Ngb-pt-0672-vol-07-text

From Rangjung Yeshe Wiki Texts
Revision as of 11:45, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-600-699/ngb-pt-0672-text.docx.wiki to Ngb-pt-0672-vol-07-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

ཕབ་པའོ།། །། རྒྱ་གར་སྐད་དུ། ཡ་མ་ར་ག་ཀར་མ་རུ་ཙ་ཏནྟྲ་ནཱ་མ། བོད་སྐད་དུ། གཤིན་རྗེ་དམར་པོ་ཤན་པ་ལས་ཀྱི་རྒྱུད་ཅེས་བྱ་བ། །སྐྲུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གནོད་སྦྱིན་དམར་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ཚེ་སྲོག་བདག་པོ་དམར་པོ་མི་ཟན་སྐུ། །གནམ་ལྕགས་ཅན་གྱི་རི་བོ་མ་ཡའི་རྩེར། །གནོད་སྦྱིན་སྲིན་པོ་བདུད་དང་གིང་། །མ་མོ་བསེ་མོ་བྱེ་བ་འབུམ་ཕྲག་བསྐོར། །དྲེགས་པའི་རུ་མཚོན་ཕྱར་ཏེ་དམག་དཔུང་བསྡུས། །སྲིད་པ་གསུམ་གྱི་སེམས་ཅན་བླ་ཚེ་སྲོག །ཉམས་པར་བྱེད་ཅིང་སྲོག་དབུགས་ཟས་སུ་ཟ། །མི་སྙན་རྔམ་སྐད་ང་རོ་འབྲུག་ལྟར་སྒྲོག །རྡ་སྐད་མི་མཐུན་ད་ར་མོན་པའི་སྐད། །གད་མོ་རྒོད་ཅིང་སྐྱེ་འགྲོ་ཀུན་ཁམས་འཁྲུག །རུམཚོནདམརཔོབསེ་ཡི་རྒྱལ་མཚན་གྱིས། །གང་དུ་བསྡད་བརྒྱང་གྲགས་དཔག་ཚད་འབུམ། །གང་ལ་གནས་པའི་ཡུལ་ན་འདུག་པར་ཡུལ། །བརྡ་ཡིས་བོས་པས་འདུ་བ་ལྟར། །བསེ་ཡི་རུ་མཚོན་དམར་པོ་ཕྱར་བ་ཡིས། །བགེགས་རིགས་མི་མཐུན་ཐམས་ཅད་དམག་ལ་འདུ། །བྱེ་བ་དཔག་མེད་སྲིད་གསུམ་སྟོང་ཁམས་འགྱེད། །སེམས་ཅན་ཀུན་གྱི་མདངས་འཕྲོག་གཅོད་ཅིང་། ཁྲ་ཁྲག་རུས་པ་བརློན་པ་ཟ་བའི་ཚེ། །ལག་ན་རྡོ་རྗེ་དྲག་ཤུལ་སྟོབས་པོ་ཆེ། །དུས་གསུམ་རྒྱལ་བ་བསྐུལ་ཏེ་གཉེན་པོར་གཏང་། །ཐུགས་རྗེས་སྤྱན་བཟློག་ཐད་དུ་བས། །རྒྱལ་བྱེད་དཔའ་རྟགས་རུ་མཚོན་དམར་པོ་ཁྲོགས། །དེ་དག་མ་ལུས་ཁམས་འཁྲུག་རྒོལ་བ་ལས། །གནོད་སྦྱིན་དམར་པོ་ཁྲོས་བསྐུར་བསྐུར་བ་ཡིས། །རྡོ་རྗེ་རྩེ་ལ་མེ་རླུད་འཁོར་ལོ་བསྐོར། །སྲིད་གསུམ་ཐམས་ཅད་མེ་རླུད་གིས་སུ་དཀྲུགས། །དེ་ཚེ་ཤན་པ་མ་ར་ཁྲག་སྒྱུག་ཚོགས། །འབར་བའི་རྔམ་ཚམས་དྲག་པོས་རབ་གཟིགས་ཏེ། །འབངས་སུ་གུས་བ་་དཔལ་གྱི་ཞབས་ལ་འཇུགས། །བྲན་དུ་ཁས་བླངས་རང་སྲོག་རྨོད་པ་ཕུལ། །རྨོད་པའི་དུག་མདའ་རེག་ཆོད་སྤུ་གྲི་སྨས། །སྲོག་ཟན་དམར་པོའི་ཟས་སྐལ་ཕུལ། །དེ་ནས་དྲག་ཤུལ་ག་་པོ་རྡོ་རྗེའི་སྐུ། །དམར་པོཁྲོསཔགཤིནརྗེབཅོམ་ལྡན་གྱིས། །ལས་སུ་བསྟན་པ་བཤིག་པའི་དགྲ་བགེགས་སྒྲོལ། །ཟས་སུ་ཉམས་པའི་ཤ་ཁྲག་སྲོག་དབུགས་དང་། །སྒྲུབ་པོས་བྱིན་བརླབས་མཐུན་པའི་དམ་རྫས་རོལ། །ཡང་དག་མ་ནོར་དམ་ཚིག་ལམ་ལ་ཞུགས། །སྤུ་གྲི་རེག་ཆོད་གསང་བ་རུ་མཚོན་དམར་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པའོ།། །།དེ་ནས་དྲག་པོ་རུ་མཚོན་དམར་པོས་ཞུས། །ཁྲོ་རྗེ་དཔའ་བོ་རུ་མཚོན་དམར་པོ་དབང་བསྐུར་ཏེ། །དྲེགས་རྗེ་འཁོར་བཅས་དམག་དཔུང་སྡུད་པར་བཀོད། །གང་གི་སངས་རྒྱས་བསྟན་བསྲུང་བའི་ཕྱིར། །སྙིགས་མ་ལྔ་བསྟན་ལྔ་བརྒྱ་ཐ་མ་ལ། །འདི་ཡིས་དུས་དེར་སྤྱོད་པར་འགྱུར། །རུ་མཚོན་སྒྲུབ་པའི་རྣལ་འབྱོར་སྐལ་ལྡན་པས། །སྔོན་དུ་རྨད་བྱུང་དབང་བླགས་ཏེ། །དབེན་དང་ཉམས་དགའ་དུར་ཁྲོད་རྩེར། །ཉམས་བཙལ་བཟང་ངན་ས་གཞི་གནས་བརྟགས་ཏེ། །མཎྜལ་བཅའ་གཞི་གསོད་པའི་ཁུང་བུར་བཙལ། །བསེ་ཡི་རུ་མཚོན་རྒྱང་བུ་དམར་པོ་དང་། །བཤོས་བུ་ཟུར་གསུམ་སྙིང་སྣ་རྩང་ཕུར་དང་། ཁྲ་ཁྲག་བདུད་ཙི་ཛ་གད་གཏོར་མ་བཤམས། །ར་ཐོད་སྤྱང་ཐོད་རྣེལ་གྲིའི་ཐོད་པ་ལ། །དགྲ་གཟུགས་རྟེན་དང་ཡ་མ་ར་གེའི་རྟེན། །དྲག་པོ་ཐུན་གྱི་འཁོར་ལོ་རྫོགས་པར་བྱ། །མ་རུ་ཙེ་བསེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། སྒྲུབ་པ་དང་རྫས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རུ་མཚོན་དམར་པོའི་དྲག་སྔགས་སྒྲུབ། །ཨོ་ཡ་ཧོ་ཕཊ། མ་ཧོ་ཕཊ། ཀླུ་ཧོ་ཕཊ། མ་རུ་ཙ་ཕཊ། རྔམ་རྔམ་ཕཊ། ཉི་ཕཊ། ཧཱུཾ༷་ཧཱུཾ༷་ཕཊ། དང་པོ་བསྙེན་པ་རྫོགས་པར་བྱ། །ལྷ་ལྔའི་སྙིང་པོ་བོད་པའི་གཟེར། །དམར་པོ་དངོས་སུ་བྲན་དུ་འོང་། །ཞགས་བདུན་སྨྲ་བ་སྤངས་ཏེ་བཟླས། །ཁུགས་ནས་རྦད་པར་རབ་ཏུ་བྱ། །བསེ་ཡི་རུ་མཚོན་དམར་པོ་ཡང་། །གང་ལ་བྱ་བའི་ཕྱོགས་སུ་གཟུགས། །རྔམ་རྔམ་དགྲ་བོའི་སྲོག་ལ་རྔམ། །རྔམ་རྔམ་དགྲ་བོའི་ཁྲག་ལ་རྔམ། །རྔམ་རྔམ་དགྲ་བོའི་རུས་ལ་རྔམ། །རྔམ་རྔམ་དགྲ་བོའི་ཤ་ལ་རྔམ། །སྨྲ་བ་སྤངས་བའི་བདུན་ཕྲག་བཟླས། །བསེ་ཡི་ལྡེམ་མཁར་དམར་པོ་ལ། ཁུ།་བཞི་ཡང་དག་ལྡན་པར་བྱ། །དམར་པོའི་སྐུ་ཡི་རྟེན་དུ་གཟུགས། །ཙ་སུ་ར་ཡི་རྔ་སོད་བྱ། །དཀར་ནག་དམར་ལྗག་བཞིས་མཛེས་བྱ། །ཡང་ན་ཀུན་ཀྱང་དམར་ནག་གམ། །དམར་པོ་མདངས་ལྡན་དག་ཏུ་བྱ། །རིགས་ལྔ་ཡེ་ཤེས་དབང་བསྐུར་ཏེ། །ཞི་བས་དབང་དྲག་འཕྲིན་ལས་དག །གྲུབ་པར་གྱུར་ཅིག་སྨོན་ལམ་གདབ། །དམ་དུ་བཅས་ནས་རུ་མཚོན་གཟུགས། །གང་གིས་དམ་བཅས་མ་གྲུབ་པར། །རུ་མཚོན་མཚོན་པས་རྟགས་མཐར་དབྱུང་། །དགྲ་བོ་བརྙས་པ་ན་བཙམ་པ་ལས། །གང་དུ་ཐོད་སྟོར་བྱས་ན་ཉམས། །གལ་ཏེ་སྡང་བར་རབ་ངེས་ཤིང་། །འདྲས་པའི་དུས་ལ་ནམ་འཇུག་ཀྱང་། །གང་ལ་བྱ་བའི་ཕྱོགས་སུ་གཟུགས། །དམར་པོ་དྲེགས་པའི་སྐུ་རྟེན་དེ། །རྔ་ཕོད་གཟུགས་ལ་རྒྱལ་མཚན་ཕྱར། །རུ་མཚོན་ཕྱར་བརྒྱལ་མཚན་ཡིན། །དམར་གྱི་གཏོར་མ་ཁྲག་ཆང་བཅས། །ཟ་ལམ་བསྟན་ཅིང་སྐུ་རྟེན་གཟུགས། །མིག་གིས་གནས་ས་ཕར་བལྟས་ཏེ། །ལུས་ནི་སྒྲེ་མོར་ཕུར་ནས་ཀྱང་། །རྐང་པ་སྟང་སྟབས་བརྐྱང་བསྐུམ་གྱིས། །ལག་པ་བསྐྱིད་ལ་གར་ལག་བསྐྱུར། ཁྲར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །སྲིན་པོ་གནོད་སྦྱིན་མ་རུ་རྩེ། །སྲིན་པོ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །གཤིན་རྗེའི་གནོད་སྤྱིན་མ་རུ་རྩེ། །གཤིན་རྗེ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །ནུབ་ཕྱོགས་བདུད་པོའི་ཡུལ་རྩེ་ནས། །བདུད་པོ་གནོད་སྤྱིན་མ་རུ་རྩེ། །བདུད་པོ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །བྱང་ཕྱོགས་གནོད་སྤྱིན་ཡུལ་རྩེ་ནས། །གནོད་སྦྱིན་གནོད་སྦྱིན་མ་རུ་རྩེ། །ཀུ་བེ་ར་སྟེ་གཏེར་གྱི་བདག །གནོད་སྦྱིན་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྔགས་ཀྱི་བདག་པོ་མཐུ་བོ་ཆེ། །རུ་མཚོན་དམར་པོའི་སྐུ་རྟེན་བཅའ། །རྔ་ཕོད་དམར་པོའི་རྟེན་དུ་གཟུགས། །རྒྱལ་བྱེད་དཔལ་རྟགས་ཡ་མཚན་མཚར། །འཁོར་བཅས་སྐུ་རྟེན་འདི་ལ་བཞུགས། །དམ་རྫས་བཏུང་དང་བདུད་རྩི་དང་། ཁྲ་ཁྲག་དམར་ཆེན་གཏོར་མས་མཆོད། །བསྟན་པ་གཉན་པོ་བསྲུང་བ་དང་། །སྒྲུབ་བ་པོ་ཡི་སྟོང་གྲོགས་མཛོད། །རུ་ཤགས་ཐོབ་ལ་ཁ་ཡང་ཟུར། །ཉེས་དང་ཁྲོལ་ལ་ལེགས་དང་སྤྲོད། །སྲིན་པོ་ཁྲག་ལ་རྦད་བྱས་པས། །ཞེ་སྡང་འབར་བ་དགྲལརྦད། །གཤིནརྗེསྲོགལ་རྦད་བྱས་ཏེ། །ང་རྒྱལ་འབར་བ་དགྲ་ལ་རྦད། །གནོད་སྤྱིན་སྲོག་ལ་རྦད་བྱས་ཏེ། །ཕྲག་དོག་འབར་བ་དགྲ་ལ་ཡ། །བདུད་པོ་སྲོག་ལ་རྦད་བྱས་ཏེ། །འདོད་ཆགས་འབར་བ་དགྲ་ལ་རྦད། །དང་པོ་རྗེས་སུ་དྲན་པའི་སྔགས། །ཡི་གེ་བཅུ་དྲུག་ཉམས་སུ་བླངས། །དེ་ཡིས་གནོད་སྤྱིན་དམར་པོའི་ཚོགས། །ཉམ་ང་བ་ཡི་ཆོ་འཕྲུལ་སྟོན། །དེ་ནས་རང་དབང་མེད་པར་དགུག །ཡི་གེ་བྱ་བའི་དྲག་སྔགས་ལ། །ཁྲི་ཁྲི་བཟླས་པས་ཅི་བྱ་བའི། །ལུང་དང་ངེས་ཚིག་སྟོན་པའོ། །དེ་ནས་ལས་ལ་གཟུང་བའི་ཕྱིར། །དབྱུག་པ་དམར་པོ་དེ་རྩེ་ལ། །བསེ་ཡི་རུ་མཚོན་དམར་པོ་ཕྱུར། །མིང་ནས་བོད་ཅིང་དམ་ལ་བསྡུ། །སྲོག་ནས་དྲང་ཞིང་ཕྱོགས་སུ་རྦད། །དེ་ཡིས་འགྲུབ་པར་ཐེ་ཚོམ་མེད། །བསེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། དྲེགས་པ་ཅན་རྦད་ཅིང་མཚོན་གཟུགས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ལས་ལ་སྦྱར་བ་ནི། །གྲུ་བཞི་རྩེ་མོ་ཟུར་གསུམ་པ་ཡི་བཤོས། །ཁྲག་གིས་བྱུགས་ལ་གཏོར་མར་གཞག །ཡ་མ་ར་ཀ་ར་ཡི་སྙིང་། །གནོད་སྦྱིན་གྱི་ཀྱི་སྲིན་པོའི་ལུག །བདུད་པོ་ར་རོག་སྙིང་ལ་བོད། །མ་མོ་བ་གླང་སྙིང་ལ་བོད། །གཟས་པའི་མིང་རུས་ར་ཐོད་གཞུག །དུག་དང་ཉུངས་ཀར་ཁྲག་སྐམ་བྲབ། །སྤྱང་ཐོད་སྟེང་དུ་གཤེད་མར་བཀོ །གཏོར་མ་རྟགས་གཟུང་རྒྱུན་གཏོར་དབུལ། །བདུན་དངབཅུབཞིགཅིགཉེརཏུ། །བསྙེན་དང་སྒྲུབ་དང་ལས་སྦྱོར་བྱ། །དངོས་སུ་འོང་བས་མ་སྐྲག་ཅིག །སྤུ་གྲི་རེག་ཆོད་གསང་བ་རུ་མཚོན་དམར་པོའི་རྒྱུད་ལས། རྫས་དང་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དམ་ཚིག་བསྲུང་བར་བྱ། །རུ་མཚོན་སྒྲུབ་པའི་དུས་དག་ཏུ། །དམ་ཚིག་སྙིང་རྗེ་སེམས་མི་སྐྱེད། །གཞན་གྱི་ཡི་དམ་ལྷ་མི་བསམ། །ཉམས་པའི་ཁ་ཟས་བཟའ་མི་བྱ། །རྡོ་རྗེའི་གདན་བྱ་མི་སྤྲུག་ཅིང་། །དལ་གྱི་ཟུར་ལ་མགོ་མི་བསྟན། །བསེ་ལྷམ་ཁྲམ་པོ་སྔས་མི་གཞུག །ཟས་ཀྱི་གཏོར་མ་རྒྱུན་མི་གཅད། །རུ་མཚོན་བཙུགས་ནས་སྨྲ་བ་སྤང་། །གཞན་དུ་མི་མང་བུན་སང་སྤང་། །སྨྲ་བ་བཏང་ནས་རུ་མཚོན་བརྟུལ། །སྐྲུ་གྲི་རེག་མཆོད་གསང་བ་བསེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། དམ་ཚིག་དང་བཅས་པའི་ལེའུ་སྟེ་ལྔས་པའོ།། །།དེ་ལ་རྟགས་ཚད་གཟུང་བ་ནི། །བསྙེན་པ་བདུན་ལས་རྟགས་འབྱུང་བ། །རྟ་པ་ཞིབ་ཅན་བྱ་བ་སོགས། །འོད་དང་སྒྲ་ལ་སོགས་པ་འབྱུང་། །སེམས་ཅན་བསད་དང་བྱུང་བ་དང་། །སྒྲུབ་པ་ལ་ཡང་འཇུག་པར་བྱ། །སྒྲུབ་པ་བྱས་ལ་རྟགས་འབྱུང་བ། །རྟ་ལ་ཤོན་ནས་བརྒྱུག་པ་པ་དང་། །དགྲ་ཡི་མཚོན་ཆ་ཐོབ་པ་དང་། །འཁྲུལ་པའི་རུ་བསྐོས་བྱེད་པ་དང་། །ར་གཡག་ཁྲིད་ནས་འོང་བ་དང་། །དེ་ལྟ་བུ་ཡི་རྟགས་བྱུང་ནས། །བསད་པའི་ལས་ལ་འཇུག་པར་བྱ། །བསད་པ་ཞག་བདུན་རྟག་འབྱུང་བ། །ར་དང་རིད་གས་བསད་པ་དང་། །དངོས་སུ་ཁྲིད་ནས་འོང་བ་དང་། །དགྲ་ཡི་མཚོན་ཆ་བཅག་པ་དང་། །དགྲ་བོ་སོད་པའི་རྟགས་ཡིན་པས། །མྱུར་དུ་བསྒྲིབས་ལ་གཏང་རག་གཏང་། །དེ་ནས་མྱུར་དུ་འགྲུབ་པར་འགྱུར། །སྐྲུ་གྲི་རེག་ཆོད་གསང་བ་རུ་མཚོན་དམར་པོའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བརྡའི་རྟགས་བསྟན་པ་ནི། རུ་མཚོན་གཟི་བརྗིད་སྤངས་མཐོང་དང་། །རབ་ཏུ་སྔགས་པའི་རྟགས་མཐོང་ན། །རུ་མཚོན་རྩེ་ལ་རྒྱལ་མཚན་གཟུགས། །བསེ་ར་དམར་པོ་ལྡན་ཁམ་གྱི། །མགོ་ཐོད་དམར་པོ་ཁྲག་བྱུགས་ལ། །ཕྱོགས་སུ་ཁ་གདངས་ཟ་ལམ་བསྟན། །ཡང་ན་སྤྱང་ཐོད་གཟན་ལ་དབབ། །ཚངས་པའི་བརྡ་སྐད་སྒྲགས་འགྱུར་ན། །མཚན་མོ་དམོད་གཟུགས་བརྟགས་བར་བྱ། །རུ་མཚོན་ཆག་འགྱེལ་ངོ་སྒྲན་ན། །གཏོར་ཚོགས་བཟང་ལ་བསྐང་བཟློག་བྱ། །ཡང་ན་བཤགས་པ་བརྒྱ་ཆེར་བྱ། །རྡོ་རྗེ་ཆུ་ཡི་འཛག་བུག་བསྡམ། །ལས་དམིགས་གྲུབ་དང་འཛབ་བསྟོད་བྱ། །རུ་མཚོན་མ་བརྟུལ་ཉམས་པར་འགྱུར། །སྤུ་གྲི་རེག་ཆོད་གསང་བ་རུ་མཚོན་དམར་པོའི་རྒྱུད་ལས། མཚན་མ་ལྟས་ཀྱི་བརྡ་བརྟག་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཐུན་སྔགས་དྲག་པོ་བཤད། །ཧཱུཾ༷་ཡ་མ་ཧཱུཾ༷་ཏྲི་རྦད། ཧཱུཾ་ཤུ་ཏྲི་རྦད། མ་རུ་ཏྲི་ཡ༷་རྦད། མུགས་མ་རུ་ཏྲི་ཆེ་གེ་མོ་རྦད་རྦད་དུ། ཕྱི་ཡི་སྔགས་སོ། །ཨོ་ཡ་མ་ཀླུ་ཏྲི་ཆེ་གེ་མོ་རྦད་རྦད། མ་རུ་མུགས་རྗི་མ་རུ་མུགས་དྲི་རྦད་རྦད། ནང་གི་སྔགས་སོ། །ཨོ་ཡཀླུ་ཏྲི་ཡ་དུ་ན། མ་རུ་རྔམ་སེ་ལ་རྔམ་སེ་རྦད། མུགས་པ་ནི་མུགས་རྦད། རྦད་བུ་རྦད་པ་ཡ་དྲི་ཆེ་གེ་མོ་རྦད་རྦད། གསང་བའི་སྔགས་སོ། །གཞན་ཡང་དམར་པོ་སྐྲུན་བཞི་ཡི། །དྲག་སྔགས་ལས་ཀྱི་བསེ་མོར་བཅས། །སྟོང་གསུམ་སྔགས་ཀྱི་དམག་དཔུང་བཟློག །རུ་མཚོན་བསྐུལ་བ་ཡང་དག་གཅེས། །དྲེགས་པའི་ང་རྒྱལ་བསྐྱེད་པ་ཡིས། །བསེ་མཁར་ཕུར་པ་དམ་རྫ་ས་སྙིང་། །ཉུངས་ཐུན་ཁྲག་དུག་སྙིང་པོ་སྲོག །ཏིང་འཛིན་རྫས་དང་བཅས་པ་ཡིས། །དྲེགས་པ་གནད་ལ་དབབ་པར་བྱ། །སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། གནད་ལ་དབབ་པའི་འཕྲིན་ལས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།ཀྱེ་ཀྱེ་དྲེགས་པའི་གཙོ་བོ་ལྔ། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་ལྔ། །ཕྱག་བརྙན་བསེ་ཡི་གིང་ཆེན་བཞི། །ཡང་ན་དམར་པོ་སྲོག་གི་གཤེད། །དྲེགས་པ་དམ་ལ་བསྡུ་བ་དང་། །ཟ་ལམ་དགྲ་ལ་བསྟན་པ་དང་། །བསྟན་པ་བསྣུབས་པའི་དགྲ་འདུལ་ཕྱིར། །དྲེགས་པ་དྲེགས་དང་ང་རྒྱལ་རྟགས། །ཞེ་སྡང་བསེ་ཡི་རུ་མཚོན་རྒྱུད། །དབང་བསྐུར་རྟགས་སུ་འཁོར་ལ་བསྟན། །དགྲ་ལ་ཆད་པ་ཆེ་བའི་རྒྱུད། །འདི་ལ་མ་ཡེངས་བརྩོན་གྱུར་ན། །བསམ་པ་མྱུར་དུ་འགྲུབ་པར་འགྱུར། །སྣོད་ངན་དང་ཚུལ་ས་ལ་མིན། །མི་བསྟན་ཙིཉི་སྨུག་པོར་སྦས། །བསྙེན་བསྒྲོན་མེ་ཤགས་ཚུལ་དུ་ཕུང་། །སྣོད་དང་ལྡན་པའི་རྣལ་འབྱོར་ལ། །རངབཞིན ངངགིསཕྲད་གྱུར་ཏེ། །རྣལ་འབྱོར་དབང་ཕྱུག་གང་གནས་སར། །དམ་ཅན་རྒྱ་མཚོ་ཡོངས་ཀྱང་དེར་གནས་ཏེ། །ཇི་ལྟར་འདོད་པའི་ལས་བྱེད་འགྱུར། །སྐྲུ་གྲི་རེག་ཆོད་གསང་བ་རུ་མཚོན་དམར་པོའི་རྒྱུད་ལས། དུས་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།གཤིན་རྗེ་དམར་པོའི་ཤན་པ་ལས་ཀྱི་རྒྱུད། སྐྲུ་གྲི་རེག་ཆོད་གསང་བ་རུ་མཚོན་དམར་པོའི་དྲག་སྔགས། །ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །བལ་ཡུལ་ཚ་བ་ཚ་ཤོད་ཀྱི། །མཆོད་རྟེན་དམར་པོར་སྦས་བྱུང་བ། །གཉིས་ལས་མངས་ན་ལྷ་འདྲེ་སྤངས། །བློ་ལ་ཟུང་ལ་ཟུར་ལ་དཔེ་ཡར་ཕྱིས། །དམ་མེད་སེར་སྣས་བཅིངས་བ་དང་། །སྐྱོན་ཅན་འོག་བྲུས་བྱེད་པ་ལ། །བསྟན་ན་ཆོས་འདིས་ཐམས་ཅད་གཅོད། །སྐྲུ་གྲི་རིག་ཆོད་གསང་བའི་རྒྱུད་རྫོགས་སོ།། །།རུ་མཚོན་དམར་པོའི་རྒྱུད་འདི་རྒྱ་གར་དྷ་ན་དྷ་ལས། ཡོན་ཏན་རྒྱ་མཚོ་ལ་བཙས་སུ་གཞག་གོ། །། རྒྱ་གར་སྐད་དུ། ཡསྒ་མུ་ཏྲ་ཏན་ཏྲ། བོད་སྐད་དུ། གནོད་སྤྱིན་གར་མཁན་མཆོག་གི་རྒྱུད། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །མ་རུ་