལྡན་པ་ཨེ་མ་ལ་ལ་ཧོ། །བདག་ཅག་རྣམས་ལ་དེ་མ་འཚལ་བ་ཡང་འགྱོད་ན། དེ་ད་རུང་རྟོགས་པ་མ་འབྱོངས་ཤིང་། འཇིག་རྟེན་ཆ་ལ་བརྟེན་པས་འཚལ་བ་མ་མཆིས་སོ། །མ་མོ་རྣམས་ཀྱིས་སྨྲས་པ། དེ་འཆལ་བ་ཡང་མ་མཆིས་ལ། རྟོགས་པ་དང་དོན་ཆེད་དུ་ལྡན་པ་བྱོས་ཤིག གང་ཟག་དགེ་བཅུ་དང་ལྡན་པ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བ་མ་གཏོགས་སོ། །དམ་ཚག་དག་དང་མི་སྡན་ཞིང་དེ་དག་ཉམས་པ་རྣམས་ནི་ཡུད་ཀྱིས་མི་བསྒྲལ་དུ་མ་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ངན་སོང་འཁོར་བའི་རྒྱུ་གསོག་ཅིང་། མནར་མེད་པར་འགྲོ་བས་དེ་དག་རྟོགས་པ་དང་སྙིང་རྗེར་ལྡན་པས་བསྒྲལ་ལ།མཆོག་དང་། རྡོ་རྗེ་འོད་ཆགས་མ་དང་། རྡོ་རྗེ་འོད་གསལ་མ་དང་། རྡོ་རྗེ་གཡུ་སྒྲོན་རལ་གཅིག་མ་དང་བདུན་གྱིས། དེ་རྣམས་དང་སྤྱོད་པ་མཐུན་པར་སྤྲུལ་ཏེ། ནད་རྣམ་པ་སྣ་ཚོགས་པ་བཏང་སྟེ།བཏང་ཙམ་ན་བཏང་བའི་ངོ་བོ་ཅི་ཡང་མེད་པར་སེམས་ཅན་མང་པོ་བསད་ལ་བསད་པ་ཙམ་ན་བསད་པའི་ངོ་བོ་ཅི་ཡང་མེད་པར་བྱས་ཏེ། སྲིན་མོ་རྣམས་ཀྱིས་མཐུ་ཟིལ་གྱིས་མནན་ནས། སྲིན་མོ་རྣམས་ལ་སྨྲས་པ།ཁྱེད་ལ་སོགས་པ་རྣམས་ནད་རྣམ་པ་སྣ་ཚོགས་པ་གཏོང་ཞིང་། སེམས་ཅན་རྣམས་ཀྱིས་ཤ་ཁྲག་ལ་བརྐམ་པ་དེ། ལས་ཅིའི་དབང་གི་རྩ་བ་ཡིན། སེམས་ཅན་དམྱལ་བ་ཆེན་པོའི་གནས་སུ་བསྐལ་པ་དཔག་ཏུ་མེད་པར་མི་ལྟུང་ངམ། སྲིན་མོ་བདུན་གྱིས་སྨྲས་པ། བདག་ཅག་རྣམས་ནི་དང་པོ་ཕ་དང་མས་ཟས་སུ་སེམས་ཅན་ཐམས་ཅད་ཀྱི་ཤ་ཁྲག་བསྐོས་ལ། ལག་ཆར་ནད་ཀྱི་རྐྱལ་པ་གཏད་པ་ལས། སེམས་ཅན་དམྱལ་བ་ཞེས་བྱ་བའི་དོན་མ་རིག་གོ །གྲོགས་མོ་དག་འདི་ལྟར་སྤྱོད་པའི་དོན་དང་གཏན་ཚིགས་ཅི་མཆིས། མ་མོ་བདུན་གྱིས་སྨྲས་པ། ཁོ་མོ་ཅག་ནི་དོན་ཆོས་ཀྱི་དབྱིངས་ཀྱི་ངང་ལས་གནས་པས། དུག་དང་བདུད་རྩིར་དབྱེར་མེད་པ་ལ། འཁྲུལ་པས་ཕྱིན་ཅི་ལོག་གི་ལམ་དུ་ཁྲིད་པས་སེམས་ཅན་དམྱལ་བར་སྐྱེ་ངེས་པ་དེ་དག་ཐབས་དང་སྙིང་རྗེར་ལྡན་པས། འཁོར་བ་དང་ངན་སོང་དུ་མི་གཏོང་ཞིང་བླ་ན་མེད་པའི་ལམ་ལ་བཀོད་པ་ལས། ལོག་པའི་ལམ་དུ་བསྟན་པ་མ་ཡིན་ནོ་ཞེས་སྨྲས་པ་དང་། སྲིན་མོ་རྣམས་འཇིགས་སྐྲག་ནས། འདི་སྐད་སྨྲས་སོ། །ཨེ་མའོ་གཏི་མུག་རང་དབང་གིས། །ངན་སོང་གསུམ་དུ་སྐྱེ་ངེས་པས། །སྐྱོབ་པའི་ཐུགས་ནི་ཅི་ཞིག་མངའ། །འདི་ལ་སྐྱོབ་པའི་མཐུ་མངའ་ན། །བཀའ་ཉན་དམ་ནོད་འབངས་སུ་མཆི། །འཚལ་བའི་ཟས་སྐལ་གང་ལ་བགྱི། །འདྲེན་པ་ཁྱོད་ཀྱིས་བཤད་དུ་གསོལ། །མ་བདུན་གྱིས་སྨྲས་པ། སྔར་ཉེས་པ་དྲན་པ་རྣམས་ཀྱང་རྗེས་སུ་འགྱོད་པ་ལེགས་སོ། །སླན་ཆད་ཀྱང་དེ་ལྟ་བུ་བབ་ཆོལ་མི་བྱེད་པར་དམ་དུ་ཆོས་ལ་སླན་ཆད་ཀྱང་སྡོམ་པར་ཟུང་ཞིག ཁྱེད་ཀྱི་ཟས་སྐལ་ནི་དེ་བཞིན་གཤེགས་པའིཚིགཆདས་ངདཀར་པོའི་ཕྱོགས་དང་། དམ་ལ་གནས་པ་རྣམས་ནི་མ་གཏོགས་སོ། །ནག་པོའི་ཕྱོགས་དང་དམ་ལ་མི་གནས་ཤིང་། །ཞིང་བཅུར་གྱུར་པའི་བརྣག་པ་དེ་ཁོ་ན་རྣམས་བསྔོས་སོ། །ཞེས་པ་དང་། སྲིན་མོ་རྣམས་རབ་ཏུ་དགའ་མགུ་ཡི་རང་སྟེ། དེ་བཞིན་བགྱིའོ་ཞེས་ཁས་བླངས་དམ་མནོས་ཏེ། བྲན་དང་ཡང་བྲན་དུ་མནའ་བོར་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བ་དང་། འཁོར་སྐྱོང་བར་བཞག་གོ །ཨི་ཏི། གུ་རྒྱ་ས་མ་ཡ་རྫོགས་སོ།། །།དེ་ནས་ཡང་བདུད་ཀྱི་གླེང་གཞི་ལ། ཤར་ཕྱོགས་ཀྱི་གླིང་ན་དྲི་ཟའི་མགྱོགསམདང། ལྷོགཤིནརྗེའིམགྱོགས་མ་དང་། ནུབ་ཀླུའི་མགྱོགས་མ་དང་། བྱང་གནོད་སྤྱིན་གྱི་མགྱོགས་མ་དང་བཞིས་སྲིན་པོའི་གསང་བའི་གཟུངས་མ་བཞིར་བྱས་ཏེ། ཤིན་ཏུ་ཡང་ཆགས་པ་རང་ག་མས་སེམས་ཅན་ཐམས་ཅད་ཡིད་བསླུ་ཞིང་ཆགས་པའི་དབང་གིས་སྲོག་དང་འབྲལ་བར་བྱེད་པ་ལས། དཔལ་ཆེན་པོའི་ཐུགས་གསང་བའ་ཡུམ་དཀར་མོ་མི་གཅིག་རྒྱས་འདེབས་མ་དང་། བདེ་བ་རྨོངས་བྱེད་མ་དང་། བདེ་བ་ཟ་བྱེད་མ་དང་། བདེ་བ་ཚེ་འཕེལ་མ་དང་བཞིས། དེ་རྣམས་དང་སྤྱོད་པ་ཆ་མཐུན་པར་བྱས་ནས། མཐུ་དཔུང་ཟིལ་གྱིས་མནན་ནས་བཏུལ་ཏེ། དེ་རྣམས་ལ་སྨྲས་པ། ཁྱེད་རྣམས་ཆགས་པའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་ཡིད་བསླུ་ཞིང་སྲོག་དང་འབྲལ་བར་བྱེད་པ་དེས་ངན་སོང་གསུམ་གྱི་གནས་སུ་སྐྱེ་བར་མི་་གྱུར་རམ་ཞས་སྨྲས་པ་དང་། མགྱོགས་མ་བཞིས་སྨྲས་པ། གྲོགས་མོ་དག་དེ་ལྟར་བྱེད་པ་ཅི་ལགས། ཡུམ་བཞིས་སྨྲས་པ། ཁོ་མོ་ཅག་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་ཆགས་ཙམ་ན། ཆགས་པ་མེད་པ་མཐར་ཕྱིན་པས་ཉོན་མོངས་པ་དང་གཟུང་འཛིན་ལ་འཆེལ་བ་སོགས་པ་སྡུག་བསྔལ་གྱི་སྲོག་དང་འབྲལ་བ་ཡིན་ནོ་ཞེས་སྨྲས་པས་དེ་བཞིན་དུ་ངོ་མཚར་དུ་གྱུར་ནས་དེ་བཞིན་དུ་བགྱིད་ལགས་པས། བདག་ཅག་རྣམས་ལ་དེའི་དབྱེ་བ་དང་རིམ་པ་གང་ལགས་པ་བཀའ་སྩལ་དུ་གསོལ། ཡུམ་བཞིས་སྨྲས་པ། ཆགས་པར་བྱ་བའི་ཡུལ་ནི་ཡེ་ཤེས་ཀྱི་དབྱིངས་རྟོགས་པ་དེས། མ་དང་སྲིང་མོ་དང་བུ་མོ་ལ་སོགས་པ་གང་ལ་ཡང་མི་རྟོག་ཅིང་། རྟོག་པ་མེད་པའི་ཆོས་ཉིད་དུ་མཁྱེན་པ་ལས་མ་གཏོགས་པ། ཕལ་པ་རྣམས་ནི་ཆགས་པར་བྱ་བའི་ཡུལ་མ་ཡིན་ལ། འཁོར་བ་ལས་བསླུ་བའི་ཆགས་པའི་ཡུལ་ནི། མ་རིག་པ་ཕལ་པ་ཡིད་དང་མཐུན་པར་བྱ་ཞིང་། ཆགས་པ་མེད་པ་དང་། སྲོག་དང་འབྲལ་བ་ཡང་། གང་སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་དགེ་བའི་ཕྱོགས་དང་། དམ་ཚིག་ལ་གནས་ཤིང་བསྲུང་བའི་རྣལ་འབྱོར་པ་རྣམས་ནི། རྡོ་རྗེ་རིགས་ཀྱི་སྐྲུན་དང་མིང་སྲིང་ཡིན་པས་བརྩེ་གདུང་དང་མི་འབྲལ་བའི་སྲོག་གི་ལུ་གུ་རྒྱུད་བྱས་པ་ལས། དེ་རྣམས་ལ་སྲོག་གི་བར་ཆད་ལྷ་ཅི་སྨོས་ཀྱི། དེའི་བཀའ་ལས་ཟུར་ཙམ་ཡང་འགལ་ན། སྲོག་གི་བར་ཆད་དུ་འགྱུར་ནས་མནར་མེད་པའི་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ལ་སྲོག་དང་མི་འབྲལ་དུ་མི་རུང་བ་གང་ཞེ་ན། སྡིག་པའི་ཕྱོགས་ལ་བརྟེན་པ་དང་། དམ་ལ་མི་གནས་ཤིང་མི་བསྲུང་བ་དང་། དེ་དག་མནོས་ནས་ཉམས་པར་གྱུར་པ་ལ་ནི། སྲོག་དང་མི་ཕྲལ་ན་ངན་སོང་དང་མི་ཁོམ་པའི་གནས་སུ་སྐྱེ་བར་འགྱུར་བ་་། དམ་འདི་བཞིན་དུ་གནས་ཤིང་དམོད་ལོངས་ཤིག དེ་རྣམས་ཀྱིས་དམོད་བཙུགས་པ། རྣལ་འབྱོར་པ་བཀའ་དང་དམ་ལ་གནས་པ་རྣམས་ནི་བདག་ཅག་གིས་བསྒོ་བ་བརྩི་ཞིང་གདུང་བ་སྲི་ཞུའི་ཚོགས་བགྱིད་དེ། བཀའ་དང་དམ་ལས་འགལ་བ་རྣམས་སྲོག་དང་འབྲལ་བར་བགྱིའོ། །དེ་བཞིན་དུ་མ་བགྱིས་ན་བདག་ཅག་རྣམས་ཀྱི་ལུས་སྲོག་ཚིག་པར་གྱུར་ཅིག་ཅེས་དམ་བཅས་ཏེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཐེག་པའི་བཀའ་དང་བསྟན་པ་བསྲུང་བ་དང་། འཁོར་བསྲུང་བར་དབང་བྱིན་ཏེ། སྲིང་མོ་བཞིར་མིང་བཏགས་ཏེ་བཞག་གོ །དེ་ནས་ཡང་སྲིན་པོའི་འཁོར་ལས་ཀྱི་གིང་བཅོ་བརྒྱད་ལ། བདུད་ལྷ་ཡོར་ཐོམ་དང་། བདུད་ལྷ་གར་གྱི་དབང་ཕྱུག་དང་། བདུད་མོ་བརྒྱ་བྱིན་ཀུན་དགའ་མོ་དང་། ཚངས་པ་དུང་གི་ཐོར་ཚུགས་ཅན་དང་། གནམ་ས་གཉིས་ཀྱི་བདག་པོ་དབང་ཕྱུག་ཆེན་པོའི་ལས་མཁན་དང་། མ་བདུད་རྒྱལ་མོ་དང་། རྟ་ཤོན་རྐྱ་བཞི་དང་། དམུ་བདུད་རྔམས་པ་དང་། ཚངས་པའི་ཐེའུ་བྲང་དང་། འབྲོག་སྲིན་མགོ་དགུ་དང་། ཤར་ཕྱོགས་ནས་ཁམས་གསུམ་གྱི་བདག་པོ་དང་། སྤྲིན་གྱི་སྒྲོན་མ་དང་། རྡོ་རྗེ་མཆུ་དང་། བི་ནཱ་ཡ་ག་དང་། ལྷ་མོ་ནག་མོ་དང་། ནམ་གྲུ་དང་། གཤིན་རྗེའི་རྒྱལ་མོ་རྨིག་པ་མགོ་དང་། ཤེལ་གྱི་སྲོག་བདག་ལ་སོགས་པ་བཅོ་བརྒྱད་ཀྱིས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྒྲོལ་བ་འབའ་ཞིག་བྱེད་པ་ལས། བཅོམ་ལྡན་འདས་དཔལ་ཆེན་ཞལ་བཞད་པའི་སྤྲུལ་པ་ལས། རྡོ་རྗེའི་གིང་བཅོ་བརྒྱད་དུ་སྤྲུལ་ཏེ། དེ་རྣམས་ཀྱང་གང་ཞེ་ན། དཔའ་བོ་ཆེན་པོ་ལས་རྣམས་ཀུན་བྱེད་པ་དང་། ཁྲོ་མོཆེནམོཁམསགསུམ་དབང་སྡུད་མ་དང་། རྡོ་རྗེ་གིང་ཀ་ར་དང་། རྡོ་རྗེ་གནོད་སྤྱིན་དང་། རྡོ་རྗེ་སྤྱང་ཀིདང། རྡོརྗེགཤིནརྗེདང། རྡོ་རྗེ་རོལ་པ་དང་། རྡོ་རྗེ་འཆི་བདག་དང་། རྡོ་རྗེ་དུས་མཚམས་དང་། རྡོ་རྗེ་རོ་པ་དེ། བུ་གཅིག་ལ་མ་བྱམས་པ་དང་འདྲ་བར་བསྐྱེད་ལ། ཐབས་ཀྱིས་སྙིང་རྗེ་བའི་སར་མི་བཞག་པར་དེ་ཉིད་མཐུ་དང་ཐབས་ཀྱིས་བསྒྲལ་ཏེ། བླ་ན་མེད་པའི་ས་ལ་བཀོད་པའི་ཆེད་དུ་བསྟན་པ་ལས།དེ་དང་མི་ལྡན་པ་རྣམས་ནི། དམྱལ་བ་ཡི་དྭགས་བྱོལ་སོང་ལ་སོགས་པ་ཤིན་ཏུ་མི་བཟད་པའི་ཡ་ང་བ་ལས་ཐོན་པར་མི་འགྱུར་རོ་ཞེས་པ་དང་། བགེགས་རྣམས་ཀྱིས་སྨྲས་པ། ཨེ་མ་ཨ་ལ་ལ་ལ་དེ་བཞིན་དུ་བདག་ཅག་རྣམས་ཀྱང་བགྱིད་པས། མཐུ་དང་ཐབས་ཀྱིས་མངོན་སུམ་དུ་བསྒྲལ་དམིགས་དང་། མི་སྒྲོལ་བ་གང་ལགས་པ་དེའི་དབང་དང་དམ་ཚིག་སྩལ་དུ་གསོལ། གིང་རྣམས་ཀྱིས་སྨྲས་པ། བསྒྲལ་བའི་དམིགས་ནི་ཐུགས་རྗེའི་དཔྱང་ཐག་ཆད་དེ། ཞེ་སྡང་ལོག་པའི་ལམ་དགུ་ལ་ཞུགས་པ་དང་། ཉོན་མོངས་རང་ག་མས་དབང་བྱས་ཏེ། ཞིང་བཅུར་གྱུར་ནས། ལོག་པའི་ལས་མཐའ་དག་བྱེད་པ་དང་། གསང་བའི་ཐེག་པའི་སྐུ་དགྲར་གྱུར་པ་དང་། སེམས་ཅན་ཚ་ཟད་ཅིང་དུས་ལ་བབ་པ་རྣམས་སྒྲོལ་ཅིག །གང་ཞིག་རྣལ་འེབྱོར་པ་གཞུང་དང་མཐུན་པ་ལྟ་ཅི་སྨོས་ཀྱི། འགལ་བ་མེད་པའི་སེམས་ཅན་ཚེ་མ་ཟད་པ་རྣམས་ནི་མ་སྒྲོལ་ཅིག་ཅེས་པ་དང་། བགེགས་ཀྱི་རིགས་རྣམས་དགའ་མགུ་ཡི་རང་ནས། དེ་བཞིན་བགྱིའོ་ཞེས་ཁས་བླངས་དམ་བཅས་དམོད་བར་མནའ་བསྐྱལ་ཏེ། བསྟན་པ་འཇིག་པའི་ཕྱིའི་དགྲ་བོ་ཐམས་ཅད་སྒྲོལ་ཅིག་པར། ཕྱིའི་ཅན་ཐམས་ཅད་བཏུལ་ནས། ལྷའི་ཚིག་བདེན་པས་ཞལ་གྱིས་འཆེས་ཤིང་དམ་མནོས། ལྷ་སྲིན་སྡེ་བརྒྱད་བྲན་དང་ཆད་གྱུར་བགོས་ནས། ཕྱིའི་དམ་ཚིག་དཀར་པོའི་མུ་རན་གྱི་འཁོར་བསྲུང་ཤིང་། ངན་སོང་གསུམ་པོ་རིམ་གྱིས་ལྷ་དང་མིའི་བདེ་བ་ལ་འཁོད་ཅིང་། སེམས་ཅན་ཐམས་ཅད་རིག་འཛིན་གྱི་ས་ལ་གནས་ཤིང་འཁོད་པར་མཐོང་ཞིང་རྟོགས་པ་དང་། ལ་ལས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུས། ལྷའི་ཁང་པ་རིན་པོ་ཆེ་འོད་འབར་བའི་གནས་ནས། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བའི་སྐུར་སྤྲུལ་ཏེ། དབང་ཕྱུག་ཆེན་པོའི་སྲིན་པོ་དང་། དྲེགས་པ་ཅན་ཐམས་ཅད་བསྒྲལ་ཞིང་། ཐལ་བ་ཡོད་པའི་ཞིང་ཁམས་ན། སླར་དྲན་པ་རྙེད་པར་བྱས་ཏེ། བདུད་དང་སྲིན་པོ་ཐམས་ཅད་བཏུལ་ཞིང་ཚར་བཅད་ནས། འཁོར་དང་བྲན་དུ་བྱས་ཏེ་བཀའ་དང་དམ་ཚིག་མནོས་ནས། ལྷ་དང་ལྷ་མ་ཡིན་པ་དང་མི་དང་མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཀྱིས། བཀའ་དང་བསྟན་པ་བསྲུང་བ་དང་། འཁོར་དང་གང་ཟག་སྐྱོང་བ་གཡར་གྱིས་འཆེས་ཏེ། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་ལ་སོགས་པ་ཐམས་ཅད་རིམ་གྱིས་སངས་རྒྱས་ཀྱི་ས་ལ་བཀོད་པར་མཐོང་ཞིང་རྟོགས་པ་དང་། ལ་ལས་འདི་ལྟར་ཡུམ་གྱི་མཁའ་ལ། རྒྱལ་བ་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བཞུགས་པ་ལས། ཁྲོ་བོ་དང་། དཔལ་འབརཁྲོ་མོའི་རྒྱུད་འདི་ལྷར། བདུད་དང་རྭ་ཏྲ་རིམ་གྱིས་བཏུལ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་རིམ་གྱིས་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་རིམ་གྱིས་འཁོད་པར་མཐོང་ཞིང་རྟོགས་པ་ཐམས་ཅད་ནི། དཔལ་ཀུན་ཏུ་བཟང་པོ་ངོ་བོ་ཉིད་ཀྱི་སྐུ་ཆོས་ཉིད་མ་བཅོས་པའི་བྱིན་གྱིས་རླབས་ལས་སྣང་བ་ལས་མ་གཏོགས་པ། སོ་སོར་སྣང་ཞིང་གཉིས་སུ་མེད་པར་བསྟན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཏགས་པ་དང་མཚན་མ་ཅན་མ་ཡིན་པའི་ཐ་ཚའག་གོ །དེ་ལྟ་བུའི་ཆོས་འདི་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་བསམ་དུ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དམིགས་པ་མེད་ཅིང་། མི་དམིགས་པའི་ཐ་ཚིག་གོ །དེ་ལྟ་བུའི་ཆོས་འདི་དག་ཐམས་ཅད་ལ་བསྐལ་པ་དཔག་གིས་མི་ལངས་པར་ཡང་བརྗོད་པའི་མཐའ་མེད་ལ། སྐད་ཅིག་ཡུད་ཙམ་ཅིག་མ་བརྗོད་པར་ཡང་ཐམས་ཅད་འདུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཡུན་རིང་བ་དང་ཐུང་བ་མེད་པའི་ཐ་ཚིག་གོ །དེ་ལྟ་བུའི་ཆོས་འདི་དག་ཐམས་ཅད་ནི། ཐུགས་ཞི་བའི་ངང་ལས་མ་གཡོས་པར། སྐུ་འབར་བའི་ཆ་ལུགས་ཁྲོ་བོ་དང་ཁྲོ་མོའི་སྐུ་གསུང་ཐུགས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་ལ། དེ་ལྟར་སྣང་ཙམ་ན་ཐུགས་ཞི་བའི་ངང་ལས་ཀྱང་གཡོས་པ་རྡུལ་ཙམ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་མ་གཡོས་པའི་ཐ་ཚིག་གོ །དེ་ལྟ་བུའི་ཆོས་འདི་དག་ཐམས་ཅད་ལ། མཐའ་ཡང་མེད་ལ་དབུས་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དུ་ཉེ་རིང་དང་། ཐམས་ཅད་དུ་ཕྱོགས་རིས་དང་། ཐམས་ཅད་དུ་སྔ་ཕྱི་དང་། ཐམས་ཅད་དུ་ཆེ་ཆུང་མེད་པའི་དོན་ནོ། །དེ་ལྟ་བུའི་ཆོས་འདི་དག་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལ་གནས་སོ། །སངས་རྒྱས་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་ཐུགས་ལ་གནས་སོ། །ཀུན་ཏུ་བཟང་པོ་ཡང་རང་གི་སེམས་ལ་གནས་སོ། །རང་གི་སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ཡང་མིན་ལ་ཅི་ལ་ཡང་མི་གནས་པས། ཆོས་འདི་དག་ཐམས་ཅད་རང་བཞིན་གྱིས་འདུས་མ་བྱས་ཤིང་སྨྲ་བསམ་གྱི་ཡུལ་ལས་འདས་པས་བརྗོད་དུ་མེད་པའི་ཆོས་ཉིད་དོ། །བརྗོད་དུ་མེད་པ་སྐྱེ་འགག་མེད་པའི་ཆོས་ཉིད་དོ། སྐྱེ་འགག་མེད་པ་ལས་མ་གཡོས་པ། མ་གཡོས་པ་བཙལ་དུ་མེད་པས། རྣམ་པར་རྟོག་པ་ཐམས་ཅད་འཇོམས་ཤིང་མི་གནས་པར་བྱེད་པས་ཁྲོ་མོ་ཞེས་བྱ་ལ། དེ་ལས་སྐྱེ་ཞིང་འབྱུང་བར་བྱེད་པས་ཡུམ་ཞེས་བྱ་ལ། དེ་ལྟ་བུའི་ལས་ཐམས་ཅད་ལ་རོལ་པས་ཡབ་ཅེས་ཀྱང་བྱ་ལ། དེའི་ངང་ལ་འདུ་འབྲལ་མེད་པའི་རྣལ་འབྱོར་པས་ཐབས་དང་ཤེས་རབ་ཀྱི་དོན་ལ་མཁས་པ་ཞེས་བྱ་སྟེ། འདི་ནི་དུས་ཐམས་ཅད་དུ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ལ་གནས་པས། འདི་ལྟར་རྟོགས་པའི་སྐྱེས་བུ་ནི་ཕྱག་གི་མཛད་པ་ཕྱག་རྒྱའོ། །ཐུགས་ལ་བཞག་པ་དགོངས་པའོ། །ཞལདུ་བརྗོད་པ་གསུང་རབ་བོ། །དེ་ཅིའི་ཕྱིར་ཞེ་ན། དེར་ནི་དོན་ཐམས་ཅད་འདུས་པས། དཔེར་ན་རྒྱ་མཚོ་ཆེན་པོ་ལས་ཀླུའི་རྒྱལ་པོའི་སྟོབས་ཀྱིས། ཆུ་བོ་དང་ཆུ་བྲན་ཆར་ལ་སོགས་པར་སྤྲོས་ནས། སླར་རྒྱ་མཚོ་ཆེན་པོར་འདུས་པ་དང་འདྲ་བར་དཔལ་འབར་ཁྲོ་མོའི་རྒྱུད་ཆེན་པོ་འདི་ལས། རྣལ་འབྱོར་གྱི་སྐྱེས་བུ་ཆེན་པོའི་དགོངས་པས། ལྟ་བ་དང་བསྒྲུབ་པ་དང་། དཀྱིལ་འཁོར་དང་སྒོམ་པ་ལ་སོགས་པ་བྱུང་ནས། སླར་འདི་ཉིད་དུ་འདུས་སོ། །དཔལ་འབར་ཁྲོ་མོའི་རྒྱུད་འདི་ནི། འདས་པའི་སངས་རྒྱས་ཐམས་ཅད་ཀྱང་རྒྱུད་འདི་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱང་རྒྱུད་འདིའི་དོན་རྟོགས་པས་མངོན་པར་རྫོགས་པར་སངས་རྒྱས་ལ། དེ་བཞིན་ཕྱིས་འབྱུང་བའི་སངས་རྒྱས་ཐམས་ཅད་ཀྱང་། རྒྱུད་འདིའི་དོན་རྟོགས་ནས་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དཔེར་ན་ཨུ་དུམ་ཝ་རའི་ཚལནི། སངས་རྒྱས་ཐམས་ཅད་འབྱུང་བའི་དཔེ་ཡིན་ལ། ཨུ་དུམ་ཝ་རའི་ཚལ་དང་། ཙསྡོན་གྱི་ནགསལ་སོགས་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ནད་འཇིལ་བའི་མཐུ་ཡོད་པ་དངའདྲ་བས་ན། རྒྱུད་འདི་ནིདེབཞིནགཤེགསཔཐམས་ཅད་ཀྱི་སྐུའི་དཔེ་ཡང་ཡིན་ལ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམཕྱགརྒྱཆེནཔོའིརངབཞིན་དུ་གྱུར་པ་ཡང་ཡིན་ནོ། །རྒྱུད་འདིའི་དོན་མ་རིག་ཅིང་མ་རྟོགསན། ཉོན་མོངས་པ་མ་རིགཔའི་བདུད་དང་། ཕུང་པོ་སྡུག་བསྔལ་གྱི་བདུད་དང་། ལྷའི་བུ་མྱ་ངན་གྱི་བདུད་དང་། འཆི་བདག་མི་རྟག་པའི་བདུད་དེ། དཔེར་ན་ནད་དང་རིམསལ་སོགས་པ་དང་པོ་དབུགས་ལ་ཞུགས། ཞུགས་ནས་རྩ་ལ་རྒྱུའོ། །དེ་ནས་ཤ་དང་ཁྲག་ལ་རྒྱུའོ། །དེ་ནས་རྐང་དངསྲི་ལ་འཁོལལོ། །དེནས་སྲོག་རྩར་འདུས་ནས་མི་རྟག་པའི་ལས་སུ་འགྱུར་རོ། །དེ་ལས་ལོག་པའིཕལ་པ་རྣམས་ནི། སྲོག་པ་རྩ་ལ་ཅུང་ཟད་འཁོད་ནས། ཤ་དང་རུས་པ་ལ་ཕྱིར་བྱུང་ནས། ཁྲག་དང་བ་སྤུ་ལ་བྱུང་སྟེ། ཕྱིའི་འབྱུང་བ་ལ་ལྟོས་སོ། །དེ་བཞིན་དུ་བདུད་དང་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་དང་པོ་རྒྱུ་མ་རིག་པ་ལས་བྱུང་ངོ་། །དེ་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ཡིད་དང་ཡིད་ཀྱི་རྣམ་པརཤེས་པས་བཅད་ནས། ཀུན་གཞི་ལ་ལས་སྣ་ཚོགས་ཀྱི་བག་ཆགས་སྣ་ཚོགསསུ་སྩོགས་སོ། །དེ་ནས་སེམས་ཅན་སྡུག་བསྔལ་གྱིས་གཏན་ཞིང་དུ་འཁྱམས་སོ། །དེ་ལས་སྨན་བཟང་པོ་དང་སྨན་པ་མཁས་པ་འདྲ་བའི་རྒྱུད་འདི་སྟོན་པའི་དགེ་བའི་བཤེས་གཉེན་ནམ་འདི་སྟོན་པ་དང་འཆད་པའི་རྡོ་རྗེ་སློབ་དཔོན་དང་འཕྲད་ན་སྡུག་བསྔལ་ཉིད་བྱང་ཆུབ་ཡིན་པ་དང་། ཉོན་མོངས་པ་ཉིད་ལམ་ཡིན་པ་དང་། མ་རིག་པ་ཉིདཆོས་ཉིད་ཡིན་པ་དང་། འཁོར་བ་ཉིད་ཡང་དག་པའི་ལམ་གནས་སུ་བསྟན་པས། གཟུང་འཛིན་གྱི་འཆེལ་བ་ཐམས་ཅད་ཆོས་ཉིདབདེ་བ་ཆེན་པོར་ཡེ་ནས་གནས་པ་ལས། ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་སངས་རྒྱས་པར་མཛད་དོ། །དོན་དེ་ལྟ་བུ་དང་ལྡན་པའི་རྒྱུད་འདི་ནི་དམ་ཚིག་ལ་མི་གནས་པ་དང་སྣོད་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། དཔེར་ན་ནོར་བུ་རིན་པོ་ཆེ་ཏིར་ཡ་ཀ་ནི་ལྷའི་དབང་པོ་དང་ཀླུའི་དབང་པོའི་བསོད་ནམས་ཡིན་པ་དང་འདྲ་བར། འདི་ནི་དམ་ཚིག་ལ་གནས་ཤིང་སྣོད་དུ་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའོ། །དེ་ལྟ་བུའི་རྒྱུད་འདི་ནི་འོག་མིན་གྱི་གནས་དང་། སྐྱེ་མཆེད་མུ་བཞི་དང་། འདོད་ཁམས་དང་གཟུགས་ཁམས་ཀྱི་ལྷའི་རིས་སུ་ཁྱབ་ན་ཡང་། རིལ་ལུས་མ་བོར་བར་ཕྱག་རྒྱ་ཆེན་པོའི་གནས་སུ། གྲངས་དང་ཚོམ་བུ་བསམ་གྱིས་མི་ཁྱབ་པ། མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ། །དེ་ནས་ལྷ་དང་མི་ཀླུའི་གནས་སུ་ཁྱབ་ན་ཡང་། རིལ་ལུས་མ་བོར་བར་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་གནས་སུ་གྲངས་དང་ཚོམ་བུ་བསམ་གྱིས་མི་ཁྱབ་པ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ། །དེ་དག་ཐུགས་རྗེ་ཆེན་པོ་དང་ལྡན་པས། སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བྱེད་དོ། །དེ་ནས་ཀྱང་ཐབས་དང་ཤེས་རབ་ཏུ་ལྡན་པས་རིགས་ངེས་པའི་སྲས་སུ་བྱ་བ་དང་། མ་འོངས་པའི་སངས་རྒྱས་པའི་རྒྱུར་གཞག་པའི་ཕྱིར། ཐུགས་གསང་བའི་མཛོད་ཐུགས་ཀྱི་ས་བོན། ཡིག་འབྲུར་བཞག་ནས་སླར་འཁོར་བར་མི་ལྟུང་བའི་ཕྱིར། ཕྱག་རྒྱ་ཆེན་པོས་ཁ་བཅད་དེ་བཞག་གོ །དེ་ལྟ་བུའི་རྒྱུད་འདིའི་རང་བཞིན་དུ། འཁོར་བ་དང་མྱ་ངན་འདས་པ་ཐམས་ཅད་དང་། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཐམས་ཅད་སངས་རྒྱས་པར་བསྟན་པ་ལས། རྡོ་རྗེ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་བདེ་བ་ཆེན་པོའི་ལྷའི་དཀྱིལ་འཁོར་དུ། ཐམས་ཅད་རིལ་འདུས་པ་ལས་ཕྱིས་ལོག་པའི་ཕྱོགས་དག་བྱུང་བ་ལ། ནན་ཏན་ཅི་ལྟར་བསྐྱེད་པར་བགྱི། ཡབ་བདེ་བ་ཆེན་པོ་བླ་ན་མེད་པས་བཀའ་སྩལ་པ། ཐམས་ཅད་འདིར་འདུས་པ་ལས་ཕྱིས་ལོག་པ་འབྱུང་བ་ལ་ནན་ཏན་བསྐྱེད་པ་ལེགས་སོ། །ལེགས་སོ། །ལེགས་པའི་ལམ་ལས་ལོག་པར་འབྱུང་བ་ནི། དཔེར་ན་རྒྱལ་པོའམ་བྲམ་ཟེའམ། ཁྱིམ་བདག་གི་རིགས་ཤིང་སྭ་ལ་ལྟ་བུ་ལས། རིགས་འཆོལ་ཏེ་གདོལ་པའམ། བཤན་པ་ལྟ་བུའི་ལས་བྱེད་པ་ནི། སྐྱེ་བོ་ཡོངས་ཀྱི་ཀྱང་སྨད་པ་དང་། འེ་འཁོར་རྣམས་ཀྱིས་ཀྱང་སྤང་བར་འགྱུར་ལ། དེ་ཉིད་ཀྱང་རིས་དམས་ཤིང་མི་བདེ་བའི་གནས་སུ་གྱུར་ནས། རྒྱལ་པོ་ཆེན་པོའི་བཀའ་ཆད་ཀྱི་གནས་སུ་གྱུར་པ་དང་འདྲ་བར། གང་ཟག་གང་ཞིག་གསང་སྔགས།་་ ་ ་་ག་པའི་སྒོར་ཞུགས་པའམ། དེ་ལ་གནས་པ་གང་ཡིན་པ་ལོག་པར་གོལ་ཏེ། ཏིང་འཛིན་རྣམ་པ་བརྒྱད་ཀྱིས་ལོག་པར་ཁྲིད་དེ་འདི་ལྟ་སྟེ། བརླང་པོ་ཕྱལ་པའི་ཏིང་ངེ་འཛིན་དང་། རྒྱུ་ལས་གོལ་བའི་ཏིང་ངེ་འཇན་དང་། གཡེངས་པ་ཆེན་པོའི་ཏིང་ངེ་འཛིན་དང་།གདབ་པ་དང་། ཚིག་གི་ཀེའུ་ཤང་གིས་བསླད་པ་རྣམས་ནི་གང་ཟག་འཆལ་བར་གྱུར་ཏེ། དོན་མེད་པའི་ལས་སུ་སྩལ་བའོ། །མཚན་མར་འཛིན་པའི་ཏིང་ངེ་འཛིན་ནི་གང་ཞེ་ན། གབ་པ་དང་གསང་བའི་སྦས་པ་ལ་མི་གནས་པར་རྫས་དང་ལག་ཆ་དང་། ཡོ་བྱད་ལ་མངོན་པར་འཆེལ་ཏེ། མཚན་མར་འཛིན་ཏེ་མུ་སྟེགས་པ་དང་འདྲ་བར་སྤྱོད་པའོ། །འཁྲུལ་པར་སྣང་བའི་ཏིང་ངེ་འཛིན་ནི། ཡང་དག་པའི་དོན་བསྟན་པ་ལས་སྙན་དངགས་དང་། རང་བཟོ་དང་། ཁེའུ་ཤང་དང་། སྡེབ་སྦྱོར་དང་། ཕྱོགས་ཆར་འཛིན་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ། འཁྲུལ་པའི་དབང་གིས་རིས་འཛིན་ཅིང་གཞན་སྨོད་པར་བྱེད་དོ། །ཆགས་པར་བཟུང་བའི་ཏིང་ངེ་འཛིན་ནི། ཏ་ན་དང་ག་ཎ་ལ་སོགས་པ་ཆོས་ཉིད་ལ་ཁུངས་འབྱིན་ཅིང་། དེ་ཉིད་ལ་མཐོ་གནོན་དང་བཙན་ཐབས་དང་། འདོད་པའི་དབང་བཙན་དུ་སྤྱོད་པ་ནི། བཤན་པའམ་སྨད་འཚོང་མ་ལྟ་བུ་ལ་བརྟེན་པའོ། །དེའི་མཐུ་བརྟས་པའི་ཏིང་ངེ་འཛིན་ནི། དེ་དག་ལོག་པའི་ལམ་གྱི་མཐུ་བརྟས་པས། ཡི་དྭགས་དང་སྲིན་པོའི་གཟུགས་སུ་སྣང་བ་དང་། དམྱལ་བའི་འཇིག་རྟེན་དང་། ཡི་དྭགས་ཀྱི་འཇིག་རྟེན་དང་། གཤིན་རྗེའི་འཇིག་རྟེན་དུ་སྨིན་པ་དང་། དེ་དག་ལུས་ངག་ཡིད་གསུམ་རབ་ཏུ་ཁྲོ་གཏུམ་ཆེ་ཞིང་། ཤིན་ཏུ་གདུལ་དཀའ་བ་རྣམས་སོ། །དེ་དག་ལ་ཅིའི་ཕྱིར་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། དེ་དག་ལ་གཙོར་བླངས་ཏེ་རྩེ་གཅིག་པ་དང་བཅས་པས། ནན་ཏན་དུ་བཟུང་སྟེ་སྤྱོད་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་བརྒྱད་པོ་ལ་གནས་པ་ནི། སྐྱེ་བོ་ཡོངས་ཀྱི་དཔྱས་ཤིང་སྨད་པ་དང་། དེ་ཉིད་ཡ་ག་དང་སྒྲོ་སྐུར་དུ་གྱུར་པས། རྣལ་འབྱོར་པ་ཡོངས་ཀྱིས་སྨད་ཅིང་བསྟིང་བ་སྟེ་དམ་ཚིག་ལས་ཉམས་པས་བྱ་ར་མ་རྣམས་ཀྱིས་ཀྱང་རབ་ཏུ་ཁྲེལ་ཏེ། སྲོག་གི་བར་ཆད་དུ་བྱེད་ཅིང་། འཇིག་རྟེན་འདིར་ཡང་མི་བདེ་བ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ནས། འབྲས་བུ་ངན་སོང་གསུམ་དུ་སྐྱེ་ཞིང་སྡུག་བསྔལ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ནས། ཤིན་ཏུ་གདུང་བའི་སྨྲེ་སྔགས་འདོན་ཅིང་། མགོན་དང་སྐྱབས་མེད་པའི་སྡུག་བསྔལ་བརྒལ་བ་དཔག་ཏུ་མེད་པར་མྱངས་ནས། དེ་ལས་ཐར་ནས་ཀྱང་སྲིན་པོ་ཆེན་པོའི་ལུས་བླངས་ཏེ། སྲིད་པ་གསུམ་ཡང་ཕུང་བར་བྱས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཁྲེལདུ་གྱུར་ནས། བླ་ན་མེད་པའི་ཐེའུ་ཀའི་བཀའ་ཆད་ཀྱིས་གོང་མ་བཞིན་བསྒྲལ་བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་གཞན་ཡང་མ་བརྟགས་པའི་དོན་བརྒྱད་ཀྱིས་གོལ་བའི་རྒྱུར་འགྱུར་ཏེ། དེ་ཡང་གང་ཞེ་ན། ཡིན་པ་ལ་ནི་མ་ཡིན་པར་སྒྲོ་འདོགས་པ་དང་། མ་ཡིན་པ་ལ་ཡིན་པར་སྒྲོ་འདོགས་པ་དང་། མཁས་པ་ལ་ནི་མི་མཁས་པར་སྐུར་པ་འདེབས་པ་དང་། མི་མཁས་པ་ལ་མཁས་པར་བསྟོདཔ་དང་། ཐེག་པ་འོག་མ་རྣམས་ལ་གོང་མ་ཡིན་ཞེས་ཆེ་བ་འབྱིན་པར་བྱེད་པ་དང་། གོང་མ་ལ་འོག་མ་ཡིན་ཞེས་སྨོད་པ་དང་། དེ་བཞིན་གཤེགས་པའི་བཀའ་ལ་བདུད་ཀྱི་ཚིག་ཡིན་ཞེས་སྨོད་པ་དང་། བདུད་ཀྱི་ཚིགས་ལ་དེ་བཞིན་གཤེགས་པའི་བཀའ་ཡིན་ཞེས་སྨྲ་བའོ། །དེ་ལ་ཡིན་པ་ལ་མ་ཡིན་པར་སྒྲོ་འདོགས་པ་ནི། ཆོས་ཉིད་དོན་དམ་པའི་བདེན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་མངོན་དུ་ཕྱུང་བ་འདི་ལ། སྣོད་མ་ཡིན་པ་ལ་གསང་བ་དང་། ཕལ་གྱིས་ཐོས་ན་སྐྲག་ཅིང་སྐུར་པ་འདེབས་པ་དང་། སྨོད་པར་འགྱུར་བས་ཀུན་གྱི་ཐུན་མོང་མ་ཡིན་ཏེ། རང་བཞིན་གྱིས་གསང་བ་འདི་ལ། གང་ཟག་དད་པ་ཆུང་བ་དང་། ཤེས་རབ་ཞེན་པ་དང་། ཐོས་པ་ཆུང་བ་རྣམས་ཀྱིས་འདིདག་གི་དོན་ལ་འཕྱ་ཞིང་འཕྲལ་བསྡེབས་དད་མོས་ཙམ་དུ་བྱས་པ་ཡིན། ཡང་དག་པ་མ་ཡིན་ནོ། །ཞེས་སྒྲོ་འདོགས་པར་བྱེད་དོ། །མ་ཡིན་པ་ཡིན་པར་སྒྲོ་འདོགས་པ་ནི་ཕལ་ཆེར་ཁྱིའུ་ཤང་དང་། རང་བཟོ་ལ་སོགས་པ་ཐོས་པ་ཆུང་ཞིང་ཤེས་རབ་དམན་པ་དང་། འགལ་བའི་དོན་མ་རིག་པའི་ཚིག་སྡེབ་དང་། ཕར་བསླང་པ་ཚུར་བསྲེས་པས་བཅོས་པ་རྣམས་ལ་སྨོན་པ་འབུལ་ཏེ། བཟང་སྟེ་དོན་ཡོད་དོ་ཞེས་སྒྲོ་འདོགས་པ་བྱེད་པའི་གང་ཟག་རྣམས་སོ། །མཁས་པ་ལ་མི་མཁས་པར་སྐུར་པ་འདེབས་པ་ནི། ལྟ་བས་ཆོས་ཉིད་གཉིས་སུ་མེད་པའི་དོན་རྟོགས་ནས། ཤེས་བྱ་ལ་ཡེ་མ་རྨོངས་པས། རིག་པའི་གནས་ལྔ་ལ་མཁས་ཤིང་། དབང་པོ་རབ་ཏུ་གྱུར་པ་རྣམས་ཀྱིས་ཤེས་རབ་རྣམ་གསུམ་ལ་རྒྱུད་སྦྱངས་ནས། རྒྱུད་དཀྲུགས་པ་དང་ལུང་གཅུས་པ་དང་། མན་ངག་གབ་པ་རྣམས་ལ།ཚིགར་སང ཕྲག་དོག་གི་དབང་གིས་གཞན་གྱི་ཡོན་ཏན་སྨད་པར་འདོད་པའི་ཕྱིར། དེ་ནི་མཁས་པ་མ་ཡིན་ནོ། །ཞེས་སྨོད་ཅིང་རྒྱུ་མེད་པའི་སྐྱོན་བརྗོད་པར་བྱེད་པའོ། །མི་མཁས་པ་ལ་མཁས་པར་བསྟོད་པ་ནི་གང་ཟག་བདག་ཕྱོགས་ཀྱི་ཆེ་བར་འདོད་པ་དང་། གཞན་ལ་ཐབས་ཀྱིས་བཀའ་སྩལ་པ་དང་། ཕ་རོལ་པོ་མཐོ་བར་དོགས་པའི་ཕྱིར། དབང་རྣམ་པ་ལྔ་ལྟ་ཅི་སྨོས་ཀྱི།རྣལ་འབྱོར་ཁ་དབང་ཡང་མ་བསྐུར་བ་ལ། དབང་རྫོགས་ཞེས་སྨྲ་བ་དང་། ཕྱི་ནང་གི་བཀའ་མཐའ་དག་ལྟ་ཅི་སྨོས་ཀྱི། ཐེག་པ་ཆེན་པོ་འདིའི་མིང་ཙམ་ཡང་མ་ཐོས་པ་ལ་རྡོ་རྗེ་རྒྱལ་པོ་ཞེས་བརྗོད་པ་དང་། རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ལྷ་ཅི་སྨོས་ཀྱི། བཀའ་དང་དམ་ལ་ཡང་ཟུར་ཙམ་ཡང་མི་གནས་ཏེ། རལ་ཆོད་དང་གཟུ་ལུམས་དང་། རང་བྱན་དང་ཆེ་ངག་ཏུ་སྦྱོད་པ་ལ་མཁས་པར་བསྟོད་པ་རྣམས་སོ། །ཐེག་པ་འོག་མ་ལ་གོང་མར་ཆེ་བ་འབྱིན་པ་ནི། བསམ་གཏན་རྣམ་པར་མི་རྟོག་པའི་ལྟ་བ་བདེན་པ་ལ་ཞུགས་ནས། སྟོང་པ་ལ་ཁུངས་འབྱིན་པ་ལ་སྔགས་ཀྱི་དེ་བཞིན་ཉིད་ཏིང་ངེ་འཛིན་ཅི་ལ་ཡང་མི་རྟོག་པ་དང་མཉམ་ཞེ་ཆེ་བ་འབྱིན་པར་སྨྲ་བའོ། །གོང་མ་ལ་འོག་མ་ཡིན་ཞེས་སྨོད་པ་ནི། རྡོ་རྗེའི་ཐེག་པ་བླ་ན་མེད་པ་སྣོད་དུ་མ་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ལ། འདི་ནི་ཐེག་པ་གང་བས་ཀྱང་དམའ་བ་སྟེ། མུ་སྟེགས་ལོག་པའི་ཆོས་ཡིན་ནོ་ཞེས་སྨོད་པ་དང་འཕྱ་བ་རྣམས་སོ། །དེ་བཞིན་གཤེགས་པའི་བཀའ་ལ་བདུད་ཀྱི་ཚིག་ཡིན་ཞེས་སྨྲ་བ་ནི། དེ་བཞིན་གཤེགས་པ་རྣམས་ནི་ཅི་ཡང་མི་གསུང་། མི་གསུང་བ་ནི་རྒྱ་ཆེ་བའོ། །དེ་བཞིན་གཤེགས་པ་ནི་ཅི་ཡང་མི་མཛད། མི་མཛད་པ་ནི་གཏིང་ཟབ་པའོ། །དེ་བཞིན་གཤེགས་པ་རྣམས་ནི་གང་ན་ཡང་མི་བཞུགས། མི་བཞུགས་པ་གྲངས་མང་བའོ། །ཞེས་བརྗོད་པ་དང་། དེའི་དོན་བློས་མི་དཔོག་པ་རྣམས། དེ་ནི་བདུད་ཀྱི་ཚིག་ཡིན་ཞེས་སྨྲ་བ་དང་། གང་ཟག་བཅུད་ལ་མི་རྟོག་ཅིང་། ཡུལ་ལ་ལྟ་བ་རྣམས་བཀའ་ཡང་དག་པས་གྲགས་པ་འདོད་པ་དང་། གཞན་ལ་སོགས་པ་ལ་ཁྱད་པར་འདོད་པའི་དོན། བདེན་པ་མེད་པ་བདུད་ཀྱི་ཚིག་གོ་ཞེས་སྨྲ་བ་རྣམས་སོ། །བདུད་ཀྱི་ཚིག་ལ་དེ་བཞིན་གཤེགས་པའི་བཀའ་ཡིན་ནོ་ཞེས་སྨྲ་བ་ནི། རྟོགས་པའི་ལྟ་བ་དང་ཏིང་ངེ་འཛིན་དུ་མི་ལྡན་པར་ཏ་ན་ག་ཎ་གྱི་ལས་ལ་བབ་ཆོལ་དུ་སྤྱོད་ཅིང་བདུད་ཀྱི་ལས་སྤྱོད་པ་ལ། དེ་བཞིན་གཤེགས་པའི་བཀའ་ཡིན་ཞེས་སྨྲ་བ་དང་། གསང་བའི་དམ་ཚིག་དང་། དུར་ཁྲོད་ཀྱི་ཆས་ལ་སོགས་པ་རྣམས་མུ་སྟེགས་ཕྱལ་པ་དང་འདྲ་བར་ཐོགས་ཏེ་བདུད་ཀྱི་སྤྱོད་པ་བྱེད་པ་ལདེབཞིནགཤེགསཔའིབཀའ་ལས་བྱུང་བ་ཡིན་ཞེས་སྨྲ་བ་དང་། གསང་སྔགས་དང་གསང་བའི་རྒྱུད་འདི་དག་ཐམས་ཅད་སྣོད་མ་ཡིན་པ་ལྟ་ཅི་སྨོས་ཀྱི་དབང་མ་ཐོབ་པར་རྡོ་རྗེའི་ལྕེ་ཡོད་ཀྱང་མི་བཤད་ལ། དབང་མ་བསྐུར་བར་སྣོད་དང་ལྡན་པ་ལ་ཡང་མི་བསྟན་ནོ། །ཞེས་འབྱུང་བ་ལ་སྣོད་མེད་པ་དང་། དམ་མེད་པ་དང་། རྟོག་པ་མེད་པ་དང་། ཞབྲུལ་པ་དང་། གཏི་མུག་དང་། ཐུག་ཐུབ་དུ་ཐམས་ཅད་ལ་གྲངས་མང་བར་བསྟན་ནས་བདུད་ཀྱི་དབང་དུ་བཏང་བ་ལ། དེ་བཞིན་གཤེགས་པའི་བཀའ་ཡིན་ནོ་ཞེས་སྨྲ་བ་ནི། །དེ་བཞིན་གཤེགས་པའི་བཀའ་སྨད་དེ་བདུད་ཀྱི་ཚིག་ཏུ་སྨྲ་བ་ཡིན་ནོ། །སེམས་དཔའ་ཆེན་པོ་དེ་ནི་དཔེར་ན་བདུད་སྡིག་ཏོ་ཅན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆ་བྱད་དུ་སྤྲུལ་ནས། དགེ་སློང་རྗེས་སུ་ཡི་རང་བ་རྣམས་ལ་སྨྲས་པ། ང་ཡི་སངས་རྒྱས་ཞིང་འདི་སྟོངས་ལ་ཁད། གོའུ་ཏ་མའི་བསྟན་པར་མ་ཉན་པར། །རྣོ་བའི་མཚོན་ཐོགས་དྲག་ཤུལ་ལས་བྱས་ཏེ། །ཕ་རོལ་གཡུལ་ལས་ཀུན་ཏུ་རྒྱལ་བར་བྱའོ། །ཞེས་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་བདུད་ཀྱི་ཚིག་ཡིན་པར་ཤེས་ཤིང་། གོརསོང། གོང་མ་ལྟར་སྨྲ་བ་རྣམས་ནི་བདུད་ཀྱི་ཚིག་ཡིན་པར་བློ་དང་ལྡན་པ་རྣམས་ལ་སྣང་ངོ་། །རྡོ་རྗེ་འཛིན་པས་གསོལ་པ། དེ་བཞིན་གཤེགས་པའི་བཀའ་ཞེས་བགྱི་བ་ཅི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པའི་བཀའ་ནི་དོན་དམ་པའི་བདེན་པ་ཞེས་བྱ་སྟེ། དེ་ལདེབཞིནགཤེགསཔའིབཀའ་ནི། ང་དང་གཞན་གཉིས་སུ་མ་ཕྱེ་བ་གང་ཡིན་པ་ནི། དེབཞིནགཤེགསཔའིབཀའ་ཡིན་ནོ། །ཕྱོགས་དང་རིས་སུ་མ་བཟུང་བ་གང་ཡིན་པ་དེ་བཞིན་གཤེགས་པའི་བཀའ་ཡིན་ནོ། །རྒྱུ་འབྲས་གཉིས་སོ་སོར་མ་ཕྱེ་བ་གང་ཡིན་པ་དེ་བཞིན་གཤེགས་པའི་བཀའ་ཡིན་ནོ། །ཆོས་ཉིང་གདལ་བ་ཆེན་པོ་མ་སྐྱེས་པ་ལ། སྐྱེ་འགག་མེད་ཅིང་སྤྲོས་པ་དང་བྲལ་བ་དེ་བཞིན་གཤེགས་པའི་བཀའ་ཡིན་ནོ། །ཐམས་ཅད་སྐྱེ་འཆི་དང་འཕོ་འགྱུར་མེད་ཅིང་། ང་དང་བདག་མེད་པ་དེ་བཞིན་གཤེགས་པའི་བཀའ་ཡིན་ནོ། །དུས་ལ་སྔ་ཕྱི་མེད་ཅིང་གནས་ལ་མཐོ་དམན་མེད་ལ་ཡུན་ལ་རིང་ཐུང་མེད་པ་དེ་བཞིན་གཤེགས་པའི་བཀའ་ཡིན་ནོ། །དེ་ཅི་ཡང་མེད་པ་ལས་ནི་ཅིར་ཡང་སྣང་བ་ལ། ཅིར་ཡང་སྣང་ཙམ་ན་ཅིར་མེད་པ་ལས་མ་གཡོས་པ་ནི། དེ་བཞིན་གཤེགས་པའི་བཀའ་ཡིན་ནོ། །གཅིག་ལས་མ་གཡོས་པར་མང་པོ་བསམ་གྱིས་མི་ཁྱབ་པར་སྣང་ལ། མང་པོ་བསམ་གྱིས་མི་ཁྱབ་པར་སྣང་ཙམ་ན། གཅིག་ལས་མ་གཡོས་པ་ནི་དེ་བཞིན་གཤེགས་པའི་བཀའ་ཡིན་ནོ། །གཅིག་ཏུ་འདུས་ལ་གཉིས་སུ་མེད་ཅིང་། གསུང་དུ་སྣང་བ་དེ་བཞིན་གཤེགས་པའི་བཀའ་ཡིན་ནོ། །བསམ་གྱིས་མི་ཁྱབ་པ་ལ་ཡང་བསམ་དུ་མེད་ཅིང་བརྗོད་ཀྱིས་ཀྱང་མི་ལངས་ལ། བརྗོད་དུ་ཡང་མེད་ལ་བགྲང་དུ་ཡང་མེད་པ་ནིདེབཞིནགཤེགསཔའིབཀའ་ཡིན་ནོ། །སྤངས་ཀྱང་མ་སྤངས་ལ། ཆགས་ཀྱང་མ་ཆགས་པ་ནིདེབཞིནགཤེགསཔའིབཀའ་ཡིན་ནོ། །ཅིར་ཡང་སྣང་ཅི་ལྟ་བུར་ཡང་མ་གྲུབ་ཅིང་། བསམ་གྱིས་ཀྱང་མི་ཁྱབ་ལ།དཔག་གིས་ཀྱང་མི་ལངས་ལ། དཔག་ཏུ་ཡང་མེད་པ་ནི་དེ་བཞིན་གཤེགས་པའི་བཀའ་ཡིན་ནོ། །ཆོས་མ་བྱུང་མ་སྐྱེས་པ་སྐྱེ་བ་མེད་པའི་རྟོགས་པ་ཆེན་པོའི་ཐུགས་མཉམ་པ་ཆེན་པོའི་སངས་རྒྱས་ནི། དེ་བཞིན་གཤེགས་པའི་བཀའ་བཞིན་དུ་མི་འགྱུར་བ་ཡིན་ཏེ། ས་གཞི་ནམ་མཁའ་ལ་འཕགས་སྲིད་ལ། ཆུ་ཀླུང་རྒྱུན་ལས་ལྡོག་སྲིད་ཀྱང་། དེ་བཞིན་གཤེགས་པའི་བཀའ་གཞན་དུ་འགྱུར་མི་སྲིད་དོ། །དེ་ནི་རྩོལ་བ་དང་བཅས་པ་མ་ཡིན། རྩོལ་དུ་མེད་པའི་བདག་ཉིད་ཡིན་ལ། མཚན་མ་དང་བཅས་པ་མ་ཡིན། མཚན་མ་མེད་པའི་ངང་དུ་བརྡལ་བས། དོན་དམ་པ་ཡང་ཡིན་ནོ། །དེ་ནི་སྒྲོ་སྐུར་དང་གྲོན་ཐེབས་མེད་དེ། གྲུབ་ཅིང་མཐར་ཕྱིན་པར་འགྱུར་ངེས་པས་བདེན་པ་ཡིན་ནོ། །དེ་ནི་དཔེར་ན་རྒྱ་གར་གྱི་ཡུལ་ན་བསོད་ནམས་ལས་གྲུབ་པའི་རྒྱལ་པོ་འབའ་ལི་ཏ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་དབང་བྱེད་ཅིང་ཆགས་པ་ལ་ཐུགས་རྗེ་ཆེན་པོས་ཆགས་པ་ལས་བཟློག་པའི་ཕྱིར་སྤྲང་པོའི་གཟུགས་ལས་བཀྲེས་པ་ཉམ་ཐག་པ་ཅིག་བྱུང་ནས། རྒྱལ་པོས་སྨྲས་པ། ཨེ་མ་ཉམ་ཐག་པའི་སེམས་ཅན་བཀྲེས་སྐོམ་གྱིས་ཉེན་པ། འདོད་པའི་ལོངས་སྤྱོད་ལ་ཅུང་ཟད་བརྟེན་ནམ།བྲམ་ཟེ་སྤྲང་པོས་སྨྲས་པ། གསེར་གྱི་རི་ལ་གཡུ་ཡི་རྫ་ལྷགས་ཏེ། གྲམ་པ་ལ་སོགསརིན ཆེནབཅལབཀྲམ་ཞིང་། །ཆུ་ཀླུང་འདི་ཀུན་བདུད་རྩིར་འབབ་གྱུར་ཀྱང་། །ནོར་གྱིས་ཆོག་དང་ཟས་ཀྱིས་ཆོག་ཤེས་བཟང་། །དགོས་པའི་དོན་ནི་བླ་མེད་སངས་རྒྱས་སོ། །ཞེས་སྨྲས་པས། རྒྱལ་པོ་རྒྱལ་སྲིད་ལ་སྐྱོ་སེམས་སྐྱེས་ནས། ཕྱིར་མི་ལྡོག་པའི་ས་ལ་བཀོད་དོ་དེ་བཞིན་དུ། དེ་བཞིན་གཤེགས་པའི་བཀའ་བདེན་པ་འདི་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྟ་བུ་མ་ཡིན་གྱི། ཐ་ན་བྱ་དང་རི་དྭགས་དང་མེ་སྒྲ་རླུད་སྒྲ་ལས་གྲགས་ཀྱང་། ཀུན་ཏུ་བཟང་པོའི་ངང་ཉིད་ཀྱིས་བྱིན་གྱིས་བརླབས་ཀྱིས་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེཅིའི་ཕྱིརཞེ་ན། དེ་ནི་ཐམས་ཅད་དུ་བཟང་ངན་དང་སྤང་ལེན་མེད་པའི་ཕྱིར་རོ། །གསོལ་པ། ཚད་མ་ཞེས་བགྱི་བ་གང་ལགས། བཀའ་སྩལ་པ། ཚད་མ་ཞེས་བྱ་བ་ནི། དྲང་ཞིང་དོན་དང་མཐུན་པ་དེ་ཡིན་ཞིང་། སྟེང་དུཕེབས་པ་ལ་ཚད་མ་ཞེས་བྱ་སྟེ། སྟོན་པའི་བཀའ་ཚད་མནི་འགྱུར་བ་མེད་པའོ། །རྡོ་རྗེ་སློབ་དཔོན་གྱི་བཀའ་ཚད་མ་ནི་གོལ་བ་མེད་པའོ། །རང་གི་རྟོགས་པ་ཚད་མ་ནི་བཅོས་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། སྟོན་པའི་བཀའ་ཚད་མའགྱུར་བ་མེད་དེ། དེ་བཞིན་གཤེགས་པའི་མཐུས་ཆོས་ཉིད་ལ་བཞུགསཔ་ལ། མུ་སྟེགསབྱེད་ཀྱི་སྟོན་པ་ལྟར། བྱེད་པ་པོ་དང་བྱེད་པའིསྐྱེས་བུ་དང་། རྟག་ཆད་ཀྱི་མཚན་མ་ཅན་མ་ཡིན་པའོ། །དེ་ལྟ་བུའི་དོན་འདི་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱིས་རྟོགས་ནས། སྒྲོ་སྐུར་མེད་པར་སྣོདདང་ལྡནཔ་རྣམས་ལ་བསྟན་ན། དེས་ཚད་མཐོག་ཏུ་ཕེབས་ནས། འཁོར་བ་དང་ངན་སོང་གི་རྒྱུར་གོལ་བ་མེད་པའོ། །རང་གི་རྟོགས་པ་ཚད་མས་བཅོས་པ་མེད་དེ། ཆོས་ཉིད་ཚིག་དང་ཡི་གེས་གདགས་སུ་མེད་པ་ལ། སངས་རྒྱས་ཀྱིས་མ་མཛད། སེམས་ཅན་གྱིས་མ་བཅོས། མཛད་ཅིང་བཅོས་པའི་མཐའ་ལས་འདས་པས། འདི་ལྟར་ཚད་མས་རྟོགས་ན། ལས་དང་སྡུག་བསྔལ་གྱིས་བཅོས་སུ་མེད་དེ། བཅོས་པ་མེད་པའོ། །ཚད་མ་ཞེས་བྱ་བ་ནི་ངེས་པའོ། །ཚད་མ་ཞེས་བྱ་བ་སྐྱོན་མེད་པའོ། །ཚད་མ་ཞེས་བྱ་བ་ནི་མཐར་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྔ་རབས་འདས་པའི་སངས་རྒྱས་དང་། ད་ལྟར་དང་མ་བྱོན་པའི་སངས་རྒྱས་ཀྱང་། ཚད་མ་ངེས་པའི་དོན་རྟོགས་ནས་སངས་རྒྱས་སོ། །དེ་བཞིན་སྔ་རབས་འདས་པ་དང་། ད་ལྟར་དང་མ་འོངས་པའི་རྡོ་རྗེ་སློབ་དཔོན་ཀྱང་ཚད་མ་སྐྱོན་མེད་པ། འདི་དག་གི་དོན་རྟོགས་ནས་གྲུབ་པ་བརྙེས་པ་ཡིན་ནོ། །དེ་བཞིན་དུ་སྣོད་དང་ལྡན་པའི་རྣལ་འབྱོར་ཕྱིས་འབྱུང་བ་ཡང་། ཚད་མའི་དོན་རྟོགས་ན་ཚེ་གཅིག་གིས་རིག་འཛིན་གྱི་གནས་སུ་སངས་རྒྱ་བར་འགྱུར་རོ། །གསོལ་པ། སངས་རྒྱས་ཞེས་བྱ་བ་ཅི་ལྟ་བུ་ལ་བགྱི། བཀའ་སྩལ་པ། སངས་རྒྱས་ཞེས་བྱ་བ་ནི། སེམས་ཅན་ལ་ཡང་བྱ་ན། རྟོགས་པ་ཀློང་དུ་གྱུར་ཏེ་ཉམས་སུ་ལེན་པ་ལ་བྱ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན་པ་དང་། སངས་རྒྱས་ཐམས་ཅད་ཉིད་སེམས་ཅན་ལས་བྱུང་བའོ། །དེ་ལྟར་རྟོགས་པ་ཀློང་དུ་གྱུར་པ་ནི། གཟུང་འཛིན་རྟག་ཆད་དང། ཡོད་མེད་སྡུག་བསྔལ་ལ་སོགས་སངས་ལ། དེ་ཉིད་མི་རྟོག་པའི་རིག་པའི་རྒྱལ་པོ་རང་དབངདུ་རྒྱས་པས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཉམས་སུ་ལོན་པའོ། །གཞན་ཡང་སངས་རྒྱས་ཞེསབྱ་བ་ནི། དངོས་པོ་དང་མཚནམ་མེད་པའི་སངས་རྒྱས་ཆོས་ཉིད་ལ། དེ་རྟོགས་པ་མཐར་ཕྱིན་པར་རྒྱས་པསསངསརྒྱས་པའོ། །གསོལཔ། ཆོས་ཉིད་སྐྱེ་བ་མེད་པ་ལ། །གཉིས་སུ་མ་མཆིས་པ་ལགས་ན། །སེམས་ཅན་བགྱི་བཇི་ལྟ་བུ། བཀའ་སྩལཔ། སེམས་ཅནཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་མ་རིག་པའི་དབང་གིས་མཚན་མར་བཟུང་བས། འཛིན་རྟོག་ལ་བློའཆེལ་བ་དང་། གཞན་ཡང་དུ་ཏྲ་རྣམཔ་གསུམ་སྟེ། ཕྱི་གཟུང་བར་བྱབའི་ཡུལ་མེདཔ་ལ་གཟུང་བའི་ཡུལདུ་འཛིན་པ་མཏྲ༷་ཀ་རུདྲའོ། །ནང་འཛིན་པར་བྱེད་པའི་སེམས་མེད་པ་ལ། འཛིན་པའི་སེམས་སུ་བཟུང་བ་ནིཨཀརཤ་རུ་ཟའོ། །གཟུངའཛིན་རྣམ་པ་གཉིསཡུལ་སེམས་བརྟས་པ་ལས་གྲུབ་པ་ནི་ཁ་ཧཱུཾ་ཁ་རུ་དྲའོ། །དུ་ཏྲརྣམཔགསུམ་ཡང་སེམས་ཅནནོ། །གཞན་ཡང་རྣལ་འབྱོར་པ་ཆོས་ལོག་པར་སྤྱོད་པ་ཡང་སེམས་ཅན་ཡིན་ནོ། །དེ་ལཆོས་ལོག་པར་སྤྱོདཔཞེས་བྱ་བ་ནི། ཐེགཔཆེནཔོརྡོརྗེཐེགཔ་འདི་སྤྱོད་པ་ལས། དཔེར་ན་རྒྱལ་པོ་དམངས་ཀྱི་ལས་སྤྱོད་པ་དང་འདྲ་བར། ཐེག་པ་འོག་མ་པའི་གཞུང་སྤྱད་ནས་འདི་ལ་སྒྲོ་དང་སྐུར་པ་ལ་སོགས་པས་སྨོད་པརབྱེད་པ་དང་། གསང་བའི་ཐེག་པ་འདི་ལྷར་སྤྱོད་ན་ཡང་། ལྟ་བས་མ་རྟོགས་ཤིང་སྤྱོད་པས་འདི་དག་འཕྱས་ཟློས་སུ་སྤྱོད་ཅིང་། ཚིག་གི་གཞུང་མེད་པས་གཞན་དང་རིས་སུ་ཆད་ནས་ནང་རིས་མི་མཐུན་པས་རྩོད་པ་དང་འགལ་ཞིང་འཕྱུགས་པའི་གཞིར་གྱུར་པ་རྣམས་ནི་མཚན་མ་ལ་སྤྱོད་པས་སེམས་ཅན་ནོ། །དེའི་ཕྱིར་ན་གསང་བའི་རྒྱུད་ཆེན་པོ་འདི་ཐིག་ལེ་སྤྱོད་པ་ཉམས་པ་དང་། དམྱལ་བ་རྡོ་རྗེ་བྱེད་པ་དང་། སྙིང་རྗེའི་ལམ་ལས་ལོག་པ་དང་སྣོད་ངན་པ་རྣམ་པ་གསུམ་ལ་ནི། ཚིག་འབྲུ་གཅིག་ཙམ་ཡང་བསྟན་པར་མི་བྱ་སྟེ། དེ་དག་ལ་བསྟན་ན་མནར་མེད་པའི་དམྱལ་བ་དང་། སེམས་ཅན་དམྱལ་བ་ཞེས་བྱ་བའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལ་ཐིག་ལེ་སྤྱོད་པ་ཉམས་པ་ཞེས་བྱ་བ་ནི། བླ་མའི་བཀའ་ལས་ཐིག་ནི་དྲང་པོ་ལེ་ནི་གདལ་བ་སྟེ་ཐམས་ཅད་དུ་དྲང་ཞིང་ཆོས་ཉིད་དུ་གདལ་བ་ཡིན་པ་ལ། སྤྱོད་པ་ཐམས་ཅད་ལོག་པར་སྤྱད་པས། ཐིག་ལེ་སྤྱོད་པ་ཉམས་ཞེས་བྱ་སྟེ། རྩ་བའི་དམ་ཚིག་གསུམ་ཉམས་པ་དང་། ཁྱད་པར་དུ་བླ་མའི་གཟུངས་མ་དང་། བཞུགས་གནས་གསང་བ་ལ་སྤྱོད་པ་དང་། རྡོ་རྗེ་མཆེད་དང་གསང་བ་གཉེན་པོའི་གསང་བའི་མཁའ་ལ། མ་རིག་པའི་ལས་སྤྱད་པ་དང་། གསང་བའི་བཀའ་ངེས་པ་ལ་བཀའ་རྐུན་དང་ལུང་མེད་པ་དང་། དབང་མ་ནོས་པར་མཐའ་དག་ལ་སྟོན་ཅིང་། འདོད་པ་ཚོལ་བའི་ཕྱིར་སྒྲོག་པ་རྣམས་ནི། ཁྱད་པར་དུ་ཐིག་ལེ་སྤྱོད་པ་ཉམས་པ་སྟེ། འདི་དག་ལ་བསྟན་ན་གཉིས་ཀ་དམྱལ་བར་ལྷུང་ངོ་། །དམྱལ་བ་རྡོ་རྗེ་ཞེས་བྱ་བ་ནི། ཤིན་ཏུ་རྙེད་དཀའ་བའི་མི་ལུས་ཐོབ་པ་ལ། མི་ལ་སོགས་པ་གཡོ་སྒྱུ་མེད་པའི་དྲང་པོ་རང་བཞིན་གྱིས་དགེ་བ་ལ་གནས་པ་ལས། ངན་སོང་གསུམ་གྱིས་སྤྱོད་པ་ལ་ཞུགས་ཏེ། དགེ་སྡིག་དོན་ལ་ཡང་འཛེམ་པ་མེད་ཅིང་། དེ་དག་ལ་ཆེར་མི་བལྟ་ཞིང་མ་རྟོགས་པས་བླུན་པོ་བྱོལ་སོང་དང་འདྲ་བར་སྤྱོད་པ་དང་། གཞན་ཡང་མིར་སྐྱེས་ན་ཡང་ཤིན་ཏུ་ཆགས་ཤིང་ཞེན་པའི་དབང་གིས། ཐམས་ཅད་དུ་འདོད་པ་ལ་ཆགས་ཏེ། གཞན་ལ་མི་དབང་བར་སྤྱད་པ་དང་། གཞན་ལས་དམ་དུ་འབོག་པ་དང་། སེར་སྣ་ལ་སོགས་པ་འཇུངས་པས་ཡི་དྭགས་འདྲ་བའི་ལས་བྱེད་པ་དང་། མིའི་ལུས་ཐོབ་པ་ལ་བསད་པ་དང་བཅད་པ་ལ་སོགས་པ་དང་། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་དམྱལ་བ་དང་འདྲ་བའི་ལས་བྱེད་པ་ནི། དམྱལ་བའི་རྡོ་རྗེ་བྱེད་པ་ཞེསབྱའོ། །སྙིང་རྗེའི་ལམ་ལས་གོལ་བ་ཞེས་བྱ་བ་ནི། ག་ཎ་ལ་སོགས་པའི་ལས་ལ་སྙིང་རྗེཆེན་པོས་མ་ཟིན་པར་འདོད་ཆགས་རང་ག་མས་ཡུལ་མཐའ་འཁོབ་ཀྱི་གླིང་དང་འདྲ་བར་སྤྱོད་པ་དང་། ཞིང་བཅུར་གྱུར་པ་ལ་སྙིང་རྗེ་ཆེན་པོས་མ་ཟིན་པར་བསྙད་དང་ཆགས་འབྲེལ་ཕྲེནཚེགས་ཙམ་ལ་ཏ་ནའི་ལས་སྤྱོད་པ་དང་། གཞན་ཡང་སེམས་ཅན་ཐམས་ཅད་ལ་གནོད་ཅིང་མི་དགེ་བའི་རིགས་ཀྱི་ལས་བྱེད་པ་རྣམས་ནི། ཞིང་བཅུརགྱུར་པའོ། །སྣོད་མ་ཡིན་པ་ནི། སྣོད་དུག་ཅན་དང་། ཞབས་བརྡོལ་བ་དང་། ཁ་སྦུབས་ལ་སོགས་པ་ནི། རང་བཞིན་གྱིས་གསང་བ་སྟེ། གོ་བར་མི་འགྱུར་བས། དེ་བས་ན། བདུད་རྩིའི་ཐེག་པ་རྒྱུད་ཀྱི་རྒྱལ་པོ་འདིསུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། རྣལ་འབྱོར་གསང་བའི་སྣོད་ལྡན་འགའ་ཙམ་ལས། །ཀུན་ལ་བསྟན་པ་མ་ཡིན་གཏེར་དུ་བཅད། །ཞེས་གསུངས་པའོ། །ལྷ་མིན་དཔལ་འབར་ཁྲོ་མོའི་རྒྱུད་རྫོགས་སོ། །སློབ་དཔོན་རྡོ་རྗེ་གྲོ་ལོད་རྩལ་དང་། ལོ་ཙྭ་བ་ཞང་དྲུང་གིས་འགྱུར།། །། རྒྱ་གར་སྐད་དུ། སརྦ་ཏ་ཐུ་ག་ཏྭ་རཀྟ་རྭ་ག་ཏན་ཏྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རཀྟ་