Ngb-pt-0463-vol-05-text

From Rangjung Yeshe Wiki Texts
Revision as of 11:41, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-400-499/ngb-pt-0463-text.docx.wiki to Ngb-pt-0463-vol-05-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། བོ་དྷི་ཙིསྟ་ཁ་ས་མན་ཏ་ཨ་ལམ་ཀ་ར་སན་ཏི་མ་ཧྭ་གུ་རྒྱ་ཏན་ཏྲ་རྭ་ཛ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་རྫོགས་པ་ཆེན་པོ་གསང་བ་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།དཔལ་ཀུན་ཏུ་བཟང་པོ་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་པོ་བྱང་ཆུབ་དཔལ་ཀུན་ཏུ་བཟང་པོ་མ་བཅོས་པ་བདེ་བ་ཆེན་པོ་ལྷུན་གྱི་གྲུབ་པའི་མངའ་བདག །རྒྱལ་བའི་རྒྱལ་བ་དུས་གསུམ་ཀུན་གྱི་ངོ་བོ། ངོ་བོ་ཉིད་ཀྱི་རྟག་པ། ཆོས་ཐམས་ཅད་ཀྱི་ངོ་བོ། མ་ནོར་མི་འགྱུར་ངེས་པར་གསུངས་པ་སྟེ། ཡེ་འབྱམ་རྨད་དུ་འབྱུང་བའི་གཞལ་ཡས་ནོར་བུ་རིན་པོ་ཆེ་དང་འདྲ་བ། དྲ་བ་ཕྱེད་པ་དང་། དར་དང་། བ་དན་གྱིས་ཀླུབས་པ། རྒྱན་གྱི་བྱེད་བྲག་མཐའ་ཐུག་པ་མེད་པས་རྣམ་པར་བརྒྱན་པ་ན།སྟུག་པོ་བཀོད་པའི་རྒྱལ་བ་གྲངས་མེད་པ་དང་། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་གདྷའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་རྒྱལ་བ་གྲངས་མེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡུལ་ཕྲ་མོ་སྙེད་ཀྱིས་བརྗོད་ཀྱིས་མི་ལང་བ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། །ཇོ་མོ་པུ་རི་གཞལ་ཡས་ཁང་། །འོད་ཟེར་འབར་འཕྲེང་འཁྲིགས་ལྡན་པའི། །བྱིན་བརླབས་རྒྱན་ཆ་བསམ་མི་ཁྱབ། །སྣམ་རྟེན་རྟ་བབས་ཙོང་ཙོང་འཁྲིལ། །རིན་ཆེན་འབར་བའི་འོད་ཟེར་ཅན། །བུམ་པ་དབྱིངས་སུ་འཁྱིལ་བར་གནས། །འཁོར་ནི་དགའ་རབ་འཇོག་ལ་སོགས། །ལྷུན་གྲུབ་དམན་པ་མིང་མེད་པར། །གསང་བ་འདི་ནི་རབ་ཏུ་བཤད། །དེ་ནས་བཅོམ་ལྡན་འདས་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ལས་མ་གཡོས་པར། །དགོངས་པ་མཉམ་པ་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་ཀུན་ཏུ་འཇོམས་པ་ཞེས་བྱ་བའི་འོད་ཀྱི་དྲ་བ་ཆེན་པོ་ཁ་དོག་སྣ་ཚོགས་པ་ཕྱུང་སྟེ། ཕྱོགས་བ་་འཇིག་རྟེན་གྱི་ཁམས་གདྷ་ཀླུང་བྱེ་མ་སྙེད་གྱིས་སྣང་བར་བྱས་ནས། འུར་འུར། རབ་ཏུ་འུར་འུར། ཆེམ། རབ་ཏུ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་མོ། །གཏོར། རབ་ཏུ་གཏོར། ཀུན་ཏུ་གཏོར་བར་འགྱུར། ཤིག །ཀུན་ཏུ་ཤིག །རབ་ཏུ་ཤིག་གོ །འགུལ། རབ་ཏུ་འགུལ། ཀུན་ཏུ་འགུལ་ལོ། །མཐའ་མཐོ་བ་དབུས་དམའ། དབུས་མཐོ་ན་མཐའ་དམའ་བར་གྱུར་ཏེ། ཐམས་ཅད་རྒྱལ་བའི་སྲས་སུ་བསྐྱེད། །ངན་འགྲོ་ཐམས་ཅད་གཏན་བཅོམ་ནས། །ཐེག་པ་ཆེན་པོའི་ཡང་ཆེན་པོ། །གསང་བའི་ཡང་གསང་བ། །རྣམ་མཁའ་ལྟར་ཁྱབ་ཅིང་རྒྱ་ཆེ་བ་རྒྱ་མཚོ་ལྟར་ཟབ་པའི་དོན་གསལ་བར་ཕྱེ་ནས། མ་བསྒྲགས་པར་སྣང་བར་མཛད་དེ། ཀུན་ཀྱང་བདག་ལས་གཞན་མ་ཡིན་པར་ཀུན་ཏུ་སྣང་བར་རྟོགས་པའི་ངོ་བོ་བྱིན་གྱིས་བརླབས་ནས། སླར་ཡང་འདུས་ཏེ་བཅོམ་ལྡན་འདས་ཀྱི་དབུ་ལ་བསྐོར་ཏེ་སྤྱི་བོར་ཐིམ་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་མི་འགྱུར། མི་འཕོ། མི་གནས། མི་སྣང་། མི་རླག །སྙིང་པོ་བྱང་ཆུབ་ལས་མ་གཡོས་བར་བཞུགས་ཏེ། གདུལ་བྱའི་ཚུལ་གྱིས་སྣང་བ་ནི་བསམ་གྱིས་མི་ཁྱབ་སྟེ། དཔེར་ན་ཆུ་ཐ་དད་པའི་ནང་གི་གཟུགས་བརྙན་ལྟ་བུས། རང་རང་ལ་བརྡ་སྐད་ཐ་དད་པས། མོས་པ་ཐ་དད་པ་ལ་ཆོས་ཐ་དད་པར་སྣང་ཞིང་། དོན་དང་མཐུན་པར་སྣང་སྟེ་འཀྱུར་པ་མེད་དོ། །རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྙིང་པོ་བྱང་ཆུབ་དཔག་ཏུ་མེད། །ནམ་མཁའ་ལྟ་བུར་བསམ་དུ་མེད། །གཟུགས་མེད་བརྗོད་བྲལ་ནམ་མཁའི་ངང་། །ཡོངས་ལ་ཁྱབ་པས་འདོད་དགུར་བསྒྱུར། །རྒྱ་མཚོ་ལྟ་བུའི་བྱིན་བརླབས་ཆེ། །འདི་ནི་སྟོན་པ་གནས་འཁོར་དུས། །དབྱིངས་སུ་གཅིག་པས་དབྱེ་བ་མེད། །དཔག་མེད་ནམ་མཁའི་དཀྱིལ་ན་དམ། །འདའ་བ་མེད་པའི་དམ་ཚིག་གོ །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོའི་རྒྱུད་ལས། རྒྱུད་ཀྱི་རྒྱུ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ་དེས། བཅོམ་ལྡན་འདས་ལ་མཆོད་པ་རྣམ་པ་དུ་མས་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་ནམ་མཁའ་ལྟ་བུ་རྒྱ་མཚོ་ལྟ་བུ་ལགས་ན། ཀུན་གྱི་ཐུན་མོང་མ་ཡིན་པ་ཟབ་མོ་གསང་བའི་ངོ་བོ། སྐྱེ་བ་མེད་པ་ངེས་པ་ཆེན་པོ། རྫོགས་པ་ཆེན་པོ་ནམ་མཁའི་ངོ་བོ། ནམ་མཁའ་རྒྱ་མཚོའི་རྒྱུད་ཆེན་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་དེས། ནམ་མཁའ་ལྟ་བུའི་སྐུར་བཞེངས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། སྙིང་པོ་བྱང་ཆུབ་ཀྱིས་མ་ཁྱབ་པ་མེད་པ་ནི་ཇི་ལྟར་ནམ་མཁའ་ལྟ་བུས་ཏེ། དེ་ཡང་དག་པར་བཤད་ཀྱིས་ཉོན། ཆོས་ཉིད་བདལ་ཁྱབ་ནམ་མཁའི་ངང་། །བཙལ་སྒྲུབ་མེད་དེ་ཡེ་ནས་བསྒྲུབས། །ནམ་མཁའ་རྒྱ་ཆེན་ནམ་མཁའི་ངང་། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །གཅིག་བུ་བདེ་ཆེན་རྡུལ་བྲལ་བ། །སྙིང་པོ་བྱང་ཆུབ་བྱ་བྲལ་མཆོག །མི་གནས་མི་རྟོག་ལམ་དང་བྲལ། །མི་བསམ་མི་སྤྱོད་གང་ཡང་མིན། །སྒྲུབ་མེད་ཟིན་ཆགས་རྩོལ་བ་མེད། །ཆོས་སྐུ་དཔག་མེད་ཁྱབ་པའི་ཀློང་། །ནོར་བུ་རིན་ཆེན་ཡོན་ཏན་མཛོད། །མི་དམིགས་ཚིག་གི་ཡུལ་ལས་འདས། །བསྔོ་བའི་ལམ་དང་ཡེ་ནས་བྲལ། །སྦུབས་དང་མ་སྦུབས་ཡུལ་འདས་ལ། །གང་ཞིག་བློ་ཞན་འཆལ་བ་ཡིས བཙལ་བས་ཚེ་ཆད་དོན་ལས་གོལ། །ཇི་ལྟར་སྣང་ཡང་བྱང་ཆུབ་མགོན། །སེམས་དཔའ་འོད་འབར་བདེ་བའི་ཀློང་། །སྐུ་ཏྲི་མཚན་མའི་ཚིགས་ལས་འདས། །བསམ་སྤྱོད་བྲལ་བའི་ཡེ་ཤེས་ལ། །དཔྱད་པ་ཞུགས་པས་རྟོག་པའི་བཞི། །རྒྱལ་བའང་སྤྱད་པར་མི་མཛད་ཅིང་། །གཏན་ལ་ཕེབས་པར་ག་ལ་འགྱུར། །ལུང་དང་རིག་པ་གཏན་ཚིགས་དང་། །ཐུན་མོང་རྗེས་དཔག་ལྟ་བུ་ཡིས། །འདི་ལས་གཞལ་ཞིང་དཔག་བྲལ་ཏེ། །ཀུན་ཏུ་རྒྱུ་དང་ཁུ་ལྗོ་ལྟར། །མཐོང་བ་མ་ཡིན་སྙིང་པོའི་དོན། །ཀུན་འདུས་ཀུན་ཤོང་སྙིང་པོའི་དོན། །རྫོགས་མཆོག་མཁའ་ལ་ཉི་ཤར་བཞིན། །ཇི་ལྟར་སྣང་ཡང་འདའ་བ་མེད། །ཇི་བཞིན་སྙིང་པོ་བྱང་ཆུབ་ལ། །རྣམ་རྟོག་མ་བཙལ་བྲལ་བའི་ཕྱིར། །བདེ་ཆེན་དབྱིངས་ནས་བཙལ་སྤྲུགས་པས། །རོལ་བའི་བྱིན་བརླབས་ཅིར་ཡང་སྣང་། །དོན་ལས་འདའ་མེད་ཡོངས་སུ་སྣང་། །བཙལ་བས་བདེ་ཆེན་དོན་དང་བྲལ། །བཙལ་བས་རྟོགས་པའི་ནད་ཀྱིས་ཟིན། །གདོད་ནས་དག་པའི་སྙིང་པོ་ལ། །བྱ་བྲལ་ངང་ལ་རྩོལ་བས་གཉེར། །ཡང་དག་བཅིང་བའི་མདུད་པ་ཡིས། །རབ་ཏུ་དམ་ཕྱིར་དོན་མི་མཐོང་ མི་བསམ་དེ་བསམ་དེ་རྟོག་པ། །རྩོལ་བའི་ཆུ་བོར་རབ་ཏུ་བྱིང་། །གཟའ་གཏད་བྲལ་བའི་དོན་ཆེན་ལ། །མཚན་རྟོག་སྤྱོད་པས་ཅི་བཙལ་བ། །བཙལ་ཞིང་བཤད་ཅིང་རྟོག་ལ་ཞེན། །ཇི་ལྟར་སྤྱོད་པས་རྟོག་པའི་ཀློང་། །དོན་གྱིས་དོན་བཙལ་དོན་མི་རྙེད། །ནམ་མཁའ་མཐའ་ཐུགས་མེད་པ་ལ། །མཐའ་དབུས་གཞི་རྩ་གང་བཙལ་ཡང་། །རྙེད་པར་མི་འགྱུར་དམིགས་དང་བྲལ། །རྒྱལ་བ་ཉིད་ཀྱིས་རྗོད་པར་དཀའ། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་ལ། །ལམ་གྱི་བཅོམ་སུ་ག་ལ་ཡོད། །བཅོམ་མེད་སེམས་ལ་བྱ་བཙལ་མེད། །གཉིས་མེད་གཅིག་མེད་མཐའ་དང་བྲལ། །འཇུག་མེད་འབྱུང་མེད་བྱ་བྲལ་ལམ། །སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས། །མཁའ་ལྟར་ཡངས་དོག་མེད་པའི་ངང་། །ཀུན་འདུས་ཀུན་ཤོང་བླ་ན་མེད། །འཕོ་མེད་འགྱུར་བྲལ་རྟག་པའི་མཆོག །མི་འགྱུར་མི་བཅོས་ནམ་མཁའི་ངང་། །འཁྲུལ་པའི་འབྱུང་འཇུག་ཡོད་ཏན་ནམ་མཁའི་མཐའ་དང་མཉམ། །མཉམ་དང་མི་མཉམ་ལས་འདས་ཤིང་། ཁྱབ་དང་མ་ཁྱབ་ཉིད་ཀྱི་སྐུ། །དཔག་ཏུ་མེད་པའི་སྐུ་འཆང་བ། །ཡོན་ཏན་རིན་ཆེན་གཏེར་དང་ལྡན། །མ་བཅོས་འཕེལ་འགྲིབ་འགྲོ་འོང་བྲལ། །ཚིག་དང་དབང་པོ་མཚོན་ལས་འདས། །མི་འགྱུར་ནམ་མཁའི་རང་བཞིན་ལ། །རྣམ་རྟོག་རླུད་གིས་ག་ལ་འགྲོ། །དུག་དང་བདུད་རྩི་དབྱེར་མེད་ཕྱིར། །བརྟགས་པས་ཕྱེ་ཡང་ངོ་བོས་གཅིག །གཅིག་ཕྱིར་མཐའ་དབུས་ཀུན་དང་བྲལ། །འདི་ཞེས་མཚོན་པར་མི་རུང་ཕྱིར། །རྒྱལ་བ་ཉིད་ཀྱིས་འདའ་བར་དཀའ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། བདེ་བ་ཆེན་པོའི་ལེའུ་སྟེ་གཉིས་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། བཙལ་ཞིང་བསྒྲུབ་ཏུ་མེད་པའི་དོན་ལ་བཙལ་བར་མི་བྱ་སྟེ། འདི་ལྟ་སྟེ། བཙལ་དུ་མེད་དེ་བྱང་ཆུབ་སྙིང་པོའི་དོན། །སྒྲུབ་ཏུ་མེད་དེ་སྣང་སྲིད་ཡེ་སངས་རྒྱས། །མཚོན་དུ་མེད་དེ་ཡེ་ནས་ཚིག་ལས་འདས། །སྤྱད་དུ་མེད་དེ་ཡེ་ནས་ལྷུན་གྱིས་གྲུབ། །རྫོགས་མཆོག་བྱ་བྲལ་བདེ་ཆེན་ཡངས་པའི་ལམ མ་བཅོས་མི་གཡོ་སྙིང་པོ་བྱང་ཆུབ་སྐུ། །རྫོགས་ཆེན་འགྱུར་མེད་གཡུང་དྲུང་བདལ་བའི་ངང་། །མི་འགྱུར་མི་ཤིགས་རྣམ་དག་པདྨའི་རླུད་། །ཡེ་རླུད་བྱར་མེད་སྒྲུབ་རྩོལ་ཡུལ་ལས་འདས། །མི་གནས་མི་དམིགས་ནམ་མཁའ་ལྟ་བུའི་དངོས། །ཆོས་སྐུ་མི་གནས་འགྱུར་མེད་རྣམ་པར་དག །ཚིག་བྲལ་ཡུལ་འདས་མཉམ་ཉིད་རིག་པའི་གཏེར། །ཡང་འཇིག་མེད་ཡང་ཐོབ་བླ་མེད་རྩེ། །དཔའ་བོ་གཡུལ་ལྡོག་འཁོར་བའི་གཡུལ་ལས་རྒྱལ། །མཚན་མ་ཀུན་བཅོམ་བདག་རྟོག་མཐའ་ལས་འདས། །འདས་དང་མ་འདས་ཚིག་གིས་མཚོན་དུའང་མེད། །མ་བྱས་མ་བསླད་མ་བརྟགས་སྒྲོས་སྐུར་མེད། །སྐྱོན་མེད་ཡོན་ཏན་བྲལ་བས་ལེགས་པའི་མཆོག །མཁའ་ལྟར་གནས་པས་གང་དུ་མ་ཁྱབ་མེད། །དམིགས་པའི་མཐའ་ལས་འདས་པས་སྟོང་པའི་མཆོག །སྟོང་པ་ཉིད་དེ་སྟོང་པ་འང་མེད། །ཆད་དུ་མེད་དེ་ཆད་ཀྱང་ཆད་དང་བྲལ། །རྟག་ཏུ་མེད་དེ་ས་བརྟན་སྙིང་པོ་ཅན། །མཚན་མས་མི་རྙེད་སྟོང་ཆེན་རིག་པའི་མཁའ། །འཁྲུལ་པའི་སྤྱོད་པས་སྒྲུབ་བགྲོད་ཆེན་རྩོལ་བ། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་དགེ་བའི་རྟོག་སྤྱོད་བཅུ། །སྤྱོད་པས་མི་འགྲུབ་ངལ་ཚི་འཆད་པར་འགྱུར། །མཚན་མས་མཚན་འཚོལ་བ་རྟོག་པའི་རླུད་། །བདུད་རྩི་དུག་ཏུ་འཁྲུལ་པས་བྱང་ཆུབ་དོན་མི་རྙེད། །གཅིག་ལ་ཐ་དད་འཁྲུལ་པར་རྟོག་མཐའ་མངས། །བཤད་པས་དོན་མི་མཐོང་སྟེ་བསྒོམས་པས་དམིགས་དང་བྲལ། །སྤྱད་པས་ལམ་མཐའ་རིང་སྟེ་ངལ་བའི་རྒྱུ། །ཕུལ་བས་མི་མཉེས་བྱིན་རླབས་མི་འབྱུང་ཞིང་། །རི་དགས་སྨིག་སྒྱུ་ལྟ་བུར་འཁྲུལ་བའི་ཕྱིར། །གང་ལྟར་བཙལ་ཡང་དོན་མེད་གཡེང་བའི་རྒྱུ། །ནམ་མཁའ་རྩས་སུ་བཙལ་བས་རྙེད་པ་མེད། །ནམ་མཁས་ནམ་མཁའ་མི་བཙལ་ཡལ་བར་བཞག །རྙེད་མེད་མཐོང་མེད་དོན་འདི་ཡིད་ལ་བཞག །མ་བཅོས་མ་བསྒྲུབས་མི་གནས་དོན་འདི་ལ། །སྒྲུབ་མེད་བཙལ་སྤྲུགས་སྨིན་ལམ་བྲལ་བའི། །མཁའ་ཁྱབ་ཉི་མ་འབུམ་བརྡལ་འོད་མཆོག་སྟེ། །མ་བྱས་མ་བསྒྲུབས་ལྷུན་གྲུབ་དེ་ཉིད་དོན། །བདག་གཞན་དབྱེར་མེད་སྣང་སྟོང་ཀུན་མེད་དེ། །རྟོག་དབྱོད་རྣམ་དག་གཉིས་མེད་ཆོས་ཉིད་ལ། །ཉོན་མོངས་བདེ་ཆེན་བྱང་ཆུབ་སྙིང་པོའི་དོན། །བདེ་ཆེན་ཆོས་ཀྱི་དབྱིངས་ལས་གཞལ་མེད་ཕྱིར། །ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ། །མ་བཅོས་ཐིག་ལེ་རྩེ་བཞིན་རྣོ་བ་ལ། །ལོག་འཁྲུལ་དོན་མེད་ཡ་ངའི་སྤྱོད་པ་ཡི། །གཉིས་མེད་བདེ་ཆེན་སེམས་ཅན་ཀུན་སྤྱོད་པ། །འཁྲུལ་པའི་ལམ་དུ་ནོར་བས་བསྟན་པ་ཡང་། །གོང་དུ་བསྟན་པའི་ལམ་ཆེན་དེ་ལས་མི་གཉིས་པས། །མཉམ་པར་ཤེས་པས་སངས་རྒྱས་ཀུན་གྱི་རྗེ། །སྤོང་ལེན་མེད་པས་མཉམ་ཉིད་རོལ་བའི་ཀློང་། །གཟུང་འཛིན་བྲལ་བས་བདག་ཉིད་གཅིག་པུ་མཆོག །མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཅན། །དགོས་དགུ་རང་ལས་འབྱུང་བས་ཡོན་ཏན་མཆོག །མི་གཉིས་དབྱིངས་ནས་ཆོས་ཉིད་རྩལ་སྤྲུགས་པས། །མ་བཀག་ཀུན་ལ་ཇི་ལྟར་དེ་ལྟར་སྟོན། །ཆོས་སྐུ་མཉམ་ཉིད་ངང་ལས་རྩལ་སྤྲུགས་པས། །མཐའ་ཡས་སྒྲོན་མ་འདུལ་དབང་དེ་ལྟར་གྲགས། །མ་བཅོས་རང་བྱུང་བྱང་ཆུབ་སྙིང་པོ་ལས། །རྟོག་པའི་གདེང་ཆེན་མ་ཡེངས་རྩལ་སྤྲུགས་པས། །མཁའ་ལྟར་མཉམ་པའི་དོན་ལ་རྩེ་གཅིག་གནས། །ང་དང་བདག་ཏུ་བརྟགས་པས་མུ་རྟེགས་ཞབྲུལ་པའི་ལམ། །སྐྱིལ་ཀྲུང་ངག་བསྡམས་དབང་པོ་ངན་སྡུད་པ། །རྟགས་པའི་དོན་ཚོལ་རྡོ་དང་གསེར་ལྟར་མིན། །བྱིས་པས་བསླུས་ཏེ་སྒྲོ་ཏྲི་དོན་སྤྱོད་པའི། །བཅུ་ཤོད་བཅུ་ཞེན་མཚན་མ་གཡེང་བའི་རྒྱུ། །གང་གིས་དེ་ལ་ཞེན་ཕྱིར་དེ་འཛིན་པ། །ཕྱིན་པའི་ལམ་མེད་རྟོགས་པའི་དུས་མེད་དེ། །ཆོས་ཉིད་ཆོས་འཚོལ་རྙེད་པར་ག་ལ་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རྒྱ་མཚོ་ཆེན་པོའི་རྒྱུད་ལས། བདེ་བ་ཆེན་པོར་རྩལ་སྤྲུགས་པའི་ལེའུ་སྟེ་གསུམ་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། མ་བཅོས་མ་བྱས་པའི་ངོ་བོ་ན་མིང་ཚིག་བརྡ་ལས་འདས་པ་སྟེ། །གང་ཡང་དམིགས་པར་མི་འགྱུར་བ་ནི། །འདི་ལྟ་སྟེ། གང་ལ་མི་རྟོག་མི་འཇུག་མཉམ་པ་ཉིད། །མི་མཉམ་ཀུན་མཉམ་ཆ་མཉམ་ཞི་མཉམ་པ། །གང་ཡང་ཡོད་པ་མ་ཡིན་ཀུན་ལ་ཡོད། །མ་སྦས་མ་མཐོང་མ་ཁྱབ་བརྡལ་བའི་མཐུ། །མི་སྣང་ཀུན་ལ་རིག་པའི་ཆོ་འཕྲུལ་ཅན། །གང་ཡང་མི་དམིགས་པ་ལས་དམིགས་པའི་སྙིང་པོ་འབྱུང་། །དམིགས་པ་ཉིད་ན་དམིགས་པ་མེད་དེ་དེ་བཞིན་ཉིད། །མ་དཔྱད་མ་བཙལ་མ་བསྟན་གོ་བའི་ཕུལ། །གང་ནའང་མི་གནས་ཕྱོགས་ཆ་མེད་པ་གནས་མེད་ཀློང་། །མིང་ཚིག་བརྡ་ལས་འདས་པ་མཚོན་དུའང་མེད། །རི་རྒྱལ་རྩེ་ནས་སྟིབས་པོའི་གཏིབས་འོག་ཏུ། །མཚན་མ་རྡུལ་དུ་བརླག་ལྟར་ཐེག་དམན་པ། །བཙལ་མེད་ནམ་མཁའི་རི་བོའི་གཏིབས་འོག་ཏུ། །དམན་པའི་ཤེས་པ་རྡུལ་ཕྲན་ལྟར་དུ་བརླག །ལྷུན་པོས་ཟིལ་གནོན་ཀུན་ཏུ་གསལ་བ་ལ། །རྩེ་རྒྱལ་རྟོགས་པས་དམན་པ་ཟིལ་གནོན་ཅིང་། །ཐུན་མོང་འབྱེད་ཀྱང་ནམ་མཁའ་མཐའ་ལྟར་གནས། །འདི་ལ་བྱ་དང་མི་བྱ་ཅུང་ཟད་མེད། །བཙལ་དང་མི་བཙལ་བདེ་སྡུག་ནམ་མཁའི་ངང་། །མཁའ་དང་འཇའ་སྣང་གཟའ་སྐར་གློག་ལྟ་བུར། །མ་བཅོས་ངང་གིས་དག་པས་ཐབས་ཀྱི་མཆོག །ཐིག་ལེ་སྐྱེ་འགག་མེད་པ་རྡོ་རྗེ་དབྱིངས། །ཐམས་ཅད་འབྱུང་བའི་རྟེན་ཆེན་ཟད་མེད་མཁའ། །བདག་གཞན་རིགས་ཆད་མཉམ་པའི་དོན་དང་འགལ། །མཐོ་དམའ་བཟང་ངན་ཆོས་དབྱིངས་དོན་མི་མཐོང་། །སྒྱུ་མ་ལྟ་བུར་འཛིན་པ་ཉིད་ཀྱང་རྟོགས། །རྟོགས་པས་དོན་མི་ནུས་ཏེ་བསླུ་བར་འགྱུར། །ཐིག་ལེ་གཅིག་ཏུ་གནས་པས་སྤྲོ་བ་མེད། །ནམ་མཁའི་མཐའ་ལྟར་ཁྱབ་པས་བསྡུ་བ་མེད། །སྤྲོ་བསྡུ་བསྐྱེད་སྒྱུང་རྟོགས་པའི་ངོ་བོ་བས། །རྟོགས་པས་རྟོགས་པ་འབྱིན་ཐུག་པ་མེད། །ལམ་ལ་རིམ་པས་བགྲོད་པས་ནམ་མཁའི་མཐའ་ཚོལ་འདྲ། །ས་ལ་རིམ་འདོད་འབྲས་བུ་བླང་འདོད་པ། །བདག་ལ་མེད་ཕྱིར་བཙལ་བས་ཚི་ཆད་འགྱུར། །སྒོམ་པ་རྟོགས་པ་ཡིན་ཕྱིར་སྒོམ་དུའང་མེད། །མ་བསམས་རང་བཞིན་བདག་པས་བླང་དོར་མེད། །བཞག་ཏུ་མེད་པའི་དོན་ལ་བློ་འཇོག་པ། །འདིར་བཞག་འདི་ལྟར་བཞག་ཅེས་དམིགས་མེད་པས། །གཞག་ཏུ་མེད་པའི་དོན་ལ་གྱི་ནར་བཞག །མི་འགག་མི་བསམ་མི་དོར་མི་བསམ་ཞིང་། །ངང་གིས་མ་བཅོས་ཡོངས་ཀྱིས་འོད་གསལ་བ། །རྒྱལ་བ་ཀུན་གྱི་སྙིང་པོ་བྱང་ཆུབ་ཡིན། །དགོན་པར་མི་གནས་ཕྱག་རྒྱ་མི་བཅའ་ཞིང་། །བཟླས་པ་མི་བྱ་དབང་པོ་ཡལ་བར་འདུག །དུས་ཏྲི་མ་བརྗེད་ཡེངས་བྲལ་གསལ་བའི་ཕུལ། །ཉི་མའི་འོད་ཟེར་ལུས་ལ་འཆར་བའི་རྟོགས། །སྣང་མེད་དྲག་མེད་རིག་མེད་སྐུ་གསུང་ཐུགས། །མ་ཁྱབ་མེད་དེ་ཡེ་ཟིན་འཕྲིན་ལས་ཡོན་ཏན་ཏེ། །བྱས་ཟིན་མཐོང་ཟིན་གྲུབ་ཟིན་རྟོགས་པའང་ཟིན། །ཐོབ་ཟིན་བསྒོམས་ཟིན་སྤྱོད་ཟིན་གྲོལ་བའང་ཟིན། །དེ་བཞིན་ཉིད་དུའང་མི་བསམ་གང་དུའང་མིན། །མི་བགྲང་མི་བསྔོ་ཡིད་ལ་དྲན་པ་མེད། །བྱུང་ཚོར་རྗེས་སུ་མ་ཡིན་མཉམ་པའི་ངང་། །ཙིཉི་དཔལ་གྱི་བེའུ་དཔལ་གྱི་སྙིང་པོ་ལས། །ཆོས་འཕྲུལ་ཉི་མའི་འོད་ཟེར་འབུམ་ཤར་བ། །ཀུན་ལ་སྙོམས་པའི་ཐུགས་རྗེ་ཡ་མཚན་ཅན། །རྩེ་གཅིག་ཀུན་ལ་བརྡལ་བའི་ལྷན་ནེ་བ། །ཐོགས་མེད་འགྱུར་བ་མེད་པའི་ཀློང་དུ་ཐིམ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ལེའུ་སྟེ་བཞི་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། རྟོགས་པར་བྱར་བ་མེད་པ་ཡིན་པའི་ཕྱིར། གང་ལའང་བཤད་ཅིང་བརྟག་པར་མི་བྱའོ། །དེ་ཡང་འདི་ལྟ་སྟེ། ཀུན་གྱི་མ་ཡིན་འགའ་ཡི་སྤྱོད་ཡུལ་ཏེ། །བརྟག་ཅིང་དཔྱད་པར་མི་བྱ་ཡལ་བར་བཞག །འདི་ལ་རིགས་བརྒྱུད་ཁ་དོག་དབྱིབས་མེད་ཕྱིར། །གང་ཡང་མི་རྟོག་མི་བསམ་ཆེད་བྱ་སྟེ། བདག་ཉིད་གྲོལ་དང་མ་གྲོལ་སྣང་མི་སྣང་། །བདག་ཉིད་ཆོས་སྐུ་མཉམ་ཉིད་བརྙེས་པ་ནི། །ཅིར་ཡང་བསྒྱུར་ཞིང་ངོ་བོ་གཅིག་ཏུ་འདུ། །ཀུན་བཟང་ལམ་དུ་ངོ་བོས་ཡེ་ནས་གཅིག །བརྟག་པར་ཕྱེ་ཡང་དོན་ལ་གཉིས་པ་མེད། །ཐོག་མ་ཐ་མ་མེད་དེ་དུས་ཀྱི་མཆོག །གྲོལ་དང་མ་གྲོལ་སྣང་དང་མི་སྣང་བ། །རྟོག་དང་མི་རྟོག་མ་ལུས་ཐ་སྙད་ཡིན་ཡིན། །འདི་ལ་ཐ་སྙད་མེད། །དེ་ཇི་བཞིན་ཉིད། །ཉོན་མོངས་བྱུང་ཚོར་རྟོག་པ་མཚན་མ་རྣམས། །བདག་མེད་གཞན་མེད་གཉིས་ཀ་ནམ་མཁའི་ངང་ མ་བཙལ་མ་བསྒྲུབས་བདེ་ཆེན་རྩོལ་དང་བྲལ། །མཁའ་ལ་འཇའ་སོགས་སྣང་ལྟར་དབྱེ་བ་མེད། །ཇི་ལྟར་མཁའ་ལ་ཡོད་འཛིན་མེད་རྩོད་པ། །དེ་ཉིད་ཤེས་རབ་འཆལ་ཕྱིར་རྟོག་པ་མེད། །འདི་ལ་ལུང་རིགས་ཚད་མས་ཅི་སྨྲས་ཀྱང་། །ཕེབས་པར་མི་འགྱུར་ངལ་པ་དོན་མེད་ཡིན། །རྟོག་དང་དཔྱོད་མཐའ་མངས་ཕྱིར་དོན་དང་འགལ། །གསང་སྔགས་རྒྱ་མཚོ་ནམ་མཁའ་ལྟ་བུ་ལ། །ལུང་དང་རིག་པས་གཏན་ཚིགས་རྗེས་དཔག་གིས། །རྟོགས་པར་མི་ནུས་གསང་སྔགས་རྟོགས་པར་དཀའ། །ཇི་ལྟར་དམུས་ལོང་མཁའ་ལ་མཐོས་འཇལ་འདྲ། །མཁའ་འདྲ་རྒྱལ་བ་གཅིག་པུའི་སྤྱོད་ཡུལ་ལ། །རྩོལ་བས་དོན་དཔོག་དོན་མི་རྙེད་དེ་གོལ། །འདས་དང་མ་འདས་དེ་བཞིན་ཉིད་ཀྱིས་དོན། །སྔ་ཕྱི་བཟུང་བས་རི་དྭགས་རྒྱར་ཚུད་འདྲ། །འབྲུ་དྲི་བཅ་ནས་གསེར་གྱི་ཉི་ཤར་བ། །གཞན་དུ་མ་ཡིན་གའུའི་ནང་ན་གནས། །དག་པར་བྱས་ལ་མཉམ་པའི་སྟེང་དུ་བཞག །རི་བོ་ཉི་མ་རྩལ་ཆེན་རིན་པོ་ཆེ། །རྡོ་རྗེ་ཀ་ལ་པིང་ཀ་རྒྱ་མཚོ་ལྟར། །གང་ལྟར་སྦྱད་ཀྱང་མཉམ་ཉིད་གདེང་ལྡན་གནས། །གང་རི་མེད་དཔུང་པར་བཞིན་ནམ་མཁའ་དང་། །ཆུ་བོ་མེ་ལོང་རླུད་དང་སྒྲོན་མ་དང་། །བདུད་རྩི་ལྟ་བུར་སྣང་ཕྱིར་ཡོན་ཏན་མཆོག །རང་བྱུང་ཡེ་ཤེས་འཀྱུར་པ་མེད་པའི་དབྱིངས། །ཆུ་ཤེལ་བི་ཌརླ་ཡི་མདོག་ལྟར་སྣང་། །པདྨ་ཕག་ལྟར་སྣང་བའི་དོན་ཉིད་ལ། །མ་བསམ་མ་བཙལ་དོན་དེ་བློ་ལ་གནས། །རྩ་གཅིག་ཡན་ལག་ལོ་འདབ་འབྲས་བུ་རྣམས། །བགྲང་ལས་འདས་ཕྱིར་བསམ་ཡས་སྣང་བ་ཡང་། །ཀུན་ཀྱང་རྩ་བ་ཉིད་དུ་ཀུན་འདུས་ལེགས། །འདི་ལ་ཉམས་དང་དྲོད་རྟགས་གཟུང་བ་བྱེད། །ཆེད་དུ་མི་གཟུང་བཞག་པར་བྱ་བའང་མེད། །མི་བཙལ་གྱི་ནར་འདུག་པ་ཉིད་ཀྱང་མེད། །ས་ལམ་བགྲོད་རྩོལ་འབྲས་བུ་ཐོབ་པའང་མེད། །སྣང་མེད་བརྗོད་ལས་འདས་པ་དམ་པ་ལ། །ཆོས་བརྟགས་ལྡན་པས་རིག་པ་ཀླུངས་སུ་ཕེབས། །ཐེག་དམན་ཀུ་ཇོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཕྱིར། །གང་ལ་མ་རག་རྟེན་འཆའ་མ་ཡིན་མངོན་དུ་མེད། །ཡོད་དེ་རྟག་ཏུ་མེད་པའི་སྙིང་པོའི་དོན། །གང་ཡང་མ་ཡིན་པ་ཉིད་ཅི་ཡང་མ་ཡིན་པ་སྟེ། །གང་དེ་གདེང་ལྡན་དུས་གཅིག་གསལ་བ་མཆོག །མི་སྦྱང་ཡེ་ནས་དག་པས་བསྒྲིབ་ཏུའང་མེད། །ཕྱོགས་དང་ཁྱབ་མེད་ཀུན་ཏུ་བདལ་ཁྱབ་པས། །ཕྱོགས་དང་རིས་མེད་ཀུན་ཀྱང་ང་ཡི་དབྱིངས། །ལྟ་བས་བསྒྲིབ་ཏུ་མེད་པས་བདག་ཉིད་སྣང་། །ཆེད་དུ་མིག་གཉེར་མ་འགག་མི་གཟུང་ཞིང་། །ཡལ་བཞག་མི་གནས་ཡུལ་ཤེས་འཛིན་དང་བྲལ། །ཆོས་སྐུ་ལོངས་སྤྱོད་སྤྲུལ་པ་ཅིག་ཆར་རྫོགས། །སྐུ་དྲིན་ཆེ་བའི་ཡོན་ཏན་ཀུན་འཆང་བ། །ཡེ་ནས་རྩ་བྲལ་ཐིག་ལེ་གཅིག་གི་ངང་། །མཐའ་བྲལ་ཀུན་ཀྱང་ཡིད་སྤྱིན་ནོར་བུའི་ཚུལ། །ཆེ་མཆོག་རྗེ་བཙན་བླ་ན་མེད་པའི་ས། །རྡོ་རྗེ་འཆང་བ་འབར་ཞིང་འཇིག་པའོ། །ཀུན་འདུལ་ཀུན་སྡུད་ཀུན་བསྒྲལ་ཡེ་སངས་རྒྱས། །དོན་དམ་པ་ཡི་ཀླུང་ལས་ཉམས་བ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། བརྟག་ཅིང་སྤྱད་པའི་ལེའུ་སྟེ་ལྔ་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། རྡོ་རྗེ་སློབ་དཔོན་སྨད་པར་མི་བྱ་སངས་རྒྱས་ཉིད། །འདི་ནི་ས་གཞི་བཞིན་ཏེ་བསྟན་པའི་ཞི། །དུས་གསུམ་རྒྱལ་བའང་དེ་ལ་བཀུར་བ་ཉིད། །ས་པ་ཅི་ཕྱིར་དེ་ལ་བསྐུར་མི་བྱེད། །གཟུགས་སྐུ་བུམ་པས་ལྷག་པས་སྤྱི་བོར་བླང་། །སྟོང་དྲི་རིན་ཆེན་གཏེར་གྱིས་ཡོངས་བཀང་ལ། །གུས་པས་འདུད་ཅིང་ལུས་ཀྱང་ཡོངས་གཏོང་ན། །འདུས་བྱས་རྫས་དང་ནོར་བུ་བཞོན་པ་སོགས། །ཆུང་མ་བུ་མོ་སྲིང་མོ་བརྒྱན་པ་ཀུན། །འཕངས་པ་མེད་པས་རྒྱལ་པོ་ཡབ་ལ་འབུལ། །བཀའ་ཉན་སྲོག་ཀྱང་འདོར་ལ་ལུས་ལའང་ཆགས་པ་མེད། །སྲོག་མི་འདོད་ཅིང་གུས་པས་བསྒོ་བའང་ཉན། །བསྐལ་བའི་སངས་རྒྱས་རྣམས་ཀྱི་ཡབ་ཡིན་པས། །མ་བརྟེན་འབྱུང་བ་ནམ་ཡང་མི་སྲིད་དོ། །འདོད་ལྔའི་མཆོད་པར་རབ་ཏུ་བསྟབས་པས་ན། །རྒྱལ་བའི་མ་ལུས་མཆོད་པར་འདི་འགྱུར་རོ། །ཞབྲུལ་བས་སྨན་སྦྱར་དུག་གི་ནད་ཀྱིས་ཟིན། །མི་རྟོག་འདོད་པས་དེ་ལ་རྒྱབ་ཀྱིས་ཕྱོགས། །དོན་གྱིས་དོན་བཙལ་རྟོག་པའི་ཆུ་བོར་བྱིང་། །སེམས་ཀྱིས་སེམས་བཙལ་སེམས་ལ་གཏིང་མཐའ་མེད། །ཆོས་སྤྱོད་བཅུ་ཞེས་རྟོག་པའི་དོན་ཉིད་ཀྱིས། །བསླད་ཕྱིར་ལོང་བས་ལོང་བ་ཁྲིད་དང་མཚུངས། །ཆེད་བྱས་གཟུང་འཛིན་དོན་ལ་གང་ལོག་པ། །ཆུ་ཟླ་འཛིན་ཚུལ་དམ་པའི་དོན་མ་མཐོང་། །རྟག་ཆད་གཉིས་ཀར་གང་གིས་བློ་ཞེན་པ། །སྔ་ཕྱི་བརྟགས་པས་བཙལ་ཞིང་སླར་འཆིང་སྟེ། །རྣམ་གཡེང་རྟོག་པའི་རྫོང་དེས་བྱང་ཆུབ་ལམ་མི་རྙེད། །རྡུལ་ཕྲན་འདུས་བྱས་ཡིན་དང་མ་ཡིན་པ། །བརྟགས་པས་ནམ་མཁའ་སྦྱིན་ཏེ་ངང་གིས་སྟོང་། །འོན་ཀྱང་གདུལ་བྱའི་དབང་གིས་སོ་སོར་སྣང་། །དེ་ཉིད་དམ་པའི་དོན་ལ་མཐོང་བ་མེད། །རྟེན་འབྲེལ་ཕྱི་ནང་གཅིག་དང་ཐ་དད་དང་། །དེ་བཞིན་ཉིད་དུ་སྦྱར་བས་དོན་དང་འགལ། །བྱིས་པས་བརྟགས་པས་ཡང་དག་དོན་མི་གནས། །གཞི་རྩ་བཅད་པས་མཐའ་ལ་ཐུག་པ་མེད། །ཡུལ་སེམས་སྣང་བ་ཡོད་མེད་མཐའ་རྟོགས་པ། །ནམ་མཁའི་མཐའ་ལ་རྩོད་པས་ཐུག་པ་མེད། །གཅིག་དང་ཐ་དད་གཉིས་ཀ་མཐའ་ལས་འདས། །བླུན་པོས་ལྟས་པས་གང་ཡང་རྟོགས་པ་མེད། །སྒྱུ་མ་མིག་ཡོར་ཆུ་ཟླ་ཚུལ་རྟོགས་པ། །བདེན་གཉིས་འདོད་པས་ཐ་དད་དོན་དང་འགལ། །དོན་ལ་ལོག་པའི་ཀུན་རྫོབ་མཐའ་ཡི་ལྟ། །འབྲས་བུ་དོན་བྱེད་མི་ནུས་སྒྱུ་མ་འདྲ། །རིགས་དང་འཕྲིན་ལས་ལ་སོགས་དྲི་འདོད་པ། །རིགས་དང་གྲངས་སུ་ཆད་པའི་ཕྱོགས་ལྟ་ཅན། །སྤོང་ལེན་མཐོ་དམའ་ཏིང་འཛིན་འདུ་འཛིན་པ། །དམ་པར་མི་གཅིག་ཐ་དད་གཟུང་འཛིན་ཅན། །རྣལ་འབྱོར་དྲི་མཐའ་ཆེ་དམིགས་རིགས་རྩོལ་བ། །ལྷ་བསྐྱེད་སྤྱན་དྲངས་མཆོད་དང་དངོས་གྲུབ་རྩོལ། །ཕྱག་རྒྱ་སྔགས་དབང་ཏིང་འཛིན་རྟོག་པའི་རླུ་་། །ཇི་ལྟར་སྤྱད་པས་མཉམ་པའི་དོན་མི་མཐོང་། །རྒྱུ་འབྲས་རིགས་འབྱེད་གཟུང་འཛིན་མཚན་མ་ཅན། །ལུས་སེམས་དཀའ་ཐུབ་གདུངས་བས་མཉམ་པ་མེད། །སློབ་དཔོན་ཚད་མར་མ་ཕྱིན་སྤྲེའུ་འདྲའི་ལུང་། །བསྟན་ཀྱང་ལམ་ནོར་རྟོགས་པས་ཟིན་ཏ་རོ། །རང་སེམས་བླ་མ་དེ་མེད་མི་འབྱུང་ཕྱིར། །ལམ་གྱི་ལམ་མཆོག་འདི་ནི་ཀུན་གྱི་ལམ། །དཀོན་མཆོག་མི་བཀུར་སྤྱིན་གཏོང་སུ་ལ་བསྔོ། །ཕྱག་དང་བསྐོར་བ་མི་བྱ་ལྷ་མི་སྒོམ། །མཆོད་པ་མི་དབུལ་བདག་ཉིད་བདག་ལ་བརྟག །མཐའ་འདས་ནམ་མཐའི་རླུད་ནི་གཞན་གྱིས་རྙེད་པར་དཀའ། །མ་བྲལ་མ་ཡེངས་མ་སྦྱད་གར་མི་གནས། །འཛིན་བྲལ་མ་སྤྱད་དོན་འདི་བྱང་ཆུབ་ཀློང་། །མ་བཙལ་ཉི་མའི་འོད་ཟེར་སྟོང་འབར་བ། ཁྲར་མེད་ནུབ་མེད་དེ་བཞིན་ཉིད་ཀྱི་ངང་། །མི་མཉམ་ཀུ་འདུས་ཚིག་གི་ལ་ལས་འདས། །མི་གནས་མི་རྟོགས་བརྗོད་པའི་ལམ་དང་བྲལ། །གླེང་བརྗོད་བྲལ་ཕྱིར་བཤད་དང་ཉན་པའང་མེད། །སྒོམ་མེད་བསམ་མེད་ཡེང་མེད་ཡལ་བའང་མེད། །འདུག་དང་འགྲོ་འོང་དེ་བཞིན་ཉིད་ཀྱི་ངང་ མཚམས་མེད་ལྔ་དང་མི་དགེ་བཅུ་སྤྱད་ཀྱང་། །སྙིང་པོ་བྱང་ཆུབ་ངང་ལས་འགྱུར་བ་མེད། །དོན་འདི་རྟོགས་ཤིང་ཀློང་དུ་གྱུར་པ་དང་། །ཀློང་དུ་ཆུད་ནས་རབ་ལ་སྟོན་བྱེད་པ། །གསེར་ལ་ནག་ཚུར་བཏང་བའི་སློབ་དཔོན་དེ། །བརྒྱ་བྱིན་སྤྱི་གཙུག་རིན་ཆེན་ལྟ་བུ་བས། །ཡོ་བྱེད་ལུས་དང་བུ་ནོར་ཆུང་མ་དང་། །དབང་པོ་ལྔ་དང་སྙིང་དང་རྐང་ལག་གཉིས། །གཞན་ཡང་འབྱོར་པའི་ཡོ་བྱད་ཅི་འཚམ་པས། །རིན་ཐང་དཔག་ཏུ་མེད་པས་རིན་གྱིས་སླུ་བར་འོས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་རྒྱུད་ཆེན་པོ་ལས། སྒོ་དབྱེ་བའི་ལེའུ་སྟེ་དྲུག་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། འགྱུར་མེད་ཀློང་འདི་བརྗོད་པའི་ཚིག་ལས་འདས། །མཚོན་ཅིང་སྤྱད་མེད་གཞལ་མེད་མཁའ་ལྟར་མཉམ། །གང་ལའང་མི་རྟག་ཅི་ལའང་བསམ་མི་བྱ། །མི་ལྟ་མི་རྩོལ་དོན་དེ་ཉིད་ཡིན་པས། །གཞིག་ཅིང་དབྱེ་བ་མེད་པས་ཀུན་ཏུ་བཟང་། །ལོག་འགྲོ་བསམ་ཡས་མ་ལུས་གཅིག་སྡུད་པས། །གཅིག་པོ་མ་སྐྱེས་ཉི་མའི་སྙིང་པོ་འདྲ། །བདག་ཉིད་ཆེན་པོ་ཀུན་གྱི་འབྱུང་ཁུངས་གཏེར། །ཚིག་མིན་མ་འདྲེས་ཡོངས་རྫོགས་དོན་གསལ་ན། །མཁའ་ལ་བྱ་ལམ་བཞིན་དེ་དམིགས་སུ་མེད། །དམིགས་མེད་མཁའ་ལྟར་ཡངས་བའི་ཆོ་འཕྲུལ་ཅན། །མ་བསྡུས་མ་ཤིས་བ་ཡི་ལྟོ་བ་སྲ ཁམས་དྲི་གསོལ་ཡང་གང་གིས་མཐོང་བ་མེད། །མུན་སྣང་དབྱེར་མེད་བདེ་བསྡུས་དབྱིངས་སུ་གཅིག །སེམས་དང་ཡེ་ཤེས་བྱང་ཆུབ་ཉོན་མོངས་གཅིག །མ་འདྲེས་ཕྱག་རྒྱ་མཁའ་ལ་གཟའ་སྐར་བཀྲམ། །དཔག་མེད་ནམ་མཁའི་དཀྱིལ་ནས་ཉི་ཤར་བ། །གཟེར་བརྒྱད་འཕྲོས་པས་ཡན་ལག་བསམ་མི་ཁྱབ། །རོལ་པ་མཐའ་ཡས་སྣང་བས་དབྱིངས་ཀྱི་ངང་། །གསེར་གྱི་ཉི་མ་ཉིད་ཀྱང་དབྱིངས་སུ་ཐིམ། །ཆོས་དབྱིངས་མ་སྐྱེས་གཞལ་ཡས་ཟླུམ་པོ་ལ། །སྤྲོས་པའི་རྒྱན་ཆ་ཇི་སྙེད་རྡུལ་དང་མཉམ། །འཇུག་ཕྱིར་སྐས་བརྒྱད་སྒོ་བརྒྱད་འབྲས་བུ་བརྒྱད། །མ་བསྡུས་མ་བསམས་མཉམ་ཉིད་སྙིང་པོའི་སྒོ། །བཙལ་མེད་ནམ་མཁའི་ལུས་ཏེ་འབྲས་བུའི་མཆོག །འདབ་ཆགས་རིམ་སྣང་མཐའ་མ་མཁའའགྲོ་ལྟར། །སྨིན་པའི་ཇི་ལྟར་མོས་པའི་རིམ་འཇུག་པ། །རིམ་པར་འཕར་ཞིང་ས་ལ་རིམ་བགྲོད་པས། །མཐར་ཕྱིན་བླ་ན་མེད་པའི་གོ་འཕང་འགྲུབ། །ཀ་ལ་པིང་ཀ་མངའ་ནས་སྒོ་སྐྱེས་པ། །ནང་ནས་རྩལ་རྫོགས་མཁའ་ལ་འགྲོ་བ་ལྟར། །དམ་པས་མ་བཅོས་བྱང་ཆུབ་སྙིང་པོ་ལ། །རྟོག་པ་ཉིད་ན་མཁའ་ལ་བྱ་ལམ་འདྲ། །རེ་དོགས་ཆགས་སྡང་ཟིན་པའི་མཐའ་ལས་འདས། །ཐེག་མཆོག་བཙལ་མེད་ནམ་མཁའི་རྒྱལ་པོ་ནི། །མཐའ་ཡས་ཁྱབ་ལ་མཐོང་ཡང་འགག་པ་མེད། །ཀུན་འབྱུང་ཀུན་ཤོང་སྤོང་ལེན་ཡེ་ནས་མེད། །མི་འགྱུར་ཚིག་བྲལ་བརྗོད་པའི་མཐའ་ལས་འདས། །མི་ལེན་མི་སྤོང་ཆགས་མེད་ངང་གིས་སྟོང་། །མ་བྱས་མི་འཛིན་མི་རྟོག་ཅིར་མི་དམིགས། ཁོངས་སུ་འདུ་ཞིང་སྒྲོས་སྐུར་རྣམ་བྲལ་ཞིང་། །དེ་ཕྱིར་ཐེག་མཆོག་འདི་ནི་མཁའ་ལ་ཉི་ཤར་འདྲ། ཁྱབ་དང་གནས་དང་རྒྱུན་མི་འཆད་པ་དང་། །བླང་གྱུར་པ་དང་ཀུན་གྱང་ཤོང་བ་དང་། །ཀུན་འབྱུང་ཀུན་རྟེན་བྱེད་ཕྱིར་ཆེན་པོའོ། །གང་ལ་མི་བསྙད་མི་སྦྱར་མཉམ་པར་བཞག །མི་བྱ་གང་ཡང་མེད་པས་བྱ་བའང་མེད། །མ་བཅོས་མི་འགྱུར་ཡེ་ནས་རྣམ་པར་དག །གདོད་ནས་མ་བཅོས་ཀུན་འདུས་ཐིག་ལེའི་དོན། །གསང་བའི་གསང་བ་རྟོག་གིས་མི་ཤེས་པ། །རིག་པས་མི་གཞལ་གཏན་ལ་དབབ་ཏུའང་མེད། །ཚིག་གིས་མི་མཚོན་མཐའ་ལས་འདས་པ་མེད། །ལྟར་མེད་གཅིག་མེད་ཐ་དད་ཉིད་དུའང་མེད། །སྒོམ་པའང་མེད་དེ་དུས་ཏྲི་ཀུན་ལ་སྙོམས། །མི་བསམ་མི་སྤྱད་ཀུན་ལ་རོལ་སྦྱད་ནས། །འདི་ནི་མཁའ་ལ་སྤོང་ལེན་མེད་དང་མཚུངས། །གསལ་དང་རང་བྱུང་སྤོང་ལེན་མེད་པ་དང་། །གཉིས་མེད་མི་རྟོག་ཚུལ་གྱི་མེ་ལོང་འདྲ། །ཀུན་ལ་སྣང་དང་བདག་འདུས་ཟད་པ་མེད། །ཡོན་ཏན་ཀུན་ལྡན་ཡིད་བཞིན་ནོར་བུའི་ཚུལ། །མཚོན་མེད་ལམ་ལ་མཚོན་པས་དོན་མི་རྙེད། །ཨེ་ཨེ་མ་ཡ་མཚན་འབྱུང་བའི་གཞི། །ངེས་མེད་བརྗོད་མེད་གྲངས་མེད་ནམ་མཁའི་གསུང་། །ཀུན་རིག་ཀུན་གསལ་མ་འཕྲོས་ཐིག་ལེའི་ངང་། །མ་མཛད་ཀུན་ལ་སྣང་བའི་རོལ་པ་མཆོག །དོན་འདི་བློ་ལ་གནས་པའི་རྣལ་འབྱོར་པ། །ཕྱལ་བར་བཞག་ཅིང་མཉམ་པར་རྟག་པར་བྱ། །བློ་རབ་རྒྱལ་བ་རིགས་འཛིན་སྤྱོད་ཡུལ་ཏེ། །དམན་ལ་བསྟན་པས་ལྡུམ་བུ་བསྔས་ལྟར་སྐམ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། ཉེ་བར་མཚོན་པའི་ལེའུ་སྟེ་བདུན་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། གང་ལའང་མི་བཞག་གང་དུའང་གནས་མི་བྱ། །དགོན་པ་དབེན་པ་སྤོང་ལེན་གང་བྱེད་པ། །མཉམ་ཉིད་རྫོགས་ཆེན་དོན་ལས་འགལ་བའི་ཕྱིར། །གང་ལ་གནས་ཀྱང་མཚན་ཉིད་རྟོག་དང་བྲལ། །གནས་དང་ཡོ་བྱད་དུས་དང་ཏིང་འཛིན་དང་། །སྦྱོར་སྒྲོལ་མཆོད་པས་དངོས་གྲུབ་སྒྲུབ་ལ་སོགས། །ཆེད་དུ་བྱས་པས་མཉམ་ཉིད་རླུད་དང་བྲལ། །དེ་ཕྱིར་སྤོང་ལེན་མེད་ན་ནང་དང་བྲལ། །ཤིན་ཏུ་གསང་བའི་དོན་དམ་བདེ་ཆེན་ནི། །མཚན་མས་མ་ཡིན་མཚན་མ་མེད་པས་མིན། །ཡོད་མེད་རྟག་ཆད་མཐའ་དབུས་ལ་སོགས་པ། །སྤོང་ལེན་བྲལ་བས་ཉི་མའི་དཀྱིལ་ལྟར་གསལ། །ཐབས་དང་ཤེས་རབ་ཡེ་ཤེས་སེམས་ཉིད་དོན། །རིག་པ་དབྱིངས་སུ་ཕྲད་པས་བདེ་བའི་མཆོག །མ་ཆགས་མི་འཛིན་མི་གཡོ་མི་ཞབྲུག་ཅིང་། །གསལ་འགྲིབ་སྙོམས་ལ་སྤོང་ལེན་བྲལ་བ་དང་། །ཆགས་དང་བྲལ་ན་གདེང་ལས་མི་འདི་རྟགས། །གོམས་བརྟན་གསལ་ན་ཀླུང་ཏྲི་བསྟན་པ་ཡི། །འཇིགས་དང་བྲལ་བས་གང་ལ་དགའ་དྲོད་མེད། །དྲོད་རྟགས་ཆེད་འཛིན་སེམས་ལ་གནོད་པའི་ནན། །སྲིན་པོ་མཉམ་པ་ལྷ་མོ་མཚན་ལྡན་མ། །མཐོང་ཡང་ཞེ་སྡང་འཛིན་དང་ཆགས་བྲལ་ན། །བདག་ཕྱིར་རྟོགས་པས་དེ་ཉིད་སེམས། །ཀླུབས་སུ་ཞུགས་པས་མ་ཡེངས་འདྲེས་པའི་རྟགས། །བསམ་པ་མི་བྱ་མི་བསྲུན་ཅི་བདེར་ཞོག །ལུས་ཀྱང་མི་བཅོས་ངག་ཀྱང་མི་བསྡམ་སྟེ། །དབང་པོ་མི་བརྟུལ་ཀུན་ཏུ་ལྷུག་པར་གནས། །འགྲོ་དང་འདུག་ཉལ་འགྲེ་དུ་མཉམ་དུ་གནས། །མི་སྣང་མི་འགྱུར་ནམ་མཁའ་ལྟ་བུའི་དོན། །སྐུ་གསུང་ཐུགས་ཀྱིས་མ་ཁྱབ་མེད་པའི་ཕྱིར། །ཡོན་ཏན་འཕྲིན་ལས་མཛད་པ་ཅིར་ཡང་སྟོན། །དྲང་སྲོང་དམིགས་པའི་ཡུལ་ལས་འདས་པ་མེད། །སྐུ་གཅིག་ཀུན་ལ་ཁྱབ་པ་ཐིག་ལེའི་སྐུ། །མ་བདལ་ཡོངས་ལ་གནས་པས་ཁྱབ་པའི་གནས། །ཐ་སྙད་མི་གནས་གནས་ལ་གནས་པ་མེད། །མཐའ་དབུས་མ་སྤངས་བྲལ་བས་སྙིང་པོ་མཆོག ཁྱུང་ཆེན་མཁའ་ལ་འཕུར་པའི་ལམ་ལ་གནས། །མ་བཙལ་གནས་སུ་ཕྱིན་པས་བྱ་བྲལ་ལུང་། །མ་རྙེད་ཉོན་མོངས་བྲལ་བས་ཡེ་ཤེས་དབེན། །སྐལ་དོན་འདི་ལྡན་ཀློང་དུ་སུ་ཞུགས་པ། །གང་ལྟར་བསྟན་ཀྱང་ཤི་ལེན་ལེ་འདྲ། །དཀར་ལམ་དངས་གསལ་ཀུན་གྱི་སྐུ་མངའ་བ། །ཡེ་ཤེས་ལྔ་ལྡན་བཅོམ་ལྡན་རྡོ་རྗེ་འཆང་། །གདོད་ནས་མ་བཙལ་རྣམ་རོལ་དེ་བཞིན་གཤེགས། །བདུད་རྩི་ཉོན་མོངས་མཚོ་མཛད་སྨན་པའི་མཆོག །བདག་མཆོག་གང་གིས་དེ་ཡི་དོན་ཤེས་པ། །སྙིང་པོ་བབ་འདུས་ཡང་རྩེ་བླ་ན་མེད། །ཟླ་ལྟར་བསིལ་གསལ་ཉི་ལྟར་སྙོམས་མཛད་པ། །དོན་རྣམས་མ་བཅོས་དབྱིངས་ལས་མི་བསྐྱོད་དེ། །བྱ་མེད་བྱས་ཟིན་བྱ་བའི་ཡུལ་ལས་འདས། །རང་བྱུང་ཡེ་ཤེས་བཙལ་མེད་གྲུབ་པའི་མཆོག །ཡོན་ཏན་བརྗོད་མེད་སྐྱོན་ཡོན་ཤིན་ཏུ་གཅིག །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱིས། །ཡེ་ཁྱབ་དེ་ལྟར་མཛད་མེད་ཡེ་ནས་ཟིན། །དུག་གསུམ་སྐུ་གསུང་ཐུགས་སུ་དངོས་གྲུབ་མཆོག །དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་ཀློང་། །ཆོས་སྐུ་མ་བཅོས་ངང་ལ་སུ་གནས་པ། །དེ་བཞིན་དེ་བཞིན་གནས་པས་བདེ་བ་ཆེ། །ལོག་རྟོག་མཉམ་པའི་ཚིག་ལས་མིག་གནས་ཤིང་། །འཇིག་རྟེན་བླུན་པོའི་ལམ་ལ་མ་ཆགས་ན། །སེང་གེ་ལྟ་བུར་ཕྲ་མོ་ཟིལ་གྱིས་གནོན། །མི་འཇིགས་གཙང་མར་གནས་པའི་དོན་ཡིན་ཏེ། །གང་ལའང་གསོལ་བ་མི་འདེབས་རང་ལ་བྱུང་། །ཅི་ལའང་མི་བསམ་མི་བསམ་པ་ཡང་མེད། །གང་ལ་མི་འགོག་ཡུལ་ལའང་རྟེན་མི་འཆའ། །བྱུང་ཚོར་འཛིན་རྟོགས་འགགས་འབྲང་ཆགས་སྡང་དང་། །གསལ་དང་མི་གསལ་འབྱུང་འཇུག་རེ་དོགས་བྲལ། །འཛིན་དང་ཡལ་བ་ཆེད་བྱས་བྱིང་རྨུགས་དང་། །གནས་དང་འགུག་དང་མ་ཡེངས་དོན་ལ་གཏོད། །མ་ཡེངས་མ་བླངས་ཇི་བཞིན་ཉིད་ཀྱི་ངང་། །དེ་ལྟར་མཉམ་པའི་བློ་འང་མི་འཛིན་པར། །མཁའ་ལྟར་གནས་པས་དོན་ལ་ཕེབས་པའི་མཆོག །སྒོ་དྲུག་མཚན་མ་འགག་མེད་བླང་བའང་མེད། །རྒྱ་མཚོ་འཇིངས་ལྟར་མི་འཁྲུངས་ངང་གིས་གནས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། མི་རྟོག་པར་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། ང་ནི་རྒྱལ་བ་ཀུན་གྱི་སྐུ། །བཅོས་མེད་དོན་ནི་ཆོས་ཉིད་མཁའ། །ཆོས་ཉིད་བདལ་བ་ཀུན་འདུས་ཀློང་། །གཅིག་ཏུ་འདུས་པས་ལྟ་དང་བྲལ། །གནས་ནི་ནམ་མཁའ་མཐའ་ལ་གནས། །སྣང་སྲིད་རྒྱ་ཆེན་སྐུ་མངའ་ཞིང་། །བསྟན་པ་མཐའ་ཡས་ཀུན་ལ་བསྟན། །འདུས་ནི་ཆོས་ཀྱི་དབྱིངས་སུ་འདུས། །བསྟན་དུ་མཚན་མའི་མིང་དང་བྲལ། །དམིགས་སུ་ཁ་དོག་དབྱིབས་ལས་འདས། །གཟུང་དུ་རྫས་དང་གཟུགས་སུ་མེད། ཐེག་ཆེན་མི་རྟོག་མཐའ་བྲལ་དང་། །ཆོས་སྐུ་སྙིང་པོ་བཅུད་ཀྱིས་ཐིམ། །ཆོས་ཀྱི་དབྱིངས་ལ་མཚན་མེད་ན། །སུ་ཞིག་མཚན་མ་རྫས་སུ་འདོད། །ནམ་མཁའ་ལྟ་བུའི་ཆོས་ཉིད་འདི། །བདག་ལ་ཕྱོགས་དང་རིས་སུ་མེད། །སྣང་བ་འདི་ནི་ཡེ་ཤེས་གསལ། །རང་བྱུང་ཡེ་ཤེས་རྩལ་བྲལ་བ མཐའ་ཡས་ལུས་སུ་བདག་སྣང་བས། །བདག་ནི་རྫོགས་ཆེན་སྐུ་མངའ་བ། །མཉམ་ཉིད་རོལ་པ་ཆེན་པོའི་ཀློང་། །ཡི་གེ་མེད་པའི་རྒྱུད་ཀྱི་དོན། །མ་གསུངས་པ་ཡི་དོན་དུ་བརྗོད། །གསུང་དུ་ཡུལ་ཆེན་ཡུལ་མེད་པས། །བྲིར་མེད་ཁ་དོག་དབྱིབས་ལས་འདས། །རྒྱུད་ཆེན་བདེ་མཆོག་རྨད་བྱུང་བ། །སྐུ་གསུང་ཐུགས་སོགས་ཡེ་ཤེས་ཀྱང་། །བསྟན་མེད་རིག་པ་ཉིད་ཀྱི་མཆོག །ལོག་འཁྲུལ་མཉམ་པ་ཆེན་པོའི་དོན། །ང་ནི་བརྟག་པ་ཆེན་པོ་སྟེ། །འགྱུར་བ་མེད་པའི་ཐིག་ལེའི་དོན། །ཐིག་ལེ་བྱང་ཆུབ་སེམས་ཀྱི་མཆོག །བསྐལ་པ་གྲངས་མེད་སྔོན་རོལ་ནས། །ང་ལས་མ་བྱུང་གཅིག་ཀྱང་མེད། །དཀྱིལ་འཁོར་མ་བཀོད་ལྷུན་གྱིས་རྫོགས། །མཆོད་པ་གཞན་ལ་མི་དབུལ་ཏེ། །ང་ཉིད་ཡིན་ཕྱིར་བྱ་བ་མེད། །བསྟན་པ་ལུས་ལ་མ་བཤད་དེ། །གནས་ཀྱང་གང་ལའང་བསྟན་པ་མེད། །དུས་ནི་ཟག་མེད་དབྱིངས་ཀྱིས་དུས། །འཁོར་ནི་རྒྱལ་བའི་སྙིང་པོ་མཆོག །སྟོང་བ་ང་ཉིད་གཅིག་པུ་སྟེ། །བསྡུས་པས་བདག་ཉིད་གཅིག་པུ་འཁྱིལ། །ང་ནི་ནམ་མཁའི་རྒྱལ་པོ་ཉིད། །ཆོས་སྐུ་ནམ་མཁའི་ངོ་བོ་ས། །གཟུགས་སྐུ་ཉི་མ་འབུམ་བརྡལ་པ། །མི་འགག་ཐབས་ཆེན་རོལ་བའི་དབྱིངས། །ང་ནི་ཤེས་རབ་བླ་མ་མཆོག །སྣ་ཚོགས་ཕྱེ་ཡང་ཐ་དད་མེད། །དོན་ལ་གཅིག་དང་དུ་མ་མེད། །གང་ཞིག་འཛིན་པ་རྟོག་པའི་རྒྱུན། །ང་ནི་བ་་རྩི་དམ་པ་མཆོག །ཉོན་མོངས་ཟུག་རྔུ་རབ་ཏུ་འབྱིན། །བདེ་ཆེན་དབྱིངས་སུ་ཐིམ་པར་མཛད། །དོན་ལ་གདགས་པའི་ཐ་སྙད་བྲལ། །ང་ནི་ནམ་མཁའི་མཐའ་དང་མཉམ། །དུས་དང་གནས་དང་མཛད་པ་དང་། །ཕྱོགས་དང་རྒྱ་ཡོངས་མ་ཆད་པ། །ནམ་མཁའི་མཐའ་དང་མཉམ་པའི་དོན། །ང་ནི་ཀུན་ཏུ་བཟང་པོ་སྟེ། །ཅིར་ཡང་མེད་པ་ཅིར་ཡང་རོལ། །ཡོན་ཏན་ཀུན་རྫོགས་ཀུན་ཏུ་བཟང་། །མ་ལུས་རོལ་པའི་འབྱུང་གནས་གཏེར། །ང་ནི་གསལ་བའི་གཟི་བརྗིད་དེ། །མ་བྱས་རང་སར་སྤོང་ལེན་མེད། །བརྟག་དཀའ་སྤྱོད་ཡུལ་ཐུན་མོང་མིན། །དཔེར་ན་ཉི་མའི་ཟེར་བཞིན་ནོ། །གང་ལའང་མི་སྤྱད་མི་བརྟག་ཅིང་། །དོན་ལའང་གནས་པར་མི་བྱ་སྟེ། །བསམ་མེད་ངང་ལ་ཇི་བཞིན་གནས། །དེ་ལའང་བསམ་པར་མི་བྱའོ། །གང་ཡང་མི་སྤང་དོར་དུའང་མེད། །གངཞིགདངདུབླངདུའང་མེད། །སེམས་དང་བྱང་ཆུབ་གཅིག་པ་ལ། །ཕྱོགས་དང་རིས་སུ་ཞིག་འཛིན། །ཉམས་དང་རྟག་ཏུ་ཅི་ལ་རྟེན། །ཡོད་མེད་གང་ཡང་མི་གཉེར་ཏེ། །དེ་ཉིད་ཙམ་དུ་བསམ་པ་ཡིན། །ང་ལ་ང་ཡིས་བསམ་མེད་ན། །རིག་པའི་ཀློང་དུ་ཞུགས་པའི་མཆོག །བདག་ཉིད་ཆེན་པོ་ཡེ་ཤེས་ལ། །འབྲས་བུ་མ་བཙལ་ལྷུན་གྱིས་གྲུབ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །དག་དང་མ་དག་འཁྲུལ་པ་མེད། །བྱར་མེད་བྱ་བྲལ་བདེ་ཆེན་ཀློང་། །ཆོས་དབྱིངས་ནམ་མཁའ་དཀྱིལ་པོ་ཆེ། །ཐམས་ཅད་བདག་ཉིད་ཆེན་པོ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། ཞལ་གྱིས་བཞེས་པའི་ལེའུ་སྟེ་དགུ་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་ནི་མཐའ་ཀུན་སྤངས། ཁ་དོག་མཐིང་ཁ་བི་ཌརླ། །འགྱུར་བ་མེད་ཕྱིར་དེ་བཞིན་ནོ། །འདི་ལ་འགག་པར་རུང་བ་མིན། །འདི་ལ་རྒྱ་དང་ཚད་མེད་དེ། །ནམ་མཁའི་མཐའ་དང་མཉམ་པའི་ཚད། །དུས་ནི་ཡེ་ནས་མཉམ་ཉིད་དེ། །དམྱལ་བ་ཡི་དགས་བྱོལ་སོང་ཡང་། །སེམས་ཕྱིར་ཡེ་ནས་རྒྱལ་བའི་ཆོས། །འདི་ཡང་བྱང་ཆུབ་སེམས་ཀྱི་ལུང་། །སྟོང་བ་ཆེན་པོ་དཔག་མེད་སྐུ། །མཁའ་གསལ་མ་བཅོས་གཡུང་དྲུང་དོན། །འཁོར་ལོ་དཔེ་བྱད་མཚན་ལྡན་ཡང་། །བྱང་ཆུབ་སེམས་ལས་གཞན་མ་ཡིན། །ཨེ་མ་ཐིག་ལེ་བདེ་བའི་དོན། །ཨེ་མ་ཡེ་ཤེས་དཔག་མེད་པ། །ཨེ་མ་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས། །ཨེ་མ་ཀུན་གྱི་མཐའ་ལས་འདས། །ཨེ་མ་ཚིག་གི་ཡུལ་ལས་གྲོལ། །ཨེ་མ་ཅིར་ཡང་འགྱུར་བའི་སྐུ། །ཨེ་མ་བརྗོད་མེད་མཉམ་པའི་གསུང་། །ཨེ་མ་རྟོག་མེད་ས་ལེའི་ཐུགས། །ཡེ་ཤེས་ཐིག་ལེ་བདེ་བའི་ཀློང་། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། འདའ་བར་དཀའ་བའི་ངོ་བོ་ཉིད། །བདེ་གཤེགས་རྒྱལ་བ་གང་ཟག་དང་། །རིགས་འཛིན་རིམ་པར་བརྒྱུད་དེ་གྲག །དེ་ཡང་བྱང་ཆུབ་སེམས་ཉིད་ཡིན། །རྒྱ་མཚོ་ཆེན་པོ་རང་བཞིན་ལྟར། །མི་གཡོ་མི་སྐྱེ་དབྱིངས་ནས་རོལ། །ཇི་ལྟར་སྣང་ཡང་བདག་ལ་འདུས། །བདག་ཉིད་རྒྱ་མཚོའི་གཏིང་ལྟར་གནས། །འགྲོ་དང་འགྲེང་དང་འདུག་ཉལ་དང་། །ཐེག་ཆེན་དོན་ལས་འདའ་བ་མེད། །མ་ཡེངས་ཀླུང་དུ་ཞུགས་པ་དང་། །འདི་ནི་བློ་ལས་གསལ་བའི་ཚད། །མི་འགྱུར་ནམ་མཁའི་རང་བཞིན་ལས། །རྣམ་རྟོག་མཚན་མ་གཏིབས་སྐྲུངས་པས། །མཁའ་དང་སྤྲིན་ལྟར་ཡེ་གནས་པས། །རང་བྱུང་རང་བཞིན་ངང་དུ་འདུས། །དེ་ཡང་ང་ཡི་ཆོ་འཕྲུལ་ཡིན། །མི་འགྱུར་མི་ཤིགས་འགྱུར་བ་མེད། །མི་སྤྲོ་མི་འདུག་གཞན་མ་ཡིན། །ཐིག་ལེ་ཡེ་ནས་རྡོ་རྗེ་དབྱིངས། །འཕོ་འགྱུར་མེད་པའི་ཀློང་བརྡལ་བས། །ཡེ་ནས་བྱང་ཆུབ་གཉིས་མེད་ལུང་། །སྟོང་དྲི་བརྡལ་ཆེན་ཞིང་གནས་པ། །ཡེ་ནས་སྐུ་གསུམ་ལྷུན་གྱིས་གྲུབ། །ཉི་མ་བྱེ་བའི་འོད་བརྡལ་ཡང་། །བྱང་ཆུབ་སེམས་ལས་གཞན་པ་མེད། །གང་གའི་རྒྱལ་རིགས་འཛིན་པ་ཡང་། །དབྱིངས་སུ་གཅིག་པས་འདུ་བ་མེད། །ཇི་སྙེད་ཐེག་པ་མཐའ་ཡས་ཀྱང། །དེབཞིནཉིདལ་གསུང་བ་མེད། །སྙིང་པོ་སྙིང་པོ་བཅུད་ཀྱི་མཆོག །ཐེག་པའི་ཐེག་པ་ཡང་དག་དོན། །མ་བཅོས་མ་བསླད་ཆོས་ཀྱི་དབྱིངས། །བྱང་ཆུབ་སེམས་དེ་མཐའ་དབུས་བྲལ། །ལོངས་སྤྱོད་སྤྲུལ་བ་ཕྱག་རྒྱའི་མཆོག །འདུ་འཕྲོ་བདེ་ནས་རྟོག་པ་ཀུན། །མཉམ་ཉིད་རིག་པའི་སྙིང་པོ་ལ། །མི་འདའ་འོན་ཀྱང་དོན་དང་འགལ། །འབྱུང་མེད་འཇུག་བྲལ་བདེ་བའི་ཀློང་། །ཆེད་བྱས་མེད་པས་རང་བཞིན་ངང་། །མ་ཆགས་ཐབས་ཀྱིས་སྤྱོད་པས་ན། །མ་བཙལ་ལྷུན་གྲུབ་ངོ་མཚར་ཆེ། ཁ་དོག་དབྱིབས་གྲངས་ལ་སོགས་པ། །རྩི་ལས་འདས་ཕྱིར་དམིགས་དང་བྲལ། །དམིགས་བྲལ་སྙིང་པོའི་དོན་འདོན་པས། །ཡི་གེ་མེད་པའི་དོན་ལ་ལྟ། །བརྗོད་པ་མེད་པའི་གསུང་ཉིད་དོ། །རྟོག་བྲལ་སྙིང་པོ་དོན་ལ་བརྟག །ཨེ་མ་ངོ་མཚར་རྨད་དུ་བྱུང་། །མི་དམིགས་པ་ལས་དམིགས་པ་བྲལ། །དམིགས་དང་མི་དམིགས་གཉིས་ཀ་མཐའ། །མཐའ་བྲལ་དབུས་མ་དེ་བཞིན་ཏེ། །དེ་བཞིན་ཉིད་དུ་དམིགས་པ་མེད། །འདུ་ཤེས་ཉེར་འཇོམ་བྲལ་བ་ནི། །ཆོས་ཀྱི་རྩ་བ་ཉིད་ཡིན་ཏེ། །རྩ་བའི་རྩ་བ་རྒྱུ་ཡི་རྒྱུ། །ཀུན་གྱི་དགོངས་པ་ངོ་མཚར་ཆེ། །མཁའ་ལྡན་ཡང་དོག་གཉིས་མེད་ལྡན། །རྒྱལ་བའི་དགོགས་པ་སྤྲོས་པ་མེད། །མ་བྱས་གཟུགས་བརྙན་ཀུན་འབྱུང་བ། །འགག་མེད་ཡེ་ཤེས་རང་སྣང་བའོ། །རྡོ་རྗེ་རིན་ཆེན་ཀུན་འདུས་ལེགས། །དཔག་མེད་ཐིག་ལེ་རྒྱས་པ་ལེགས། །ཆགས་མེད་མཁའ་འདྲ་དག་པ་ལེགས། །དོན་གྲུབ་རྡོ་རྗེ་གསང་བ་ལེགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཆོ་ཆེན་པོའི་རྒྱུད་ལས། ཡེ་ཤེས་ཀྱི་ཚད་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། ཐིག་ལེར་ཀུན་འདུས་ཐིག་ལེ་ལུང་། །རྩེ་གཅིག་བསྡུས་པའི་བླ་ན་མེད། །ཆོས་ཀྱི་སྙིང་པོ་ཀུན་གྱི་དོན། །ངོ་བོ་བརྗོད་དཔག་མེད་པའི་དོན། །བྱ་བྲལ་བདེ་ཀློང་ཇི་བཞིན་མཆོག །སྙིང་རྗེ་ནམ་མཁའི་ཡུལ ལསའདས། །སྟོན་པའི་སྟོན་པ་ཐེག་པའི་རྩེ། །ཐིག་ལེ་མི་འགྱུར་བདེ་ཆེན་ཀློང་། །བསྟོད་ཅིང་བསྔགས་པ་ཀུན་ལས་འདས། །རང་བྱུང་རྒྱ་མཚོ་སྤྱོད་པའི་གཞི། །ཀུན་འདུས་མཚུངས་པས་དམ་པའི་ལམ། །བྱ་བྲལ་བདེ་ཆེན་ནམ་མཁའི་ཀློང་། །མི་རྟོག་རྟོག་པའི་ཡུལ་ལས་འདས། །རྣམ་གྲོལ་བྱ་བསམ་ཡུལ་མེད་པ། །སྤྲོས་མེད་བསམ་པའི་ཡུལ་ལས་འདས། །དབང་པོའི་སྤྱོད་ཡུལ་མ་ཡིན་ཞིང་། །ཚིག་དང་ཡི་གེ་དེ་བཞིན་མིན། །བརྟག་དཀའ་བརྗོད་དུ་རྡུལ་ཙམ་མེད། །བསམ་མེད་བསམ་པའི་ངང་འཇོག་པ། །བདེ་ཆེན་རླུད་ནས་གོལ་བར་འགྱུར། །མིང་ཚིག་སྒྲ་ཡི་རྗེ་འབྲང་བས། །མི་མཐོང་སྨིག་སྒྱུ་སྙེག་པ་འདྲ། །ཡང་དག་དོན་འཛིན་ལུབྲུལ་པའི་རྒྱུད། །ཅི་ཕྱིར་ཡེ་ནས་མཚོན་དུ་མེད། །བདེ་སྡུག་མཉམ་འདྲེས་དག་པའི་ཚུལ། །རྣམ་པ་མི་མཇེད་ཐབས་ཀྱིས་རོལ། །གསལ་ལ་མ་འདྲེས་བསམ་ཀུན་བྲལ། །མི་གཡོ་ཏིང་འཛིན་རྒྱལ་པོར་གནས། །མཐོང་བ་མིག་མེད་མངོན་སུམ་ཡིན། །མཐའ་དབུས་བྲལ་བ་ཡངས་པའི་སྤྱན། །སྣང་བརྟགས་རང་སྣང་ཆོས་ཀུན་ནི། །མི་གཡོ་མི་འདོར་མཉམ་པར་གནས། །མི་དགོངས་རོལ་པ་ཐབས་ཀྱི་སྐུ། །ཐུན་མོང་མ་ཡིན་ཐབས་ཆེ་ཡང་། །ཀུན་གྱིས་ཡངས་པའི་ཉོན་མོངས་རྣམས། །མཚམས་མེད་ལ་སོགས་སྤྱོད་པས་ཀྱང་། །དོན་དམ་གཉིས་མེད་བདེ་བ་གྲུབ། །འདོད་ཆགས་ལ་སོགས་དེ་བཞིན་ནོ། །ལུང་རིགས་ཐུན་མོང་དོན་མཚོན་ནས། །རྣམ་ཏྲི་ཏིང་འཛིན་རིམ་བསྒོམས་པས། །རྩོལ་བྲལ་མཉམ་པའི་དོན་ལས་གོལ། །བྱ་བྲལ་ནམ་མཁའི་མཐའ་ལ་གནས། །རང་བྱུང་ཡེ་ཤེས་སྙད་དང་བྲལ། །ཟིན་པའི་བདུད་རྩིས་རྩོལ་བའཇོམས། །བྱ་བྲལ་ཡུལ་ལ་ཡེ་ནས་གནས། །ཐམས་ཅད་ཐིག་ལེ་སྐྱེ་མེད་པས། །བསྡུ་འཕྲོ་དམིགས་པའི་ལམ་ལས་འདས། །དངོས་མེད་སྐྱེ་འགག་བྲལ་བའང་མེད། །མཚན་མ་མེད་པས་ཅིར་མི་གནས། །བྱ་བྲལ་བདེ་བའི་སྙིང་པོ་འདི། །ནམ་མཁའི་མཐའ་བཞིན་ཡེ་གནས་པས། །རྟོགས་པའི་སྨྲ་བསམ་ཡུལ་ལས་འདས། །གང་ཡང་གནས་པའི་དོན་ཉིད་ལ། །མ་བཅོས་དོན་ལ་བློ་གནས་ན། །མ་བཅོས་མ་ཡེངས་ཁོང་ངལ་བས། །ཇི་བཞིན་དོན་ལ་གནས་པ་མཆོག །གང་ཡང་མ་ཡིན་སྙིང་པོའང་མིན། །ཡོད་མེད་སྒྲོ་བྲལ་བདེ་བའི་ལམ། །མ་བསམས་མ་ཡེངསཇིབཞིནགནས། །བཙལ་དུ་མེད་པའི་ཆོས་ཉིད་ལ། །ཇི་བཞིན་ཉིད་དུ་མ་ཤེས་ན། །ཆེད་བྱས་རྩོལ་བས་དོན་མི་རྙེད། །དེ་ཕྱིར་བགྲོད་རྩོལ་ལམ་ལས་འདས། །ཕྱོགས་དང་ཁ་དོག་དབྱིབས་བྲལ་ལ། །དཀྱིལ་འཁོར་ལ་སོགས་གང་བྱས་པ། །བྱས་པ་རྟོག་འཛིན་ཆེན་པོ་སྟེ། །དེ་ཉིད་དམ་པར་གྱུར་མ་ཡིན། །མ་བརྟགས་མ་བསམས་མཉམ་པ་ཉིད། །དག་པའི་དོན་ལ་དེར་གནས་པ། །མ་བཅོས་རྣམ་དག་རྒྱ་མཚོའི་གླིང་། །ཡོན་ཏན་དཔག་མེད་དབྱེར་མེད་ཀློང་། །ཇི་བཞིན་དོན་ཆེན་མཉམ་པ་ལ། །གང་ཡང་མེད་དེ་སྣ་ཚོགས་འབྱུང་། །ཀློང་ཡངས་ཆུ་བོ་རྒྱ་མཚོ་སྦྱིན། །ཅིར་ཡང་སྣང་ལ་གཅིག་ཏུ་འདུས། །ཨེ་མ་དཔག་མེད་རྒྱས་པའི་མཐའ། །ནམ་མཁའི་མཐའ་དང་མཉམ་སྦྱོར་ཞིང་། །འདའ་བར་དཀའ་བའི་དམ་ཚིག་མཆོག །མཉམ་ལ་མཉམ་པར་རབ་སྦྱོར་ཞིང་། །མཉམ་པ་ཉིད་ལས་འདའ་མི་རུང་། །གལ་ཏེ་འདས་ན་འཚིག་འགྱུར་ཞིང་། །རྡོ་རྗེ་སེམས་དཔའ་ཉིད་ཀྱང་ལྡང་། །འཇིགས་པ་ཆེན་པོ་ད་ལ་འོང་། །བདུད་དང་གནོད་སྤྱིན་སྲིན་པོ་དང་། །མཁའ་འགྲོ་ཡི་དགས་ཤ་ཟ་སོགས། །མ་རྟོགས་དོན་ཕྱིར་དེ་ལ་ལྡང་། །འོན་ཀྱང་དུག་དང་བདུད་རྩི་ལྟར། །གཅིག་ལས་དུ་མར་སྣང་བའི་ཕྱིར། །ངོ་བོ་བརྟགས་མཐའ་དང་བྲལ། །གང་ཡང་ཡོད་པ་མ་ཡིན་ཡོད། །ཡོད་མེད་མཐའ་ལས་མ་འདས་ན། །དམ་པའི་དོན་དེ་རྙེད་མི་འགྱུར། །གང་ཡང་འདི་ལ་མ་གནས་ན། །མ་བཅོས་དོན་ལ་གནས་པའི་མཆོག །འདུ་འབྲལ་མེད་པ་དོན་གྱི་གཟུངས། །མཁའ་འགྲོ་ལ་གསང་ཐིག་ལེ་མཆོག །མཁའ་ལྟར་གནས་པའི་དོན་གོ་བས། །གཙོ་བའི་ཆུ་བོ་མཐའ་ལས་འདས། །གང་ཡང་དང་བླང་དོར་བ་མེད། །གནས་དམིགས་འགྲོ་འོང་ལས་གྲོལ་བ། །དམ་པའི་དོན་ཆེན་ནམ་མཁའ་འདྲ། །དོན་ལ་དེ་ལྟར་གནས་པ་གཅེས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། ཐིག་ལེ་དོན་ལ་མི་འདའ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། དབྱིངས་དང་འདུ་འབྲལ་མེད་པའི་སྐུ། །བདེ་ཆེན་ཐམས་ཅད་མཁྱེན་པའི་ཐུགས། །མ་བསྒྲགས་གོ་བའི་གསུང་མཆོག་སྟེ། །རྣམ་དག་བདེ་ཆེན་ངང་ལ་གནས། །མཉམ་ཉིད་ཀུན་བཟང་ཉིད་ཀྱི་དབྱིངས། །བདེ་གཤེགས་གསུང་སྒྲ་ཀུན་ལ་སོགས། །མཁའ་ལྟར་གནས་པས་ཨ་རབ་བདེ། །རྫོགས་ཆེན་མ་བགྲོད་ཕྱིན་པའི་ལམ། །བྱར་མེད་བདེ་ཆེན་ལྷུན་རྫོགས་དབྱིངས། །ཐེག་པ་ཐ་དད་རིམ་སྣང་བ། །མ་འདྲེས་ཡོངས་རྫོགས་བདེ་བའི་ལམ། །རྒྱལ་ཐབས་སྦྱི་བླུགས་ཀུན་གྱི་རྟོག ཁོརྐོས་བྱའི་ཤེས་བྱ་ཀུན་གྱི་གཞི། །ཀུན་གཞི་རྫོགས་ཆེན་མཉམ་པའི་མཁའི། །རྣམ་ཤེས་ནམ་མཁའི་མཐའ་དང་མཉམ། །བདེ་ཆེན་རྣམ་དག་བྱང་ཆུབ་དབྱིངས། །བླ་མེད་འབྱེད་པ་མེད་པའི་ས། །ཀུན་བཟང་རང་བྱུང་བཅོམ་ལྡན་འདས། །གཅིག་བུ་རྒྱལ་པའི་རྗེ་བཙུན་མཆོག །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་མཆོག །བླ་ན་མེད་པའི་མཆོག་ལ་གནས། །ཆོས་དབྱིངས་མ་སྐྱེས་ཀུན་འབྱུང་བས། །རིག་པ་རྒྱ་མཚོ་ལྷུན་གྱིས་གྲུབ། །ལྷུན་རྫོགས་བྱང་ཆུབ་སེམས་ཀྱི་དབྱིངས། །མི་གནས་འབྲས་བུའི་ངོ་བོར་གནས། །ཟླ་རྒྱས་ལྟ་བུར་འཕེལ་འགྲིབ་མེད། །ཡེ་ནས་རྒྱ་མཚོ་དབྱིངས་དང་མཚུངས། །སྤྲོ་བསྡུ་ཡེ་ནས་ཇི་བཞིན་ངང་། །བསོད་ནམས་ཡེ་ཤེས་དུས་གཅིག་རྫོགས། །ལྟ་བ་ནམ་མཁའ་ལྟ་བུར་བརྟག །བཏང་སྙོམས་ལྷུན་རྫོགས་ཆོས་ཀྱི་དབྱིངས། །མི་གནས་ནམ་མཁའི་རང་བཞིན་ལ། །ཐུགས་རྗེའི་ཆོ་འཕྲུལ་ཡ་མཚན་ཆེ། ཁྱུང་ཆེན་མཁའ་ལ་འཔྱོ་བ་བཞིན། །ཆུ་ཀླུང་ངམ་འགྲོགས་ཉམ་མི་ང་། །བར་སྣང་སྟོང་པ་ལམ་དུ་བདེ། །གང་དུ་དམིགས་པ་དུས་གཅིག་གཅོག །དེ་ཉིད་ཡེ་སྦྱང་རྣལ་འབྱོར་ཐུགས། །བྱང་ཆུབ་སྙིང་པོ་ཉིད་རྟོགས་པ། །སངས་རྒྱས་ཡེ་ནས་གྲུབ་པའི་ངང་། །ད་གདོད་བཙལ་དུ་ག་ལ་ཡོད། །རེ་དོགས་མཐའ་ལས་རྣམ་པར་འདས། །དེ་རྟོགས་ཡོན་ཏན་བསམ་ལས་འདས། །བདག་གཞན་དོན་ཀུན་ལྷུན་རྫོགས་པ། །སྤྱོད་པ་རྒྱ་མཚོ་བདེར་སྤྱད་ཀྱང་། །མི་གོས་དོགས་མེད་པདྨ་བཞིན། །ཆོས་ཉིད་ཆགས་མེད་རྟོག་གྱུར་ན། །སྤྱད་པས་གང་སྤྱད་ཉམས་པ་མེད། །ཐུགས་རྗེས་སྤྱོད་པ་མཐའ་ཡངས་པ། །ཐབས་ཀྱི་སྤྱོདཔདེབཞིནསྤྱོད། །རྣམ་རྟོག་སྤྲོས་བྲལ་འཛིན་མི་མངའ། །མཁའ་མཉམ་རྒྱལ་པོ་རེ་བ་བསྐང་། །ཅི་སྤྱད་ཅི་སྨྲ་གང་འབྱུང་བ། །སྐྱེ་མེད་དབྱིངས་ཀྱི་ཆོ་འཕྲུལ་རྣམས། །བྱང་ཆུབ་སེམས་ཀྱི་དབྱིངས་ནས་འཕྲོ། །མཁའ་དབྱིངས་རྣམ་དག་ཡངས་པ་ན། །ལྷུན་གྲུབ་རིན་ཆེན་གཞལ་ཡས་ཁང་། །དེ་ལས་རྒྱ་མཚོ་བསམ་ལས་འདས། །རང་ལ་རང་ཉིད་སྐུར་སྟོན་པ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྣམས། །འགྲོ་དོན་དཀྱིལ་འཁོར་སྣང་བའི་ཕྱིར། །སྣ་ཚོགས་སྐུ་གསུང་ཐུགས་སུ་འཕྲོ། །སྤྲིན་མེད་མཁའ་ལ་གཟའ་སྐར་ལྟར། །རྒྱལ་ཚོགས་བསམ་འདས་ཅིར་ཡང་སྣང་། །མ་སྤངས་རོལ་མཛད་ལོངས་སྤྱོད་ལྡན། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། ཁྲེས་རབ་དབྱིངས་ལས་ཕྱག་རྒྱར་གསལ། །ས་ལེ་མཉམ་ལ་མ་འདྲེས་པ། ཁྱད་པར་ཡེ་ཤེས་སྒྱུ་མའི་ཚོགས། །ཀུན་ཏུ་བཟང་པོ་རང་བྱུང་བ། །གཅིག་པུ་མཉམ་ཉིད་ཆོས་ཀྱི་སྐུ། །སྐུ་གསུང་ལྷུན་རྫོགས་ཕྱག་རྒྱ་ཆེ། །ཡེ་ནས་ལྷུན་གྲུབ་བྱང་ཆུབ་མཆོག །བླ་མེད་མཆོག་ལ་ཞུགས་པ་ཡིན། །བདག་གཞན་མི་རྟོག་མ་འདྲེས་གསལ། །རྡོ་རྗེ་ཉི་མ་ཤར་བ་བཞིན། །ལྷན་ནེ་གསལ་བའི་འོད་དང་ལྡན། །རྣམ་ཐར་དབུ་ཏྲི་ཕྱག་ཤོང་སྟེ། །ཡེ་ཤེས་དྲུག་ལྡན་ཆོས་ཀྱི་དབྱིངས། །སྐར་ཚོགས་བསམ་ཡས་མཁར་འདུས་ལྟར། །བསམ་ཡས་དཀྱིལ་འཁོར་ཆོས་ཀྱི་དབྱིངས། །ཉི་མ་གཟའ་སྐར་ཟིལ་གནོན་ལྟར། །ཐེག་དམན་ཟིལ་གནོན་ཡེ་སངས་རྒྱས། །ཀུན་བཟང་རྡོ་རྗེ་སེམས་དཔའ་མཆོག །ཉི་མའི་འོད་སྟོང་འབར་བས་མཛེས། །རྒྱལ་བ་ཀུན་སྟོང་ངོ་བོ་སྟེ། །དཀྱིལ་འཁོར་འོད་ལྔ་ཀུན་གྱི་བདག །ཀུན་གཞི་རྣམ་དག་ཡེ་ཤེས་ཀློང་། །རང་བྱུང་ཡེ་ཤེས་བཙལ་མེད་ངང་། །སྟོང་ཁམས་ཀུན་སྙོམས་ཐུགས་རྗེ་མཆོག །འགྲོ་བའི་དོན་མཛད་ཀུན་ཏུ་བཟང་། །དབྱེ་གསལ་བླང་དོར་གཉིས་མེད་དོན། །གཅིག་དང་དུམ་རྗུ་ན་་་།འི་ཕྱིར། །རྣམ་དག་ཆོས་དབྱིངས་དག་པའི་ངང་། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། འབྱེད་པ་མེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། མི་གནས་མི་སྤྱོད་ཡོངས་ཀྱི་ལམ། །མ་རྟོག་རྟོག་པར་བྱེད་པ་མེད། །ཐུག་མེད་དབྱིངས་ལ་བྲི་བ་མེད། །སྐྱེ་མེད་དབྱིངས་ལས་སྐྱེ་བའི་མཆོག །གང་ཡང་མ་ཡིན་ཆོས་ཀྱི་དབྱིངས། ཁམས་གསུམ་རྣམ་དག་སྐྱེ་མེད་དབྱིངས། །དབུས་མཐའ་མི་དམིགས་རྟོགས་ལས་འདས། །རྟོག་པའི་གཉན་པོར་མི་རྟོག་སྒོམ། །མི་རྟོག་སྒོམ་པ་རྟོག་པའི་ནད། །ཆོས་དབྱིངས་རྟོག་པ་ལས་འདས་པ། །རྟོག་དང་མི་རྟོག་གཉིས་ཀ་མཐའ། །སྤྲོས་མེད་བྱང་ཆུབ་སྙིང་པོ་ནི། །ཀུན་གཞི་རྣམ་དག་ཡེ་ཤེས་ཞིང་། །ཆོས་དབྱིངས་དམ་ཚིག་ལྷ་དང་བདག །ལྟ་སྤྱོད་ལ་སོགས་ཐ་སྙད་རྣམས། །འདུ་ན་ཡེ་ཤེས་བདེ་བའི་ཞིང་། །བུརྙ་སེམས་ཅན་ཡེ་གཅིག་པ། །དབྱིངས་དང་ཡེ་ཤེས་ཐ་སྙད་ཙམ། །ངོ་བོ་ཆོས་སྐུ་སྙིང་པོའི་ཚུལ། །ས་ལ་བགྲོད་རྩོལ་ལམ་དང་བྲལ། །ཏིང་འཛིན་བསྐྱེད་ཅིང་དམིགས་པ་མེད། །དམ་ཚིག་བསྲུང་བའི་ཚུལ་དུ་མེད། །རྒྱུ་འབྲས་འདུ་ན་དོན་གཅིག་ལ། །མཁྱེན་ལྡན་མུན་སེལ་བྱང་ཆུབ་སེམས། །དཀྱིལ་འཁོར་བྱང་ཆུབ་སེམས་ལས་བྱུང་། །སྐྱེ་འགག་མེད་པའི་ངོ་བོ་ལ། །དམིགས་པའི་ཆོ་འཕྲུལ་རྒྱུན་མི་འཆད། །མཐུན་འཇུག་སྤྱོད་པ་ཀུན་མཛད་ཀྱང་། །སྙིང་པོ་དོན་ལ་གཡོ་བ་མེད། །བདག་གཞན་དོན་ཀུན་འགྲུབ་འགྱུར་ཡང་། །ཐུགས་རྗེ་འགྲོ་དོན་ཀུན་ལ་བདལ། །མིག་ཚིག་སྒྲོལ་མས་དོན་མཚོན་པ། །རྣམ་གྲངས་བསམ་ཡས་བློ་ལ་གནས། །དེ་བཞིན་མཉམ་ཉིད་ངེས་པའི་དོན། །མི་ཚོགས་བསམ་ཡས་གཅིག་ཏུ་འདུས། །ཡོད་མེད་རྟག་ཆད་མ་ཡིན་ལ། །བདག་དང་མཚན་མར་འཛིན་པ་མེད། །ཕྱི་ནང་གཟུང་འཛིན་མཐའ་དང་བྲལ། །གང་ཞིག་དེ་ལྟར་རྟོག་བྱེད་པ། །མི་མཁས་བླུན་པོ་ཕྱི་རོལ་པ། །སྣང་ཡང་མེད་པར་གང་སྨྲ་བ། །མུ་སྟེགས་ཆད་པའི་ལམ་ཡིན་ནོ། །དེ་ཉིད་དོན་ལ་བློ་ཞན་པ། །སྙིང་པོ་དོན་དང་འགལ་བར་འགྱུར། །གང་ཡང་མ་ཡིན་སྣ་ཚོགས་པ། །འབྱུང་ཕྱིར་ཡེ་ཤེས་ཆོས་དབྱིངས་མཆོག །སྙིང་པོ་བྱང་ཆུབ་བཅོམ་མེད་ལམ། །འདུ་ན་དོན་རྟོགས་རྫོགས་ཆེན་པ། །རྣམ་དག་གྲུབ་པ་རྟོག་མེད་མཁའ། །རེ་དོགས་མེད་པས་དབྱིངས་ཉིད་གསལ། །འབྲས་བུ་བཙལ་བས་གྲུབ་མཐའ་མེད། །ཀུན་གཞི་ཡེ་ཤེས་ཆོས་ཀྱི་དབྱིངས། །ཡེ་ནས་སརྦ་བུདྷ་ལ། །གང་ནས་སུ་ལ་གསོལ་བ་འདེབས། །ཉམ་ཐག་བཙལ་བས་གྲུབ་པ་མེད། །ཆོས་ཉིད་ཆོས་འཚོལ་ག་ལ་རྙེད། །བུདྷ་ཉིད་ལ་བྲདྷ་ཚོལ། །རྒྱ་མཚོ་དབྱིངས་ནས་སྨིག་སྒྱུ་རྙེད། །བཙལ་བས་མི་རྙེད་ངལ་དོན་ཆུང་། །ཡེ་ནས་བྱང་ཆུབ་སྙིང་པོ་ལས། །བཙལ་ཞིང་དོན་མཐའ་སེམས་ལ་ཐུག །ཏིང་འཛིན་བྱང་ཆུབ་སེམས་ལ་གསལ། །བརྟགས་ན་བདག་ཉིད་བུདྷ་དབྱིངས། །མཉམ་ཉིད་ཆོས་སྐུ་མཆོག་ཉིད་གཏེར། །གསང་བའི་དཀྱིལ་འཁོར་རྨད་བྱུང་བ། །སྙིང་པོ་དོན་མཆོག་དབྱིངས་ལ་འདུས། །བསོད་ནམས་ཡེ་ཤེས་ལྷུན་རྫོགས་པ། །མཚན་དང་དཔེ་བྱད་ཡེ་ཤེས་འདས། །ཆོས་ཉིད་ཁྱབ་བདལ་སྙོམས་པའི་མགོན། །ཡེ་ནས་བྱང་ཆུབ་སྙིང་པོའི་དོན། །རྒྱལ་བ་ཉིད་དང་དགོངས་བ་གཅིག །མཉེས་ལྡན་དངོས་གྲུབ་བརྗོད་མི་ལང་། །འཇིག་རྟེན་ཉི་མས་གསལ་བྱེད་ལྟར། །མ་ལུས་སྣང་བྱེད་ཐེག་པའི་མཆོག །རྒྱ་མཚོ་ཨུ་དུམ་ཝ་ར་བཞིན། །བྱང་ཆུབ་སེམས་ལྡན་དོན་རྟོགས་ན། །མི་གཏོང་ཏིང་འཛིན་གོམས་པ་འགྲུབ། །ཆགས་སྡང་བླང་དོར་བློ་སྐྱེས་ཏེ། །འཁྲུལ་སེམས་རྐྱེན་གྱིས་འཁྲོས་འགྱུར་ན། །བྱང་ཆུབ་དོན་ལས་འགལ་བའི་ཕྱིར། །སྐད་ཅིག་གྲུབ་པའི་རྒྱུ་ཉིད་ལ། །ལོག་རྟོག་གསོ་ཞུག་འཁྲོས་པས་བརླག །འབད་ཐག་ཆད་འགྱུར་འགྲུབ་མི་འགྱུར། །བློ་ལྡན་འགྱོད་པ་སྐྱེས་གྱུར་ན། །རང་སེམས་དཔང་བཙུགས་མ་གཏོང་བས། །བྱང་ཆུབ་སེམས་མཆོག་བློ་ལ་ཤར། །བསྐལ་པར་བསགས་པའི་མུན་ནག་ཉིད། །རིག་པའི་རྒྱལ་པོ་ཉི་ཟེར་གྱིས། །སྐད་ཅིག་ཉིད་ཀྱིས་སེལ་བར་འགྱུར། །བླུན་རྨོངས་སེམས་རྒྱུད་ཐ་དད་པ། །བདག་གཞན་པ་ཡི་སེམས་རྒྱུད་ཀུན། །རྒྱལ་བའི་སྐུ་རུ་གཅིག་པ་ལ། །འཁྲུལ་པས་སོ་སོར་བརྟགས་མཐོང་ནོར། །ཡེ་ཤེས་སྒྱུ་མ་རྒྱལ་བ་དང་། །ལོག་རྟོག་འཁོར་བའི་སེམས་ཅན་འདུ། །བརྟགས་པས་ཐ་དད་སྣང་བ་ཡང་། །དོན་དམ་དབྱིངས་སུ་ཡོངས་ཀྱིས་མཉམ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། སྒོམ་ཞིང་བསམ་དུ་མེད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། གང་ལ་མི་གནས་མྱ་ངན་འདས། །ཡེ་ནས་བྱང་ཆུབ་སྙིང་པོ་ལ། །རང་སེམས་བྲདྷ་མངོན་སུམ་པ། །གཞན་དུ་བཙལ་བ་རྡུལ་ཡང་མེད། །འགྲོ་བ་སྐལ་ལྡན་རྣམས་དོན་དུ། །མི་སྒྲུབ་གཞག་པ་ཉིད་དུའང་མེད། །ཆོས་དབྱིངས་དམ་པའི་དོན་རིག་ན། །ཀུན་ལ་ཁྱབ་པའི་ཐུགས་རྗེ་འབྱུང་། །སྒྱུ་མ་ཐབས་མཁས་ཏིང་འཛིན་གྱིས། །འགྲོ་དོན་སྤྱོད་པ་སྣ་ཚོགས་སྟོན། །བདག་གཞན་སྤྱོད་པ་མི་འབྱེད་ཕྱིར། །འདུ་ན་དོན་གཅིག་དྷརྨའི་སྐུ། །དྷརྨ་ཀྭ་ཡ་སྐྱེ་ན་རྟོག་པ་ཡིས། །སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་བསྟན། །མཛད་པ་བཅུ་གཉིས་དོན་སྟོན་པ། །ཅིར་ཡང་འགྱུར་བ་མེད་པ་སྤྲུལ་པའི་སྐུ། །ཐུགས་རྗེ་ཆོ་འཕྲུལ་ཅིར་ཡང་གསལ། །ཐུགས་རྗེས་གདུལ་བྱ་ཀུན་འདུལ་བ། །སྒྱུ་མའི་རློམ་སེམས་ཀུན་དང་བྲལ། །རྒྱ་བའི་དགོངས་པ་ཇི་སྙེད་པ། །རངབཞིན མབཅོསདེབཞིནཉིད། །དྷརྨ་སརྦ་སྒྱུ་མ་ལྟ་བུའི་ཕྱིར། །ཏིང་འཛིན་སྒྱུ་མ་སྣ་ཚོགས་རྣམས། །གང་དུའང་མི་དམིགས་ཉེས་པ་མེད། །རང་བྱུང་རྨད་གྲགས་སྙིང་པོ་ནི། །གང་ལྟར་བསྟན་ཀྱང་འགྱུར་མེད་ངང་། །ཕྱི་ནང་མ་ལུས་གཟུགས་རྣམས་ནི། །སྐུ་མཆོག་བརྒྱན་གྱི་འཁོར་ལོར་རྫོགས། །སྒྲ་སྐད་བསམ་ཡས་མ་ལུས་པ ཡེ་ནས་སྤྲོས་མེད་གསུང་གི་མཆོག །ཐམས་ཅད་དབྱིངས་སུ་རོ་གཅིག་པ། །ཐུགས་མཆོག་མི་ཟད་རྒྱན་གྱི་མཆོག །སྲིད་དྲི་མཉམ་སྦྱོར་མི་གཡོ་བ། །ཆོས་སྐུ་སྙིང་པོ་བྱང་ཆུབ་མཆོག །གསང་སྔགས་དབང་ཕྱུག་གོ་འཕང་ལྡན། །མན་ངག་གསང་བའི་དོན་མེད་པར། །དྲེགས་ལྡན་ང་རྒྱལ་ཆེ་བའི་ས། །རང་གི་ལྟ་བ་མཐོང་འདོད་པས། །གཏི་མུག་འཐིབས་པ་ཟོན་མེད་པས། །ཡས་བཞག་བཙན་ཐབས་དྲིགས་པ་ཡིས། །བླ་མེད་གཞལ་ཡས་འཕགས་འདོད་པས། །བརྙས་སེམས་མཉམ་ལས་འགལ་བའི་ཕྱིར། །ལྟ་སྤྱོད་བདུད་ཀྱི་ལས་སུ་འགྱུར། །མཐོ་དམན་རློམ་སེམས་མཉམ་པའི་བཅུགས། །མཁས་པ་དོན་གྱི་ལུང་བཞིན་དུ། །སྐྱོན་ལྡན་དགེ་རྩ་ཁྱད་པར་འཕགས། །ཚིག་ལ་མཁས་པ་ཉིད་ཡིན་ཀྱང་། །ཕྱལ་འགྱུར་བྱང་ཆུབ་སེམས་སྤང་ན། །རྡོ་རྗེ་ལྟ་བུར་གྲུབ་འདོད་པ། །ལོག་འདྲེན་གསོག་ཅན་བདེན་སྨྲས་ཀྱང་། །འཁྲུལ་སེམས་ལོག་འདྲེན་དབང་དུ་འགྱུར། །གསང་སྔགས་རྒྱ་མཚོ་སྒོ་ཡངས་ཞེས། །རྒྱལ་བའི་སྐུ་བསླུས་སླར་ལོག་པ། །བདུད་རྩི་དུག་ཏུ་འགྱུར་བ་དེ། །ལུས་སེམས་རྡུལ་དུ་གྱུར་པ་ཡིས། །དམྱལ་བར་ངེས་འགྲོ་སྙིང་རེ་རྗེ། །དེ་བས་དམ་པའི་ལུང་བསྟན་པས། །ངེས་པའི་དོན་ལ་རྩེ་གཅིག་པས། །མཉམ་པའི་གདང་ལས་མ་གཡོས་པ། །བྱང་ཆུབ་ཆེན་པོའི་རླུད་ལ་གནས། །བདེ་བཙལ་མེད་པའི་དོན་གསལ་ཞིང་། །ཚད་མེད་དོན་ལྡན་རྣལ་འབྱོར་པས། །དོན་གཞི་མ་བཙལ་གྲུབ་འདོད་པ། །བྱ་བྲལ་ལྷུན་གྲུབ་ངང་ལ་གནས། །གང་ལ་མི་ཆགས་མི་སྣང་ཞིང་། །མཉམ་པ་ཉིད་ལས་མི་འདའ་བ། །རྒྱལ་བའི་སྲས་པོ་ངོ་མཚར་ཆེ། །རིག་པ་འཛིན་པའི་དོན་ལ་གནས། །དེ་ཡིས་སེམས་ཀྱི་དོན་བལྟས་པས། །མཐོང་བ་མེད་པའི་དོན་ལ་གནས། །གང་ཞིག་དད་ལྡན་སྟོང་པ་དེ། །ཐེག་མཆོག་རིགས་སུ་ངེས་པ་དང་། །མ་རྨོངས་ལྷག་པའི་དོན་ཤེས་ལས། །གཞན་དུ་བརྗོད་ན་ཚིག་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། དོན་དང་མཚན་མ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། མ་བཅོས་མ་བྱས་དག་པ་ལ། །གདོད་མེད་རྩོལ་བ་ཡེ་ནས་མེད། །མེད་པའི་རྒྱུད་ལས་ཡོད་གསལ་བ། །མ་མཐོང་འདྲེས་པའི་དཀྱིལ་འཁོར་མཆོག །དང་པོ་མེད་པའི་རྒྱུ་ཡིན་ན། །དེ་ལ་རྟོག་པའི་རྫས་ཅི་ཡོད། །དེ་བས་དམ་པའི་ལུང་ཉིད་ལ། །རྟོག་གེས་སྤྱད་པར་མི་འགྲུབ་སྟེ། །རང་གི་དོན་ཡང་ཉམས་གྱུར་ཕྱིར། །བརྟག་ཅིང་སྤྱད་པར་མི་བྱའོ། །ཡོད་མེད་དག་ལ་རབ་བརྟགས་པས། །སྟོང་པས་དོན་ལ་མཇལ་འདོད་པ། །ཞོ་འདོད་རྭ་ལ་འཇོ་བ་བཞིན། །འགྲུབ་པར་མི་འགྱུར་རང་རྒྱུད་རླག །ཇི་ལྟར་ཉི་མའི་འོད་ཟེར་ལ། །མིག་གིས་བརྟག་པར་མི་ནུས་ཀྱིས། །དེ་ཉིད་མུན་པ་སྣང་བ་ལྟར། །ཨེ་མ་རབ་ཏུ་གསང་བ་ཡིས། །བདག་གི་པདྨ་རྡོ་རྗེ་འདི། །མ་ཡིན་དེ་ཉིད་བདག་གི་བུ། །རིགས་འདི་མ་བཅོས་དེ་ལྟ་བུ། །གསང་སྔགས་རྒྱ་མཚོ་ཆེན་པོ་འདི། །ལུང་དང་རིག་པ་རྟོག་པ་དང་། །དཔེ་དང་ཚད་མ་གཏན་ཚིགས་དང་། །རྗེས་སུ་དཔགས་པའི་ཤེས་རབ་ཀྱིས། །རྟོག་པར་ནུས་པ་མ་ཡིན་ཏེ། །དངོས་གྲུབ་རླབས་ཆེན་འཁྲིགས་པ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་བ། །ལུང་དང་མན་ངག་ཐེབ་པས་གྲུབ། །དམན་པས་མི་འགྲུབ་ངལ་འགྱུར་ཏེ། །དོན་མེད་མཚན་མ་གཡེང་བའི་རྒྱུ། །རྟོག་མེད་བློ་ངན་ཕུང་བར་འགྱུར། །དེ་ཕྱིར་ཀུན་གྱི་སྤྱོད་ཡུལ་མིན། །རྡོ་རྗེ་རིགས་པ་འཛིན་པའི་སྲས། །ལྷུན་གྱིས་གྲུབ་པའི་སྤྱོད་ཡུལ་ཏེ། །ཇི་ལྟར་ནོར་བུ་རིན་ཆེན་དང་། །ནམ་མཁའི་རྒྱལ་པོ་འདྲ་བའོ། །ཨེ་མ་རབ་ཏུ་གསང་བ་ཡི། །དམ་པའི་སྤྱོད་ཡུལ་ཟབ་ཅིང་ཕྲ། །གཟུང་དུ་མེད་ལ་བརྗོད་དང་བྲལ། །འདི་ཞེས་བསྟན་དུ་ག་ལ་ཡོད། །ཨེ་མ་བྱ་བཙལ་མེད་པ་ལ། །བཙལ་བས་ཆུ་བོས་འབོགས་བྱེད་པ། །རབ་ཏུ་བཅིངས་པས་དམ་བཅིངས་པ། །རྩོལ་བ་དོན་མེད་ངལ་བའི་རྒྱུ། །ཨེ་མ་ཧོ་ལྷུན་གྲུབ་སྙིང་པོ་ལ། ཁྲུས་དང་གཙང་སྤྲ་བྱ་མི་དགོས། །དཀའ་ཐུབ་སྤྱད་པའང་མི་དགོས་ཏེ། །དོན་དམ་བདེ་ཆེན་ལྷུན་གྲུབ་ངང་། །ཨེ་མ་ཉི་མའི་སྙིང་པོ་ལ། །ཡེ་ནས་མུན་པ་མ་གྲུབ་ཕྱིར། །བཙལ་མེད་བདེ་ཆེན་སྙིང་པོ་ལ། །མཐའ་ཡི་མུན་པ་ཡེ་ནས་མེད། །ཨེ་མ་ཧོ་དོན་གྱིས་དོན་བཙལ་བས། །དོན་ལ་བརྟག་མེད་དེ་བཞིན་ཉིད། །དེ་ཕྱིར་རྙེད་པའི་གནས་མེད་དེ། །མཁའ་ལ་འདུད་ལྟར་གཏིང་དཔག་དཀའ། །ཨེ་མའོ་བདེ་ཆེན་སྙིང་པོ་ལ། །སྒྲོ་སྐུར་ཆེད་བྱས་དོན་གྱིས་ཚོལ། །བཙལ་བས་མ་རྙེད་རང་ལ་ཐུག །རང་ཡང་དེ་བཞིན་ཉིད་ཀྱིས་ཞི། །ཨེ་མཧོ་རྒྱལ་བའི་སྤྱོད་ཡུལ་འདི། །སུས་ཀྱང་མ་སྦས་རང་བཞིན་གསང་། །ནམ་མཁའི་མཐའ་ལྟར་དབྱེར་མེད་པར། །ཉི་མ་སྒྲིབ་མེད་ཇི་བཞིན་ནོ། །ཨེ་མཧོ་ངོ་མཚར་རྨད་ཀྱིས་ཆོས་། །ཀུན་ལ་གནས་ལ་རང་བཞིན་གསང་། །མཉམ་ཉིད་རིག་པའི་སྤྱོད་ཡུལ་ཏེ། །སྐྱེས་བུ་བློ་བཙལ་རབ་ཀྱིས་རྟོགས། །ཨེ་མཧོ་ནམ་མཁའ་དག་པའི་མཐའ། །མཁའ་ལྟར་ཉི་སྣང་ཀུན་ལ་ཁྱབ། །སྤྲོས་མེད་ཉི་མའི་སྙིང་པོ་ལ། །རྣམ་རྟོག་མུན་པས་ག་ལ་འགྲིབ། །ཨེ་མཧོ་སྟོང་ཉིད་བྱང་ཆུབ་སེམས། །མ་བཅོས་ཀུན་གཞི་གཞལ་ཡས་སུ། །ཉི་མ་སྟོང་གི་དཀྱིལ་འཁོར་ཤར། །ཀུན་ལ་ཁྱབ་ཅིང་ཡོངས་སུ་སྣུབས། །མ་བཅོས་སྤྲོས་མེད་ཐིག་ལེ་ལས། །འདོད་པའི་ཡོན་ཏན་རོལ་འབྱུང་བ། །ཅིར་ཡང་སྣང་ལ་གང་དུའང་མེད། །བྱང་ཆུབ་གཡུང་དྲུང་འགྱུར་བ་མེད། །སྙིང་པོའི་སྙིང་པོ་ཐེག་པའི་རྩེ། །མི་འགྱུར་མི་ཤིགས་རྡོ་རྗེའི་དོན། །དཔའ་བོ་གཡུལ་ལས་བཟློག་པའི་མཆོག །མི་རྣམས་ནམ་མཁའི་མཐའ་དང་བྲལ། །ཡངས་ཤིང་ཆེ་བའི་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་མཆོག །ཇི་ལྟར་གཅན་གཟན་རྒྱལ་པོ་ལྟ། །ཆུང་ངུ་ཟིལ་གནོན་སྟོབས་པོ་ཆེ། །འཁྲུལ་པས་སྣ་ཚོགས་བརྟག་པ་ཡང་། །དྲང་བའི་དོན་ལས་མ་རྟོགས་པ། །ངེས་པའི་དོན་དུ་གཅིག་ལས་མེད། །གཅིག་པོ་མཐའ་བྲལ་ནམ་མཁའི་ངང་། །འགྱུར་མེད་མ་ཆགས་པདྨ་འདྲ། །སྙིང་པོ་དེ་ལ་འདའ་བ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། ཁྱད་པར་ཆེན་པོའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཀྱེ་སེམས་དཔའ་ཆེན་པོ། ཆོས་སྐུ་སྐྱེ་མེད་མྱ་ངན་འདས། །འཁོར་བ་སྤོང་ལེན་མཐའ་ལས་འདས། །ང་མེད་བདག་བྲལ་མཉམ་པའི་ཐུགས། །རིན་ཆེན་གཏེར་འདུས་རྒྱལ་བའི་སྐུ། །མ་སྤངས་མ་བསྒྲུབས་མཁའ་ལྟར་གནས། ཁམས་ཏྲི་བརྟགས་པས་སེམས་ཀྱི་དབྱིངས། །སྣ་ཚོགས་རང་བཞིན་དབྱེ་བ་མེད། །རྒྱ་མ་ཚོའིརླབས་ལྟར་གཡོ་བ་འབྱུང་། །ཆོས་དབྱིངས་སྐྱེ་མེད་ཡུལ་གྱི་ངང་། །ཕྱག་རྒྱ་སྐྱེ་བའི་ཆོ་འཕྲུལ་ཅན། །འཁོར་བ་བཅོས་མེད་དགོངས་པའི་ཕྱིར། །རང་བྱུང་དབྱིངས་ལས་མ་གཡོས་ཀྱང་། །ཡོངས་ལ་ཁྱབ་པའི་ཐུགས་འབྱུང་། །ང་མེད་བདག་དང་འདུ་འབྲལ་མེད། །དོན་དམ་དབྱིངས་ཉིད་རྫོགས་པ་ཆེ། །སྙིང་པོ་ཉི་མ་འོདཀྱིམཆོག །སྐུགསུང་ཐུགས་ཀྱི་འཁོར་ལོ་ཅན། །ཐམས་ཅད་དབྱེར་མེད་རྒྱ་མཚོ་འདྲ། །འདུ་འབྲལ་མེད་པའི་ཞིང་མཆོག་ན། །ཆོ་འཕྲུལ་མཚན་མའི་འཁོར་ལོ་ཅན། །བརྟགས་པས་བདག་ཉིད་རོལ་པའི་ངང་། །འཆི་མེད་བདུད་རྩི་སྨན་གྱི་མཆོག །རང་ལ་རྫོགས་པས་བཙལ་མི་དགོས། ཁུ་གཅིག་ཆོས་དབྱིངས་མཉམ་པའི་ངང་། །རང་བཞིན་སེམས་ཉིད་གསལ་བའི་དབྱིངས། །སྣང་སྲིད་འཁྲུལ་འཁོར་རྒྱལ་བའི་ཡབ། །ཞེན་མེད་སེམས་ཉིད་ཡུམ་གྱི་མཆོག །འདུ་ན་ང་ལ་མི་གནས་པས། །ཐབས་དང་ཤེས་རབ་འབྲེལ་བར་གནས། །ཕྱག་རྒྱའི་རོལ་པ་བསམ་མི་ཁྱབ། །རང་བཞིན་མེད་ལས་ཅིར་ཡང་སྣང་། །བྱང་ཆུབ་ངང་དུ་ཀུན་འདུས་པ། །མཁའ་དབྱིངས་རྣམ་དག་རྒྱ་མཚོ་འདྲ། །འབྱུང་བའི་སྐར་ཚོགས་བསམ་མི་ཁྱབ། །མཁའ་མཉམ་དབང་ཕྱུག་རྒྱལ་པོའི་ཐུགས། །ཡོན་ཏན་རྒྱལ་ཆོག་ཀུན་གྱི་ངང་། །བདག་མེད་ཕྱོགས་བྲལ་ཆོས་དབྱིངས་མཁའ། །སེམས་ཅན་རྣམས་ལ་མི་གཉིས་ཀྱང་། །ཐུགས་རྗེས་འགྲོ་དྲུག་གནས་ནས་སྒྲོལ། །མཐོ་དམན་མེད་པར་ཡོངས་ལ་བདལ། །ཆོས་ཉིད་ནམ་མཁའ་དྲི་མེད་ཀློང་། །སྲིད་གསུམ་འགྲན་ཟླ་མེད་པའི་མཆོག །གང་ལའང་མི་གཡོ་འགྱུར་བ་མེད། །གང་ལའང་བསམ་པ་ཀུན་དང་བྲལ། །འདི་ཞེས་བསམ་པའི་རིགས་དང་བྲལ། །གཅིག་ལ་གཅིག་པའི་མཐའ་དང་བྲལ། །རིགས་དང་ཕྱོགས་སུ་གཟུང་དུ་མེད། །མཉམ་རྫོགས་ལྷུན་གྱི་སྐུ་མངའ་ཞིང་། །རིགས་མེད་བདག་ཉིད་ཆེན་པོ་མཆོག །མཉམ་ཉིད་མཁའ་ལ་རོལ་བའི་སྐུ། །མི་གནས་བདེ་ཆེན་མཉམ་ཉིད་རླུད་། །འདི་ལ་རྟག་དང་ཆད་པ་མེད། །ཡོད་མེད་ཕྱོགས་རིས་གཟུང་མེད་ཅིང་། །འཛིན་པ་མེད་དེ་དེ་བཞིན་ཉིད། །ཆོས་བརྒྱད་སྙོམས་པར་དོན་གསལ་བ། །ཡེ་ནས་མཉམ་པའི་དོན་རིག་པའོ། །གསང་སྔགས་རྡོ་རྗེ་ནམ་མཁའ་ཆེ། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ། །གསང་ཆེན་བརྟག་དཀའ་ཐུན་མོང་མིན། །རྡོ་རྗེ་སེམས་དཔའི་སྤྱོད་ཡུལ་ཏེ། །གནས་ནི་ནམ་མཁའི་དབྱིངས་ལ་གནས། ཁྱབ་ནི་སྣང་སྲིད་ཀུན་ལ་ཁྱབ། །ཡོད་ནི་རྡུལ་ཡང་མེད་པ་སྟེ། །བསྟན་ནི་ཀུན་ལ་མཐུན་པར་བསྟན། །འབྲས་བུ་བཙལ་བ་མེད་པར་ཐུག །སྐུ་ནི་སྙིང་པོ་བྱང་ཆུབ་སྟེ། །གསུང་ནི་ངོ་བོ་ནམ་མཁའི་གསུང་། །ཐུགས་ནི་སྟོང་ཆེན་མཁའ་ལྟར་བདལ། །ཡོན་ཏན་ནམ་མཁའི་གཏེར་ལྟར་ཆེ། །འཕྲིན་ལས་འཁོར་དུས་གཅིག་བཅོམ། །ཐུགས་རྗེ་འཁོར་བ་ཁྱབ་པར་གཟིགས། །སྐྱོན་བྲལ་ཉག་གཅིག་དབྱིངས་ཀྱི་གཏེར། །དབྱིངས་དང་ཡེ་ཤེས་ཐ་སྙད་པས། །མི་གནས་གནས་ལ་གནས་པ་མེད། །ཐུགས་མཐའ་མེད་པའི་ཀློང་ཆེན་མཚོ། །སྤྲོས་བྲལ་མཉམ་ཉིད་ཇི་བཞིན་གཏེར། །མཁའ་ལྟར་གནས་སོ་ཁྱབ་པའི་སྐུ། །འདི་ལྟར་རིན་ཆེན་གསེར་གླིང་འདྲ། །ཐམས་ཅད་སྙིང་པོ་བྱང་ཆུབ་སྐུ། །ཟད་མེད་འཕེལ་མེད་འགྲིབ་པ་མེད། །རང་ཐེ་ཇི་ལྟར་འདུལ་བ་བཞིན། །སྣང་བས་ངོ་མཚར་རྨད་དུ་བྱུང་། །ཟབ་མོ་བྱ་བྲལ་རྫོགས་པའི་ལུང་། །བྱ་བྲལ་ལུང་དང་ཟིན་པའི་ལུང། །སྤྲོས་མེད་ལུང་དང་ཀུན་འདུས་ལུང་། །སྦྱོར་སྒྲོལ་མཉམ་རྟོག་མ་བཅིངས་ལུང་། །མཉམ་ཉིད་རིག་པ་གཏེར་གྱི་ལུང་། །སྐུ་གསུང་ཐུགས་སོགས་ཆོས་ཀུན་གྱི། །ཐོབ་ཟིན་མཐོང་ཟིན་སྦྱངས་པ་ཟིན། །མཆོད་དང་ཞུགས་དང་དབང་ཐོབ་པས། །བཙལ་མེད་ཡེ་ནས་བྱས་པའི་ལུང་། །མི་བྱ་མེད་དེ་ཀུན་བཀག་ཅིང་། །སྤྱོད་པས་ལྷུན་གྲུབ་མཉམ་ཉིད་གཏེར། །ཡེ་ཤེས་ཟང་མའི་བདག་ཉིད་དེ། །འདི་ནི་བྲརྙ་སརྦ་ཡི། །ལྷུན་གྲུབ་བྱ་བྲལ་རྫོགས་པའི་ལུང་། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། ཚེ་འཕྲུལ་བཙལ་མེད་བྱ་བྲལ་ལུང་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །སེམས་དཔའ་ཆེན་པོ་མཁའ་མཉམ་སྐུ། །མཐའ་དབུས་དོན་བྲལ་སྙིང་པོ་དོན། །ངེས་དོན་ངེས་པ་བཤད་བྱའི་ཕྱིར། །ངེས་པ་རྟག་དང་མི་རྟག་པ། །བརྟག་དཀའ་ཉི་ཟེར་ལྟ་བུའི་དོན། །གང་ཞིག་ངེས་པར་འགྲུབ་པ་ན། །དེ་ལ་བརྟག་བྱ་མ་གྲུབ་པ། །ཡོད་དང་མེད་ཅེས་ཅི་བྱར་ཡོད། །སྙིང་པོའི་སྙིང་པོ་ཀུན་འདུས་པ། །དེ་ལ་མཐའ་དབུས་བདག་གཞན་མེད། །གང་ཞིག་གང་གིས་མཐོང་མི་རུང་། །རྟག་པ་དག་དང་མི་རྟག་པ། །དེ་ཡང་མཚན་མའི་ཐ་སྙད་ཙམ། །ནོར་བུ་རིན་ཆེན་འདོད་དགུའི་མཛོད། །ཅིར་ཡང་མེད་ལ་ཅིར་ཡང་སྣང་། །སྙིང་པོའི་དོན་ལས་གང་འདའ་བ། །རྒྱལ་བའང་ཐན་པས་བརླག་འགྱུར་ན། །ས་སྦྱོང་སེམས་དཔའ་སྨོས་ཅི་དགོས། །ཀྱེ་སེམས་དཔའ་ཆེན་པོ། གཅིག་དང་ཐ་དད་གང་བརྟགས་པ། །མདོ་དང་དམའ་བ་འདུ་འཛིན་ཕྱིར། །གྲོལ་དང་བཅིངས་མིན་བདེན་མིན་དང་། །གྲུབ་མིན་ངོ་བོ་གཅིག་པ་ལ། །ལྟོས་པའི་རྟོག་པས་རབ་ཏུ་ཕྱེ། །གཅིག་དང་ཐ་དད་ལས་གྲོལ་ཏེ། །འདུ་རུ་སྣང་ཡང་མཐའ་དང་བྲལ། །ཞེན་པ་མེད་ན་བདེ་བ་ཆེ། །བདེ་བ་ཆེ་ཞིང་ནོར་ཆེ་ལ། །འཇིག་རྟེན་དབང་པོ་ཁམས་གསུམ་མཆོག །གསུམ་ཕྱིར་གསུམ་སྣང་གསུམ་གྱི་ངང་། །དགུ་སྟེ་གཅིག་འདུས་ཐིག་ལེའི་ངང་། །གཅིག་པས་སྤོང་ལེན་བྱ་དང་བྲལ། །སྟོང་པས་མཉམ་བརྟགས་ལས་འདས་པ། །དམིགས་ལས་འདས་པས་བརྟག་ཏུ་མེད། །ཚིག་ལས་འདས་པས་བརྗོད་དང་བྲལ། །གདྷ་ཀླུང་གི་རྒྱལ་བ་ཡང་། །སྟོང་ཉིད་མཉམ་པ་རོལ་མཛད་ཅིང་། །ཇི་ལྟར་ཟླ་བརྙན་འཆར་བ་ལྟར། །ཅིར་ཡང་སྣང་ཞིང་གཅིག་གི་ངང་། །མཚེ་དང་ལྡང་ལྡེང་ལུ་མ་དང་། །འབབ་ཆུ་ལ་སོགས་མཐའ་ཡས་པ། །རྒྱ་མཚོ་འདུ་བ་ཇི་བཞིན་དུ། །དུས་གསུམ་རྒྱལ་བ་གཅིག་གི་ངང་། །སྤྲིན་དང་ཟླ་བ་གཟའ་སྐར་དང་། །ཆོ་འཕྲུལ་ནམ་མཁའི་རང་བཞིན་ལྟར། །སེམས་ཅན་ངན་སོང་མཐའ་ཡས་ཀུན། །སྙིང་པོ་བྱང་ཆུབ་གསེརདཔེབཞིན། །རྩདངའབྲུདངལོཏོགདང། །སྨན་དང་དུག་ཏུ་སྣང་བ་ཡང་། །ནུས་མཐུ་ཁ་དོག་དབྱིབས་མཐའ་ཡས། །ས་གཞི་ལ་ནི་ཐ་དད་མེད། །དེབཞིནབདེསྡུགཉོན་མོངས་དང་། །ཀུན་བྱེད་དབྱིངས་ཉིད་བྱང་ཆུབ་སེམས། །ངམ་འགྲོགས་ཆུ་དང་གཡང་ས་དང་། །མེད་དང་སྤྲུལ་དང་གཅན་གཟན་དུག །མི་དང་སྲིན་པོ་ཤན་པ་ཡང་། །བྱ་ལ་ཡ་ང་གཡང་ས་མེད། །དེ་བཞིན་བདེ་སྡུག་རྩོལ་མི་རྩོལ། །ལམ་དྲུག་ཐབས་དགུ་འབྲས་བུ་དགུ། །བདེ་སྡུག་བཏང་སྙོམས་ལ་སོགས་པ། །སྣང་ཡང་རྫོགས་ཆེན་ཡང་ང་བྲལ། །ཇི་ལྟར་ཁ་ཟས་ཐ་དད་པ། ཁ་དོག་དབྱིབས་ལྡན་མཛེས་གྱུར་པ། །རོ་མེད་ཚིམ་པ་མ་ཡིན་ལྟར། །རྫོགས་མཆོག་མེད་པའི་སྨན་པ་རྣམས། །བཙལ་ཡང་ལོང་བས་ལོང་བ་ཁྲིད། །རོ་མེད་ཁ་ཟས་དེ་བཞིན་ནོ། །དེ་ཕྱིར་མཉམ་ཉིད་སྙིང་པོ་ལ། །བཏུད་དེ་དོན་ལ་བལྟས་གསལ་བ། །གང་ལའང་མ་ཡིན་དེ་བཞིན་ནོ། །བསྟན་པས་རྡོ་རྗེ་རི་ཟོམ་བཞིན། །ཟབ་པས་རྒྱ་མཚོ་ཆེན་པོ་བཞིན། །ཡངས་པས་ནམ་མཁའི་མཐའ་སྦྱིན་ཏེ། །བསྒྱུར་བྱེད་སྨན་དང་དུག་བཞིན་ནོ། །མཉམ་པས་རིག་པའི་སྐྱེས་བུ་བཞིན། །མི་འཆི་བཞིན་དུ་ཀུན་གྱིས་གསོས། །རེ་སྐོང་ཡིད་བཞིན་ནོར་བུ་སྦྱིན། །མི་འགྱུར་བརྟན་པས་གསེར་བཞིན་ཏེ། ཁྲེལ་ལྟར་དག་པའི་ཐིག་ལེ་ཅན། །བུརྙ་ཀུན་དང་མཉམ་སྦྱོར་བས། །དམ་ཚིག་འདི་ལས་འདའ་བར་དཀའ། །འདས་པས་རྒྱལ་བ་ཉིད་ཀྱང་བརླག །གང་ལ་འདི་ལས་མི་འདའ་ཞིང་། །ཐུགས་རྗེ་ལྡན་པའི་དགོངས་པ་ཅན། །དམྱལ་ཚོགས་མེ་ཡི་འཁོར་ལོ་ཡང་། །རྒྱལ་བའི་ཞིང་ཁམས་རྨད་དུ་བྱུང་། །འདི་ལ་བདེ་དང་སྡུག་བསྔལ་གང་ཡང་མེད། །འདུ་ན་གཅིག་སྟེ་ཀུན་གྱི་ངང་། །ཀུན་སྣང་བརྟགས་པའི་དམིགས་དང་བྲལ། །དགེ་མེད་སྡིག་ཏུ་ག་ལ་ཡོད། །ཡོད་འཛིན་མེད་འཛིན་རྟོག་པའི་ཀློང་། །དེ་ཉིད་ཐ་དད་གྱུར་ན་ནི། །གྲུབ་པ་མིན་ཕྱིར་གཅིག་ཏུ་བལྟ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། དབུས་མཐའ་མི་དབྱེ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །མཉམ་པར་རིག་པའི་གདེང་ཆེན་ཏེ། ཁྲེས་པར་བྱ་ཕྱིར་བཤད་པར་བྱ། །འདི་ནི་འདའ་བར་དཀའ་བའོ། །གང་ལ་མ་ཆགས་མི་གཡོ་ཞིང་། །མི་འཁུ་མི་ལྡང་སྐྱེ་བ་མེད། །རེ་དོགས་ཆགས་སྡང་མེད་པར་ནི། །ལྟ་བ་ཆེན་པོའི་སྤྱི་ཁྱབ་གདེང་། །གཙང་སྨེ་བླང་དོར་མི་ལྟ་ཞིང་། །ཀུན་ལ་དབང་གཞག་ཀུན་སྣང་སྟེ། །སྤོང་ལེན་མེད་པས་སྤྱོད་པའི་གདེང་། །གདེང་ལ་བཅོས་པའི་ཁ་ན་མེད། །མེད་དང་ཕྱལ་བ་གཅིག་པོ་དང་། །ལྷུན་གྱིས་གྲུབ་པའི་དམ་ཚིག་ནི། །བསྲུང་དང་མི་བསྲུང་ཆ་ལས་འདས། །ཀུན་ཀྱང་མི་འདའ་མཉམ་པར་བསྲུང་། །སྤྱི་དང་ཁྱད་པར་ལྷག་པ་ཡི། །དམ་ཚིག་བསྲུང་བ་མེད་ཐུབ་པ། །དམ་ཚིག་ཆེན་པོ་ཡེ་བསྲུངས་གདེང་། །སྐུ་དང་གསུང་ཐུགས་རྨད་བྱུང་བ། །ནམ་མཁའི་མཐའ་ལྟར་ཁྱབ་པའི་དོན། །མ་ལུས་གསུང་དུ་ཡེ་ཤར་ནས། །འདའ་བ་མེད་པའི་རྡོ་རྗེ་གསུང་། །མཛད་པའི་རོལ་པ་བསམ་མི་ཁྱབ། །ཡོན་ཏན་འཕྲིན་ལས་ལྷུན་གྱིས་རྫ་གས། །ཡེ་ནས་ཤར་བ་དལ་གྱི་གདེང་། །དབང་བསྐུར་རྒྱལ་པོ་བཅོམ་ལྡན་འདས། མ་ལུས་བདག་ལས་གཞན་མ་ཡིན། །དེ་ཕྱིར་ཉིད་ལ་ཉིད་དབང་སྒྱུར། །དེ་ནི་བདག་ཉིད་ཆེན་པོའི་དབང་། །མ་བསྐུར་ཡེ་ནས་ཐོབ་པའི་དབང་། །མ་བཙལ་ལྷུན་གྱི་གྲུབ་པའི་དབང་། །འདས་དང་མ་བྱོན་ད་ལྟར་གྱི། །རྒྱལ་བ་ཀུན་གྱི་སྤྱི་ཡི་དབང་། །ཀུན་འདུས་རྒྱལ་པོ་དབང་གི་གདེང་། །ཞི་དང་རྒྱས་དང་དབང་རྟགས་ཀྱང་། །མ་བྱོན་གྲུབ་པས་བཙལ་བ་མེད། །མ་སྐྱེས་མི་འགག་མི་གཡོ་ཞིང་། །བདག་ཉིད་སེམས་ལ་འདས་པ་མེད། །བྱས་པ་མེད་པར་ཐམས་ཅད་ཆུབ། །བསྲུང་བ་མེད་པར་ཀུན་འདུས་པ། །མཉམ་ཉིད་རྒྱལ་བའི་སྤྱོད་ཡུལ་བས། །འཕྲིན་ལས་བྱ་བཙལ་མེད་པའི་གདེང་། །སྐུ་དང་གསུང་ཐུགས་ལ་སོགས་པ། །སྒྲུབ་ཅིང་སྒྲུབ་རྩོལ་ལས་འདས་པ། །གཞན་ནས་སྒྲུབ་པ་ཅི་ཡང་མེད། །ཇི་ལྟར་ཉི་མའི་འོད་བཞིན་ཏེ། །བྱེད་མཁན་གང་ཡང་ཡོན་མ་ཡིན། །དེ་ལྟར་ཡེ་ནས་གྲུབ་པའི་ཕྱིར། །བསྒྲུབ་ཏུ་མེད་པའི་གདེང་དུ་གཅེས། །དངོས་གྲུབ་མ་བསྒྲུབས་མཁའ་ལྟར་གནས། །མི་བྱ་མི་བསམ་བརྟག་ལས་འདས། །གསུམ་དང་ལྔ་དང་བཅུ་གཉིས་ལྔ། །མ་བཙལ་ཡེ་ནས་གྲུབ་པའི་ངང་། །ཇི་ལྟར་འདོད་པས་རང་བྱུང་བས། །དངོས་གྲུབ་ཡེ་ནས་གྲུབ་པའི་གདེང་། །མཆོག་གིས་དེ་ལྟར་ཤེས་པར་བྱ། །མཁའ་ཡི་ངོ་བོ་ཁྱབ་པའི་བདག །རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། །མཁའ་ལྟར་མཉམ་པའི་སྙིང་པོ་མཆོག །ཆོས་སྐུ་འདུས་པ་གདེང་དུ་ཆེ། །མ་སྤངས་རོལ་པ་པདྨ་འདྲ། །མ་གོས་མ་ཆགས་དག་པའི་སྐུ། །མ་གསུངས་རྒྱ་ཆེར་བསྒྲགས་པའི་གསུང་། །མ་བསྒྲིབས་མཁྱེན་གསལ་མངའ་བའི་ཐུགས། །ལོངས་སྤྱོད་རྫོགས་པ་བདག་པོ་གདེང་། །ཅིར་ཡང་དོན་བྱེད་ནུས་པའི་ཚུལ། །ངོ་བོ་མཐའ་འདས་ཆུ་ཟླ་འདྲ། །སྐྱེས་བུའི་མདུན་བཞིན་དེ་བཞིན་པ། །སྤྲུལ་པ་ཆེན་པོ་དོན་ནུས་གདེང་། །གསལ་ལ་རྟོག་པ་མི་འཇུག་ཅིང་། །འདུ་ཤེས་ཡུལ་ལས་མ་སྐྱེས་ལ། །གང་ལའང་ཆེད་དུ་མི་གཉེར་བ། །རྟེན་འཆའ་ལུས་སེམས་བཅོས་པ་མེད། །ཏིང་འཛིན་རིག་པ་མཆོག་གི་སྐུ། །གང་གི་སྤྱོད་ཡུལ་མ་ཡིན་པ། །སྐྱེས་བུ་མཆོག་གི་སྦྱོད་ཡུལ་བས། །ཏིང་འཛིན་རེ་དོགས་མེད་པའི་གདེང་། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །ང་རྒྱལ་ཕྲག་དོག་རྟེན་འཕྲོ་དང་། །སྡུད་དམིགས་ཆེད་བཙལ་བཞག་བསལ་བ། །བྱིང་རྨུགས་ལ་སོགས་མཉམ་པའི་ཕྱིར། །འདི་ནི་གསལ་མེད་མཉམ་པའི་གདེང་། །མཆོག་ཏུ་གསང་བའི་དོན་ཆེན་འདི། །ཀུན་གྱིས་སྤྱོད་ཡུལ་མ་ཡིན་པས། །ས་སྦྱོང་སེམས་དཔས་བརྟག་ཏུ་མེད། །སོ་སོ་སྐྱེ་བོས་སྨོས་ཅི་དགོས། །དེ་ནི་གདེང་ཆེན་དོན་གྱི་མཆོག །ཅེས་གསུངས་སོ། །བྱང་ཆུབ་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། གདེང་ཆེན་པོའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའ་ལྟ་བུའི་ལུས་ཅན་མཚན་མར་རྟོག་པ་འཇོམས་པ་ནམ་མཁའི་སྙིང་པོ་དེས། བཅོམ་ལྡན་འདས་ལ་པདྨ་རྒྱས་པའི་སྤྱན་ཕྱེ་ནས། ལེགས་སོ་བདེ་བར་གཤེགས་པ། ཨ་ལ་ལ་ཧོ་ཞེས་བསྟོད་ནས། རིག་པའི་མཆོད་པ་བསམ་གྱིས་མི་ཁྱབ་པས། རྒྱལ་བ་གདྷའི་ཀླུང་གི་བྱེ་མ་སྙེད་ལ། དུས་གཅིག་ལ་ནམ་མཁའ་གང་བའི་མཆོད་པ་བྱས་ནས། །བསྐོར་ཏེ་གཅིག་ཏུ་འདུ་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་པོ་བོ་དྷི་ཙིརྟི་ས་མ་ཡ་གུ་རྒྱ་གསྟོ་ཨ༷་ཏྲ༷་ཧུ༷་ཧྲི་གྲྭ་ཧྭ། ཨ་ལ་ལ་ཧོ། བསྡུ་བ་གཏན་ལ་དབབ་པ་བཤད་དུ་གསོལ། ཞེས་གསོལ་པ་ལས། ཀྱེ་སེམས་དཔའ་ནམ་མཁའི་སྙིང་པོ་མཆོག །རྩ་བ་སེམས་ལས་གཞན་མ་ཡིན། །བསྐལ་པ་འབུམ་གྱི་བྲདྷ་ཡང་། །བྱང་ཆུབ་སེམས་ལས་གཞན་དུ་མེན། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །སེམས་ལས་གཞན་པ་ཡོངས་ཀྱི་མེད། ཁུ་འབྲས་སེམས་དཔའ་སེམས་ཀྱི་མཆོག །སྟོན་པ་གནས་སུ་སྟོན་པ་འཁོར། །སེམས་ཉིད་མ་ཡིན་མིན་པར་བཤད། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་ཡི་སྐུ་སྟེ་སྐུ་ཉིད་ཆེ། །གསུང་ནི་མ་ལུས་ངོ་བོ་གསུང་། །མ་ལུས་བསྡུས་པས་ཀུན་གྱི་མཆོག །ཆོས་ཀུན་འདུས་པས་བལྟས་པ་མེད། །ལྟ་སྤྱོད་དཀྱིལ་འཁོར་དབང་རྣམས་དང་། །སྒྲུབ་པ་འབྲས་བུ་ལ་སོགས་དང་། །སེམས་ལས་མ་རྟོགས་ཡེ་ནས་མེད། །མ་ལུས་བདག་ལས་གཞན་མིན་ལ། །བདག་ཀྱང་ནམ་མཁའ་ལྟ་བུ་སྟེ། །དེ་ལ་མཚོན་པའི་མཐའ་ལས་འདས། །དེ་ལ་བརྟག་ཅིང་དཔྱད་དུ་མེད། །དེ་ལ་གཟུང་འཛིན་ཕྱི་ནང་མེད། །ནམ་མཁའ་ལྟ་བུའི་མཚན་ཉིད་དེ། །ལུང་དང་མན་ངག་རྟོགས་པས་འགྲུབ། །ཆོས་རྟགས་ཕྱག་རྒྱ་རྣམས་ལྡན་པས། །འདི་ལ་ཕྱོགས་ཙམ་ཤེས་འགྱུར་གྱིས། །གང་དག་མཚན་མ་རྟོགས་སྒོམ་ཞིང་། །ཆེད་བྱས་འཛིན་རྟོག་ལ་གནས་པ། །བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུ། །དཔྱད་ཀྱང་ཤེས་པར་མི་འགྱུར་རོ། །དེ་ཕྱིར་གསང་བ་དམ་པ་འདི། །གང་གི་ཡུལ་དུ་མི་འགྱུར་བས། །བསླད་པས་བསླད་དེ་སླར་བཅིངས་པ། །འཛིན་པའི་ཕུར་པ་ཆེན་པོར་འགྱུར། །འཛིན་མེད་ནམ་མཁའ་ལྟ་བུའི་ལུས། །མི་དམིགས་མཁའ་ལྟར་རྣམ་པར་གྲོལ། །མི་གནས་མི་རྟོག་མཐའ་ལས་འདས། །ནམ་མཁའི་མཐའ་དང་མཉམ་སྦྱོར་བས། །ཕྱོགས་མཚམས་ཀུན་ལ་ཁྱབ་པར་གནས། །འོན་ཀྱང་ནམ་མཁའི་རྒྱུད་ལས་གྲོལ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། བསྡུས་པ་གཏན་ལ་ཕབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་འཁོར་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རིན་ཆེན་ལ་སོགས་པ་ཕྱོགས་བཅུ་འཇིག་རྟེན་གདྷའི་ཀླུང་གི་བྱེ་མ་སྙེད་ནས་འདུས་པ་ཐམས་ཅད་ཀྱིས། རྒྱུད་ཀྱི་བདག་པོ་རྒྱུད་ཉིད་བསྡུ་བ་པོ་མཛད་པའི་ཚུལ་རིག་པས་མགྲིན་གཅིག་ཏུ་བསྟོད་པ། ཨེ་མ་སྙོམས་མཛད་བྱམས་པའི་ཆར་ཆེན་འབེབས། །བདག་ཉིད་མ་མཛད་ཀུན་བསྒྲལ་འཁོར་བ་དུས་གཅིག་སྐེམས་མཛད་པ། །མེ་ལྟར་སྲེག་མཛད་རླུང་ལྟར་སེལ་མཛད་ཅིང་། །བརྟེན་མཛད་སྟོང་མཛད་ཀུན་གྱི་བཤེས་གཉེན་གཙོ། ཁྱོད་ཀྱི་རང་བཞིན་མཁའ་ལྟར་ཁྱབ་གནས་རྒྱུན་མི་འཆད། །ཀུན་གྱི་དོན་མཛད་ཀུན་ལ་བུ་གཅིག་འདྲ་བར་སེམས། །ཀུན་ཏུ་སྐུ་དང་གསུང་ཐུགས་ཡོད་ཏན་འཕྲིན་ལས་ཀྱིས། །ཇི་ལྟར་འདུལ་བ་སྟོན་པ་ཡེ་ཤེས་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྟོན་པའི་བཀའ་སྡོད་རྒྱུད་ཀྱི་དོན་ལ་སེམས། །རྒོལ་བ་བདུད་འཇོམས་མུ་སྟེགས་ངན་འཇིགས་བྱེད། །བསྟོད་བསྐུལ་གསོལ་འདེབས་ཆོས་ཀྱི་དོན་གསུང་བ། །ནམ་མཁའི་སྙིང་པོ་རང་བྱུང་བཅོམ་ལྡན་འདས། །འགྱུར་མེད་རྫོགས་པ་ཆེན་པོའི་ངང་ལ་གནས། །གསང་བདག་སྡུད་པའི་མཆོག་ལ་ཕྱག་འཚལ་བསྟོད། །མཐོ་དམའ་སྤོང་ལེན་མེད་པས་ཀུན་ཏུ་བཟང་། །ནམ་མཁའི་མཐའ་ལྟར་གནས་པས་དཔག་པར་དཀའ། །རྒྱ་མཚོའི་གཏིང་ལྟར་གནས་པས་ཐུག་པ་མེད། །འགྲོ་བའི་རེ་བ་བསྐོང་ཞིང་སྒྲིབ་པ་འཇོམས། །མ་རིག་མུན་པ་སེལ་བའི་གཅོང་འབྱིན་པ། །སྨན་གྱི་རྒྱལ་པོ་ཀུན་གྱི་ལམ་པོ་ཆེ ཐབས་ཆེན་སྒོ་ཡངས་ཚེགས་མེད་དོན་པོ་ཆེ། །མ་བཙལ་བདེ་བ་ཆེན་པོའི་ངང་ཉིད་ཅན། །གསེར་གྱི་གླིང་ལྟར་འགྱུར་མེདདེབཞིནཉིད། །འགྲོ་བ་སྒྲོལ་བྱེད་སྒྲོ་སྐུར་ཀུན་ལས་འདས། །དོན་དམ་རྒྱལ་བའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །རྒྱལ་བ་ཐམས་ཅད་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ། བུརྙ་གདྷའི་ཀླུང་གི་བྱེ་མ་སྙེད་སྲས་དང་བཅས་པ་ཉིད་ཀྱི་ཐུགས་ལ་བསྡུས་ཏེ། །ཐུགས་སྙིང་པོ་བྱང་ཆུབ་ལ་དགོངས་ནས། །དེ་བཞིན་ཉིད་དུ་དམིགས་ཏེ་ཅང་མི་གསུང་བར་གྱུར་ཏེ། །འཁོར་རྡུལ་སྙེད་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། དེ་ཉིད་རྗེས་སུ་ཡི་རང་ཞིང་བཅོམ་ལྡན་འདས་ལ་བསྔགས་ཏེ། རྒྱལ་བ་མ་ལུས་པ་ཐམས་ཅད་ཀྱང་མངོན་པར་དགྱེས་པར་གྱུར་ཏོ། །བྱང་ཆུབ་ཀྱི་སེམས་ནམ་མཁའ་རྒྱ་མཚོ་ཆེན་པོའི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་ཉི་ཤུ་བའོ།། །།བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཀློང་ཆེན་རབ་འབྱམས། རྒྱལ་བ་གདྷའི་ཀླུང་གི་བྱེ་མ་སྙེད།ནམ་མཁའ་རྒྱ་མཚོ་རོལ་པ་ཆེན་པོའི་སྣང་བ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ། །རྒྱས་བཏབ་པའོ།། །།