Ngb-pt-0505-vol-06-text

From Rangjung Yeshe Wiki Texts
Revision as of 11:43, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-500-599/ngb-pt-0505-text.docx.wiki to Ngb-pt-0505-vol-06-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ས་མ་རེ་ཏ་དཧརུ་ཀ་ར་ད་ན་བྷ་ཐ་ཏ་ནཏྲ་ནཱ་མ། བོད་སྐད་དུ། རིན་ཆེན་རྫོགས་པ་ཡེ་ཤེས་རང་འབར་བའི་རྒྱུད་ཅེས་བྱ་བ། །བམ་པོ་གཅིག་པ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། མ་ལུས་མི་ལུས་ལུས་པ་མེད་པའི་རང་ཤར་བའོ། །ཆོས་ཉིད་ཀློང་ཆེན་བརྡལ་བ་ཆེ། །འགྱུར་མེད་ཀུན་གྱི་སྙིང་པོ་སྲོག་གོ །དབྱེར་མེད་རབ་ཤར་ཡེ་ཤེསགཙོ། །གསང་བ་དག་མཐར་ཐུག་དོན་གྱི་སྙིང་པོ་ཤར། །དོན་གྱི་ངོ་བོ་སྐུ་གསུམ་ཐིག་ལེར་འབར། །ཡང་དག་ངོ་བོ་དབྱེ་གསལ་མེད་པ་ལ། །ཡེ་ཤེས་རྒྱན་གྱི་སྒོ་ནས་གསུམ་དུ་བཤད། །དང་པོ་ཆོས་ཉིད་བར་དོ་ལམ་དུ་ཁྱེར་པ་ཡང་། །དོན་གྱི་གོ་བ་དྲུག་ཏུ་བཤད་པར་བྱ། །དུག་གསུམ་སྒོ་གཅོད་ཕྱག་རྒྱར་སྐྱེ། །ཡེ་ཤེས་གསལ་གདངས་སྒྲོན་མེ་འབར་བར་གཏད། །རིག་པའི་འོད་ཟེར་རླུད་སྒྲོམ་ཧཱུཾ༷་དུ་དབྱུང་། །དབུགས་ཀྱི་རླངས་པ་ཨ་དཀར་སྤྱི་གཙུག་འཕྲོས། །འཆི་ཀ་བར་དོ་འདི་ཀའི་མན་ངག་གསུམ། །སྲིད་པ་བར་དོ་བག་ཆགས་མན་ངག་གསུམ། །ཨ་བ་དྷ་ཏི་སྟོང་སངས་ལམ་ན་ཡར། །ཆོས་ཉིད་རིག་པ་འོད་ཟེར་རང་བྱུང་གསུམ། །ཡེ་ཤེསགདངས་གསལ་སྒྲོན་མེ་ཨ་རུ་འབར། །ཧཱུཾ༷་གསུམ་ཡེ་ཤེས་རྟགས་ཏེ་རླུད་སྒྲོམ་ཧཱུཾ༷་དུ་འགྱུར། །ཨ་ནི་ཆོས་ཉིད་རྟགས་ཏེ་སྒྲོན་མེ་གདངས་གསལ་འཆར། །ལམ་དུ་འགྱེར་པ་དྲུག་པོ་བསྟན་པ་ཡང་། །དང་པོ་སྐུ་གསུམ་གནས་ལུགས་བསྟན་པ་ཡང་། །དེ་ལ་གསུམ་དུ་ཤེས་པར་བྱ། ཁྲ་ཁྲག་སྦུབས་དང་འོད་ཀྱི་སྦུབས། །རིན་ཆེན་གསང་བའི་སྤུབས་དང་གསུམ། ཁྲ་ཁྲག་སྦུབས་ལ་ཕྱི་ནང་གསང་བ་གསུམ། །ཨ་བ་དྷ་ཏི་དངོས་མེད་གསང་བའི་གནས་ཏེ་གཞའ་རུ་འབར། །འཁོར་ལོ་བདུན་རྣམས་ནང་གི་གནས་ཏེ་སྤྲོས་མེད་པདྨ་འབར། །ཁ་སྣ་བུག་པ་ཕྱི་ཡི་གནས་ཏེ་ཤ་ཁྲག་དངོས་པོ་འབར། །སྤྲུལ་སྐུ་གསང་བའི་གནས་རྙད་ན། །སྤྲུལ་པའི་ཆོས་སྐུ་གནས་པ་སྟེ། །དེ་ཡང་ཀུན་གཞིའི་རྩལ་ཡིན་པས། །ཨ་པ་དྷ་ཏིའི་ནང་ན་ཡར། །ཡེ་ཤེས་ཨ་དཀར་སྡང་ལ་བརྒྱུས། །རང་གྲོལ་ཆེན་པོར་ཀྲ་ལ་ལ། །སྤྱི་གཙུག་བུ་ག་དབྱིངས་ནས་ཐོན། །སྟོང་གསལ་ཆེན་པོར་བྱ་ལ་ལ། །སྤྲུལ་སྐུ་ནང་གི་གནས་ཉིད་ནི། །ཡེ་ཤེས་ཆེན་པོར༄་བཀྲག་ཤར་བ། །འཁོར་ལོ་བདུན་རྣམས་འོད་དུ་འབར། །ཐིག་ལེ་རྣམས་ནི་ཨ་རུ་ཁྲོལ། །གསང་བའི་དབང་པོར་ཨ་དཀར་འབབས། །ཆོས་རྣམས་ཐམས་ཅད་པདྨ་འབར། །བདེ་བ་སྟོང་རིག་ལུས་ལ་འབར། །ཙོག་བུར་འདུག་ལ་འོག་རླུད་བསྡམས། །ལུས་རྣམས་ཨ་རུ་ཀྲ་ལ་ལ། །དེ་ཡང་སྤྲུལ་སྐུ་ལོངས་སྤྱོད་སྐུ། །ཆོས་སྐུའི་རྩལ་ལས་ཡེ་ཤེས་བླངས། དྷ་ཏི་འདི་འོད་ཀྱི་རྩལ་ཤར་བས། ་།ངས་ཀྱི་རླུད་སྒྲོལ་འབར་བ་ནས། །རང་བྱུང་ཡེ་ཤེས་དབུགས་ཀྱི་རྟ། །མ་བཅོས་རིག་པ་ཧཱུཾ༷་དུ་བྱུང་། །ཆོས་སྐུའི་མདངས་ལ་ཡེ་ཤེས་བཀྲག །སྲོག༷་པ་རྩ་ཡི་ནང་ན་མར། །ཟློག་བྱེདི་དབུས་ཀྱི་ཨོ་དུ་གྲོལ། །བདེ་བ་ཆེན་པོར་ཕྱ་ལ་ལ། །དབུགས་ནི་འོད་རླངས་རང་བྱུང་ལ། །ཨོ་ཧཱུཾ༷་ཡེ་ཤེས་རང་གྲོལ་ལོ། །དེ་ནས་ཡེ་ཤེས་སྤྲུལ་པའི་སྐུ། །སྤྲུལ་སྐུའི་ངོ་བོ་ཧཱུཾ་ཨོ་དབུགས་སུ་འབྱུང་། །སྤྲུལ་སྐུའི་རང་བཞིན་དངོས་མེད་ཡེ་ཤེས་ཤར། །སྤྲུལ་སྐུའི་མཚན་ཉིད་རང་གྲོལ་ཕྱོགས་རིས་མེད། །སྤྲུལ་པའི་སྐུ་ལ་ཤེས་རབ་སྤྱན་འཆར་ཏེ། །རིག་པ་སྟོང་ལ་དང་པ་ཡེ་ཤེས་སྤྲུལ་སྐུའི་སྤྱན། །བདེ་གསལ་རང་གྲོལ་ཡེ་ཤེས་སྤྲུལ་སྐུའི་སྤྱན། །སྟོང་གསལ་ཆེན་པོར་འཆར་བས་ཡེ་ཤེས་སྤྲུལ་སྐུའི་སྤྱན། །སྤྲུལ་སྐུའི་སྦྱན་ནི་སྣ་ཚོགས་ལ། །སྒྱུ་མ་འོད་ཀྱི་སྦུབས་ན་ཕྱི་ནང་གསང་བ་གསུམ། །མཆོག་གི་འོད་གསལ་གསང་བའི་གནས་ཏེ་ཡེ་ཤེས་འོད་དུ་འབར། །དྭངས་མ་ལྔ་རྣམས་ནང་གི་གནས་དེ་སྒྲིབ་མེད་གསལ་བར་ཤར། །ཙིསྟ་རིན་ཆེན་སྤྱི་ཡི་གནས་ཏེ་ཉི་ཟླ་པདྨར་འབར། །སྙིང་འདི་ཁ་ཕྱེ་པདྨ་དངོས་ཡིན་ཏེ། །སྙིང་ཚིལ་དཀར་དམར་ཉི་ཟླ་པདྨའི་གདན། །སྙིང་ཚིལ་དམར་པོ་ཡེ་ཤེས་བཀྲག་སྟེ་ཕྱོགས་མེད་ཀུན་ལ་གསལ། །སྙིང་ཚིལ་དཀར་པོ་ཆོས་ཉིད་རྩ་སྟེ་ཀུན་ལ་ལོངས་སྤྱོད་བྱེད། །སྙིང་ཚིལ་དཀར་བོ་འོད་གསལ་བཀྲག་སྟེ་བསམ་པ་རང་གྲོལ་ཡས། །དྭངས་མ་ལྔ་ཡིས་རང་བཞིན་དང་། །ཡེ་ཤེས་གདངས་ཤར་འོད་ཀྱི་དྭངས་མ་ཡང་། །དངོས་མེད་དཔེར་བསྟན་སྲིན་བུ་མེ་ཁྱེར་ཙམ། །རྟགས་ནི་སྒྲོན་མེ་འབར་བའི་རང་འོད་དོ། །འོད་གསལ་མདངས་ཤར་གཉིས་ཀྱི་དྭངས་མ་ཡང་། །དངོས་མེད་དཔེར་བསྟན་མེ་ལོང་ལ་ཉི་ཤར་ཙམ། །རྟགས་ནི་ལུས་ཀྱི་སྒྲ་དང་ཁས་སྐྲུའོ། །རྩ་ལྔ་རང་ཤར་དབུགས་ཀྱི་དྭངས་མ་ཡང་། །དངོས་མེད་དཔེར་བསྟན་དྲི་མེད་སྤོས་དུད་ཙམ། །རྟགས་ནི་རླུད་སྒྲོམ་དབུགས་སུ་འགྱུར་བའོ། །ཐིག་ལེ་རང་ཤར་ཁྲག་གི་དྭངས་མ་ཡང་། །དངོས་མེད་དཔེར་བསྟན་གསེར་གྱི་སྐྲུ་གུ་ཙམ། །རྟགས་ནི་ལུས་ཀྱི་བཀྲག་ཉིད་དོ། །འབྲུ་ལྔ་རང་ཤར་རྩའི་དྭངས་མ་ཡང་། །འོད་དུ་གནས་དེ་དར་དཀར་སྐུད་པ་ཙམ། །རྟགས་ནི་ལུས་ཀྱི་བུ་ག་ཙམ་སྟོང་སངས་སོ། །ཨ་བ་དྷ་ཏི་ཞེས་ནི་བརྗོད་པ་ཡང་། །ཆོས་ཉིད་བཙལ་དེ་ཡེ་ཤེས་མདངས། །དྭངས་མའི་བཀྲག་དེ་བདེ་བའི་གནས། །དེ་ཡང་དངོས་པོ་མ་གྲུབ་ཡེ་ཤེས་འོད་དུ་འབར། །ཕྲ་སྦོམ་ཚད་ནི་རྟ་རྔ་བརྒྱར་བཀས་ཙམ། །རིང་ཐུཛོ་ཚད་ནི་བཅུ་དྲུག་ཚངས་པར་འཐོན། །ངོ་བོ་སྟོང་གསལ་ཡེ་ཤེས་འོད་དུ་འབར། །རང་བཞིན་སྐུ་གསུམ་འབྲས་བུ་སྐུ་གསུམ་དུ་གྱེས། །ཡལ་ག་གསུམ་དུ་གྱེས་ཏེ་གདངས་གསལ་རིག་པའོ། །མཚན་ཉིད་རྩལ་དང་རང་གྲོལ་རང་བྱུང་གསུམ། །དེ་ཡང་བཤད་ཅིང་བསྟན་པ་དངོས་པོར་དབྱེ་བ་མེད། །མཆོག་གི་འོད་གསལ་གསང་བའི་གནས་ཉིད་ན། །ལོངས་སྤྱོད་རྫོགས་པའི་ཆོས་ཀྱི་སྐུ་བཞུགས་ཏེ། །ཡེ་ཤེས་གདངས་ལ་ཕྱི་ནང་དབྱེ་བ་མེད། །ཡེ་ཤེས་བཀྲག་ལ་ཁ་དོག་སྒྲིབ་བྱེད་མེད། །ཡེ་ཤེས་རང་བཞིན་དངོས་པོ་རྫས་སུ་མེད། །གདངས་གསལ་ཡེ་ཤེས་ཀུན་གྱི་དངོས་གཞིར་གྱུར། །དྭངས་མ་ལྔ་ཡི་གནས་ན་ལོངས་སྤྱོད་རྫོགས་སྐུ་བཞུགས། །སྤྲོས་པ་མེད་པར་ཀུན་ལ་ལོངས་སྤྱོད་བྱེད། །དངོས་མེད་ཕྱི་ནང་ཀུན་ཏུ་གསལ་བར་ཤར། །གོས་མེད་སྡུག་བསྔལ་སྣ་ཚོགས་ངེས་མེད་སྤྱོད། །བདག་མེད་རྟག་ལ་རྒྱུ་མེད་རིག་པ་ཤར། །འགྱུར་མེད་རང་གྲོལ་གདངས་གསལ་ལོང་སྤྱོད་སྐུ། །ཙིསྟ་རིན་ཆེན་ཕྱིའི་གནས་ལོངས་སྤྱོད་རྫོགས་པ་ཡིས། །སྤྲུལ་སྐུ་བཞུགས་པས་མནོ་བ་ཐམས་ཅད་རང་ཡལ་ཆེན་པོར་གནས། །བསམ་པ་ཐམས་ཅད་རང་གྲོལ་ཆེན་པོར་གནས། །བྱ་བ་ཐམས་ཅད་རང་གྲོལ་ནམ་མཁའི་བྱ་ལམ་འདྲ། །གཟུང་འཛིན་ཐམས་ཅད་ཉི་མའི་འོད་ཟེར་འདྲ། །སྐྱིད་སྡུག་ཐམས་ཅད་རྒྱ་མཚོའི་རྦ་རླབས་འདྲ། །འཁོར་འདས་ཐམས་ཅད་ནམ་མཁའི་རང་བཞིན་འདྲ། །ཆོས་ཉིད་ཅན་གྱིས་ས་ཕྱོགས་མེད་པོར་གཟིགས། །དེ་ཡང་ཅོས་སྐུའི་རྩལ་ལ་ཡེ་ཤེསགདངས་ཆེན་ཤར། །ཡེ་ཤེས་གདངས་ལ་ཆོས་སྐུ་རྩལ་ཆེན་ཤར། །ཡེ་ཤེས་གདངས་ལ་འོད་གསལ་བཀྲག་མདངས་ཤར། །འོད་གསལ་བཀྲག་ལས་འབྲུ་ལ་རྩ་ལྔ་འབར། །འབྲུ་ལྔའི་འོད་ལས་རྩ་བྲན་སྟོང་སངས་ལམ། །རྩ་བྲན་རྩེ་ལ་རིག་པ་རང་འོད་འབར། །སྒོ་ལྔའི་འོད་ལས་སྣང་བ་སྒྱུ་མ་འཆར། །དེ་ཡང་མ་བཅོས་འདས་པའི་ལམ་སྟེ་ཡེ་ཤེས་རླུད་ཉིད་དོ། །དབང་པོ་འབྲུ་ལྔ་བཀྲག་ཤར་དྭངས་མ་ལྔ་རུ་ཤར། །དྭངས་མ་ལྔ་ཡི་མདངས་ཤར་ཨ་བ་དྷ་ཏིར་ཤར། །ཨ་བ་དྷ་ཏི་རླངས་ཤར་དབུགས་དང་རིག་བ་འགྱུར། །དབུགས་དང་རིག་པའི་ལམ་ཉིད་ཁས་སྣ་གཉིས་ནས་འཆར། །དེ་ཡང་རང་བྱུང་ལས་ཀྱི་རླུད་སྟེ་འཁོར་བའི་ལམ་ཉིད་དོ། །དངས་མ་ལྔ་ཡི་རྩལ་ཤཛེ་དོན་སྙིང་ལྔ་རུ་ཤར༄། །དོན་སྙིང་ལྔ་ཡི་རྩལ་ཤར་ཤ་ཁྲག་རུས་པ་སྨིན། །དེ་ཡང་ལས་ཀྱི་དད་པས་འབྱུང་བའི་སྙིགས་མའོ། །རིན་ཆེན་གསང་བའི་གནས་ལ་ཕྱི་ནང་གསང་བ་གསུམ། །ཀུན་གཞི་ཀློང་ཡངས་གསང་བའི་གནས་ཏེ་ཆོས་དབྱིངས་ཆེན་པོར་བརྡལ། །ཡེ་ཤེས་རྩ་ལྔ་ནང་གི་ནས་ཏེ་ཕྱོགས་མེད་སྤྲོས་དང་བྲལ། །རིན་ཆེན་སྒྲོན་མ་ཕྱིའི་གནས་ཏེ་གདངས་གསལ་དྭངས་མ་སངས་གཟུང་འཛིན་དམིགས་པ་མེད་པའི་གདུང་སེལ་རིན་ཆེན་གནས། །ཀུན་གཞིའི་གནས་ནས་ཆོས་སྐུའི་ཆོས་སྐུ་རྣམས། །སེམས་ལ་རྒྱུ་རྐྱེན་མེད་པས་འཁོར་འདས་རྩ་བ་ཆོད། །སེམས་ལ་དངོས་པོ་མེད་པས་དབྱེར་མེད་སྙིང་པོར་ཤར། །སེམས་ལ་འགྱུར་བ་མེད་པས་ཀུན་གྱི་རྟེན་དུ་གནས། །སེམས་ལ་ཁ་དོག་མེད་པས་ཀུན་གྱི་ཉི་མར་ཤར། །སེམས་ལ་སྤྲོས་པ་མེད་པས་འཁོར་འདས་ཐམས་ཅད་ཁྱབ། །ཡེ་ཤེས་རྩ་ལྔའི་ནང་གི་གནས་ཉིད་ན། །ཆོས་ཀྱི་སྐུ་ཡི་ལོངས་སྤྱོད་རྫོགས་སྐུ་བཞུགས། །རྩ་ལྔ་ནང་གི་ཨ་དཀར་རྩ་གཅིག་ནི། །གསལ་བ་ཁ་དོག་མེད་པར་བར་སྣང་གདངས་དང་འདྲ། །སྣང་བ་རང་བཞིན་མེད་པ་ཆུ་ཡི་ཟླ་བ་འདྲ། །གྲོལ་བ་དངོས་པོ་མེད་པ་བར་སྣང་ཟེར་བུ་འདྲ། །དེ་ཡང་སྐྱེ་མེད་སྟོང་གསལ་ཆེན་པོའོ། །རིན་ཆེན་སྒྲོན་མ་ཕྱི་ཡི་གནས་ཉིད་ན། །ཆོས་ཀྱི་སྐུ་ཡི་སྤྲུལ་པའི་སྐུ་བཞུགས་ཏེ། །སྣང་ལ་རང་བཞིན་མེད་པ་ཡེ་ཤེས་སྤྲུལ་པའི་སྐུ། །གསལ་ལ་རྟོགས་པ་མེད་པ་ཡེ་ཤེས་སྤྲུལ་པའི་སྐུ། །ཡེ་ཤེས་ཆེན་པོའི་སྤན་འཆར་ཏེ། །ཆོས་ཉིད་སྤྱན་ལ་འབྱེད་པ་མེད་པར་གསལ། །མ་བཅོས་རིག་པའི་སྤྱན་ནི་ཕྱི་ནང་འགག་མེད་གསལ། །མ་ལྟས་ཡེ་ཤེས་སྤྱན་ནི་སྒྲིབ་བྱེད་མེད་པར་གསལ། །འགྱུར་མེད་ཆོས་སྐུའི་སྤྱན་ནི་ཁྱབ་་བརྡལ་ཆེན་པོར་གསལ། །དོན་གྱི་དྭངས་སྙིགས་དབྱེ་བ་བསྟན་པ་ཡང་། །སྤྲུལ་སྐུའི་དྭངས་མ་འབྲུ་ལྔའི་རྩལ་ཏེ་རང་་གསལ་འབར་བའོ། །སྤྲུལ་སྐུའི་སྙིགས་མ་གཟུང་འཛིན་ཤེས་པ་སྣ་ཚོགས་འཆར་བའོ། །སྤྲུལ་སྐུའི་དྭངས་མ་སྣང་བ་ཨ་དེ་སྟོང་སངས་ཆེན་པོའོ། །སྤྲུལ་སྐུའི་སྙིགས་མ་ཧཱུཾ༷་ཧཱུཾ༷་ཨོ་དབུགས་ཏེ། །བདེ་སྡུག་འཆར་བའོ། །སྤྲུལ་སྐུའི་དྭངས་མ་རང་སྣང་གསལ་བ་ཕྱི་རོལ་སྒྱུ་མ་འབར། །སྤྲུལ་པ་སྐུའི་སྙིགས་མ་ཆགས་ཞིང་ཆེན་པ་དངོས་པོར་སྣང་ངོ་། །ལོངས་སྐུའི་དྭངས་མ་འོད་གསལ་གདངས། །ལོངས་སྐུའི་སྙིགས་མ་འོད་གསལ་བཀྲག །ལོངས་སྐུའི་དངས་མ་རྩ་ལྔའི་གདངས། །ལོངས་སྐུའི་སྙིགས་མ་ཨ་དཀར་བཀྲག །ལོངས་སྐུའི་དྭངས་མ་གསལ་བའི་གདངས། །ལོངས་སྐུའི་སྙིགས་མ་སྣང་བའི་འོད། །ཆོས་སྐུའི་དྭངས་མ་ཕྱོགས་མེད་ཀློང་། །ཆོས་སྐུའི་སྙིགས་མ་སྟོན་པའི་ངང་། །ཆོས་སྐུའི་དངས་མ་སྟོང་གསལ་དབྱིངས། །ཆོས་སྐུའི་སྙིགས་མ་སྤྲོས་མེད་བརྡལ། །ཆོས་སྐུའི་དྭངས་མ་འགྱུར་མེད་དགངས། །ཆོས་སྐུའི་སྙིགས་མ་སྣང་མེད་གསལ། །ཆོས་སྐུའི་སྙིང་པོ་ཀུན་གཞིའི་ཀློང་། །ལོངས་སྐུའི་སྙིང་པོ་འོད་གསལ་གདངས། །སྤྲུལ་སྐུའི་སྙིང་པོ་འབྲུ་ལྔ་བཀྲག །ཆོས་སྐུའི་འོད་ཟེར་བཀྲག །ལོངས་སྐུའི་འོད་ཟེར་ཡེ་ཤེས་རྩལ། །སྤྲུལ་སྐུའི་འོད་ཟེར་སྒོ་ལྔའི་གདངས། །དོན་གྱི་མ་བུ་སྤྲད་པ་ཡང་། །སྤྲུལ་སྐུའི་མ་ནི་རིག་པའི་བཀྲག །སྤྲུལ་སྐུའི་བུ་ནི་ཡིད་ཀྱི་བློ། །སྤྲུལ་སྐུའི་མ་ནི་སྒོ་ལྔའི་གདངས། །སྤྲུལ་སྐུའི་བུ་ནི་སྣང་བའི་ཡུལ། །སྤྲུལ་སྐུའི་མ་ནི་གནས་པའི་ཨ། །སྤྲུལ་སྐུའི་བུ་ནི་ཧཱུཾ༷་དབུགས། །དེས་ན་དབྱེར་མེད་ལོངས་སྐུའི་རྩལ། །ལོངས་སྐུའི་མ་ནི་སྟོངས་སངས་དབྱིངས། །ལོངས་སྐུའི་བུ་ནི་ཕྱོགས་མེད་གསལ། །ལོངས་སྐུའི་མ་ནི་སྟོང་པའི་རྩལ། །ལོངས་སྐུའི་བུ་ནི་ཡེ་ཤེས་འོད། །ལོངས་སྐུའི་མ་ནི་དངས་མ་ལྔ། །ལོངས་སྐུའི་བུ་ནི་ཕུང་པོ་ལྔ། །དེས་ན་ལོངས་སྐུ་རང་འོད་འབར། །ཆོས་སྐུའི་མ་ནི་འགྱུར་མེད་ཀློང་། །ཆོས་སྐུའི་བུ་ནི་ཡེ་ཤེས་གདངས། །ཆོས་སྐུའི་མ་ནི་སྟོང་པའི་རྩལ། །ཆོས་སྐུའི་བུ་ནི་རིག་པའི་འོད། །ཆོས་སྐུའི་མ་ནི་སྒྲོན་མའི་གདངས། །ཆོས་སྐུའི་བུ་ནི་སྣང་བའི་གདངས། །ཆོས་སྐུའི་མ་ནི་དྷ་ཏིའི་འོད། །ཆོས་སྐུའི་བུ་ནི་ཐིག་ལེའི་རྩལ། །ཆོས་སྐུའི་མ་ནི་སྟོང་སངས་ལམ། །ཆོས་སྐུའི་བུ་ནི་རྩ་བྲན་ཚོགས། །དེས་ན་ཐམས་ཅད་ཆོས་སྐུའི་འོད། །དོན་གྱི་ངོ་སྤྲད་བསྟན་པ་ཡང་། །འོད་གསལ་ལྟ་བའི་ཐབས་་ཅན་ནི། །ཉི་མ་ཕྱེད་དུས་གྱུར་པའི་ཚེ། །གཏན་བདེ་ལུས་དང་གན་རྐྱེལ་ཉལ། །ཆོས་ཀྱི་སྒྲོན་མས་ཤེས་རབ་དགབ། །ཡེ་ཤེས་སྒྲོན་མས་ཐབས་ཀྱི་སྐྲུབས་སུ་དྲིལ། །ལྟ་ནི་སྟོང་གསལ་རིག་པས་ལྟ། །ཉི་མའི་སྙིང་པོ་སྟེང་ལ་མེར་ཏེ་མཆོག་གི་འོད་གསལ་རྟགས། །གསལ་བའི་གདངས་ལ་འོད་ཀྱི་སྐྲུས་སུ་འཁྱིལ་ཏེ་འོད་གསལ་ཐིག་ལེ་རྟགས། གསལ་བའི་ཟེར་རྣམས་ཕྱོགས་མེད་འཕྲོ་ཏེ་ཡེ་ཤེས་རྩལ་ལྔའི་རྟག །དེ་རྣམས་ད་ལྟ་ཉམས་སུ་བླངས་བ་དང་། །འོད་ཀྱི་ཟེར་ལ་རིག་པ་བཅིངས་ཀྱི་འཇུས་ལ་འགྲོ། །ད་ལྟ་ཚིག་རྩུབ་ངང་གིས་རང་གིས་དོར། །འོད་མདངས་སྐྲུབས་ལ་བལྟས་ལ་ཉམས་དགའི་ཤེས་པས་འགྲོ། །སྙིང་པོའི་དཀྱིལ་དུ་ཕྱིན་ལ་ཕྱོགས་མེད་ཆེན་པོར་ལྟ། །སྲིད་པའི་བར་དོ་ལྟ་སྒོམ་སྦྱོད་པའི་ཐབས། །བར་དོའི་སྣང་བ་མེད་པར་སངས་རྒྱས་སོ། །དེ་རྣམས་རང་གྲོལ་ཤེས་ན་འདས་པའི་ལམ། །རིན་ཆེན་ཤེས་ལ་ངོ་སྤྲད་ན། །སྐར་ཁུང་ཉི་མ་ཤར་བའི་ཚེ། །གདངས་ལ་གསལ་བའི་ཤེལ་ཕྱར་ཏེ། །གྲིབ་མའི་གསེབ་ཏུ་འོད་ལྔ་འཆར། །འོད་ལྔའི་མདངས་ལ་འོད་ཀྱང་འཕྱར། །གདངས་གསལ་ཤེལ་ནི་དྷ་ཏིའི་རྟགས། །འོད་ལྔ་དྭངས་མ་ལྔ་ཡི་རྟགས། །འོད་ཀྱང་འཕྲོ་བ་སྒོ་ལྔའི་རྟགས། །འོད་རང་གསལ་འདུག་པ་ལ། །སྒོམ་ཞིང་བཙལ་དུ་མེད་པ་ཡིན། །གདངས་གསལ་ཤེས་པ་ཉིད་སེམས་ཉིད་བརྟགས། །འཆར་བའི་འོད་ལྔ་འོད་གསལ་རྟགས། །འོད་ཀྱང་འཕྲོ་བ་རིག་པའི་རྟགས། །གདངས་གསལ་ཤེལ་ནི་འབྲུ་ལྔའི་རྟགས། །འཆར་བའི་འོད་ལྔ་དུག་ལྔའི་རྟགས། །འོད་ཀྱང་འཕྲོ་བའི་འཁྲུལ་པའི་རྟགས། །དེས་ན་དུག་ལྔ་འཁྲུལ་པ་ཡང་། །སྤང་དུ་མེད་དེ་སེམས་ཉིད་རང་། །སྒྲུབ་ཏུ་མེད་དེ་ཆོས་སྐུ་དང་། །བཙལ་དུ་མེད་དེ་ཡེ་ཤེས་གདངས། །ཡེ་ཤེས་མེ་ལོང་ངོ་སྤྲད་པ། །མེ་ལོང་ནང་དུ་སྣང་བ་རྒྱུན་མི་འཆད། །མེ་ལོང་ངོས་ལ་གོས་ཤིང་འགྱུར་བ་མེད། །ནམ་མཁའ་སྟོང་པའི་མེ་ལོང་ལ། །སྣང་བའི་གཟུགས་བརྙན་ཅི་ཤར་ཡང་། །ནམ་མཁའི་ཀློང་ལ་གོས་ཤིང་འགྱུར་བ་མེད། །སྒོ་ལྔ་འཕྲུལ་གྱི་མེ་ལོང་ལ། །སྣང་བའི་གཟུགས་བརྙན་ཅི་ཤར་ཡང་། །སྒོ་ལྔའི་ཀློང་ལ་གོས་ཤིང་འགྱུར་བ་མེད། །འབྲུ་ལྔའི་ཡེ་ཤེས་མེ་ལོང་ལ། །རིག་པའི་འདུ་འཕྲོ་ཅི་ཤར་ཡང་། །འབྲུ་ལྔ་མདངས་ལ་གོས་ཤིང་འགྱུར་ཤི་མེད། །ཀུན་གཞི་སྙིང་པོ་མེ་ལོང་ལ། །སྐྱེ་ཤི་འགྱུར་བའི་ཆོས་ཅན་ཅི་ཤར་ཡང་། །ཀུན་གཞིའི་ཀློང་ལ་གོས་ཤིང་འགྱུར་བ་མེད། །མེ་ལོང་གདངས་གསལ་ཆོས་ཀྱི་སྐུ། །ལྟ་མཁན་ཡེ་ཤེས་རིག་པའི་གདངས། །གཟུགས་བརྙན་སྤྲུལ་པའི་སྐུ་ཡི་ས། །དེས་ན་མེ་ལོང་དག་ལ་འཕྲུལ་གྱི་སྐུ། །དང་པོ་འཆི་བའི་ལྟས་བསྟན་ཏེ། །ནམ་མཁའ་གཡུ་འབྲུག་སྒྲ་ཆད་ན། །ཞག་ནི་ཉི་ཤུ་རྩ་གཅིག་ཐུབ། །བར་ནི་གློག་ལྕམ་འོད་ཡལ་ན། །ཞག་ནི་བཅུ་བཞི་བཅུ་དྲུག་ཐུབ། །ས་ཡི་སེམས་པའི་ཕྲ་ངན་ན། །ཞག་ནི་ལྔའམ་བདུན་ནས་འཆི། །དེ་ནི་མཚན་མའི་འཆི་ལྟས་ཏེ། །དེ་རྣམས་ཟློག་པའི་ཐབས་ཆེན་ཡང་། །ནམ་མཁའ་གཡུ་འབྲུག་སྒྲ་ཆད་ན། །ཐུན་མོང་ཟློག་པའི་ཐབས་ཆེན་ཡང་། །ཚོགས་འཁོར་རབ་འབྲིང་ཐ་མ་བཏང་། །ཁྱད་པར་ཟློག་པའི་ཐབས་ཆེན་ཡང་། །བདེ་གཤེགས་སྤྱི་གཙུག་སྟེང་དུ་བྱོན། །བྱང་ཆུབ་ཆུ་རྒྱུན་སྤྱི་བོའི་གཙུག་ཏུ་ཐིམ། །སྣང་སྲིད་ཐམས་ཅད་འོད་ཀྱི་ཕུང་པོར་ཞུ། །དུག་གསུམ་ཕུང་པོ་འོད་པོ་ཆེ། །བར་གྱི་གློག་ལྕམ་འོད་ཡལ་ན། །ཐུགས་ཀྱི་དཀྱིལ་ནས་ཡེ་ཤེས་ཉི་མ་ཤར། །འོད་ཟེར་ཐམས་ཅད་པ་སྐྲུའི་གསེབ་ནས་འབར། །ཏིང་ངེ་འཛིན་གྱི་བཟློག་ཐབས་སོ། །ཐུན་མོང་རྫས་ཀྱི་བཟློག་ཐབས་ཀྱང་། །སློབ་དཔོན་རྣམས་ལ་གསར་བའི་དབང་བསྐུར་ཞུ། །ས་ལ་སེམས་པའི་པྲ་ངན་ན། །ཐུན་མོང་རྫས་ཀྱིས་ལྡོག་པ་ཡང་། །མི་རུས་ཁྱི་རུས་རྟ་རུས་གསུམ། །རས་ཀྱི་ཐུམ་བུའི་ཁུད་དུ་དྲིལ། །ཕྱི་རུ་སྲེག་ཅིང་ཆེ་ངེས་གདབ། །ཆོས་སྟོན་རབ་འབྲིང་རྒྱུ་དང་སྦྱར་ལ་བྱ། །ཏིང་ངེ་འཛིན་གྱི་བཟློག་པ་ཡང་། །ཕུང་པོ་ཡི་དམ་ལྷ་རུ་བསམས། །ཁོག་པ་ཨ་དཀར་ཡིག་འབྲུས་གང་། །བ་སྤུའི་གསེབ་ནས་ཨ་དཀར་ཡིག་འབྲུ་འཕྲོ། །ཚེ་དང་ལོངས་སྤྱོད་ཨ་དང་ཡིག་འབྲུས་བསྡུས། །བདག་ལ་ཐིམ་པས་ཤིན་ཏུ་གསལ་བར་གྱུར། །ཅིས་ཏེ་ལས་དབང་གྱུར་ན། །འཕོ་བའི་ཐབས་ཆེན་བསྟན་པ་ཡང་། །གྲོང་པོ་གྲོང་འཇུག་འཕོ་ཐབས་ནི། །བདག་ཉིད་འོད་ཀྱི་ཕུང་པོ་འབར། །ནམ་མཁའི་མཐོངས་སུ་བདེ་གཤེགས་སྐུ་བསྒོམས་ལ། །འོད་ཀྱི་འཇམ་རྣམས་བདེ་གཤེགས་ཐུགས་ཁར་ཐིམ། །ཡི་དམ་ལྷ་ཡང་གསལ་ལ་འགག་མེད་ཤར། །འདུ་བྱེད་ལས་ཀྱི་བསྐྱོད་སྲིད་ན། །གྲོང་བོ་གྲོང་འཇུག་འཕོ་ཐབས་ཆེན་པོ་ཡང་། །ནང་གི་འབྲེལ་ཐག་བཅད་ན་ཕྱི་ཡི་སྟོབས་རྣམས་འཆོར། །མཁལ་མ་ཆུ་ཡི་རྩ་ཉིད་མཆེར་པ་སའི་རྩ་ལ་ཐིམ། །ཁ་སྣ་ཆུ་མང་རྐང་ལག་འདར་ཞིང་སྨད་རྣམས་ལྕི་བའོ། །མཆེར་པ་ས་ཡི་རྩ་རྣམས་སྙིང་ཉིད་མེ་ཡི་རྩ་ལ་ཐིམ། །ལུས་ཀྱི་སྟོབས་ཤོར་ཤ་རྣམས་ཤོར་ནས་འགྲོ། །སྙིང་ཉིད་མེ་ཡི་ཁ་རྣམས་མཆིན་པ་ཤིང་གི་རྩ་ལ་ཐིམ། །ལུས་ཀྱི་ཤ་ཁྲག་ཡལ་ནས་ཕྱི་རུ་དྲོད་རྣམས་འབར། །མཆིན་པ་ཤིང་གི་རྩ་ཉིད་གློ་བ་རླུད་གི་རྩ་ལ་ཐིམ། །ཕྱི་ནང་རྔམ་པའི་དགོད་ཅིང་སྒྱུ་མའི་ཟས་དང་བྲལ། །གློ་བ་རླུཎྜ་གི་རྩ་རྣམས་དྭངས་མ་ལྔ་ལ་ཐིམ། །ཕྱི་རུ་རྔམ་པ་འབྱུང་ལེན་ནང་དུ་རྔུབ་མི་ཤེས། །གསང་བའི་མཁར་ལྔ་ཞིག་ན་དབང་པོའི་སྒོ་ལྔ་འགགས། །རྩ་ཡི་དྭངས་མ་ཞིག་བས་ལུས་རྣམས་གཏད་དང་འབྱར། །ཁྲག་གི་དྭངས་མ་ཡལ་བས་དང་པོའི་མདོག་བཞིན་ཉམས །དྲོད་ཀྱི་དྭངས་མ་ཡལ་བས་ལུས་ཀྱི་དྲོད་རྣམས་ཡལ། །དབུགས་ཀྱི་དྭངས་མ་ཡལ་བས་དབུགས་ཀྱི་རྒྱུ་བ་ཆད། །འོད་ཀྱི་དྭངས་མ་ཡལ་བས་རིག་པ་བརྒྱལ་ནས་འགྲོ། །བརྒྱལ་བ་སངས་ནས་མཆོག་གི་འོད་གསལ་འཇིག་པའི་འོད་དཔུང་མཐོང་། །དེ་ཡང་ཆོས་སྐུའི་གདངས་ཡིན་ཐེ་ཚོམ་མེད་པས་འགྲོ། །ཐིག་ལེ་རྣམས་ནི་གདུག་པའི་གཅད་གཟན་མཐོང་། །དེ་ཡང་ཡེ་ཤེས་བཀྲག་ཡིན་ཉམས་ང་མེད་པའི་ཤེས་པས་འགོ། །ཡེ་ཤེས་རྩ་ལྔ་བཀྲག་པའི་མཚོན་ཆར་བབས། །དེ་ཡང་ཡེ་ཤེས་ཟེར་ཡིན་ཚམ་ཚོམ་མེད་པས་ཤེས་པས་འགྲོ། །མི་ཤེས་ཐིག་ལེ་དྲུག་རྣམས་ལམ་དུ་འཆར། །དཔའ་བོ་འབྲུ་ལྔ༷་ཡེ་ཤེས་ཀློང་དུ་མཐོང་། །ད་ལྟ་གོམས་ཤིང་ཤེས་པས་བྱ་བ་རྩིགས་སུ་ཆེ། །གྲོང་འཁོ་གྲོང་འཇུག་འཕོ་ཐབས་ནི། །མདུན་དུ་ཡི་དམ་འདྲ་འབག་བཞག །ཡི་དམ་ཁོང་པ་ཧཱུཾ༷་གིས་དགང་། །རླུད་སྒྲོམ་ཉིད་ནས་ཧཱུཾ་འཕྲོས་ཏེ། །ཡི་དམ་ཐུགས་ཁ་ཧཱུཾ༷་ལ་ཐིམ། །ཧཱུཾ༷་རྫོགས་ལུས་དང་ཐུགས་ཁར་ཐིམ། །སྟོང་གསལ་ཆེན་པོར་མེ་རེ་རེ། །དམ་ཉམས་གཤིས་ངན་བདུད་བྱུང་ན། །ལུས་རྣམས་ཡེ་ཤེས་འོད་དུ་འབར། །མནོ་ངར་རྩ་འུ་སོར་གཉིས་པ། །ལྟག་པའི་བདུད་ཁུང་ཉིད་དུ་བརྡེག །དག་པ་སྤྲུལ་སྐུའི་འཕོ་ཐབས་ཡང་། །ལུས་པོ་འོད་ཀྱི་འཇའ་རུ་བསྒོམ། །ཁོག་པ་ཨ་དཀར་ཡིག་འབྲུས་དགང་། །བ་སྤུའི་གསེབ་ནས་ཨ་དཀར་འཕྲོས། །སྣང་སྲིད་ཨ་རུ་མེ་རེ་རེ། །རིག་པ་ཨ་རུ་བཀྲ་ལ་ལ། །ཐམས་ཅད་སྟོང་པར་ཕྱ་ལ་ལ། །ཉིན་པར་ཉམས་སུ་བླངས་པའི་ཐབས། །ཉལ་ཁར་ཉམས་སུ་བླངས་པ་ཡང་། །སྙིང་གི་དཀྱིལ་ནས་ཤེས་རབ་ཉི་མ་ཤར། །བ་སྤུའི་གསེབ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། །དྲན་རིག་ཐམས་ཅད་སྟོང་པར་ཝ་ལ་ལ། །མ་ཡེངས་ཉལ་བར་ཉམས་སུ་བླངས། །ཆོས་ཀྱི་སྐུ་རུ་འཕོ་ཐབས་ནི། །རིག་པ་རིན་ཆེན་སྒྲོན་མེད་གཏད། །གསལ་བ་ཐམས་ཅད་ཡེ་ཤེས་སྒྲོན་མེ་ཡིན་ཁ་དོག་མེད། །དཔེར་ན་བར་སྣང་སྟོང་པར་ཉི་མ་ཤར་བ་འདྲ། །སྣང་བ་ཐམས་ཅད་སེམས་ཉིད་རང་སྣང་ཡིན། །དཔེར་ན་རྒྱ་མཚོ་ནང་གི་ཆུ་་གཟུགས་འདྲ། །དངོས་པོ་ཐམས་ཅད་ཆོས་ཉིད་ཀློང་། །དཔེར་ན་ནམ་མཁའི་ཆེ་འཕྲུལ་སྤྲིན་དང་འདྲ། །བཅོས་བས་མི་འཆོས་ཀུན་གཞི་འགྱུར་མེད་ཀློང་། །བལྟས་པས་མི་མཐོང་ཆོས་སྐུ་རང་གསལ་བཀྲག །སྒོམ་པས་མི་རྙེད་སྙིང་པོ་བྱང་ཆུབ་སེམས། །འཕོ་འགྱུར་མེད་དོ་བདེ་ཆེན་ཀློང་། །བགྲོད་འཇུག་མེད་དོ་ཆོས་དབྱིངས་ཉི་མ་བརྡལ། །ནམ་མཁའ་མཐོང་ན་སྟོང་ཉིད་དྲན་པར་གྱིས། །སྨིག་སྒྱུ་མཐོང་ན་སྒྱུ་མ་དྲན་པར་གྱིས། །བར་སྣང་མཐོང་ན་ལྟ་བ་དྲན་པར་གྱིས། །ཆུ་གཟུས་མཐོང་ན་བསྒོམ་པ་དྲན་པར་གྱིས། །སྡུག་བསྔལ་མཐོང་ན་དགེ་སྦྱོར་དྲན་པར་གྱིས། །སྣ་ཚོགས་མཐོང་ན་ངེས་མེད་དྲན་པར་གྱིས། །སེམས་ཅན་མཐོང་ན་རང་གྲོལ་དྲན་པར་གྱིས། །ན་ཚ་མཐོང་ན་ཡི་དམ་དྲན་པར་གྱིས། །འབྱུང་བ་མཐོང་ན་འོད་གསལ་དྲན་པར་གྱིས། །བྲེད་ཅིང་དྭངས་པར་མཐོང་ན་རྨི་ལམ་དྲན་པར་གྱིས། །ཐེ་ཚོམ་ཟ་བ་མཐོང་ན་བཀའ་རྒྱུད་དྲན་པར་གྱིས། །རིན་ཆེན་རྫོགས་པ་ཀློང་ཡངས་ཆེ