Ngb-pt-0717-vol-08-text

From Rangjung Yeshe Wiki Texts
Revision as of 11:47, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-700-799/ngb-pt-0717-text.docx.wiki to Ngb-pt-0717-vol-08-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བོདྷི་ཙིཏི་བཛྲ་ས་མ་ཏི་ན་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུའི་བསམ་གཏན་ཅེས་བྱ་བ། ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་རྣམས་མ་ལུས་འབྱུང་བའི་གཞི། །ཐིག་ལེ་ཆེན་པོའི་རང་བཞིན་ནི། །རྡོ་རྗེ་སྙིང་པོ་རང་འཁྲུངས་དཔལ། །སྣང་དང་བརྗོད་པའི་མཐའ་ལས་གྲོལ། །རྒྱལ་བའི་དགོངས་པ་འབྱུང་བའི་གནས། །རྣལ་འབྱོར་གསུམ་གྱི་མེ་ལོང་དུ། །སྤྲོས་བྲལ་སེམས་ཀྱི་ངོ་བོ་ཉིད། །དབྱེར་མེད་ཉིད་བཞི་ངོ་སྤྲད་པས། །ངོ་བོ་ཉིད་དེ་མཐོང་གྱུར་ནས། །རྟོག་བཅས་ཡུལ་ལས་གྲོལ་བ་དང་། །མི་རྟོག་ཡེ་ཤེས་ཤར་བའི་ཕྱིར། །བདེ་བ་ཆེན་བོའི་རྟགས་གསུམ་འཆར། །འདུ་འཕྲོད་དབྱིངས་སུ་དག་པ་དང་། །རིག་པ་ཡེ་ཤེས་ཡུལ་མེད་པས། །ཆོས་ཉིད་མ་དང་ཕྲད་པའི་ཕྱིར། །དགོངས་པ་ཀུན་གྱི་མཆོག་ཅེས་བྱ། །དབྱིངས་ཀྱི་མཁའ་འགྲོ་རྣམ་ལྔ་ཡིས། །དགོངས་པའི་ངང་ལས་རིག་པ་ནི། །གཟི་ལྡན་འབར་བའི་སྙིང་པོ་བཞིན། །དེ་ཉིད་མ་བཅོས་ངང་ལ་ཞོག །རིགས་དང་སྐུ་མདོག་ཕྱག་མཚན་དང་། །ཡི་གེ་སྙིང་པོ་འཕྲོ་འདུ་ཡང་། །མ་བཀག་དབྱིངས་སུ་གྲོལ་བའི་ཕྱིར། །ཀུན་ཏུ་བཟང་པོ་ཉིད་དུ་ཟུང་། །དབྱིངས་ཀྱི་སྙིང་པོ་ཡེ་ཤེས་ཉིད། །སེམས་ཀྱི་དཀྱིལ་འཁོར་དངས་པ་ལ། །ཡེ་ཤེས་ལྔ་རུ་ཤར་བའི་ཕྱིར། །ཀུན་ཏུ་བཟང་པོ་ཉིད་དུ་ཟུང་། །བདེ་གསལ་དབྱིངས་དང་ཡེ་ཤེས་ཀྱིས། །ངང་ལས་མ་སྤངས་རྟོག་པ་ཡི། །མཐུ་དང་བྲལ་ང་་དེཆེན་ངང་ཤེ་་ངང་ང་མེ་་མིགྱེ༄༅ བའ་ང་བ་ལ། །བ ་བ་ ་པ་ཉད་དུ་ཟུང་། །བྱང་ན་ཡ་ ས་འཆར་སྒ་ལྟ། །རྒད་པ་དབྱངས་ཀྱ་ངང་ལ་ཞག །བྱང་རྒད་ ད་པར་སྙམས་པ་ན། །དབང་པ་ ་བསྡམ་ཡན་དུ་ད ར། །སྐུ་དང་གསུང་་ངང་་ངངངང་ང་་ངསྙི་ཚོ་ངཔེངདྲིམེང་ཤེདང་ཐུགས་ཡན་ཏན། །འཕྲན་ལས་ཉ་ཤུ་རྩ་ལྔ་ཡང་། །ང་བ་ཉད་དུ་གཅག་བའ་ཕྱར། །འབྲས་བུ་མངན་དུ་གྱུར་བའ་མཆག །བླང་དར་བྲལ་བའ་ ང་པ་ལ། །མ ་དང་འ་མའ་ད ་བཞན་ཏུ། ། ་མ་ ད་པའ་ཡ་ སཀྱིས། །མ་ནོར་སྙིང་པོ་དམིགས་ནས་ཟུང་། །ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་ཡི། །བསམ་གཏན་མན་ངག་མདོར་བསྡུས་འདི། །སྐལ་ལྡན་རིགས་ཀྱི་བུ་མཆོག་དང་། །མཐའ་ཡས་སེམས་ཅན་འདྲེན་པར་ཤོག །རྒྱུད་ལུང་ལེའུ་གཉིས་པའི་གདམས། །ཨུ་རྒྱན་གྱི་མཁན་པོ་པདྨ་ས༷་བྷ་བའི་ཐུགས་དམ་རྫོགས་སོ།། །།དགེའོ།། །།