Ngb-pt-0788-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། །ཨུ་རུ་དེ་བི་ཀྭ་ལི་ཙཀྲ་ཙིསྟ་ཏན་ཏྲ། །བོད་སྐད་དུ། འཕགས་མ་ཨེ་ཀ་ཛ་ཞི་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །འདོད་ཁམས་དབང་དུ་སྡུད་ཅིང་དབང་བྱེད་པའི་སྲིད་པའི་སྲིད་པ་ཐམས་ཅད་ཀྱི་མངའ་བདག་གནོད་སྦྱིན་ཐམས་ཅད་ཀྱི་རྗེ་མོ་ཞིག་རྒྱ་གར་གྱི་ཡུལ་མེ་རི་འབར་བའི་རྩེ་ཉིན་ཞིང་རླུད་འ་་པ། །མཚན་ཞིང་རོའི་རང་བཞིན་དུ་འགྱུར་བ་ཞིག་ན་བཞུགས་ཏེ། །དེའི་ཚེ་འཕགས་པ་རེ་མ་ཏི་འཁོར་སུམ་བརྒྱ་དག་དང་ལྷན་ཅིག་ཏུ་བཞུགས་ཏེ། །དེ་ཡང་གང་ཞེ་ན། །འདོད་ཆགས་ཀྱི་ཆོས་ཅན་བརྒྱ་ཉི་ཤུ། །ཞེ་སྡང་གི་ཆོས་ཅན་བརྒྱ་ཉི་ཤུ་དང་། །གཏི་མུག་གི་ཆོས་ཅནབརྒྱ་ཉི་ཤུ་རྣམས་སོ། །དེ་དག་ལ་སྦྱོར་བའི་བདག་མོ་དང་། །གཞན་མི་འཇུག་མ་དང་། །རྨོངས་པ་མོ་ཞེས་པས་སོ། །དེ་དག་གི་འཁོར་དུ་གཏོགས་པ་གང་ཞེ་ན། །གནམ་ནར་སྟོང་པའི་ཡེ་ནར་མོ་དང་། །དུག་གཏོར་བའི་ཕུང་བྱེད་མ་དང་། །ཁྲག་ནད་འབེབས་པའི་གློག་མ་སྲིན་དང་། །དེ་ལ་སོགས་པའི་ལམ་དང་། །ཁྲི་སྨན་དང་། །དྲེའུ་སྣ་མ་དང་། །སྐྱིན་མཐིང་མ་དང་། །འཇུག་བྱེད་མོ་དང་། །སྲིན་མོ་དང་། །དེ་ལ་སོགས་པ་དཀར་མོ་དང་། །སེར་མོ་དང་། །དམར་མོ་དང་། །ཁྲག་མོ་དང་། །སྨུག་མོ་དང་། །སྔོན་པོ་དང་། །ལྗང་ཁུ་ལ་སོགས་པ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་དག་གིས་ཕྱོགས་བཅུ་ཀུན་ནས་ཡོངས་སུ་བསྐོར་ནས་གནས་ཏེ། །ཕྱོགས་དག་ནས་འདི་སྐད་ཅེས་གསོལ་ཏོ། །སྲོག་རྩ་གནད་ལ་དབབ་པའི་ཕྱིར། །སྲོག་གི་དབང་ཐོབ་དམ་ཅན་མ། །སྲིད་གསུམ་སྒྲོལ་པའི་དབང་ཐོབ་མ། །སྒྲོལ་ལ་བརྩོན་པའི་དབང་སྩོལ་ཅིག །དེ་སྐད་ཅེས་གསོལ་བ་དང་། །སྲིད་པའི་གཙོ་མོ་ཨེ་ཀ་ཛ་ཏིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ལས་ཀྱི་རྣལ་འབྱོར་ནང་གི་གོང་། །སྲིད་པ་གསུམ་པོ་འདུལ་པའི་ཞིང་། །འགྲོ་བ་རིགས་དྲུག་བསྣག་པའི་ལས། །སྲིད་པ་གསུམ་ལ་དབང་གྱིས་ཤིག །ཅེས་གསུངས་སོ། །དེ་ནས་གཤོག་པ་རྡོ་རྗེ་རིན་ཆེན་གསུམ་གྱི་ཕྱག་རྒྱས་དབང་དུ་བསྡུས་ཏེ་དམ་ལ་བཏགས་སོ། །དེ་ནས་གནོད་སྦྱིན་མོ་རྣམས་ཀྱིས་གསོལ་པ། །ཀྱེ་རྡོ་རྗེ་ཁྲོ་མོ་རལ་པ་གཅིག་མ། །འཇིགས་པའི་གཟུགས་ཅན་མ། །འདོད་པའི་ཁམས་ཐམས་ཅད་དབང་བྱེད་པའི་ནག་མོ་རེ་མ་ཏི་འདི་སྔོན་སྐྱེ་བ་གང་བླངས། ཁུ་འམ་ལས་ཇི་ལྟ་བུ་ཞིག་ལས་གྲུབ། །འདུལ་པའི་དབང་གང་ཐོབ། །ད་ལྟར་ཞལ་མཐོང་པ་ལེགས་སོ། །ཞེས་གསོལ་པ་དང་། །རལ་པ་གཅིག་མས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདོད་པའི་ཁམས་ཐམས་ཅད་ལ་དབང་བྱེད་པའི་ནག་མོ་རེ་མ་ཏི་འདི། །སྔོན་ལྷ་སུམ་ཅུ་རྩ་གསུམ་གྱི་མདངས་ལས་སྦྲུལ་ལོ། ཁུ་ཡང་དེ་ཡིན་ནོ། །ལས་ནི་ལྷ་མ་ཡིན་གྱི་གཡུལ་བཟློག་གོ། །འདུལ་པའི་དབང་ནི་སྲིད་པ་གསུམ་ན་གནས་པ་ཐམས་ཅད་འདུལ་པའི་དབང་ཐོབ་བོ། །དེ་ནས་རིམ་པ་ནས་རིམ་པར་སྤྲུལ་ནས་ལས་ཐམས་ཅད་བྱེད་དོ། །ད་ལྟར་ལས་ཐམས་ཅད་ཀྱི་སྒོ་ནས་ལས་མཐུན་པས་ཞལ་མཐོང་བ་ཡིན་ནོ། །ད་ནས་ཡང་གནོད་སྦྱིན་མོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །འདོད་ཁམས་འདུལ་པའི་དབང་ཐོབ་པའི་ནག་མོ་རེ་མ་ཏི་འདི། །སྔོན་ལས་ཀྱི་དབང་དང་། །ཟས་ཀྱི་དབང་དང་། །འདུ་བྱེད་ཀྱི་བསྟན་པ་ཇི་ལྷར་བསྲུངས་ཅེས་གསོལ་བ་དང་། །བཀའ་སྩལ་པ། །འདོད་ཁམས་འདུལ་པའི་དབང་ཐོབ་པ་འདི། །ལས་ཀྱི་གདོན། །མ་མ་་ག་རག་ཤ་མའི་རག་མོ་དུན་སྨྱོ། །མ་ཧྭ་ཡོ་ཀི་མ་སྨྱོ། །ཏིག་ནག་མོ་དུན་སྨྱོ། །ཡུལ་རྣམས་སྤངས་ལ་ཡུལ་ལ་གཞུག །བཟླས་པའི་སྔགས་ཀྱང་ཡུལ་ལ་འཇུག །ཡུལ་བྱ་བྱེད་དང་བྱ་བ་ཡིན། །བྱ་མི་བྱེད་དུ་གཞུག་པར་བྱ། །དམིགས་བྱ་རྨི་ལམ་བཞིན་དུ་བརྟགས། །དེ་ནི་ཀུན་རྫོབ་དོན་དམ་མོ། །བསྐྱེད་དང་སྤྱན་དྲངས་བཞུགས་སུ་གསོལ། དེ་ལ་ཕྱག་འཚལ་མཆོད་དབུལ་དང་། །དེ་དག་གསང་བའི་རིམ་པ་འདིའོ། །ནག་མོ་ཏིང་ལམ་མ་མ་དུན་སྨྱོ་ཛ༷༷ཧཱུཾ༷་བ༷་ཧོ། །ནག་མོ་ཏིང་ལ༷་དུན་སྨྱོ། །བཛྲ་ཡག་མོ་ཤ་ཏི་སྟ་ས་མ་ཡ་སྟུ༷། །བཛྲ་དུན་ཏིང་ན་མ་ཡ་ཧའི། །བཛྲ་ཡསྒ་རག་མོ་ཁ་རག་སྨྱོ། །སརྦ་རག་མོ་སྒག་རག་ཤ་ཁུ་ཧི། །སྙིང་རྩ་འདུས་འདུས་ས་མ་ཡ་ཁུ་ཧི། །དྲི་པ་ཤ་ཛ་ལ་མི་ཏི་ཁུ་ཧི། །རྟོག་པ་མེད་པར་བྱ་བ་སྟེ། །རྟོག་པ་མེད་པས་མེད་མི་བྱ། །དེ་ལ་རྟོག་པས་མེད་མི་བྱ། །དེ་ལ་རྟོག་པ་བསྐྱེད་པར་བྱ། །དངོས་པོ་སྤང་པར་བྱ་བ་སྟེ། །དངོས་པོ་སྤངས་ནས་དངོས་པོ་བརྟག །དངོས་པོ་ཅན་གྱིས་མཆོད་པར་བྱ། །སྡོམ་པའི་དངོས་པོ་མི་དམིགས་ཏེ། །མི་དམིགས་སྡོམ་པས་བཞུགས་སུ་གསོལ། །བཅོས་པའི་སྒོ་གསུམ་རབ་སྤངས་ཏེ། །སྤངས་ནས་བསམ་པ་སྒོ་གསུམ་བརྟག །སྒོ་གསུམ་དང་པས་ཕྱག་འཚལ་ལོ། །དངོས་པོ་རྟག་པར་མི་བྱེད་ཀྱང་། །ཀུན་རྫོབ་རྫས་ལ་མཆོད་པར་དབུལ། །དེ་ནས་བདུད་རྩི་ལྔར་བབ་པས། །སྡོམ་པའི་དབང་དུ་བཞུགས་སུ་གསོལ། །ནག་མོ་སྲོག་གི་འཁོར་ལོའི་རྒྱུད་ལས། །གསང་སྔགས་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ། །དེ་ནས་མ་མོ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། །ཐུགས་ཀྱི་བདག་མོ་ཨེ་ཀ་ཛ་གིས་གནོད་སྤྱིན་གདུག་པ་ཅན་གདུལ་པའི་དོན་དུ། །ནག་མོ་སྲོག་གིས་གསད་ཐིག་འདི་ཆེད་དུ་བརྗོད་དོ། །དང་པོསྔགས་པ་གང་ཡིན་པ་ཞིག་གིས། །གདུག་པའི་རྫས་ཉུངས་ཀར་དང་། །ཡུངས་ནག་དང་། །སྐེ་ཚེ་དང་། །ཏིལ་ནག་པོ་དང་། །མི་ཁྲག་སྐམ་པོ་དང་། །བོང་བུ་ནག་པོའི་ཁྲག་དང་། །བྱ་རྒོད་ཀྱི་ཁྲག་དང་། །དུར་བྱའི་ཁྲག་དང་། །སྦྲུལ་ནག་པོའི་ཁྲག་དང་། །བྱ་ཤ་ཟན་སྣ་ཚོགས་ཀྱི་མཆུ་སྡེར་དང་། །གཅན་གཟན་སྣ་ཚོགས་ཀྱི་མཆེ་སྡེར་དང་། །དོམ་ནག་པོའི་ཀླད་པ་དང་། །མཚེ་ཕྱེ་དང་། །ཕ་བོང་གི་དྲག་པ་དང་། །ར༷་བུ་དང་། །དུག་ཐར་ནུ་དང་། །དུག་ཐང་ཕྲོམ་དང་། །ར་དུག་པ་དང་། །རེའུ་ལྕག་པ་དང་། །བཙན་དུག་དང་སྦྱར་དུག་དང་། །དེ་ལ་སོགས་པའི་རྫས་ཐམས་ཅད་རབས་ཅད་ཀྱི་ཐོད་པ་དུག་དང་ཁྲག་གིས་བྱུགས་ཏེ། །དེར་བླུགས་ལ་རང་གི་མལ་འོག་ཏུ་དོང་གྲུ་གསུམ་སུམ་བརྩེག་ཏུ་བྲུས་ལ། །དེར་ཙྭ་དང་དུག་ཤིང་གི་དཀྱིལ་དུ་བཅུག་ལ། །ཁ་གཡམ་པ་ནག་པོས་གཅད་ལ། །སྔགས་པས་ལུས་ལ་གོས་ནག་པོ་གྱོན་ལ་མཚན་མ་བཏབ་ནས་སྔོན་དུ་བསྙེན་པའི་སྔགས་བྱེ་བ་དང་དུང་ཕྱུར་དུ་མི་ཚིག་གིས་བར་མ་ཆོད་པར་བྱ་སྟེ། །ཧ་ཅང་ཆེ་བར་ཡང་མི་བཟླས། །ཧ་ཅང་ཆུང་བར་ཡང་མི་བཟླས། ཁྲེན་ཏུ་བར་མ་ཆད་པར་བཟླས། །དེ་ནས་གསང་བའི་མཆོད་པ་གྲྭ་ཟུར་མ་ཆད་པར་དབུལ་ལོ། །དེ་ནས་དཔལ་ལྡན་ལྷ་མོ་དབང་བསྐུར་ཏེ་གསང་པའི་དམ་ཚིག་བསྲེ། །སྦྱོར་བ་དངོས་སུ་བྱ། །དེ་ནས་ཐུན་བུག་པར་བསྒྲུབས་ཏེ། །དབུགས་ཕྱིར་མ་ཤོར་པར་བཟླས། །མ་མ་སྒག་རག་ཤ་ཁ་མུ་ཏྲ་མ་རུ་ལུ་རུ་ལུ་སྨྱོ། །སྒག་རག་ཤ་ཁ་མུན་ཏྲ། །དུར་མ་ཏི་རག་མོ་ཛ། །མ་མོ་ཧུར་ཐུམ་ལོ་ཙ་ན་སྙིང་ཁ་ལ་རག་ཤ་རྦད། །ག་ས་ཙིསྟ་བ༷་གལ་ལུབ་མྱིས་སྙིང་ཁྲག་ཧ་པྲ་རུ་རུ་ཐུམས། །ཧེ་ཐུམ་དུ་ཐུམ་པྲ་མ་ཐུམ་ནེ་ཐུམ་ཞི་ནི་ཐུམ་ཨི་ཨུ་ཨ་ས་ན་ཡ་ཐིབས་ཐིབས། །ལིང་ཤར་ཡ་དེས་སོད། །ས་མ་ཡ་ཏི་སྟ་མ༷་མ་རུ་ཐིབས་ཐིབས། །ཐ་པྲ་བུར་ཁ་བ༷་ཡ༷་ཐུ་རུ་ལི་ལི། །ཐིག་ནིག་ཅིག་མེད་གཉིས་དྲུག་བརྒྱད་གཅད་གནམ་མཐོངས་ཕྱེ། །ལྕགས་སྒྲོག་ཁྲོལ་མི་རང་སོད། །བཛྲ་ནེ་ཕཊ་བཛྲ་ཏེ་ཕཊ། ། བཛྲ་རྫད་ཏེ་ཕཊ། །བཛྲ་ཨེ་ཧི་ཨེ་ཧིང་ནཱ་ག་ལེ་སུམ་པ་ལེ་སུམ་པ་ལེ་ཙིན་ཡངཁ་ཤ་བ༷་ཁ་ཤ་བ༷་མ་དུད་སྨྱོ། །མི་ཚིག་གིས་བར་མ་ཆོད་པར་བསྒྲུབས་ན། །ཁོལ་དང་འབར་བར་འབྱུང་ངོ། །དེ་ལྟར་བྱུང་བ་དང་། །དགྲ་བོའི་གདོང་དང་། །དུར་མཆད་དང་། །ཕས་ཀྱིས་འོང་བའི་གདོང་གསུམ་འདྲ་སྟེ། །དགྲ་བོའི་ཀླད་པ་ཡ། །སྙིང་ལ་ཡ། །དབང་པོ་ལ་ཡ། །ཙཀྲ་ཧྲི་མ་མ་རྦད། །མ་མ་མྱོས་གུག་ཙར་ལིང་། །ལང་ཏོ་རྦད་སྙིང་ཏོ་རྦད། །ཙ་མོ་དྷི་སྟི་ནི་ཁ་ཤ་རྦད། །ཅེས་འཕང་ངོ། །དུར་དུ་གཞུག་ན་གཟའ་ཕུར་བུ་ལ་ནམ་ཕྱེད་ཙམ་ན་དགྲ་བོའི་ཡུལ་འཁོར་གྱི་ལྷ་ལ་སོགས་པ་ལ་དབྱེ་བསལ་བྱས་ལ། །དེ་ནས་ཐོད་པ་གནན་པ་བྱས་ལ། །མ་མོ་གཟིར་ནོན་གྱི་སྔགས་བཟླས་སོ། །ཡང་ན་མི་མཐུན་པ་སོ་སོས་སྤྲད་དོ། །ནག་མོ་སྲོག་གི་འཁོར་ལོའི་རྒྱུད་ལས། །སྲོག་གི་གསད་ཏིག་གི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མ་མོ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། །ཐུགས་ཀྱི་བདག་མོ་རལ་པ་གཅིག་མས་གནོད་དང་སྦྱིན་རེ་མ་ཏི་བར་སྙན་ཅིང་བསྒྲུབ་པའི་གནས། །རྫས་བསྐྱེད་པའི་ཐབས་འདི་ཆེད་དུ་བརྗོད་དོ། །དང་པོ་སྔགས་པ་གང་ཡིན་པས་རི་ནག་པོ་འམ། །ཁང་རུལ་ལམ། །མི་རོ་གསར་རྙིང་མང་པོ་ཡོད་པ་འམ། །ཆུ་གསུམ་འདུས་པའི་མདོ་འམ། །རི་གསུམ་འདུས་པའི་རྩེ་འམ །བྲག་ནག་ཕོ་ངོ་བརྒྱར་འདུག་པ་འམ། ཁེན་ཏུ་དབེན་པར་སོང་ལ་རྫས་དང་ཡ་སྟག་བསོག་པར་བྱ་སྟེ། །བན་དྷ་ལྕང་ལོ་ཅན་གཅིག་གི་ནང་དུ་སྨན་ཕུད་དང་། །རཀྟ་དང་། །སྨན་སྙི་ཧང་དང་། །ག་པུར་རྣམས་འཚོགས་པའི་སྨན་དང་། །ལོ་མའི་སྨན་དང་། །འབྲས་བུའི་སྨན་དང་། །བབ་ཀྱི་སྨན་དང་། ཁྲ་ཆེན་དང་། །ཚལ་ཆེན་དང་། །རཀྟ་སྦྱར་ལ་བག་ཕྱེ་ལ་གཏོར་མ་བྱས་ལ་གཞག་གོ། །བན་དྷ་ལྕང་ལོ་ཅན་གཅིག་གི་ནང་དུ། །ཏྲག་རག་ཤ་མ་མ་ཁ་ཤ་ཛ་ལ་ཧྲི། །ཞེས་སྙིང་པོར་ཁྲག་གིས་བྲིས་ལ་ཁ་སྤུབ་ལ་རྟགས་མ་བྱུང་བར་དུ་རྟར་བཟུང་ངོ། །གྲུ་པའི་རྟགས་བྱུང་བ་དང་བན་དྷ་ཁ་ཡར་བསྟན་ལ་འཛའ་གད་ཀྱིས་བཀང་པ་དངོས་གྲུབ་ཏུ་བྱས་ལ་བླང་ཞིང་ལྷ་མོ་ལ་གསོལ་ལོ། །ཧཱུཾ༷་རག་ཤ་ས་དུ་ཧཱུཾ༷། །བཛྲ་ས་ཏྭ་ཧཱུཾ༷། །ཙིསྟ་ཙིསྟ་ནན། །ཏྲ་ཐ་ཕཊ་ནན། །གཉིས་སུ་མེད་པའོ། །བན་དྷ་གཅིག་གི་ནང་དུ་ར་ཁྲག་གང་། །མི་ཁྲག་དང་། །རྟ་ཁྲག་དང་། །ཕག་ཁྲག་བླུགས་ལ་གཞག་གོ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བར་བྱ་སྟེ། །དཀྱིལ་འཁོར་གྲུ་བཞི་གྲུ་གསུམ་ཁྲུ་གང་དུ་བྱས་ལ། །དབུས་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་གྲུ་ཆད་ལྗང་ཁུར་བྱའོ། །དེའི་དབུས་སུ་གཉེན་པོ་རྣམ་པ་གསུམ་གང་ཡང་རུང་བ་ཅིག་དགོད། །ཏིང་ངེ་འཛིན་གྱིས་ཀྱང་དེ་ལྟར་བསམ། །བྱང་ཤར་གྱི་ཟླ་གམ་ལ་མི་རོ་རྟ་རོ་གཅལ་བཀྲམ་པའི་སྟེང་དུ་རེ་མ་ཏི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །གཡས་དང་པོ་ན་ཁ་ཊ༷་ཁ་རྩེ་གསུམ་བསྣམས་པ། །འོག་མ་ན་ལྕགས་ཀྱི་ཕུར་པ་འདྲིལ་བ། །གཡོན་དང་པོ་ན་འཕྲུལ་གྱི་མེ་ལོང་ཕྱིས་ཤིང་ལྟ་བ། །གཡོན་གྱི་འོག་མ་ན་སྦྲུལ་གྱི་ཞགས་པ་འཕེན་པ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ལ་བཙན་དཀྱིལ་དུ་བཞུགས་པ། །དབུ་སྐྲ་རལ་པའི་ཐོར་ཚུགས་གནམ་དུ་འགྲེང་བ། །རལ་པའི་ཟར་བུ་ལ་གསེར་དང་མུ་ཏིག་གིས་བརྒྱན་པ། །སྐུ་ལ་ཞིང་ཆེན་གྱི་གཡང་གཞི་དང་སྟག་ལྤགས་ཀྱིས་ཀྱང་བརྒྱན་པ། །སྦྲུལ་ནག་གིས་ཡན་ལག་བརྒྱན་པ། །དར་གྱི་ཅོད་པན་ཕྱོགས་སུ་འཕུར་བ། །གོག་སྦྲོག་གི་མཚམས་ན་གཡུའི་རྡོ་རྗེ་རྒྱ་གྲམ་ཡོད་པ། །མཐིང་ཤུན་གྱི་གུར་ཕུབ་པའི་ནང་ན་འཁོར་ནག་མོ་སྟོང་གི་མཐའ་བསྐོར་ནས་བཞུགས་པར་དགོད་དོ། །ཏིང་ངེ་འཛིན་གྱིས་ཀྱང་དེ་ལྟར་བསྐྱེད་དོ། །ཤར་ལྷོའི་ཟླ་གམ་ལ་སྲིད་གསུམ་རྩལ་འབྱིན་ཁྲོ་མོ་རུ་རུ་སྩལ། །དུ་ར་ཕག་པ་ཁ་བརྒྱད་མིག་སྟོང་ལ་ཞོན་ནས་ཕྱག་ན་དར་མདུང་ནག་པོ་བསྣམས་པ་བསྐྱེད་དོ། །ནུབ་བྱང་གི་ཟླ་གམ་ལ་མ་མོ་ལྕགས་ཀྱི་བྱ་ཁྲ་སྔོན་མོ་ཅན། །མདོག་སྔོན་པོ་ཙ་ར་ཁམ་རོག་ལ་ཞོན་པ། །ཕྱག་ན་ཤ་གླང་རྒྱ་གྲམ་པ་གཅིག་བསྐྱེད་དོ། །དེའི་ཕྱིར་རིམ་དུ་གྲུ་ཆད་བཞི་ལ་དུང་གི་སྤྱང་མོ་སུམ་བརྒྱ་དྲུག་ཅུ་བསྐྱེད་དོ། །གཞན་ཡང་ནམ་མཁའི་བུ་མོ་གློག་འགྱུར་ནག་མོ་ལ་སོགས་པའང་དགོད་པ་དང་བསྐྱེད་པར་བྱའོ། །དེ་ནས་འཁོར་བདུད་ཕྲན་སུམ་བརྒྱ་དྲུག་ཅུ་འང་། །མོས་པའི་སྒོ་ནས་མངོན་སུམ་པར་བསྐྱེད་དོ། །ནག་མོ་སྲོག་གི་འཁོར་ལོའི་རྒྱུད་ལས། །གནས་དང་། རྫས་དང་། །བསྐྱེད་པའི་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་མ་མོ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། །ཐུགས་ཀྱི་བདག་མོ། །རྡོ་རྗེ་ཁྲོ་མོ་རལ་གཅིག་མས་ཡི་གེ་བཀོད་པའི་འཕྲེང་བ་ཞེས་བྱ་བ་འདི་གསུངས་སོ། །བསྒྲུབ་པའི་ཡི་གེ་དྲུག་ཅུ་རྩ་བཞི་ལས། །རི་དང་ཨུ་དང་། །རི་དང་། །ཨུ་ཨུ་ཨུ་ཨུ་ཨོས་བརྒྱན་པའོ། །འོག་མ་ལ་རི་དང་། །ཨུ་དང་། །རི་དང་། །ཨུ་ཨི་དང་། །ཨོ༷་ཨོ་དང་། །ཨུ་སྐྲུ་དང་། །ཨོ༷་སྙིས་བརྒྱན་པའོ། །འོག་མ་ལ། །ཨུ་ཨི་དང་། །ཨུ་ཨོ་དང་། །ཨི་རི་ལི་དང་། །ར་ཨུ་ཨུ་ཨུ་རྣམས་ཀྱིས་བརྒྱན་པའོ། །འོག་མ་ལ། །ཨེ་ཨུ་དང་། །ཨུ་ཨུ་དང་། །རི་ཨུ་དང་། །ཨི་ཨུ་དང་རི་ཨུ་དང་། །ཨི་ཨུ་དང་། །ཨི་ཨི་ཨུ་རྣམས་ཀྱིས་བརྒྱན་པའོ། །འོག་མ་ལ་ཨི་ཨུ་དང་། །ཨི་ཨུ་དང་། །ཨི་ཨུ་ཨོ་དང་། །ཨི་ཨུ་ཨི་ཨི་དང་དེ་རྣམས་ཀྱིས་བརྒྱན་པའོ། །འོག་མ་ལ་རི་ཨུ་ཨུ་ཨི་ཨི་ཨི་ཨི་དང་། །ཨེ་ཨི་རི་དང་། །ཨོ་ཨེ་ཨོ་ཨོ་ཨོ་དང་། །ཨི་ཨོ་རྣམས་ཀྱིས་བརྒྱན་པའོ། །འོག་མ་ལ་རི་ཨེ་རི་ཨེ་ཨེ་རྣམས་ཀྱིས་བརྒྱན་པའོ། །འོག་མ་ལ་རི་ཨེ་དང་། །ཨི་ཨི་ཨུ་ཨེ་ཨེ། །ཨི་ཨི་དང་ཨུ་ཨོ་ཨུ་ཨོས་བརྒྱན་པའོ། །དེ་དག་ནི་དབྱངས་ཀྱི་ཡེ་གེ་དགུ་བཅུ་རྩ་དྲུག་གིས་བརྒྱན་པ་སྟེ་ཚིག་ལ་འཁྱལ་པའོ། །བརྡེག་པའི་ཡི་གེ་ཉི་ཤུ་རྩ་དྲུག་པ་ལ། །རི་རི་ཨེས་བརྒྱན་པ་དང་། །ཨོ་ཨུ་ཨི་དང་། །ཨུ་ཨི་ཨི་དང་། །ཨོ་ཨི་ཨི་རྣམས་ཀྱིས་བརྒྱན་པའོ། །དེ་དག་ནི་དབྱངས་ཀྱི་ཡེ་གེ་བཅྭ་ལྔས་བརྒྱན་པའོ། །སྤྱན་དྲངས་པའི་ཡེ་གེ་བཅྭ་བརྒྱད་ལ། །ཨོ་ཨི་ཨུ་ཨོ་དང་། །ཨུ་ཨོ་ཨོ་ཨི་དང་། །ཨུ་ཨོས་བརྒྱན་པའོ། །བཞུགས་སུ་གསོལ་པའི་ཡེ་གེ་བཅུ་ལ། །རི་ཨོ་ཨི་ཨོད་བརྒྱན་པའོ། །ཕྱག་འཚལ་པའི་ཡེ་གེ་བརྒད་པ་ལ། །རི་ཨུ་ཨི་ཨིས་བརྒྱན་པའོ། །མཆོད་པ་དབུལ་པའི་ཡེ་གེ་དང་པོ་ལ། །རི་ཨོ་ཨོས་བརྒྱན་པའོ། །གཉིས་པ་ལ་ཨོ་རི་ཨིས་བརྒྱན་པའོ། །གསུམ་པ་ལ་ཨི་ཨུ་ཨུ་ཨིས་བརྒྱན་པའོ། །བཞི་པ་ལ་རི་ཨུ་ཨི་ཨུ་ཨི་བརྒྱུན་པའོ། །ལྔ་པ་ལ་རི་ཨི་ཨུ་ཨིས་བརྒྱན་པའོ། །ནག་མོ་སྲོག་གི་འཁོར་ལོའི་རྒྱུད་ལས། །ཡི་གེ་བཏུ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་མ་མོ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། །ཐུགས་ཀྱི་བདག་མོ་ཁྲོ་མོ་རལ་གཅིག་མས། །ཕྱོགས་བཅུ་གདུག་པ་ཅན་གདུལ་པའི་དོན་དུ། །སྲོག་རྩ་གནད་ལ་དབང་པའི་འཁོར་ལོའི་འདི་གསུངས་སོ། །དང་པོ་སྔགས་པས་དུར་གྱི་ཆས་ཀྱིས་ལུས་རྣམ་པ་བརྒྱད་དུ་བརྒྱན་པ། །དུར་ཁྲོད་ཀྱིས་རས་ལ་མེའི་འཁོར་ལོ་རྩིབས་བཞི་པ་གཅིག་བྲིས་ལ། །དེ་ཁོ་ན་བཞིན་དུ་སྔགས་དགོད་པར་བསྟན་པ་སྟེ། །སྔགས་པས་ཏིང་ངེ་འཛིན་གྱི་སྦྱོར་བས་གཞན་གྱི་ཀུན་གཞི་རྣམ་པར་ཤེས་པ་མེད་པ་མེ་་རྩོང་ལྟ་བུའི་སྐྱེ་བའི་རྒྱུའི་ཚོགས་ཐམས་ཅད་དང་། །དངོས་པོ་ཕྲ་མོའི་རིང་བཞིན་དུ་བསྡུས་ལ། །དེ་ནས་སྔགས་པས་སྲོག་རྩ་བསྲེགས་པའི་སྔགས་ཀྱི་བར་དུ་གཞུག་པར་བྱ། །སྔགས་ནི། །མ་མ་ཧཱུཾ༷་ནི་རག་མོ་ཏྲ༷་སྲམ་ར༷་ར༷་ཁ་ཤ་སྨྱོ་ཛ། །ཞེས་པ་སྟེ། །སྲོག་རྩ་བསྲེགས་པའི་ཡི་གེ་འབྲུ་བཅུ་བཞི་པ་དབུས་སུ་བསྐོར་ཞིང་ལས་ལ་སྦྱར་རོ། །དང་པོ་ཨུ་ཨི་རི་རི་ཨོ་ཡ་ཞེས་པ་སྟེ། །ཐིག་ལེ་ལྔས་མཚན་པར་ཤེས་པར་བྱའོ། །དེ་དག་ནི་དངོས་པོའི་ཡི་གེ་སྟེ། །དོན་དམ་པར་རྣམ་པར་ཤེས་པའི་ཡི་གེས་བསྐོར་བར་བྱའོ། །ཇི་ལྟར་དངོས་པོའི་ཡི་གེ་རྣམས་དབུས་སུ་བསྐོར་ཅིང་གསད་པར་བྱའོ། །ཇི་སྲིད་དུ་ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ། །སྲོག་རྩ་སྐམ་པའི་འཁོར་ལོ་ཞེས་བྱ་བ། །གཞན་གྱི་སྒོ་ལྔའི་རྣམ་པར་ཤེས་པའི་ཚོགས་ཤེས་པ་རང་གི་རིག་པའི་ཡི་གེ་ཏྲིའི་རང་བཞིན་དུ་བསྡུས་ཏེ། །སྔགས་ཀྱི་བར་དུ་གཞུག་པར་བྱའོ། །སྔགས་ནི། །མ་མ་ཤ་ཏྲུ༷་ཁ་ལི་རྦུད་རུ་མ་སྲོག་ནི་པྲིལ་ནན། །ཞེས་པ་སྟེ། །སྲོག་རྩ་བསྐམ་པའི་བཅུ་བཞི་བདུན་བསྐོར་དུ་སྤེལ་ཞིང་ལས་ལ་སྦྱོར་ཏེ། གཉིས་པར་ཨུ་ཨི་ཨུ་ཨུ་ཨོ་ཨི་ཨི་རྣམས་སོ། །ཐིག་ལེ་གཅིག་དང་ར་གསུམ་གྱི་བརྒྱན་པའོ། །དེ་དག་ནི་དངོས་པོའི་ཡི་གེ་སྟེ་དོན་དམ་པར་ཤེས་བྱའི་ཡི་གེས་བསྐོར་བར་བྱའོ། །ཇི་ལྟར་དངོས་པོའི་ཡི་གེ་རྣམས་དབུས་སུ་བསྐོར་ཞིང་གསད་དོ། །ཇི་སྲིད་དུ་ལྷོ་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ། །སྲོག་རྩ་བསྐོར་བའི་འཁོར་ལོ་ཞེས་བྱ་བ། །གཞན་གྱི་རྣམ་པར་ཤེས་པའི་ཚོགས། ཁྲེས་པ་རང་རིག་པ་ཙམ་དུ་གནས་པ་ཡི་གེ་ཏིའི་རང་བཞིན་དུ་བསྡུས་ཏེ། །སྔགས་ཀྱི་བར་དུ་གཞུག་པར་བྱའོ། །སྔགས་ནི། །མ་མ་ཁ་སྭ་ལི་ཉོག་ཉོག་ཏྲུ༷་ཏྲུ༷་སྟི་ར་དུ་དུ་དུ། །ཞེས་པ་སྟེ་སྲོག་བསྐོལ་པའི་ཡི་གེ་བསྐོལ་པའི་ཡི་གེ་བཅུ་བཞི་གསུམ་བསྐོར་དུ་སྤེལ་ཞིང་ལས་ལ་སྦྱར་རོ། །གསུམ་པ། །ཨེ་ཨོ་ཨོ་ཨུ་ཨི་ཨུ་ཨུ་ཨུ། །ཞེས་པ་སྟེ། །ཐིག་ལེ་གཉིས་དང་ར་གཉིས་ཀྱིས་བརྒྱན་པའོ། །དེ་དག་ནི་དངོས་པོའི་ཡི་གེ་སྟེ། །དོན་དམ་པར་ཡེ་ཤེས་ཀྱི་ཡི་གེས་བསྐོར་པའོ། །ཇི་ལྟར་དངོས་པོའི་ཡི་གེ་རྣམས་དབུས་སུ་བསྐོར་ཞིང་གསད་དོ། །ཇི་སྲིད་དུ་ནུབ་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ། །སྲོག་རྩ་བཞུམ་པའི་འཁོར་ལོ་ཞེས་བྱ་བ། ། གཞན་གྱི་རྣམ་པར་ཤེས་པའི་ཚོགས་ཤེས་ཉོན་མོངས་པ་ཅན་དུ་གནས་པ་དེ་ཡི་གེ་དེའི་རང་བཞིན་དུ་བསྡུས་ཏེ། །སྔགས་ཀྱི་བར་དུ་གཞུག་པར་བྱའོ། །སྔགས་ནི། །མ་མ་ཙ་ཏྲུ༷་མུ་མ་ཁྲུམ་དུ་ན་ཁ་རག་མུགས་ཏེ་རྦད་རྦད། །ཅེས་པ་སྟེ། །སྲོག་རྩ་བཞུམ་པའི་ཡི་གེ་བཅུ་བཞི་སུམ་བསྐོར་དུ་སྤེལ་ཞིང་ལས་ལ་སྦྱོར་རོ། །བཞི་པར་ཨུ་ཨུ་ཨུ་ཨུ་ཨུ་ཨི་ཞེས་པ་སྟེ། །ཐིག་ལེ་གསུམ་དང་ར་འོག་མ་གཉིས་གོང་མ་གཉིས་ཀྱིས་བརྒྱན་པར་ཤེས་པར་བྱའོ། །དེ་དག་ནི་དངོས་པོའི་ཡི་གེ་སྟེ། །དོན་དམ་པར་ཡེ་ཤེས་ཀྱི་ཡི་གེང་་བསྐོར་པར་བྱའོ། །ཇི་སྲིད་དུ་དངོས་པོའི་ཡི་གེ་རྣམས་དབུས་བསྐོར་ཞིང་གསད་དོ། །ཇི་ལྟར་བྱང་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ། །སྲོག་རྩ་ཐལ་བར་རླག་པའི་འཁོར་ལོ་ཞེས་བྱ་བ། །གཞན་གྱི་རྣམ་པར་ཤེས་པའི་ཚོགས་གཡང་བ་ཅན་དུ་གནས་པ་དེ། །ཡི་གེ་སུའི་རང་བཞིན་དུ་བསྡུས་ཀྱི་བར་དུ་གཞུག་པར་བྱའོ། །སྔགས་ནི་མ་མ་ཧཱུཾ༷་ནི་སྲུ༷་ཀུ་རུ་སྲུ༷་བ་ནི་སུ་ཡ་ཤི་ཐུམ། །ཞེས་པ་སྟེ། །སྲོག་རྩ་ཐལ་པར་རླག་པའི་ཡི་གེ་བཅུ་བཞི་ཉིས་བསྐོར་དུ་སྤེལ་ཞིང་ལས་སྦྱར་རོ། །ལྔ་པ་ཨུ་ཨི་ཨུ་ཨུ་ཨུ་ཨི་ཨུ་ཨི་ཨུ་ཞེས་པ་སྟེ། །ཐིག་ལེ་གསུམ་དང་ར་གཉིས་ཀྱིས་བརྒྱན་པར་ཤེས་པར་བྱའོ། །དེ་དག་ནི་དངོས་པོའི་ཡི་གེ་སྟེ། །དོན་དམ་པར་ཡེ་ཤེས་ཀྱི་ཡི་གེས་བསྐོར་བར་བྱའོ། །ཇི་སྲིད་དུ་དངོས་པོའི་ཡི་གེ་རྣམས་དབུས་སུ་བསྐོར་ཞིང་གསད་དོ། །དེ་ལ་འཁོར་ལོའི་རྩིབས་ལྔ་ལ། །རིགས་དྲུག་གི་ཡི་གེས་བསྐོར་ནས་གཅིག་གསད་ན་ཡང་བྱ། །གཉིས་གསད་ན་ཡང་བྱ། །གསུམ་གསད་ན་ཡང་བྱ། །བཞི་གསད་ན་ཡང་བྱ། །ལྔ་གསད་ན་ཡང་བྱའོ། །རང་རང་གང་ཡིན་པ་གསད་དམ། །མན་ནན་ཡང་དེ་ཁོ་ན་ལྟར་བྱའོ། །ནག་མོ་རལ་པ་གཅིག་པའི་དོན་མངོན་སུམ་པར་རྟོགས་ཏེ་འཁོར་ལོ་བསྐོར་ན་གསད་པའི་ལས་འགྲུབ་པར་འགྱུར་རོ། །འདི་ལ་དོན་དུ་རང་སེམས་བརྟན་པར་བྱ་བ་དང་། །རང་སེམས་རྟོགས་པར་བྱ་བ་དང་། །གཞན་གྱི་རང་བཞིན་དུ་གནས་ཏེ་རྟོགས་པར་བྱའོ། །དེ་ནས་གནན་པའི་ཐབས་གང་ཡིན་པ་བསྟན་ཏེ། །རིགས་མཐུན་པར་འཁོར་ལོ་རྣམ་པ་ལྔ་བསྒོམ་པར་བྱའོ། །དེ་ནི་འཁོར་ལོའི་སྒྲུབ་ཐབས་གང་ཡིན་པར་བསྡུ་པར་བྱ་སྟེ། །བསམ་གཏན་གྱི་རེམ་པ་ལས་རྫོགས་པར་བྱའོ། །སྔགས་ཕྱིན་ཀ་ལོག་གི་འཁོར་ལོ་བསྐོར་ནས་གསད་པའི་ལས་བྱ་ན་བཙོན་དོང་དུ་བཅུག་པའི་ཚུལ་དུ་སྔགས་བཟླས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་དབང་དུ་གྱུར་པ་རྣམས་ཀྱི་འཁོར་ལོ་མེད་ཀྱང་འགྲུབ་པར་འགྱུར་རོ། །རྫོགས་པའི་ཡི་གེ་སྔ་ཕྱིའི་ཡུམ་མནན་པར་བྱའོ། །གྲུབ་པའི་ཚེ་ཆུ་འམ། །མེ་འམ། །རླུད་ངམ། །ནམ་མཁའ་འམ། །སའི་འོག་ཏུ་སྦས་ན་འཆི་བར་འགྱུར་རོ། །ནག་མོ་སྲོག་གི་འཁར་ལ ་རྒྱུད་ལས། །སྲག་རྩ་འཁར་ལ ་ལེའུ་སྟེ་དྲུག་པའ།། །།དེ་ནས་ཡང་མ་མ་ཐམས་ཅད་ཀྱ་སྐུ་དང་། །གསུང་དང་། །ཐུགས་ཀྱ་བདག་མོ་ཁྲོ་མོ་རྡོ་རྗེ་རལ་གཅིག་མས་ལས་མཐར་ཕྱིན་པར་འགྱུར་པའི་ཕྱིར་གསད་པ་ལས་ཀྱི་སྤྱིན་སྲེག་འདི་གསུངས་སོ། །དང་པོར་སྔགས་པས་ས་གཞི་ལ་སོགས་པ་བཟང་ངན་འདམས་ལས་ཀྱི་ཚོགས་རྫོགས་པར་བྱས་ནས་ཁྲོ་མོ་ནག་མོའི་ཚོགས་ཀྱིས་གསད་པའི་སྨིན་སྲེག་གི་གཞལ་ཡས་ཁང་བསྐྱེད་དོ། །དངོས་སུ་གྲུབ་པའི་ས་ནག་པོ་ལ་གྲུ་གསུམ་སུམ་བརྩེག་ཏུ་ས་བྲུས་ལ། །ལོགས་པར་པ་ལ་འདོམ་ཕྱེད་ཀྱི་བར་དུ་བྱ། །ཕྱོགས་སུ་མཐོ་དོ་བར་བྱ། །དེ་ལ་ནང་དུ་སྟག་གི་ཐོད་་པ་གསུམ་དགོད། །ཕྱི་རིམ་ལ་ཀག་ཀའི་མགོ་ཅན་དགོད། །སྟེང་དུ་སེང་གེ་མགོ་ཅན་དགོད། །བར་བར་དུ་མདའ་གཞུ་དང་། །མཚོན་ཆ་གཞན་དང་། །མེ་རི་དགོད་དོ། །སྟེང་དུ་རོ་ཤིང་ལ་བྲི་རག་མོ་ཆུམ་ཞེས་བཟླས་ལ་གྲུ་གསུམ་དུ་བརྩིགས། །སྟེང་དུ་གདོལ་པ་ཅན་གྱི་ཁྱིམ་ནས་མེ་བླངས་ལ། །མེ་ཚས་བསྡམས་ལ་ས་བོན་གཞུག །དེ་ནས་སྔགས་པས་སྔོན་དུ་མ་མོ་ལས་ཀྱི་སྦྱོར་བས་མདུན་དུ་བསྐྱེད་ལ། །ནམ་མཁའི་ཁམས་ཁྱབ་པའི་ནག་མོའི་ཚོགས་ཐམས་ཅད་ཡི་གེ་འཁོར་ལོའི་སྦྱོར་བས་བཀུག་ནས་བསྟིམ་སྟེ་མཉེས་པར་བྱས་ནས། །དེ་ནས་གདུག་པའི་སྔགས་བརྒྱ་ཚར་ཙམ་བཟླས་ལ། །གྲོ་ག་འམ། ༩༑ག་།གགམ། །རོ་ཤུན་ལ་གང་ཡིན་པའི་གཟིགས་བྲིས་ལ། །ལྔ་བཅུ་རྩ་བརྒྱད་དམ། །བརྒྱ་རྩ་བརྒྱད་ད། །སྟོང་རྩ་བརྒྱད་དུ་བྲིས་ལ། །རྡོ་རྗེ་རོ་ལངས་མའི་སྔགས་འདིས་དགྲ་བོ་དགུག་པར་བྱའོ། །བུད་མེད་རྣོལ་གྲིར་ཤི་བ་འམ། །རྨས་ཏེ་ལོག་ནོ༷ ན་དུ་ཤི་བའི་ཤ་དང་། །ཁྲག་དང་། ཁུ།་མ་བསྡུས་ལ། །སྙིང་ལ་སོགས་པ་བསྡུས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་སེམས་ཅན་གྱི་ཤ་དང་། །ཁྲག་དངང་། །རྣམ་ཤེས་བསྡུས་ནས་བསྟིམ་སྟེ་མེ་སྦར་ལ། །ཨོ་དེ་བ་རི་ཤིན་ཏུ་ཛ། །ཨག་ནེ་ཡེ་ཛ་ཧཱུཾ༷་བ༷་ཧོ། །ཞེས་བརྗོད་དེ་སྤྱན་དྲངས་ལ། །ཅོ།་དེ་བ་དུ་ཛ་ཨག་ནེ་ཡེ་རཀྟ་ཙ་ར་ཤ་ཏྲུ༷་རཀྟ་མྱ་ར་ཡ། །ཞེས་ལན་དྲུག་ཅུ་རྩ་བརྒྱད་དབུལ་ལོ། །དེ་ནས་སྙིང་ཁར་བསྐྱེད་པའི་ནག་མོ་འཁོར་དང་བཅས་པ་ཐམས་ཅད་དབང་བསྐུར་བྱིན་གྱིས་བརླབས་ལ། །དེ་ནས་མཆོད་པ་དབུལ་ཏེ། །མཐིང་གི་མང་ས་ཁ་ལ་རཀྟ་མན་པ་ལ་ནི་སུམ་པ་ཀུ་རུ་སྨྱོ། །ཞེས་མཆོད་པ་དབུ་ལ་པའི་ཡི་གེ་ཉི་ཤུ་རྩ་གཉིས་པས་ཤ་ཁྲག་མཆོད་པར་དབུལ་ལོ། །དེ་ལ་དང་པོར་ཅོ།་ཨོ།་ཨི་ཨི་དང་ཨི་ཨུ་ཨུ་ཡོ།ས་བརྒྱན་པའོ། །གསད་པའི་ཡི་གེ་རྩ་སུམ་ཅུ་རྩ་བཞི་ལ་ལ། །དྲི་དུ་རུ་སྒྱི་སྤྱི་ཕྲི་ལྡིང་རག་མ་སྒག་ཤ་ཤ་ཏྲུ༷་མ༷་ས་མ་ར་ཐུམ། །རག་མོ་ཙིསྟ་ཧྲི་སྟི་ར༷་ར༷། །མ་མཁས་ས་ར༷། །ཞེས་མིང་ངམ་གཟུགས་སུ་བྱས་ལ་ཀུན་ར་དུག་གི་ཡམ་ཤིང་ལ་མེ་སྦར་ལ་བསྲེག །དུས་དེར་འཕྲ་མེན་མ་དང་། །གནོད་སྤྱིན་ནག་མོ་དང་། །སྲིན་པའི་བུ་མོ་རྣམས་ལའང་ལས་བཅོལ་ལོ། །བསྲེག་པའི་དུས་སུ་འང་ཁྲག་དང་། །དུག་དང་། །ཡུངས་ནག་དང་། །ཚེ་ཕྱེ་ལ་སོགས་པས་བརྡེག་གོ །ལས་མ་གྲུབ་ན་ཐུབ་ཁུང་དག་པར་བཀྲུས་ལ། །ནལ་ཕྲུག་གི་པགས་པས་བརྡབས་ལ། །དྲི་ཤ་དུ་རུ་ཛ་ལ་རམ། །ཞེས་ཤིང་དུག་ཅན་བརྩིགས་ལ། །སེང་གེའི་ཤ་དང་དོམ་གྱི་ཤ་དང་། །སྟག་གི་ཤ་ལ་བསྲེག་གོ །དེ་སྔགས་ལ། །ར༷་ས་ཁ་མ་མ༷་ར༷་ར༷་སྟི་ཧྲི་ཏ་ཙི་མོ་རག །ཐུམ་ར་མ་ས་མ་ཏྲུ༷་ཤ་ཤ་རག་ཏྲག་མོ་རག་་ག་རག་ཤ་ཏྲུ༷་ཁ་ལེ་སྲོག་ས་རྦ་རུ་པ་ཛ་། །ལོག་གནོད་གྱི་སྲེག་སྔགས་སུམ་ཅུ་རྩ་བདུན་པ། །དབྱངས་ཡིག་བཅུ་གཉིས་དང་བརྒྱད་ཀྱིས་བརྒྱན་ནས་གནས་སོ། །དེ་ནས་བསྲེགས་པའི་ཐལ་བ་དྲག་པོའི་གནས་སུ་མནན་ནོ། །ནག་མོ་སྲོག་གི་འཁོར་འོའི་རྒྱུད་ལས། །གསད་པའི་སྲིན་སྲེག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་མ་མོ་ནག་མོ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། །ཐུགས་ཀྱི་བདག་མོ་རྡོ་རྗེ་ཁྲོ་མོ་རལ་པ་གཅིག་མས་གང་ཟག་དབང་པོ་མངོན་སུམ་དུ་བསྟན་པའི་ཕྱིར་བྲིས་སྐུའི་ཆོ་ག་བཤད་པ་ཞེས་བྱ་བ་འདི་གསུངས་སོ། །དང་པོར་སྔགས་པས་གཟུགས་ཕུན་ཚོགས་པར་བྱས་ལ་ཞིང་རས་ལ་མཆུར་འདོམ་གསུམ་དེ་ལ་ཞེང་དུ་འདོམ་གང་མདའ་གང་ལ་ལྷ་མོ་ནག་མོ་ནག་མོ་དབུ་དགུ་པ་ཕྱག་བཅོ་བརྒྱད་པ་བྲིས་གཞུག་གོ །དེ་ལ་གཡས་ཀྱི་ཞལ་རྣམས་ནི་དཀར་པོ་ནག་པོ་སེར་པོར་བྲིའོ། །གཡོན་གྱི་ཞལ་རྣམས་ནི་མཐིང་ཀ་དང་། །དམར་པོ་དང་། །སེར་པོར་གནས་སོ། །དབསུ་ཀྱི་ཞལ་རྣམས་ནི་ནག་པོ་དང་། །མཐིང་ཀ་དང་། །དུད་ཀར་གནས་སོ། །དེ་ལ་ཕྱག་གཡས་རྣམས་ན་རལ་གྲི་དང་། །སྐྲུ་གྲི་དང་། །ཏྲི་ཤུལ་དང་། །མཆོག་ཆེན་པོ་དང་། །རྨས་པ་མོའི་རྒྱུ་མ་དང་། །སྤྲིན་ཆེན་པོ་དང་། །གྲོད་པ་དང་། །གཉེ་མ་དང་། །རོ་རས་རྣམས་བྲིར་གཞུག་གོ །གཡོན་གྱི་ཕྱག་རྣམས་ན་རོ་དང་། །ནེའུ་ལེའུ་རྐྱལ་བུ་དང་། །ཁྲ༷་བ༷་དང་། །ནད་ཀྱི་ཕུར་བུ་དང་། །བན་ད་རཀྟ་དང་། །ཁྲག་གི་ཞགས་པ་དང་། །གླང་ཆེན་གྱི་ཀོ་རློན་དང་། །རྡོ་རྗེ་མཆོག་དང་། །སྟི་རའི་དབྱུག་པ་རྣམས་སོ། །ཞབས་བརྒྱད་བཞུགས་དང་དོར་བའི་ཚུལ་དུ་བསྐྱེད་དོ། །རས་འཕང་དུ་ཁྲུ་གང་ལ་མཆུ་ཕྱེད་དང་དོ་པ་ལ། །ལྷ་མོ་དབུ་བཞི་པ། །ཕྱག་བཞི་པ། །ཞབས་གཉིས་པ་འདྲིར་གཞུག་གོ །དབུ་བཞི་ལ་སེར་པོ་དང་། །དམར་པོ་དང་། །དཀར་པོ་དང་། །ལྗང་ཁུའི་ཁ་དོག་ཏི་བྲིར་གཞུག་གོ། །གཡས་ཀྱི་ཕྱག་གཉིས་ན་རལ་གྲི་དང་། །ཁྲག་སྐམས་ཀྱི་ལྕགས་ཀྱི་ཐོགས་པ་འདྲིར་གཤུག་གོ །གཡོན་གྱི་ཕྱག་གཉིས་ན། །ཁྲག་གི་དུང་ཆེནུ་དང་། །ཏྲི་ཤུལ་ཐོགས་པ་འདྲིར་གཞུག་གོ །ཞབས་བགྲད་པའི་ཚུལ་དུ་འགྲིར་གཞུག་གོ །རས་ཁྲུ་གང་བ་ལ་ཞེང་དུ་མཐོ་གསུམ་པ། །ལྷ་མོ་ཞལ་གཅིག་ཕྱག་གཉིས་པ་བོང་ནག་ལ་ཞོན་པ། །ཞལ་དམར་པོ་ཕྱག་གཡས་ན་ཁ༷་བ༷། །གཡོན་ན་རྐྱལ་པ་བསྣམས་པ་འདྲིར་གཞུག་གོ །དེ་ནས་གཟུགས་ཀྱི་ལྷ་དེ་ལ་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་སྤྱན་གྱི་ཕྱག་རྒྱ་རྡོ་རྗེ༷་སེ་གོལ་གྱིས་སྤྱན་ཕྱེ་ནས་ཞལ་གྱི་ཕྱག་རྒྱས་བདུད་རྩི་གསོལ་ཏོ། །དེ་ནས་དབང་བསྐུར་བྱིན་གྱིས་བརླབས་ལ། །ཁྲོ་མོ་རེ་མ་ཏིར་མངའ་གསོལ་ལོ། །དེ་ནས་བསྟོད་པའི་ལས་རྫོགས་པར་བྱ་སྟེ། ཁུ།བ་ནས། །ཨོ་དི་བི་མཧྭ་ཀ་ལི་ཨེ་མང་ས་རཀྟ་བ་སུ་ཏ་མ་ཧྭ་ཙིསྟ་གོ་རོ་ཙ་ན་ཁ་ཁ་ཁུ་ཧི་ཁྭ་ཧི། །པྲ་ཏི་ཙ་ཁུ་ཧི། །ཞེས་གཏོར་མ་དབུལ་ལོ། །མ་མ་ཤ་ཏྲུ༷་དྲི་མང་ས་རཀྟ་བསུ་ཏ་མ་ཧྭ་ཙིསྟ་གོ་རོ་ཙ་ན་ཁ་ཁ་ཁ་ཁུ་ཧི་ཁུ་ཧི། །རཀྟ་མ་མ་རྦད་ཁུ་ཧི། །ཞེས་བསྟབ་པ་བྱའོ། །གྲུད་གྲུད་མ་མ་ཙན་དྷ་སརྦ་དུ་སྐྱོ༷་ཁ་ལ་རཀྟ་ཐུམ༷་བུ་གུར་ཏྲི་ར་ཙ་ཏྲི་ཤི་ཏྲི་ཁ་ལ་རྦད་རྩ་ལ་རྦད། །མ་མ་དུ་རུ་ཀ་ལི་ཉོག་ཏྲ་ཏྲི་གུ༷་གུ༷། །ཙན་དྷ་རཀྟ་ཁ་རག་ཐུམ། །ཞེས་ལས་ལ་བཏང་ངོ། །མ་མ་སྒག་རག་ཤ་རག་མོ་ཧྲི་ཏ་ཧྲི་ཏ་ར་ལ་ར་ལ་ཏ། །ཡ་ཏ་མ་མ་བུད་ཏ། །སྟོ་བུད་ཏ་སྟོ་བུད་ཏ་རག་མོ་མ་མ་པ་ཤང་ཀུ་སྲ །ཛུ་ལ་པ་ཤང་ཀུ་མྲ །ཐྲི་པ་ཤང་ཀུ་སྲ །ཐུམ་བུ་པ་ཤང་ཀྲ་སྲ མམ་ཀ་ར་མ། ཐྲི་ཀྲང་ཀ་རེ་ཡ་མ་མ་སྨྱོ་སྨྱོ། །མ་མ་་ག་ཤ་ཁ་ལ་ཏིང་ཏིང་ཞུམ་ཞུམ། །ཤིག་ཏི་ཤིག་ཏི། །ཕྲི་ཤ་བྲི་ཤ་ཁ་ཤ་དུན་དུན། །མ་མ་ནི་བུ་རྦད་བུ། །ཁ་འདར་ཁ་འདར། །མ་མ་ཛུ་ལ་ཡ་ཀ་སུམ་ཀུ་རུ་ཙིཉི་ཧྲི་སྟི་བྲུ༷་བྲུ༷། །ཕྲི་རག་མོ་མ་ལ་ཏེ་སུ་མ་པ་ཀུ་རུ་སྡུས་སྡུས་སྨྱོ་ཐུམ། །ཨིན་ཏྲ་ཡག་ཤ་རྩ་ཁ་མ་སྨྱོ་སྨྱོ། །ཞེས་དབང་དུ་བསྡུའོ། །ནག་མོ་སྲོག་གི་འཁོར་ལེའི་རྒྱུད་ལས། །བྲིས་སྐུའི་ཆོ་ག་མངོན་དུ་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་མ་མོ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། །ཐུགས་ཀྱི་བདག་མོ་རལ་གཅིག་མས་དབང་དང་དམ་ཚིག་བསྟན་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་སྐུ་ཐང་ཀ་བཀོད་པ༷འི་སྤྱིན་སྲེག་འདི་གསུངས་སོ། །དེ་ལ་རྡོ་རྗེ་ནང་སྨེ་བྱས་ན། །ཐབ་ཁུབ་ཟླུམ་པོ་སུམ་རྩེགས་སུ་བྲུས་ལ། ཁྲེང་ཞོ་ཅན་གྱི་མེ་བུས་ཏེ། །འབྲས་ཆན་དང་། །འབྲུ་ཆན་གྱི་མཆོད་པ་དབུལ་ལོ། །དེའི་སྔགས་ལ། །ཨོ་དེ་ཟི་མཧྭ་ཀྭ་ལི་ཡེ། །མ་མ་པ་ཤང་ཀུ་རུ་ཛ་ལ་ར༷། །མ་མ་ཐྲི་ཤ་ར༷་རྦད་ཡག་མོ་སུམ་བ་ནན། །མ་མ་རི་ཤི་ཤན་ཏིང་ཀུ་རུ་ཡེ་གྲྭཧྭ། །མ་ཧྭ་གུ་རུ་མ་མྱ་༷ཤན་ཏིང་ཀུ་རུ་གྲྭ་ཧྭ། །ཞེས་བརྒྱ་རྩར་ལ་བྱེ་བར་དབུལ་ལོ། །མ་ཧྭ་གུ་རུ་མ་ནུ་པ་ལ་ཡ་ས་མ་ཡ་ཤན་ཏིང་ཀུ་རུ་གྲྭཧྭ། །ཞེས་བསྐང་བཤགས་བྱའོ། །དེ་ནས་ཆུ་ཆེན་པོ་ལ་ཐལ་བ་བསྐུར་རོ། །རྡོ་རྗེ་ནང་སྨེ༷ ་བྱས་ན། །ཧོ་ཁུང་ཟླུམ་པོ་ལ་ཚོན་དཀར་པོས་བྱུགས་ལ། ཁེང་ཞོ་ཅན་གྱི་ལེ་མ། །དྲང་ཐུགས་དཀར་པོ་ཕུལ་ཏེ། །རྡོ་རྗེ་སྐྲུན་གྱི་གཟུགས་བྱང་བྲིས་ཏེ། །དེ་ནས་ཉོན་མོངས་པ་དུག་ལྔ་དང་དུག་གསུམ་བསྡུས་ལ། །ཨོ་དེ་བི་མ་ཧྭ་ཀྭ་ལི་ཡི། །པུ་ཏྲ་པུ་ཏྲ། །བཛྲ་པུ་ཏྲ་ཁ་རག་པ་ཤ་བ༷། །ཨུ་ཙ་ཏ་ཡ་རྦད། །མ་མ་ཤན་ཏིང་ཀུ་རུ་སྲུཧྭ། །ཞེས་འཕུལ་ཏེ། །མ་ནུ་པ་ལ་ཡ། །ས་ཏུ་ཤན་ཏིང་ཀུ་རུ་གྲྭཧྭ། །ཞེས་བསྲེག་གོ། ནོར་འདོད་ན་ཐབ་ཁུང་འཕང་དུ་ཁྲུ་བཞི་པ། །ཟུརགྲུབཞིཔགཅིགབརྐོསལ། །དེ་ནས་སྐྱེར་པ་ལ་སོགས་གསེར་མདོག་ཅན་གྱི་ཤིང་ལ་མེས་བུས་ཏེ། །མེ་ཏོག་སེར་པོ་ལ་སོགས་པས་མཆོད་དོ། །ཨོ༷་དེ་བུ་མ་ཧྭ་ཀྭ་ལི་ཡེ་རད་ན་མ་མ་ཏྲ༷། །མ་མ་སྤུས་ཏིང་ཀུ་སྲ །ཞེས་བསྲེ༷ ག་གོ། །ཀླུ་སྲིན་དབང་དུ་བསྡུ་བར་འདོད་པ་ཐབ་ཁུར་ཟླ་གམ་སུམ་བརྩེགས་སུ་བྲུས་ཏེ། །ཚོན་དམར་པོས་བྱུགས་ལ། །སེང་ལྡེང་གི་ཤིང་ལ་སོགས་པས་མེ་བུས་ཏེ། །མེ་ཏོག་དམར་པོ་ལ་སོགས་པས་མཆོད་དོ། །ཨོ་དེ་བི་མ་ཧྭ་ཀྭ་ལི་ཡེ། །དེ་བ་༷མ་ཧྭ་ནག་ཏིང་ཏིང་མ་མ་པ་ཤང་ཀུ་རུ་གྲྭ་ཧྭ། །ཞེས་བསྲེག་གོ། །དབྱེ་བར་འདོད་ན་ཐབ་ཁུང་གཉིས་ལ་གྲུ་གསུམ་ཟླུམ་པོར་བྲུས་ལ། །ཚོན་གྱིས་བྱུགས་ལ། །ཁྲོ་བོའི་ཤིང་ལ་མེ་བུས་ཏེ་མེ་ཏོག་ཚ་བས་མཆོད་དེ། །ཨོ་དེ་བི་མ་ཧྭ་ཀྭ་ལི་ཡེ། །མ་མ་སརྦ་རག་མོ་ཐྲི་ཤ་བཱ་ར་ཡ་དེ་བ་དྲི་ཤག་ཤག་ཛ་ལ་ར༷། །ཞེས་བསྲེག་གོ། །གསད་པར་འདོད་ན་ལས་མཐར་ཕྱིན་པར་འགྱུར་ཏེ། །ཀུན་འདུས་པའི་མཆོད་ཏུ་བཤད་དོ། །ནག་མོ་སྲོག་གི་འཁོར་ལོའི་རྒྱུད་ལས། །ལས་བསྐོར་པའི་ལེའུ་སྟེ་དགུ་པའོ། །དེ་ནས་ཡང་མ་མོ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། །ཐུགས་ཀྱི་བདག་མོ་རྡོ་རྗེ་ཁྲོ་མོ་རལ་པ་གཅིག་མས་གདུག་པ་ཅན་འདུལ་ཞིང་ལས་གཏང་པའི་ཕྱིར་གདུག་པའི་ངན་སྔགས་ཀྱི་ཐབས་འདི་གསུངས་སོ། །དང་པོར་སྔགས་པས་གདུག་པའི་སྔགས་བྱེ་བར་མི་ཚིག་གིས་བར་མ་ཆོད་པར་བཟླས་ཏེ། །དེ་ནས་བར་ཅིས་ཀྱང་མ་ཆོད་པ་སྔགས་འདི་བསྒྲུབ་པར་བྱ་སྟེ། །མ་མ་སྒག་རག་ཤ་ཁ་མུན་ཏྲ་སྙིང་ཁ་རག་རག་མོ་ཁ་ལ་ཏིང་གི་སྨྱོ། །ཏད་ཡ་ཐུ། །མ་རུ་པ། །སརྦ་རུ་པ་དེ་པི་རག་མོ་ཁ་སོ་སྙིང་དུམ་བུ་དུམ། །ཙིསྟ་རག་མོ་ཁ་སོ་ཁ་སྨྱོ། །ཁ་ལ་རག་ཤ་སྨན་ཤ་སིན་དུ་ཡ་མ་རག་མོ་ཙིསྟ་མ་ལ་ཁྲག་ཐུམ། །རྨུགས་ཤིང་ལྟེ་ཡང་རྦད། །ཁ་ལ་མ་མ་ཙ་ཙ་རག་མོ་ཤི་ནི་རྦད་མ་མ་ཏི་སྟ་ཤི་ཤི་ཤེད་ཤེད། །རག་མོ་དབུགས་ལ་རྦད་རྦད་ཙ་ལ་ནན། །མ་མ་ཏྲག་རག་ཤ་ཁ་ལ་མ་མ་ཏིང་གི་ཛ། །མ་མ་རག༷་མོ་རོ་ཤ་མ་དུ་རུ་དུ་སྲ །སྦྱི་སྒྱི་ཤི་ལྡིང་ཁ་རག་མ་་ག་རག་ཤ་ནན། །མ་མ་ཤ་སྟ་སརྦ་ལྡེ་ཡང་མ་མོ་སྨྱོ་སྨྱོ་རུ་ལུ་རུ་ལུ། །སྡུད་དམ་ཛ་ཛ་ཁ་རག་མ་མ་ཙང་ཙང་མ་མ་ཕྲི་ཀྲིན་རག་མོ་ཧ༷ར་ཧུར་ཨ་དང་ཡག་མོ་བ༷་བ༷ ཨོ་མ་མ་ཡག་མོ་ཀ་ལི་རྩ་ཀ༷་རྦད་རྦད་ཤད་ཤད། །སྙིང་ལ་གཟེར་ཚལ་བུ་གཟེར།༷།ཏྲིག་ཏྲིག་མ་མ་་ག་རག་ཤ་ཁ་མུན་ཏྲ་སྙིང་ཁ་རག་རྩ་འདུ། །མ་མ་སྲོག་ཁ་ལ་རག་ཤ་རྦད། །ཨོ་མ་མ་་ག་རག །སྙིང་ལ་སྙེར་མདར་སྲོག་ལ་ཡ༷་ཡ༷། །རག་ཤ་དུ་རུ་བ༷་རྩ་ཁ་ལ་རྦད། །དུ་མ་ཁ་ཤ་ཡག་ཤ་བ༷་ །ཨོ་རུས་སྙིང་མང་ས་ཁ་ར༷། །རག་ཤ་དུ་རུ་མང་ས་ཁ་ར༷། །སྙིང་རྩ་འདུས་སྟི་ར་བ༷་ཁ་ར༷། །མ་མ་དཀྱིལ་ར༷་ར༷ ཡང་ཡང་འདུ་འདུ་མ་མ་ནི་སྙིང་ཙིསྟ་ལ་ཐུན་ཐུན། །ཙིསྟ་རཀྟ་ཁུ་ར༷། །མ་མ་ཤ་ཏྲུ༷་སྙིང་ལ་རག་ཤ་ཁ་ར༷། །རྦད་ཡ་མ་མ་དུམ་བུ་ཁའི་རུས་སྙིང་ཡ་མ་ཤ་ཁུག་ཡ་མ་ཁུ་ཧི། །མ་མ་ཙན་དྷ་རག་མོ་ཤ་ལ་རྦད། །པུ་ནི་ཁའི་ཧི། །མ་མ་དུམ་རག་མོ་ཀོ་ཏ་ཁུ་ཧི། །ཡ་མ་རག་ཏ་ཁུ་ཧི་མ་སྨྱོ། །ཀྟ་ཀྟ་ན་ཤད་ཏྲུ༷་ཙ་ཧྲུ་ཁུ་ཧི། །མ་མ་ཧྲི་སྟི་ཁ་རག་ཡག་ཤ་དུ་རུ་རྩ་ཁུ་ཧི། །ཡང་རྦད་མ་མ་རྦད། །ཙེ་ཙེ་མ་མ་མང་ས་ཁུ་ཧི། །ཨོ༷་དེ་བི་མ་ཧྭ་ཀྭ་ལི་ཡེ། །སརྦ་ཤ་ཏྲུ༷་མང་ས་ཁུ་ཧི། །རཀྟ་་ཁུ་ཧི། །རག་ཤ་རྩ་ཁ༷་རྦད་རྦད་མ་མ་སྒག་རག་ཤ་ཁ་ལ་སྨ་ཤ་ཏིབ་ཏིབ། །རག་ཤ་ཀུན་ཛ་ལོག །མ་མ་ཛ་ཐུན་རྩ་ཁུག །ཛ༷༷ཧཱུཾ༷་བ༷་མོ་ཧོ། །མ་མ་སྒག་ཤ་ཁ་མུན་ཏྲ་སྟི་སྟ་བབ། །སྨ་ཤ་རོ་བབ། ཙི་ཀྟ་བ་བ། །མ་མ་ཏྲག་རག་ཤ་ཁ་མུན་ཏྲ། །སྙིང་ཁ་རག་པ་བན་ཏ་རོ་ཤ་བབ། །ཐྲི་ཀ་་པ་ལོ་ཏ་ཡ་ཧཱུཾ༷་བྲུ། །ནག་མོ་སྲོག་གི་འཁོར་ལོའི་རྒྱུད་ལས། །གསང་བ་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་མ་མོ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། །ཐུགས་ཀྱི་བདག་མོ་རྡོ་རྗེ་ཁྲོ་མོ་རལ་པ་གཅིག་མས། །མ་མོ་ཡོངས་སུ་ཤེས་བར་བྱ་བའི་ཕྱིར། །མིང་དགུ་དང་མཚན་བརྒྱའི་རྣམ་གྲངས་འདི་གསུངས་སོ། །དེ་ཡང་གང་ཞེ་ན། །ནམ་མཁའི་དབྱིངས་ཕྱུག་མ་དང་། །ནམ་མཁའི་དཔལ་མོ་ཙན་དང་། །ནམ་མཁའི་ཤ་བ་རི་དང་། །ནམ་མཁའི་ནམ་གྲུ་མ་དང་། །བར་སྣང་ཁམས་ཀྱི་གཟི་འཕྲེང་མ་དང་། །བར་སྣང་ཁམས་ཀྱི་དབང་ཕྱུག་མ་དང་། །སྲིད་པའི་རྒྱལ་མོ་གློག་མོ་འཇིགས་བྱེད་མ་དང་། །སྟོང་གསུམ་བསྐོར་བའི་རེ་མ་ཏི་དང་། །བྷ་གའི་ཁམ་བསྲུང་ཧྲི་ཏི་མ་རྣམས་སོ། །ཡུལ་གྱི་མིང་གང་ཞེ་ན། །མོན་མོ་སྤྱི་རིངས་མ་དང་། །དུར་ཁྲོད་རལ་གཅིག་མ་དང་། །རྒྱ་མཚོའི་གཡུའི་རལ་གཅིག་མ་རྣམས་སོ། །དུས་ཀྱི་མཁན་གང་ཞེ་ན། །རླུད་གི་རྒྱལ་མོ་གཡོ་བྱེད་མ་དང་། །ཆུའི་རྒྱལ་མོ་སྲུང་བྱེད་མ་དང་། །མོ་ཏོག་བཅུད་ཀྱི་ཁ་ལོ་སྒྱུར་མ་དང་། །ཁྲག་གི་བདག་མོ་བྱི་ཆུར་མ་རྣམས་སོ། །དུས་ཀྱི་མིང་གང་ཞེ་ན། །གཉན་གྱི་ལྷ་མོ་ནག་གྲུ་མ་དང་། །བདུད་གཟའ་རོ་ལ་སྨིན་ཀར་མ་དང་། །མི་སྲུན་གཡག་མགོ་མ་དང་། །ཛ་ཤ་རི་གཅིག་བུ་མ་དང་། །ཀྲོ་དྷི་ཤཱ་རི་སུམ་ཅུ་མཚན་ལྡན་མ་དང་། །གསང་བའི་བྷ་ག་ཧྲི་ཏི་མ་དང་། །འཁྲུག་བྱེད་དམག་གི་རྒྱལ་མོ་དང་། །ནག་མོ་མིག་རིངས་མ་དང་། །རལ་པ་གཅིག་པུ་དང་། །གླིང་བཞི་ཀུན་འཇམ་གྲག་མོ་རྒྱལ་དང་། །གདུག་བྱེད་སྲོག་བདག་མོ་དང་། །རིགས་ཀྱི་གསང་བདག་མོ་དང་། །ལེགས་ཉེས་ཞལ་མཆེས་མ་དང་། །ཧཱུཾ༷་གི་འབྲུག་སྒྲ་ཅན་དང་། །ཞལ་གྱི་སྒྲ་སྐད་ཅན་དང་། །ཁྲོ་མོའི་ཆ་ལུགས་ཅན་མ་དང་། །ལས་བྱེད་གྲུབ་པ་མོ་དང་། །གཞོན་ནུ་མཛེས་ལྡན་མ་དང་། །གཟའ་སྐམ་མངའ་བདག་མོ་དང་། །བན་དྷ་རལ་གཅིག་མ་དང་། །མཁའ་ལྡིང་རྡོ་རྗེ་རླུད་དང་། །རིས་བཀྲ་སྟག་མདོག་མ་དང་། །དམར་མོ་གཡུ་མགོ་མ་དང་། །ནག་མོ་རལ་གཅིགམདང། །མིག་འདྲ་བྱ་རོག་མ་དང་། །སྲག་རྣ་ཤ་བ་རི་དང་། །སྙིང་འབྱིན་ཀང་ཀ་མ་དང་། །བསྐྱིངས་མ་ཁྲག་མདོག་མ་རྣམས་སོ། །ཡོན་ཏན་གྱི་མིང་གང་ཞེ་ན། །གླིང་བཞི་ཁ་འབར་མ་དང་། ཁམས་གསུམ་བསྐོང་བདག་མོ་དང་། །ལེགས་ཉེས་ལྟང་འཛིན་མ་དང་། །དམ་ཚིག་རྗེས་གཅོད་མ་དང་། །སྲིད་པའི་གཙོ་མོ་དང་། ཤ་ཟ་རུས་འཆའ་མ་དང་། །རོ་ལངས་ཁྲག་འཐོར་མ་དང་། །བུ་ཡུག་ཐོག་བདག་མོ་དང་། །སྙིང་འབྱིན་ཀང་ཀའི་མཆུ་རྣམས་སོ། །གང་ཞེ་ན། །སྲིན་མོ་ཤ༷་ཤ༷་མོ་དང་། །སྲིན་གྱི་མ་མོ་ཛ་ཛ་མ་དང་། །རེ་རད་གོན་པ་མོ་དང་དྲེའུའི་མངའ་བདག་མོ་དང་། སྲོག་ཆགས་ཁྲམ་ལ་འདེབས་བྱེད་མ་དང། །དབུགས་ཡོད་འཆིང་བྱེད་མ་དང་། མངའ་བདག་མ་མོའི་རྗེ་དང་། འཆིང་བྱེད་ལྕགས་ཀྱུ་ཅན་དང་། ལོ་ཏོག་འཇོམ་བྱེད་མ་དང་། །བདུད་ཀྱི་ཞགས་ཐོགས་མ་དང་། །བྱ་ངའི་མེ་ལོང་བ་བདག་དང་། །རེ་བ་སྐོང་བའི་སྦྱོར་བ་མཁན་དང་། །སྲིན་པོ་འཁོར་པའི་མཆེ་བ་ཅན་དང་། །མུ་སྟེགས་འདུལ་པའི་ཞིང་གོན་མ་དང་། །ཟིལ་གྱིས་གནོན་པའི་དྲེད་ལྤགས་ཅན་དང་། །སྨུག་ནག་སྲིན་མོའི་ཆ་ལུགས་ཅན་དང་། །དཀར་མོ་ལྷའི་ཆ་ལུགས་ཅན་དང་། །བདུད་རྩི་ཟ་བའི་རྟོག་བྱེད་མ་དང་། །རྟ་ཁྲག་ཟ་བའི་མིག་དམར་མོ་དང་། །སྟོང་གསུམ་སྲེག་པའི་ཆུ་སེར་ཅན་དང་། །མི་ལ་འགྱིང་པའི་ཞལ་དམར་མོ་དང་། །ངན་སོང་དོག་སྤྲུགས་བྱེད་པའི་ཐུགས་མིག་མ་དང་།སྟོང་གསུམ་འགེགས་པའི་རལ་པ་དང་། །ས་བུད་འདེབས་པའི་མཆུ་མ་དང་། །དྲོད་ཚད་འཛིན་པའི་དབུགས་ཀླུ་མཁན་དང་། །ཏིང་འཛིན་རྟོགས་པའི་མགུར་ཆུ་ཅན། །མི་བརྗོད་ནེ་སྲེག་དོ་ཤལ་ཅན་དང་། །ལོག་རྟོག་འཇོམ་པའི་གཡང་གཞི་ཅན་དང་། །འགྱིང་བག་སྟོན་པའི་དྲེད་ལྤགས་ཅན་དང་། །མ་མོ་འཁོར་བའི་ཐོད་པ་ནག་པོ་ཅན་དང་། །ཟོན་ཅག་ཡོད་པའི་གོང་སྒྲོག་ཅན་དང་། །ཆགས་པ་སྒོལ་པའི་ཁྲམ་ཅན་དང་། །ཉམས་པ་འཚིལ་པའི་གསལ་ཤིང་ཅན་དང་། །བསྟན་མ་འཁོར་བའི་ཤ་ཐུལ་ཅན་དང་། །སྦྲུལ་གྱི་ལྕགས་སྒྲོག་ཀླུའི་གཤེད་དང་། །རྒྱ་མཚོ་རྙོག་པའི་ཆུ་གླང་ཅན་དང་། །དཀར་མོ་ནམ་མཁའི་གློག་མ་སྲིན་དང་། །སེར་མོ་བར་སྣང་གློག་མ་སྲིན་དང་། །དམར་མོ་འདོད་ཆགས་ཁྲག་མཚོ་མ་དང་། །ལྗང་སྔོན་མི་ལྤགས་རློན་གོན་མ་དང་། །སྲིད་པ་འཇོམས་པའི་ཁྲམ་ཐོགས་མ་དང་། །གླིང་བཞི་ཁྱབ་པའི་གཤོག་པ་ཅན། །ཀླུ་མོ་ཁོག་འཇོམས་སྦྲུལ་མགོ་མ་དང་། །རྟ་དུད་བྱེད་པའི་རྟ་མགོ་ཅན་དང་། །དུག་གསུམ་ཟ་བའི་མགོ་གསུམ་མ་དང་། །དཀོན་མཆོག་བསྟོད་པའི་དབུ་རྒྱན་ཅན་དང་། །ནང་མོ་གློག་འཕྲེང་ཁ་ལ་རྩེ་དང་། །བལ་ཡུལ་བགྲོད་པའི་ཀུན་རྗེ་དང་། །དུས་གསུམ་སྦྱོར་པའི་རྩ་མུན་ཏི་དང་། །ནམ་མཁའ་ལ་རོལ་པའི་ཁྲག་མདོག་མ་དང་། །སྲིད་པ་འཇོམས་པའི་སྤྱི་བདུད་མ་དང་། །རྟ་མགྲིན་ཆུང་མ་སྲིད་པའི་ཡུམ་དང་། །རོལ་པའི་ལས་བྱེད་ཁ་ལ་དབང་དང་། །རོ་ལངས་ནག་མོ་འཁོར་ལོའི་རྒྱུད་དང་། །རོ་ལངས་སངས་རྒྱས་དབང་མོ་ཆེ་རྣམས་སོ། །ནག་མོ་སྲོག་གི་འཁོར་ལོའི་རྒྱུད་ལས། །མིང་ངོས་འཛིན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་མ་མོ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་ཐུགས་ཀྱི་གསང་བདག་རྡོ་རྗེ་ཁྲོ་མོ་རལ་གཅིག་མས། །སྲིན་མོ་དབང་དུ་མ་འདུས་ན། །གནད་ལ་བོར་བའི་ལེའུ་འདི་ཆེད་དུ་བརྗོད་དོ། །དེ་ལ་དང་པོར་སྔགས་པས་ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བཀོད་ལ། །དཀྱིལ་འཁོར་གྱི་བྱང་ཤར་མཚམས་སུ་གྲུ་གསུམ་བྲུས་པ་དེའི་སྟེང་དུ་ནག་མོའི་གཟུགས་གཞག་ལ། །སྙིང་ཁར་ཞིང་རྒྱུས་སུམ་སྒྲིལ་བཏགས་ལ། །བདག་གི་སྤོས་བཟུང་བ་ལ། །སྲོག་འཕྲོག་པའི་སྔགས་འདི་ཁྲི་འབུམ་དུ་བཟླས་སོ། །རག་མོ་ཙིསྟ་རག་ཏ་རྩ་ལ་བྲེང་བྲེང་། །ཏི་ཏི་མ་ར་ཡ་ཧཱུཾ༷་ཛ། །ཞེས་པས་སྙིང་ཁར་སྡུབས་པས། །བོང་བུ་དང་བཅས་པར་སོལ་དོང་བསྐྱེལ་བ་ལྟར་སོང་བར་བསམ། །དེ་ནས་སྙིང་ཁར་རྡོག་པ་གཞག་ལ། ། རག་ཙིསྟ་རཀྟ་བྲེང་བྲེང་སྲོག་ཡ་མ་ཀི་ལ་ནི་རམ། །མ་མ་རཀྟ་རུ་ཏི་ར་ཛ་ལ་རམ། །ལུས་ཀྱི་དཀྱིལ་འཁོར་ནས་ཡེ་ཤེས་མ་བྱུང་བས། །ཐོད་པས་མཁར་དང་བཅས་པར་ཚིག་པར་བསམ། །དེ་ནས་ཡ༷་ལས་རླུད་ལས་རླུ་་གི་དཀྱིལ་འཁོར་གྱིས་གཏོར་གཡེངས། །ཁ༷་ལས་ཆུའི་དཀྱིལ་འཁོར་གྱིས་བཀྲུས་བཤལ། །དེ་ནས་མ་མོའི་ས་བོན་མ་མོ་ནག་མོ་གཅིག་བདག་གི་ཞབས་འོག་ན་གནག་རི་ལི་ལི་གནས་པ་ལས། །མ་ར་ན་བཛྲ་ཞེས་བརྗོད་པས། །མ་དེ་ལས་འཕྲོས་ཡེ་ཤེས་ཀྱི་མ་མོ་ལ་དངོས་གྲུབ་ནོད། །འཇིག་རྟེན་གྱི་མ་མོ་ལ་སོགས་པའི་བཅུད་བསྡུས་ནས། །མ་མ་སང་ཧ་ར་ན་ཧཱུཾ༷། །ཞེས་བརྗོད་པས་ལས་ཀྱི་ལྷ་མོ་རེ་མ་ཏི་སྐུ་མདོག་ནག་མོ། །དབུ་བདུན་པ། །ཕྱག་བཅུ་བཞི་པ། །ཞབས་བཞི་པ། །དབུ་རལ་པ་དམར་ནག་གིས་སྟོང་གསུམ་བཀབ་པ། །གདུག་པའི་ཞལ་ཁ་དོག་སྣ་ཚོགས་སུ་འགྱུར་བ། །ཕྱག་ན་གདུག་པའི་ཕྱག་མཚན་སྣ་ཚོགས་བསྣམས་པ། །ཞབས་ཕྱོགས་ཐམ༷ས་ཅད་དུ་གཏམས་པ། །གླང་ཆེན་གྱི་ཀོ་རློན། །སྟག་གི་ཤམ་ཐབས་མན་བས་པ། །གདུག་པ་ཅན་དང་ངམ་ཤུགས་ཀྱི་སྒྲོལ་ནུས་པ་ཅིག་བྱུང་བར་བསམ་ལ། །དབང་དུ་སྡུད་པའི་ལྷ་དབང་དུ་བསྡུ་བར་བྱ་སྟེ། །ཨོ་ཧ་ཡི་གྲོ་བ་ཨ་བེ་ཤ་ཡ། །ཨ་བེ་ཤ་ཡ། །པྲ་བེ་ཤ་ཡུ། །པྲ་བེ་ཤ་ཡ། །བན་དྷ་ཡ། །བན་དྷ་ཡ། །ཏོ་ཤ་ཡ། །ཏོ་ཤ་ཡ། །ཧེ་ས་མ་ཡ་པདྨ་སྒ་ཏི་སྟ༷་ཡ་ཀ་ཧཱུཾ༷། །ཞེས་རྡོ་རྗེ་ཁྱུང་གཤོག་གིས་ཟིལ་གྱིས་མནན་ནས་དབང་དུ་བསྡུའོ། །དེ་ནས་གཟུགས་ལ་ཨ་མྲི་ཏ་གཏོར་ཏེ། །ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ཨུ་ཙ་ཏ་ཁ་ལ་ཡ་ཧཱུཾ༷། །ཞེས་བསྲེའོ། །རང་གི་ཆེ་བའི་ཡོན་ཏན་བརྗོད་ལ། །ཕྲོག་གི་སྙིང་པོ་བཟླས་སུ་གཞུག །རང་ཡང་བཟླས་ལ། མགལ་མེ་ཀླད་ལ་བསྐོར་བ་བཞིན་དུ་བཟླས་པ་བྱའོ། དེ་ནས་གཟུགས་རྡོག་པའི་འོག་ནས་བསླང་ནས། །བྱང་ཤར་དུ་ཞིང་ལྤགས་ལ་བཞུགས་སུ་གསོལ་ལོ། །གདུང་ཞིང་སྙན་པའི་སྔགས། །མ་མ་པ་ཤང་ཀུ་རུ་ཛ་ལ་ཛ་ལ་གྲྭཧྭ་ས་མ་ཡ་ས་མ་ཡ། །ཞེས་བླངངོ། །ཨམྲིཏའིསྒྱེའུསྦལནག་གི་མགོ་དང་། །སྲོག་གི་སྙིང་པོ་དང་། །བྱང་ཆུབ་སེམས་དང་། །པདྨའི་རཀྟ་་དང་། །ནལ་ཕྲུག་གི་སྙིང་རྣམས་བདུད་རྩི་དང་སྦྱར་ལ་དར་བུ་བྱས་ལ་རྟར་གཟུང་ངོ། ཤེར་ཤིང་གི་ཕུར་བུ་ཁྲུ་དོ་པ་གཅིག་ལ་སྟོད་དུ་ལྷ་མོ་དབུ་དགུ་འམ། །བདུན་ནམ། །གསུམ་མམ། །གཅིག་བྱས་ལ། །རྐེད་པ་ལ་ཟུར་བཞི་པ་རྒྱ་མདུད་དང་། །ཆུ་སྲིན་དུ་བཅས་པ། །སྨད་ཟུར་གསུམ་པ་བྱས་ལ། །དེ་ལ་དམིགས་པ་ཕབ་ལ། །རང་གར་འགྲོ་འང་ལག་པ་གཡས་པར་ཁྱེར་རོ། །ནག་མོ་སྲོག་གི་འཁོར་ལོའི་རྒྱུད་ལས། །མནན་ཅིང་མི་འབྲུལ་པར་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ། །དེ་ནས་ཡང་མ་མོ་ཐམས་ཅད་ཀྱི་་སྐུ་དང་། །གསུང་དང་། །ཐུགས་ཀྱི་བདག་མོ་ཁྲོ་མོ་རྡོ་རྗེ་རལ་པ་གཅིག་མས་སྲིད་པ་གསུམ་ན་གནས་པའི་གདུག་པ་ཅན་རང་དགར་སྤྱད་དུ་མི་གཞུག་པའི་ཕྱིར། །ཡོངས་སུ་གཏད་པའི་ལེའུ་འདི་གསུངས་སོ། །ནག་མོ་སྲོག་གི་འཁོར་ལོའི་རྒྱུད། །གསང་བའི་གསོད་པའི་ངན་སྔགས་འདི། །བཟས་གཏད་རབ་འབྱམས་དཔལ་ལ་གཏད། །ལོག་བཅོས་ཅན་དང་སོམ་ཉི་ཅན། །ཞབས་སུ་རྡོལ་དང་གསང་མཚན་མེད། །གང་ཟག་ཐ་མར་གྱུར་པ་ལ། །གཞའ་གསང་ཡུན་དུ་བསྟན་པ་མིན། །སྣོད་དང་ལྡན་པའི་སྐྱེས་མཆོག་ནི། །དམ་ཚིག་གཉན་པོ་ཐུབ་པར་བསྲུངས། །ཡུལ་དང་བུ་སྨད་འཁོར་དུ་བཅས། །ཡོད་པ་བླ་མ་རྣམས་ལ་དབུལ། །དེ་དག་ལྡན་པའི་གང་ཟག་ལ། །བསྲུང་པའི་དོན་དུ་སྦྱིན་པར་བྱའོ། །ཞེས་གསུངས་སོ། །འདུས་ཚོགས་སོ་སོའི་གནས་སུ་བྱེར། །དེ་ནས་ཐམས་ཅད་རལ་གཅིག་མས། །དཔལ་ཆེན་ཐུགས་ཀར་ལེགས་འདུས་ཏེ། །གཞི་ལྡན་གཅིག་ཏུ་ཡང་དག་འདུས། །མཐའ་ནས་དབུས་ཐིམ་རང་བཞིན་མེད། །འཕགས་པ་ལྷ་མོ་ནག་མོའི་སྲོག་གི་འཁོར་ལོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་ནི་མི་ཏྲས་བསྒྱུར། །ཞུ་ཆེན་གྱི་ལོསྣྲོ་བ་ཀབ་ལྷ་སྲས་ཀྱིས་ཀྱང་ག་ས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། །ཙིརྟི་ཐུན་ཀྭ་ལིན་མ་ཏན་ཏྲ། །བོད་སྐད་དུ། །སྙིང་ཟོར་ནག་མོའི་རྒྱུད་ཅེས་བྱ་བ། །དཔལ་ལྡན་རྡོ་རྗེ་འཛིན་པ་ལ། །སྒོ་གསུམ་ཀུན་ནས་ཕྱག་འཚལ་