Ngb-pt-0565-vol-06-text

From Rangjung Yeshe Wiki Texts
Revision as of 11:43, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-500-599/ngb-pt-0565-text.docx.wiki to Ngb-pt-0565-vol-06-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ །བུརྙ་སརྦ་ཀྭ་ཡ་ལྷུ་ག་ཙིསྟ་ཧྲི་ད་ཡ་ཀ་ལ་ཏན་ཏྲ་ན་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ཅེས་བྱ་བ། སངས་རྒྱས་སྐུ་གསུང་ཐུགས་ཀྱི་ཀློང་ཡེ་ནས་ཡིན་པ་དེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན །སྐུའི་མཁའ། གསུང་གི་ཟེར། ཐུགས་ཀྱི་ཀློང་། ཆོས་ཀྱི་དབྱིངས་ནས་ཀུན་བཟང་ཡབ་ཡུམ་ལ། མཛད་པ་ཕྱོགས་མེད་ཞི་ཁྲོ་དང་། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མ་མོ་འཇིག་རྟེན་པའི་འཁོར་གྱིས་བསྐོར་ནས་བཞུགས་སོ། །དེ་ནས་བཛྲ་བཱ་ཁི་ཡིས། །འདི་སྐད་ཅེས་ནི་རབ་ཞུས་སོ། །ཀྱེ་ཀྱེ་རིག་འཁོར་ལ་གསུང་དུ་གསོལ ། །དེ་ནས་ཀུན་བཟང་ཡབ་ཡུམ་གྱིས། །གསང་བདག་ཉིད་ལ་བཀའ་སྩལ་པ། །ཨེ་མ་སེམས་ཅན་ཀུན་གྱི་རང་བཞིན་ལ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་དང་། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ནི། །བསྣན་ཕྲི་མེད་པར་ཡེ་ནས་གནས། །ཙིཀྟ་དུང་ཁང་ནང་ན་སྐུ་དང་ཡིག་འབྲུ་སྟེ། །མཉེན་ལྕུག་འཁྲིལ་ལྡེམ་སྒེག་བཞད་དོ། །ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། གནས་ལུགས་ཀྱི་ལེའུ་སྟེ་དང་པོའོ།། །།གསང་བདག་ཉིད་ཀྱིས་གསོལ་པ། །གནས་ལུགས་རིམ་པ་དེ་ལྟར་ན། །དང་པོ་བསྐྱེད་པ་ཇི་ལྟར་བསྐྱེད། །ཐ་མ་རྫོགས་པ་ཇི་ལྟར་རྫོགས། །ཡོན་ཏན་རྟགས་ནི་ཇི་ལྟར་འབྱུང་། །སྤྱི་མེས་ཆེན་པོས་བཀའ་སྩོལ་ཅིག །ས་མན་ཏ་ཡིས་བཀའ་སྩལ་པ། །སྐྱབས་སོང་འགྲོ་ལ་ཕན་པ་ཡིས། །དགུ་གསུམ་བརྡ་དཔེ་ཏི་ལེའི་དབང་། །འ་ཨ་ཧ་ཤ་ས་མ་ཨོ་ཨུ༷༷ཧཱུཾ༷། དེ་ནས་སྐུར་ཟིན་གསལ་ཡང་གདབ། །དམ་ཚིག་ཀུན་གྱི་ངོ་བོ་ནི། །ཧཱུཾ༷་ལས་བླ་མ་རྡོ་རྗེས་སེམས་དྲི་མེད་དཀར་མདངས་རིག་པའི་སྐུ། །སྐྱིལ་ཀྲུང་རྡོ་རྗེ་དྲིལ་བུ་བསྣམས། །མཛེས་པའི་རིན་ཆེན་རྒྱན་གྱིས་སྤྲས། །ཆེ་ཆུང་ཚད་མེད་མཚན་དཔེར་ལྡན། །ལྟ་བས་མི་ཆོག་མཐའ་དང་བྲལ། །ཡེ་ནས་རང་རིག་གསལ་ཡང་གདབ། །གནས་གསུམ་དཀར་དམར་མཐིང་བ་ལ། །འབྲུ་གསུམ་ཡེ་ནས་གསལ་ཡང་གདབ། །དེ་བཟླས་རང་གསལ་ནམ་མཁའ་ལ། །གསལ་སྟོང་རི་ལ་བལྷ་བར་བྱ། །ལུག་རྒྱུད་མིག་མངས་ཁྲོ་བོ་སྟེ། །ཤེལ་དཀར་མེ་ལོང་རྡོ་རྗེ་སེམས། །དེ་ནི་དུས་གསུམ་སངས་རྒྱས་ཡིན། །དབྱིངས་དང་ཡེ་ཤེས་ནི་ཁྲོའི་ལྷ།།གསལ་སྟོང་དབྱེར་མེད་འཇམ་དཔལ་སྐུ། །གྲག་སྟོང་དབྱེར་མེད་པདྨའི་གསུང་། །རིག་སྟོང་དབྱེར་མེད་ཡང་དག་ཐུགས། །བདེ་སྟོང་ཡོན་ཏན་བདུད་རྩི་ལྷ། །སྣང་སྟོང་ཕུར་པ་འཕྲིན་ལས་ལྷ། །མི་རྟོག་སྟོང་པ་མ་མོའི་ཚོགས། །མ་འགགས་རང་རྩལ་དྲེགས་པ་ཡིན། །འཆི་མེད་ཡེ་ཤེས་ཚེ་ཡི་ལྷ། དུས་གསུམ་སངས་རྒྱས་བཀའ་བརྒྱད་ཀྱི། །ཡབ་ཀྱི་སྙིང་པོ་ཨོ་ཡིན་ནོ། །ཡུམ་གྱི་སྙིང་པོ་ཨུ༷༷ཡིན་ནོ། །ཡབ་ཡུམ་གཉིས་མེད་སྙིང་པོ་ཧཱུཾ༷་ཡིན་ནོ། །སྐོ་ ་ནི་བདེ་ལ་ཨུ༷༷ནི་གསལ། །ཧཱུཾ༷་ནི་མི་རྟོག་ནམ་མཁའ་འདྲ།།རང་དབང་མེད་པ་སྲོག་གི་གནད། །འབྲུ་གསུམ་སྔགས་ཀྱི་རྒྱལ་པོ་འདི། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། །ཨོ་ཨུ༷༷ཧཱུཾ༷།ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། བསྐྱེད་རྫོགས་ཀྱི་ལེའུ་གཉིས་པའོ།། །།ཡང་ཅིག་གསང་བདག་ལེགས་པར་ཉོན། །འདི་བཟླས་ཚེ་གཅིག་སངས་རྒྱས་ཡིན། །འདི་བཟླས་འཕྲིན་ལས་རྣམ་བཞི་འགྲུབ། །བྱེ་བ་གཅིག་ནི་བཟླས་པར་བྱ། །གང་འདུལ་དེ་ཉིད་ལྷ་རུ་སྒོམ། །གང་བྱེད་ལས་སོགས་ཤམ་བུར་གདགས། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །གང་བསམ་ལས་ནི་འགྲུབ་པར་འགྱུར། །ཏི་ལ་གསལ་དག་རིག་པའི་མདངས། །མ་མཐོང་མི་མཐོང་མཐོང་མི་འགྱུར། །འདི་མཐོང་དུས་གསུམ་སངས་རྒྱས་ཡིན། །དུས་གསུམ༷་སངས་རྒྱས་ཐམས་ཅད་ཀྱི། །སྐུ་སྒྲུབ་ཨོ་ལ་གསུང་སྒྲུབ་ཨུ༷༷། །ཐུགས་སྒྲུབ་ཧཱུཾ༷་ཡིན་ཏི་ལ་མཆོག །མ་ཧྭ་ཨོ་ལ་ཨ་ནུ་ཨུ༷༷། །ཨ་ཏི་ཧཱུཾ༷་ཡིན་ཏི་ལ་རྩེ། །ཨོ་གྱིས་ལུས་ལ་བདེ་བ་འབར། །ཨུ༷༷་ཡིས་ངག་ལ་ནུས་པ་འབྱུང་། །ཧཱུཾ་གིས་སེམས་ལ་རྟོགས་པ་འཆར། །ཨོ་གྱིས་ཕོ་གདོན་ཐུལ་བར་བྱེད། །ཨུ༷༷ཡིས་མོ་གདོན་་ཞི་བར་བྱེད། །ཧཱུཾ༷་གིས་གདོན་རྣམས་རླག་པར་བྱེད། །ཨོ་གྱིས་སྣང་སྲིད་གཡོ་ཞིང་བསྒུལ། །ཨུ༷༷ཡིས་འགྲོ་བ་དབང་དུ་བསྡུད། །ཧཱུཾ༷་གིས་སྐྱེ་མེད་ས་ལ་འགོད། །ཨོ་གྱིས་ཏི་ལ་གསལ་བར་བྱེད། །ཨུ༷༷ཡིས་ཡེ་ཤེས་གོང་འཕེལ་འཆར། །ཧཱུཾ༷་གིས་གཉིས་མེད་སྔོན་སངས་རྒྱས། །ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས།ཡོནཏན་གྱི་ལེའུ་སྟེ་གསུམ་པའོ།། །།ལེགས་བཤད་གསང་བདག་ཡང་ཉོན་ཅིག །ཏི་ལ་འབྲུ་གསུམ་བཟླས་པ་ཡིས། །ལྷག་མེད་འཇའ་འོད་སྐུ་གདུང་དང་། །སྒྲ་དང་རིང་བསྲེལ་ཉིད་འབྱུང་ངོ་། །ཆོས་སྐུའི་རྟགས་སུ་སྤྲིན་མེད་མཁའ། །འཇའ་ཚོན་སྣ་ལྔ་ལོངས་སྤྱོད་རྫོགས། །སྤྲུལ་སྐུ་རིང་བསྲེལ་ཕྲ་ཞིང་མང་། །འདི་ཡོད་ཀུན་ལ་སྐུ་གསུམ་རྟགས། །ངེས་པར་འབྱུང་ངོ་སྒྲུབ་ལ་བརྩོན། །ཅེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།ཨོ་ཨུ༷༷ཧཱུཾ༷་བཛྲ་ས་ཏྭ་ཨ། དྷརྨུ་ཀྭ་ཡ་སིད་དྷི་ཧཱུཾ༷། ཞེས་ས་མན་ཏས་རང་བྱུང་དུ་གསུངས་པས། བཛྲ་བཱ་ཁི་དང་། དུས་གསུམ་གྱི་སངས་ང་་མེ་་་མེ་ང་་མེ་་དེ་་མེ་ངརྒྱས་ཐམས་ཅད་ཀྱ །སྐུ་གསལ་སྟང་དབྱར་ ད་པར་ཁྱབ་བ། །གསུང་གྲགས་སྟང་དབྱར་ ད་པར་ཁྱབ་བ། །ཐུགས་རག་སྟང་དབྱར་ ད་པར་ཁྱབ་བ། །ཡན་ཏན་བ ་སྟང་དབྱར་ ད་པར་ཁྱབ་བ། །འཕྲན་ལས་སྣང་སྟོང་དབྱེར་མེད་པར་ཁྱབ་བོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།