Property:CyzChp1-10

From Rangjung Yeshe Wiki Texts
Jump to navigation Jump to search
Showing 1 page using this property.
C
།ཡེ་ནས་ལྷུན་གྱིས་གྲུབ་པའི་དབྱིངས་རུམ་འདིར། །འཁོར་བ་ཀུན་བཟང་མྱ་ངན་འདས་པ་བཟང༌། །ཀུན་བཟང་ཀློང་ན་འཁོར་འདས་ཡེ་ནས་མེད། །སྣང་བ་ཀུན་བཟང་སྟོང་པ་ཀུན་ཏུ་བཟང༌། །ཀུན་བཟང་ཀློང་ན་སྣང་སྟོང་ཡེ་ནས་མེད། །སྐྱེ་ཤི་ཀུན་བཟང་བདེ་སྡུག་ཀུན་ཏུ་བཟང༌། །ཀུན་བཟང་ཀློང་ན་བདེ་སྡུག་སྐྱེ་ཤི་མེད། །བདག་གཞན་ཀུན་བཟང་རྟག་ཆད་ཀུན་ཏུ་བཟང༌། །ཀུན་བཟང་ཀློང་ན་བདག་གཞན་རྟག་ཆད་མེད།  +