Ngb-pt-0785-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། །ཤི་དྷི་བྲི་ཡ་མ་བ་ན་ཏྲ། །བོད་སྐད་དུ། །དཔལ་ལྷ་མོ་སྐྲུ་གྲི་སོ་རྒལ་གྱི་རྒྱུད་ཅེས་བྱ་བ། །དཔལ་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་གི་ངཅིངངཚམ་རྩེང་ཞིགི་་ངབདག་ ས་ཐས་པའ་དུས་ག ག་ན། །ཉ་མ་བྱང་ཤར་གྱ་མ ས་ན། །ཐད་པ་དགུ་བ གས་ཀྱ་གཞལ་ཡས་ཁང་ན། །དཔལ་ལྷ་མ་བ ་ ང་དང་བཅས་པ་འཁར་མ་མ་བཅུ་གཉས་ཅི་དེངཚེདེང་་དེངཇིརྟེངཀྱིདང་ཐབས་ ག་ཏུ་བཞུགས་ས། ། འ་ ་ འ་དུས་ན་མ་མ་འཁར་དང་བཅས་པ་ ས། །གདུག་པའ་ངན་སྔགས་སྒྲ་དང་བཅས་པ་བཟླས་པས། །འ ག་ ན་གྱ་ཁམས་སུ་ནད་ ་རྣམ་པ་དང་། །མཚོན་དང་། །མུ་གེ་དང་། །མི་བདེ་བ་སྣ་ཚོགས་སུ་འབྱུང་བས་སེམས་ཅན་ཐམས་ཅད་འཇིགས་སྐྲག་ནས་སྡུག་བསྔལ་ཉམ་ཐག་པ་ལ། །དཔལ་འཇིགས་བྱེད་ཆེན་མོ་དེ་སྙིང་རྗེ་ཆེ་སྐྱེསེངསེང་དེངངངངེཛི་་དེཆེ་དེ ན་པ་ ས་ནས། ། མས་ཅན་རྣམས་ལ་བྱམས་པའ་ མས་ཀྱས་དགངས་ནས་ ་ཉད་འདུལ་བའ་ཏང་ ་འ ན་ལ་སྙམས་པར་ཞུགས་ས། ། ་ནས་དཔལ་ ན་པ་ ས་་ངངཧིཞེ་་་ཅིངཞེ་དེཆེན་ཚི་ཀྱིཁྲས་པའ་སྒྲ་ཧ་ ་ ས་བསྒྲགས་པས། །མ་མ་འཁར་དང་བཅས་པ་བདུན་དུ་བྱན་ནས་ ་བགྱ་ ས་སྨྲས་ས། ། ་ནས་དཔལ་ ་པ་དམ་ ག་ལ་བཀད་ནས། སངས་རྒྱས་ ་བསྟན་པ་བསྲུངས་ཅིག་ཅེས་བཀའ་རྩལ་པས། ཇི་ལྟར་གསུངས་པ་བཞིན་དུ་བཀའ་ཉན་ནོ་ཞེས་དམ་ཚིག་ལ་གཞག་གོ །དམ་བཅས་སོ། །དཔལ་ལྷ་མོ་སྤུ་གྲི་སོ་རྒལ་གྱི་རྒྱུད་ལས། །སྔོན་གླེང་གཞི་དང་བཅས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ནག་མོ་ལྕམ་དྲལ་འཁོར་བཅས་ཀྱི། །བོད་དང་སྤད་དང་གསད་པའི་སྔགས། །གཅིག་ཏུ་དྲིལ་བའི་དྲག་སྔགས་ནི། །བདག་ཅག་མིང་སྲིང་བཤད་ཀྱིས་ཉོན། །མ་མ་ཏྲ་རག་ཤ་སྙིང་ཁ་རག་ནག་མོ་རེ་མ་ཏི། །དགྲ་བོ་ཆེ་གེ་མོའི་ཙིསྟ་ལ་རྦད། །མུགས་མུགས་དགྲ་བོའི་མ་ར་ཡ་ཕཊ་ཕཊ་སོད་སོད། །ཨོ་མཧྭ་ཀྭ་ལ་དགྲ་བོ་ཆེ་གེ་མོའི་སྲོག་རྩ་ལ་རྦད་རྦད། །སྙིང་རྩ་ལ་ཅིབ་ཅིབ། ། ཆེ་གེ་མོ་མ་ར་ཡུ་སོད་སོད། །བཛྲ་ས་རྙུ་ཆེ་གེ་མོའི་ཙིསྟ་ལོང་ཧར་ཧུར། །དགྲ་བོ་སྨྱུ་ར་ཡ་སོད་སོད། །སྲོག་གི་སྙིང་པོ་ལས་སྔགས་དང་བཅས་ལ་ཕུལ་ལོ། །ནག་མོ་སྙིང་ཧུ་ར་ཐུམས་སྲོག་རྦད་རྦད། །ཀྭ་ལ་ནག་མོ་ཙིཏི་ཧུར་ཐུམས་ཉགས་རྦད། །ས་དུ་ཡ་ཡ༷་དུན་དུན་ཏྲིག་རྒྱུག་ཡུ། །མ་སྨྱོ་དུན་སྨྱོ་ནག་མོ་སྨྱོ་སྨྱོ་རྦད་རྦད། །ནག་མོ་སྤུ་གྲིའི་རྒྱུད་ལས། །གསང་བའི་དྲག་སྔགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལྕམ་དྲམ་དམ་ཚིག་བསྟན་པར་བྱ། སྐྱེ་ནོད་ངངགནས་ལྟ་བ་སྟེ། གསང་བའི་དམ་ཚིག་ཆེན་པོའོ། །སྤྱིར་ན་སྐུ་གསུང་དམ་ཚིག་བསྲུངས་། ཁྱད་པར་ཡི་དམ་ཚིག་ནི། ནལ་བུ་དག་ལ་བྱམས་པར་བྱ། །བོང་ནག་མི་བརྡེག་ཡུགས་ས་སྤངས། །ནག་མོ་ཆེན་པོའི་དམ་ཚིག་ནི། །དཀོར་ལ་མི་འབག་སྡོམ་པ་བསྲུང་། །སྔགས་བཟློག་མི་བྱ་དམ་ཚིག་གོ། །ར་གསུང་གཏང་ཞིང་རྟ་ཤ་བསྲུངས། །འདུ་བྱེད་མི་སྨྲ་དམ་རྫས་བརྟེན། །བཛྲ་མ་རྙུའི་དམ་ཚིག་ཡིན། །རྟ་བོང་ཤ་བསྲུངས་ཉམས་ལ་གཟིམ། །དེ་ནི་བསྟན་པའི་དམ་ཚིག་ཡིན། །སྔགས་དང་ཏིང་འཛིན་རྟག་ཏུ་བརྟེན། །ཕུད་དང་གཏོར་མ་འབྲེལ་མི་འཆད། །སློབ་དཔོན་དང་ནི་ཡི་དམ་བརྟེན། ནག་མོ་སྤུ་གྲིའི་རྒྱུད་ལས། །དམ་ཚིག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ནག་མོ་འཁོར་བཅས་བསྒྲུབས་ནས་ནི། །དེ་ཉིད་གསོད་པར་མ་གྱུར་ན། །འཁོར་ལོས་གསད་པའི་སྦྱོར་བ་བྱ། །དུར་ཁྲོད་རོ་རས་དག་ལ་ནི། །ལྕམ་དྲལ་འཁོར་ལོ་བྲི་བར་བྱ། །ཕོ་འཁོར་རྩིབས་བཞི་མུ་ཁྱུད་བཅས། །ལྟེ་བར་ཡ་བྲིས་རྩིབས་ལ་སྔགས། མོ་འཁོར་པདྨ་འདབ་བཞི་སྟེ། ལྟེ་བར་མ་བྲིས་རྩིབས་སྔགས། །གཡོན་བསྐོར་བྲིས་ལ་གསད་པའོ། །སྔོ་དམར་དྲ་བར་བཅུག་ནས་ནི། །ག་འུ་ཁ་སྦྱར་ནང་དུ་གཞུག །ཉིན་མཚན་ཕྱེ་བའི་དྲག་སྔགས་ཀྱིས། །གསད་པའི་ལས་ལ་འབད་པར་བྱ། །ཙཀྲ་མྱ་ར་ཡ་མྱགས་རྦད་སོད་ལ། །དྲག་སྔགས་གདགས་པ་བླ་མའི་ཞལ། །འཁོར་ལོ་ནག་པོའི་གསད་ལས་འདིས། །ཚངས་པ་ཡིན་ཡང་འཆི་བར་འགྱུར། །ནག་མོ་སྤུ་གྲིའི་རྒྱུད་ལས། །ལྕམ་དྲལ་འཁོར་ལོ་གསད་པའི་ལེའུ་སྟེ་བཞི་པའོ། །དེ་ནས་ཡང་དག་བཤད་བྱ་བ། ལྕམ་དྲལ་ཁ་ཐབས་བྱུང་བའི་ཚེ། །ཨ་རལ་གཏད་དང་དུག་ཆུས་བརྒྱག །སྔགས་བཟློག་རྫས་བཟློག་ཤིས་བསྟན། །རབས་ཆད་ཐོད་པ་ཕོ་མོ་ལ། །ལྕམ་དྲལ་གཟུགས་བྲིས་དྲག་སྔགས་དགོད། །འོག་ཏུ་བཅུག་ལ་ཏིང་འཛིན་མནན། །དེ་ཡང་བླ་མའི་ཞལ་ལས་ཤེས། །ནག་མོ་སྤུ་གྲིའི་རྒྱུད་ལས། །མ་གྲུབ་ཅིང་ནང་ཁ་འཐབས་ན་ཨར་ལ་གཏད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ཉིད་སྲོག་དར་བ་དང་། །བསོད་ནམས་ཤིན་ཏུ་ཆེ་བ་ན། །ལྕམ་དྲལ་བསྒྲུབས་ལ་ཀླུ་ལ་གཏད། །ཀླུ་བརྒྱད་དཀྱིལ་འཁོར་བྱས་ནས་ནི། ནཱ་གའི་འཁོར་ལོ་བྲིས་ནས་ནི། །མ་མོའི་འཁོར་ལེའི་བར་དུ་གཞུག །དེ་ཡི་པར་དུ་ལིང་ཀ་བཙང་། །དཀར་གསུམ་དངར་གསུམ་ཀླུ་སྨན་མཆོད། །ཐུན་དང་ཏིང་འཛིན་བླ་མའི་ཞལ། །ནཱ་གའི་དྲག་སྔགས་འདི་དག་ནི། །ལས་བྱེད་མིང་སྲིང་ཤམ་བུར་གདགས། །ནཱ་ག་ནག་པོ་རུ་་་དུམ། །ནཱ་ག་གན་ཏ་ཕུད། །དགྲ་བོ་མ་ར་ཡུ། །གཟུགས་མོ་བྱི་དུར་ཕུར་པའི་གདབ། །ཁྲི་རུ་བཟླས་ན་ཐེ་ཚོམ་མེད། །འཁོར་ལོ་ལ་ཆའི་གའུར་གཞུག །བྱང་ལྟས་ཆུ་མིག་ནག་པོར་གཏད། །གོས་བརྡབ་བྲང་བརྡུང་མཆི་མ་དབྱུང་། །ཕྱི་མིག་མི་ལྟ་ཁྱིམ་དུ་འོང་། །དམ་ཅན་ལྕམ་དྲལ་འཁོར་བཅས་རྦད། །ཟླ་བ་གསུམ་ན་མཛེས་ཟིན་འགྱུར། །ནག་མོ་ལྕམ་དྲལ་བསྒྲུབས་པས་ན། །ལས་གཞུག་ཀླུ་ལ་གཏད་པའི་ལེའུ་སྟེ་དྲུག་པའོ། །དེ་ནས་ཡང་དག་བཤད་བྱ་བ། །ནག་མོ་ལྕམ་དྲལ་བསྒྲུབས་ནས་ནི། །ལྕམ་དྲལ་སེར་བ་དབབ་པ་ནི། །རབས་ཆད་ནག་པོའི་ཐོད་པ་སྲ །དུག་སྣ་ཁྲག་སྣ་འཚོགས་ཚད་བསག །དེ་ནི་མདུན་དུ་གཞག་ནས་ནི། །དྲེ་འོའི་ཐོད་པས་ཁ་བཅད་ལ། །ཚངས་བུགས་བསྐྱེད་ལ་རྒྱ་གྲམ་དབྱུང་། །དེར་ནི་སྐྱེར་ཕུར་ནག་མོར་བསྐྱེད། །རོ་རས་སྐྱིའུའི་ནང་དུ་ནི། །ཡུངས་ཀར་སེར་ཆུང་ཕུལ་གང་ལ། །གནམ་ལྕགས་ཁྲོ་ཆུའི་ངར་དང་ནི། །གྲིར་ཤི་ཁྲག་གིས་ངར་བཏགས་ལ། །མཆུ་བཙུགས་དྲག་སྔགས་འདི་ཡིས་བསྒྲུབ། །ལྕམ་དྲལ་སྔགས་ལ་གདགས་པ་ནི། །མ་མོ་རིགས་མོ་ཕོམ་ཡ་དུས་ཏིང་ནག་མོ་ཡུལ་ཆེ་གེ་མོར་ཕྲོམ་ཡ་ཕོབ། །ཀ་ལ་ནག་དགྲ་བོའི་ཡུལ་དུ་བདུད་སེར་ཕྲོམ་ཡ་ཕོབ། །བཛྲ་ས་དྷ་ར་ཀར་ཕྲོམ་ཉིལ་ཕོ་བ་ཡ། །ཞེས་ནི་ཞག་བདུན་ཐུན་ལ་བསྐྲུབ།༷།དེ་ནས་ཐོད་པར་ཞག་བདུན་འཕང་། །དེ་ནས༷་དྲག་སྔགས་འདི་ཡིས་དབབ། །མ་མ་རག་མོ་དུན་དུན་ཕོབ་ཕོབ། །ཨེ་མ་རག་ཤ་སྨྱོ། །སྨྱོ་ཐུན་ཐུན་། །ཡུལ་ཆེ་གེ་ཕོབ་ཕོབ། །མ་ཧྭ་ཀྭ་ལ་དགྲ་བོའི་ལོ་ཐོག་རྣར་མོ་ལ་ཕྲོ་ཕོབ་ཡ། །བཛྲ་ས་རྙུ་ས་མ་ཡ་རྡོ་རྗེ་འབར་བ་ཕྲོ་ཤུ་སེར་ཧྲི་སྨྱོ་སྨྱོ་ཕོབ་ཡ། །དེ་ནས་དགྲ་ཡུལ་མཐོང་བའི་སར། །ལྕམ་དྲལ་བསྐུལ་ལ་ཟོར་དུ་འཕང་། །གནམ་ལྕགས་སེར་བ་དྲག་པོ་ཡིས། །རི་ཀླུངས་ཐམས་ཅད་ཁེབས་པར་དབབ། །ནག་མོ་སྐྲུ་གྲིའི་རྒྱུད་ལས། །སེར་པ་དབབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལྕམ་དྲལ་ལྟས་ངན་དབབ་པ་ནི། བག་ཟན་དག་ལ་གཟུགས་བརྙན་ནི། །ལྕམ་དྲལ་འཁོར་བཅས་ལེགས་བྱས་ལ། །མགོ་ལ་ལྟས་ངན་སྒྲོ་བཙུགས་ལ། །དྨགྲ་ཕྱོགས་ཁ་བསྟན་གཞག་པར་བྱ། །དེ་ནས་དྲག་སྔགས་འདི་ཡིས་བསྐུལ། །ཏྲི་ཐུན་མ་ཐུན་ཕྲོམ་ཐུན་སྨྱོ། །བྱས་ལ་ཡུངས་ཀར་གྱིས་བྲབ་བར་བྱ། །ཞག་བདུན་བསྒྲུབས་ལ་ཕྱོགས་སུ་བསྐྱལ། །ནག་མོ་སྐྲུ་གྲིའི་རྒྱུད་ལས། །ལྟས་ངན་དབབ་པའི་ལེའུ་སྟེ་བརྒྱད་པའོ། །དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་དམ་ཚིག་ཉམས་པ་འམ། །ཁྲོས་པའི་ཆད་པ་བྱུང་བ་འམ། །སྔགས་པ་ནང་འགྲས་བྱུང་བ་ན། །ལྕམ་དྲལ་མདོས་ཀྱིས་བསྐང་བ་ནི། །བག་ཟན་དག་ལ་བྱས་པ་ཡི། །ནག་མོ་མཆེད་དུ་བཞིའི་གཟུགས་བྱས་ལ། །མ་ཏྲང་སྟེང་དུ་ལེགས་པར་གཞག །རྒྱན་རྣམས་ཀུན་གྱིས་བརྒྱན་ལ་གཞག །མིང་པོ་གཉིས་ཀྱི་གཟུགས་ཀྱང་བྱ། །གཡས་དང་གཡོན་དུ་གཞག་པར་བྱ། །བརྟན་མ་བཅུ་གཉིས་གཟུགས་ཀྱང་བསག །ཕུད་དང་རཀྟ་བ་ལིང་དང་། །ཚོགས་དང་མར་མེ་ལ་སོགས་བཤམ། །ཞག་གསུམ་བསྒྲུབས་ལ་ཕྱོགས་སུ་བསྐྱལ། །ལྕམ་དྲལ་དྲག་སྔགས་གདགས་པ་ནི། །མ་སྨྱོ་སྒག་སྦྱོ། །ཡག་སྨྱོ། །རུ་ཏིང་སྨྱོ། །མ་ཧྭ་ཀྭ་ལ་སྨྱོ། །དུན་སྨྱོ། །རག་ཤ་ནག་མོ་སྨྱོ། །ས་རྙུ་སྨྱོ་ང་ཏྲི། །སྨྱོ་སྦྱོ་སྦྱོ་སྨྱོ། །མ་མ་མ་མ། །རུ་ཏིང་ཧ་ར་ལ་སྨྱོ། །བསྒྱུར་ཁ་བླ་མའི་ཞལ་ལས་ཤེས། །བསྐང་ཞིང་མཆོད་པ་བཟློ་དང་གསད། །ནག་མོ་སྤུ་གྲིའི་རྒྱུད་ལས། །བསྐང་མདོས་གཏང་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དམ་ཉམས་དགྲ་ལ་སེལ་འཇུགས་ན། །ཁང་སེལ་ཞིང་སེལ་དུར་སེལགསུམ། །གཅིགབསྒྲུབས་པས་ནི་ཀུན་དགའ་འགྲུབ། །ཁྱིམ་བྱ་ནག་མོའི་སྒོ་ང་འམ། །ཡང་ན་རྣེལ་གྲིའི་ཐོད་པ་མྲ །གང་བྱེད་ས་དང་ཁྲག་སྣ་དང་། །དུག་སྣ་དང་ནི་འབྲུ་སྣ་བླུག །མདུན་དུ་གཞག་ལ་ཞག་གསུམ་བསྒྲུབ། །ལྕམ་དྲལ་སྔགས་ལ་འདི་དག་གདགས། །སྒག་མོ་དུམ་བུ་དུམ་ཧྲི་ལ་ཡང་རྦད། །ནག་པོ་དུར་ལ་རྔམ་ཡ་རྦད། །ས་དྷ་ཏྲི་དུ་མར་པ། །སིག་ཏི་བུར་ལ་ཏྲ༷་སྨྱོ་ཡ། །ཁང་པ་རྒྱ་གྲམ་དུ་ཁོས་ཅིག་རྦད་རྦད་ཁོས། །དུར་དུ་བཅུག་ན་སྐྱེ་བརྒྱུད་འཆད། །མ་ར་ལ་བརྒྱབ་ན་རྒྱ་གྲམ་འགས། །ཞིང་ལ་བཅུག་ན་ཕུང་པར་འགྱུར། །ལྕམ་དྲལ་སྦྱོར་རྦེ་གསང་བར་བྱ། །ནག་མོ་སྐྲུ་གྲིའི་རྒྱུད་ལས། །དམ་ཉམས་ལ་སེལ་གཞུག་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གསང་བའི་བམ་ཟོར་བཤད་པར་བྱ། །སྐྱེས་པ་དར་མའི་རོ་དང་ནི། །ཡང་ན་བུད་མེད་དར་མ་ཡི། །པགས་པ་སླུད་པུར་བཤུས་ནས་ནི། །བརྒྱངས་ནས་གཡས་སུ་ཤ་ལང་བསྐུར། །གཡོན་དུ་ཐོད་པ་ཁྲག་བླུགས་བསྐུར། །ཁ་རུ་དམིགས་པའི་ལིང་ག་གཞུག །ཟོར་སྔགས་འདི་དག་བྲིས་ནས་ནི། །ཡན་ལག་ཀུན་ལ་གདགས་པར་བྱ། །ཁྲམ་བྱང་དམར་ནག་མང་པོ་གདགས། །དགྲ་ཡི་ཕྱོགས་སུ་ཁ་བསྟན་ལ། །ཟོར་གྱི་གཏོར་མ་མང་པོ་བཤམ། །ལྕམ་དྲལ་དྲག་སྔགས་གཞུག་ལ་ནི། །བམ་ཟོར་དྲག་པོའི་སྔགས་འདི་གདགས། །སྒག་རག་ཤ་རོ་ཁ་བམ་མུག་སྨྱོ་སྨྱོ། །རག་མོ་དགྲ་ལ་ཐུམ་ཡ་རྦད། །རྒྱུད་ཨ་ཏི་ནག་མོ་དགྲ་ལ་སྨྱོ། །ཟག་བདུནབསྒྲུབས་པས་རྟགས་འོང་སྟེ། །འགུལ་དང་བརྡེག་དང་འཕང་བ་ཡོང་། །དེ་ལྟར་བྱུང་ན་དགྲ་ལ་བསྐྱལ། །ཟླ་བ་གསུམ་ན་ཕུཕུང་བར་འགྱུར། །ནག་མོ་སྐྲུ་གྲིའི་རྒྱུད་ལས། །བམ་ཟོར་དྲག་པོའི་ལེའུ་བཅུ་གཅིག་པའོ། །དེ་ནས་ཡང་དག་བཤད་བྱ་བ། ཕྱི་བསྒྲུབ་ནང་བསྒྲུབ་ལས་རྣམས་ཀྱང་། །གང་ལྟར་བསྒྲུབས་ཀྱང་རྟགས་འབྱུང་སྟེ། །རབ་ནི་ཟླ་གཅིག་འབྲིང་ཟླ་གཉིས། ཐ་མ་ཟླ་བ་གསུམ་ན་འགྲུབ། །དམ་ཚིག་ཉམས་ན་ཀུན་མི་འགྲུབ། དེ་བས་ཚིག་བསྲུང་བ་གཅེས། །དམ་ཚིག་བསྒྲུབ་པའི་མཁར་དང་འདྲ། །དམ་ཉམས་ཤིང་སྡོང་རུལ་བ་འདྲ། །བླ་མའི་ཞལ་གྱི་གདམས་ངག་ནི། །མཉེས་བྱས་ཏིང་ལས་གདམ་ངག་འབྱུང་། །དེ་མ་མཉེས་ན་འགྲུབ་མི་འགྱུར། །མི་སྤེལ་གསང་ལས་བསྒྲུབ་པ་ཡིན། ཁུབ་ན་ཡིད་བཞིན་ནོར་བུ་འདྲ། །དགོས་འདོད་ཐམས་ཅད་འབྱུང་བ་ཡིན། །དེས་ན་བླ་མ་མཉེས་པར་བྱ། །ནག་མོ་སྐྲུ་གྲིའི་རྒྱུད་ལས། ཁྲུབ་པའི་ཚད་བསྟན་པ་དམ་ཚིག་བསྲུངས་པའི་ལེའུ་སྟེ་བཅུ་གཉིས་པའོ། །དེ་ནས་ཡང་དག་བཤད་བྱ་བ། །ང་ཡི་རྒྱུད་འདི་ཤིན་ཏུ་མཐོང་བ་དཀའ་བས་འདི་དམ་སྡོམས་ཤིག །ཉམས་པའི་ལག་ཏུ་ཤོ་ར་རེའོ། ཁུད་གཏད་པའོ། །མཆེ་བཞི་གིང་བཅས་པའི་རྒྱུད་སྤུ་གྲི་ནག་པོ་ཞེས་བྱ་བ་མཁར་འགྲོ་མའི་གླིང་ནས་བཏོན་པ་ཡིན་ནོ། །འདི་སུ་ཡང་མེད་པས། །མ་སྦེལ་ཅིག ། རྫོགས་སོ། །