Ngb-pt-0749-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

པའོ།། །།ཕུར་གཅིག་མ་དོན་གསང་བའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། མ་མ་ཀརྨ་ཏན་ཏྲ་ལོ་ཀ་ཨུ་པ་དེ་ནཱ་མ། བོད་སྐད་དུ། མ་མོ་ལས་ཐམས་ཅད་སྲིད་པའི་རྒྱུད་ལུང་ཞེས་བྱ་བ། ཡུམ་ཆེན་མོ་མུ་ཁ་ལེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ཁ་ལེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་ཐུགས་ཀྱི་བྱིན་རླབས་ལས་བྱུང་བའི་རྡོ་རྗེ་དང་བྷ་ག་ལ་བཞུགས་ཏེ། དེའི་ཚེ་ཡབ་མངོན་རྫོགས་ལྷའི་ཡུལ་གཞན་པའི་འཁོར་ཐམས་ཅད་དང་། མཁའ་འགྲོ་མ་དང་། མ་མོ་དང་གནོད་སྦྱིན་མོ་དང་། སྲིན་མོ་དང་། ལྷ་མོ་ལ་སོགས་པའི་སྐྱེ་གནས་མོ་ཡི་བསྡུས་པ་ཉི་ཚེས་བསྐོར་ཞིང་གནས་པར་གྱུར་ཏེ། དེ་ནས་ཡབ་མངོན་རྫོགས་ལྷ་ཡིས་ཡུམ་ཆེན་མོ་མུ་ཁ་ལེ་ལ་གསོལ་བ་དང་། སྐྱེས་པ་དང་། བུད་མེད་དང་། །ལྷ་དང་། །དེ་བཞིན་ལྷ་མོ་དང་། སྲིན་མོ་སྲིན་པོ་ལ་སོགས་པ་ཡབ་དང་ཡུམ་གྱིས་འདུལ་བ་ལས། །ཇི་ལྟར་ཡབ་ཀྱི་འདུལ་བ་ཡི། འཇིག་རྟེན་ཆགས་འཇིག་ངས་གསུང་ན། །ཇི་ལྟར་ཡུམ་གྱིས་འདུལ་བ་ཡི། །འཇིག་རྟེན་ཆགས་འཇིག་ཁྱོད་ཀྱིས་གསུངས་། །ཁེ་ལེ་ཡུམ་གྱིས་བཀའ་སྩལ་པ། །གསོན་ཅིག་མངོན་རྫོགས་རྒྱལ་པོ་ཡབ། ཁྲེས་རབ་ང་ཡིས་བཤད་པའི་རྒྱུད། །མི་འཇིགས་སེང་གེའི་ང་རོ་སྟེ། །ལྟས་ངན་ཝ་སོགས་ཟིལ་གྱིས་གནོན། །རང་བཞིན་འོད་གསལ་སྒྲོན་མ་སྟེ། །མ་རིག་མུན་པ་ངང་གིས་སེལ། །ནད་རྣམས་སེལ་བའི་བདུད་རྩི་སྟེ། །འདོད་ཆགས་ལས་ལོག་དུག་རྣམས་སེལ། །འདི་ཉིད་ང་ཡིས་བཤད་ཀྱིས་ཉོན། ཁྲེས་རབ་སྟོང་པ་ནམ་མཁའ་འདྲ། །ནམ་མཁའ་སེམས་ཅན་ཀུན་འདུལ་བས། །ང་ཉིད་འཇིག་རྟེན་ཆགས་པས་བསྟན། །བདེ་ཆེན་ནམ་མཁའི་ཐིག་ལེ་འདྲ། །ཕྲ་རབ་རྡུལ་ནི་སྲིན་དང་འདྲ། །ཕྲ་རབ་རྡུལ་ནི་མུ་ཁ་ལེ། །སེམས་ཅན་རྣམས་ནི་དེ་ལྟར་བསྟན། །ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག། །དེ་ཉིད་དབྱིངས་ཀྱི་ཡུམ་དྲུང་སྟེ། །རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག། །ཡེ་ཤེས་མ་མོ་དང་པོ་ལ། །ལྕགས་རྡུལ་བདུན་ལ་ཆུ་རྡུལ་གཅིག། །ཡེ་ཤེས་མ་མོ་འོག་མ་བདུན། །ཆུ་རྡུལ་བདུན་ལ་བོང་རྡུལ་གཅིག། ། དང་པོ་སྨན་མོ་བདུན་དུ་འདོད། །བོང་རྡུལ་བདུན་ལ་ལུག་རྡུལ་གཅིག། །བདུན་པ་གཉིས་པ་ཡིན་པར་འདོད། །ལུག་རྡུལ་བདུན་ལ་གླང་རྡུལ་གཅིག། །བདུན་པ་གསུམ་པ་ཡིན་པར་ངེས་། །གླང་རྡུལ་བདུན་ལ་མེ་རྡུལ་གཅིག། །བདུན་པ་བཞི་པ་དེ་བཞིན་ངེས། །མེ་རྡུལ་བདུན་ལ་ཉི་རྡུལ་གཅིག། །བདུན་པ་ལྔ་པ་ཤེས་པར་བྱ། །ཉི་རྡུལ་བདུན་ལ་སྲོམ་གཅིག། །སྨན་མོ་དྲུག་པ་ཡིན། །སྲོ་མ་བདུན་ལ་ཤིག་གཅིག་སྟེ། །བདུན་པའོ་བདུན་དུ་ཤེས་པར་བྱ། ཁེག་གི་བདུན་ལ་ནས་གཅིག་སྟེ། །ནས་ཀྱི་འགྱུར་ལས་སོར་ཚིགས་ཏེ། །སྨན་མོ་ལྔ་བཅུ་རྩ་བརྒྱད་ཀྱི། །བདུན་བརྒྱད་པའི་ངོ་བོར་བསྟན། །སོར་ཚིགས་ཉི་ཤུ་རྩ་གཅིག་ལ། །ཁྲུ་གང་དུ་ནི་གྱུར་པ་སྟེ། །མུ་ཁ་ལེ་ནི་རང་བཞིན་ཡིན། །ཁྲུ་བཞི་ལ་ནི་གཞུ་བདུན་ཏེ། །དབྱིངས་ཀྱི་ཡུམ་དྲུག་རང་བཞིན་ཡིན། །གཞུ་ལྔ་བརྒྱ་རྒྱང་གྲགས་གཅིག། །ཡེ་ཤེས་མ་མོ་བཅུ་བཞིར་གསུངས་རྒྱང་གྲགས་བརྒྱ་ལ་དེ་ཡི་ཚད། །དཔག་ཚད་དག་རུ་གྱུར་པ་སྟེ། །སྨན་མོ་ལྔ་བཅུའི་རང་བཞིན་ཡིས། །དེ་ལྟར་ཕྲ་རབ་རྡུལ་ནས་ནི། །རི་རབ་དང་ནི་གླིང་བཞི་སོགས། །གཟུགས་ཀྱི་དངོས་པོ་དེ་ལྟར་འཕེལ། །གྲིབ་མ་དེ་ལས་ལྡོག་པའོ། །དེ་ལྷར་གླིང་བཞི་རི་རབ་འདི། །མ་མོ་རབ་ཏུ་མཁས་པས་བརྟག། །སྒྲ་ཡི་མཐའ་ནི་མ་ཡིན་ཏེ། །མ་ནི་སྐྱེ་མེད་མུ་ཁ་ལེ། །མོ་ནི་དབྱིངས་ཀྱི་ཡུམ་དྲུག་སྟེ། །བདེ་ཆེན་གཡུང་དྲུང་ཐིག་ལེར་འཁྱིལ། །ཡེ་ཤེས་མམོ་བཅུ་བཞི་ཡིན། །རྒྱུད་དང་འཇིགརྟེན་ཐ་སྙད་ལ། །ཀ་བ་རྩིག་པ་ལ་སོགས་ཀུན། །སྨན་མོ་རྣམས་ཀྱི་རང་བཞིན་ཏེ། །འདི་ནི་སྒྲ་ཡི་འཕེལ་བ་སྟེ། །འགྲིབ་བ་དེ་ལས་ཟློག་པ་སྟེ། །མིང་དང་སྒྲ་ཡི་འཕེལ་འགྲིབ་འདི། །མཁས་པས་མ་མོའི་ངང་དུ་བརྟག། །སྐད་ཅིག་མ་ནི་མུ་ཁ་ལེ། །ཐང་ཅིག་དབྱིངས་ཀྱི་ཡུམ་དྲུག་སྟེ། །ཡུད་ཙམ་ཡེ་ཤེས་མ་མོ་བརྒྱད། །ཐུན་ནི་ཡེ་ཤེས་མ་མོ་གཞན། །ཉིན་ཞག་སྨན་མོའི་ཚོགས་ཡིན་ཏེ། །ཟླ་བ་བཅུ་གཉིས་མུ་ཁ་ལེ། །ལོ་གཅིག་དབྱིངས་ཀྱི་ཡུམ་དྲུག་སྟེ། །བར་གྱི་གཡོག་མོ་བརྒྱད་བརྒྱ་ནི། །ཡེ་ཤེས་མ་མོ་བཅུ་བཞིར་འདོད། །ཡ་ཐོག་མ་ཐོག་རིང་ཐུང་གཉིས། །སྨན་མོ་ལྔ་བཅུའི་རང་བཞིན་ཏེ། །སྲེད་ལྟར་བསྐལ་པའོ་ཉི་ཤུ་བརྒྱད། །མ་མོའི་རང་བཞིན་ཡིན་པར་བཤད། །དེ་ལྟར་གཟུགས་དང་མིང་དང་རུས། །མ་མོའི་སྐུ་གསུང་ཐུགས་སུ་འདོད། །དེ་ལྟར་གཟུགས་ནི་ཕྲ་རགས་དང་། །མ་མོ་སྐུ་ཡི་རང་བཞིན་ཏེ། །དེ་ལྟར་མ་ཤེས་སྙིང་རེ་རྫེ། །དེ་ལྟར་མིང་གི་བསྡུས་རྒྱས་ཀྱང་། །མ་མོའི་གསུང་གི་རང་བཞིན་ལགས། །དེ་ལྟར་མ་ཤེས་ཐང་རེ་ཆད། །མ་མོ་རྟེན་པ་སྤྲེའུ་འདྲ། །དུས་ཀྱི་འཕེལ་འགྲིབ་མངའ་མོའི་ཐུགས། །སེམས་ནི་མི་རྟག་ཐུགས་སུ་བསྟན། །དེ་ལྟར་མ་ཤེས་གོལ་སྒྲིབ་ཆེ། །མ་མོ་སྨྲ་བ་ཁ་རེ་ངལ། །མ་མོ་སྒོམ་པ་སྙིང་རེ་ཉམས། །མ་མོ་སྒྲུབ་ཐང་རེ་ཆད། །རྟག་དང་ཟེར་མོ་ཇི་བཞིན་ནོ། །ནམ་མཁའ་མཚན་ཉིད་དེ། །དེ་ལ་དུས་བཞིའི་མ་མོ་རྩལ། །དགུན་གྱི་རྒྱལ་མོར་འཁྱག་འབེབས་མ། །འབྱུང་བ་རླུ་་ལ་མངའ་མཛད་མ། །འཁྱག་པ་ཁྲག་ཁྲོལ་སྦྲུལ་པའི་སྐུ། །དཔྱིད་ཀྱི་རྒྱལ་མོ་དྲོད་འབེབས་མ། །འབྱུང་བ་མེ་ལ་མཛད་མ། །ཞུན་ཆུ་ཆལ་ཆོལ་སྤྲུལ་པའི་སྐུ། །དབྱར་གྱི་རྒྱལ་མོ་སྐྱེད་མཛད་མ། །འབྱུང་བ་ཆུ་ལ་མངའ་མཛད་མ། །དམུ་ཆུ་ཁམ་ལྕགས་ཡལ་ག་ཅན། །མེ་ཏོག་སྣ་ཚོགས་སྤྲུལ་སྐུར་བསྟན། །སྟོན་གྱི་རྒྱལ་མོར་བཅུད་ལེན་མ། །འབྱུང་བ་མེ་ལ་མངའ་མཛད་ཅིང་། །ལོ་ཐོག་འབྲས་བཅུད་སྦྲུལ་སྐུར་སྟོན། །སེབས་ཅན་རྟག་པར་འཛིན་པ་ལ། །དུས་ནི་བཞི་ཡིས་མིང་རྟག་བསྟན། །དེ་ལྟར་བསྟན་ཀྱང་མི་འདུལ་བ། །སེམས་ཅན་རྨོངས་པ་སྙིང་རེ་རྗེ། །སྡུག་བསྔལ་སྤྱོད་པ་ཐང་རེ་ཆད། །དེ་ལྟར་སྟོན་པའི་ཐབས་ཆེན་ནི། །གཞན་ལ་མེད་ཅིང་རང་ལ་མེད། །ཐེག་ཆུང་ཉན་ཐོས་ལ་མེད་ཅིང་། །ཐེག་ཆུང་ལ་མེད། །རིག་པ་འཛིན་ལ་འདི་མེད་ཕྱིར། །དེ་ལྟར་སེམས་ཅན་འདུལ་ཐབས་དང་་ །ལྟ་བ་རྨད་དུ་བྱུང་བས་ནི། །འདི་ནི་ཐེག་པའི་སྙིང་པོར་གསུངས་། །ང་ཡི་ཐུགས་རྗེ་སྤྲུལ་པ་དང་། །སེམས་ཅན་ལས་ཀྱི་དགེ་སྡིག་གིས། །སྲིད་པའི་འདི་ལྟར་ཆགས་པ་ཡིན། །བཤད་ཀྱི་མངོན་རྫོགས་ཡབ་ཁྱོད་ཉིན། །དེ་ཡང་འདི་ལྟར་འཇིག་རྟེན་གྱི། །ཁམས་འདི་ཀུན་རྫོབ་མོས་པ་སྣ་ཚོགས་པའི། །སེམས་ཅན་བསམ་པའི་དབང་གིས་འཇིག་རྟེན་གྱི། །ཁམས་ནི་སོསོར་སྣང་བའོ། །དེ་དག་སེམས་ཅན་རྣམས་ཀྱི་བསོད་ནམས་དང་། །སྡིག་པའི་དབང་གིས་སོ་སོར་སྣང་བ་འོ། །དོན་དམ་བར་སྦགས་པ་དང་གཞལ་བར་ནི་འཇིག་རྟེག་གྱི་ཁམས་ཡིན་ཏེ་དཔེས་མ་གང་དུ་ཕུག །ཁྲུ་ལྔའི་ཚད་དུའདོད་ཆགས་དང་བྲལ་བ་འམ། བྱང་ཆུབ་སེབས་དཔའ་ཡང་དག་པའི་རིགས་འཛིན་རྣམས་ཀྱི་ཕུག་དེར། དེའི་ཚོགས་དང་ཡེ་ཤེས་ཀྱི་སྟོབས་ཀྱི་རང་བཞིན་ཡང་དག་པར་འགྱུར་ཏེ། །དེའི་བདེ་ཚན་འཁོར་ལོ་སྒྱུར་་བའི་འགྱུར་བར་བཞུགས་ཏེ། །དེ་ལ་ཅུང་ཟད་ཡང་པ་ཡང་མེད་ལ། །དེ་ལ་ཅུང་ཟད་དོག་པ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ཀུན་རྫོབ་ཀྱི་འཇིག་རྟེན་གྱི་ཁམས་དང་། དོན་དམ་པ་ལས་ཤེས་པར་བྱའོ། །དེ་ཡང་ཕྱི་རོལ་གྱི་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་བཞིན་དུ། །ལུས་ཀྱི་འཇིག་རྟེན་གྱི་ཁམས་དག་འདྲ་སྟེ། ཕྱི་རོལ་འཇིག་རྟེན་ཁམས་ཀྱི་ཚད་དེ་འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་གྱི་དོན་ནོ། །ནང་དུ་ལུས་ཀྱི་ཚད་ནི་ལུས་ཀྱི་དཀྱིལ་འཁོར་དུ་གསུངས་ཏེ། ཇི་ལྟར་ཕྱི་རུ་འཇིག་རྟེན་པ་ཡི་ཚད་མ་རི་རབ་ལྷུན་པོ་ལ་དཔག་ཚད་འབུམ་མོ། །དེ་བཞིན་དུ་ལུས་ཀྱི་སྒལ་ཚིགས་ལ་དཔངས་སུ་ཁྲུ་གང་སྟེ། དེ་ནས་ལུས་ལ་ཁྲུའི་ཚད་ཀྱི་བཞིའོ། །རི་རབ་ལྷུན་པོ་ལ་དཔག་ཚད་འབུམ་ཚད་ཀྱི་འཇིག་རྟེན་གྱི་ཁམས་ལས་དཔག་ཚད་འབུམ་ཕྲག་བཞི། གཞན་དུ་ཕྱི་ཇིལྟབབཞིནནངབཡིན་ན་མི་མཐུན་པར་འགྱུར་རོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཀྱི་ཚད་ནི་ཀུན་རྫོབ་ལ་ཇི་ལྟ་བ་བཞིན་ནོ། །བཅོས་ལྡན་འདས་ཀྱི་བསྲེག་པ་དང་བཅས་པའི་ལས་ལ་སོགས་པའི་དམ་བཅས་པ་ནི་འདི་ལ་མ་ཡིན་ཏེ།གང་དུ་དམ་བཅས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཡུལ་ལོ། །གང་དུ་འཇིག་རྟེན་གྱི་ཁམས་ཀྱི་ཆེ་དག་ཡུལ་གྱི་ཚད་བརྫོད་པ་ལས། འདོད་པ་རྣམ་པ་སྣ་ཚོགས་སྨྲ་སྟེ། རིག་བྱེད་གྲུབ་པའི་མཐའ་བསམ་པས་སྨྲ་ན།ཚངས་པ་གཅིག་གི་གནས་ལ་ཡང་ཕར་ཚུར་དཔག་ཚད་བྱེད་པོ་ཡོད། །ཅེས་གོལ་བར་སྨྲ་བ་དང་། ཉི་མའི་ཤིང་རྟ་ལ་སོགས་པ་ཡོངས་སུ་སྨིན་པར་བྱ་བ་དང་། ཚངས་པའི་སྒོ་ལྔའི་ཚད་དེ་བཞིན་པའི་ཕྱིར་གཟའི་རྩིས་དང་། ཕུང་པོའི་འཁོར་ལོ་ལྡན་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་རབ་ཏུ་བཞག་གོ །དེ་ཡང་ཚད་འདི་ལས་སངས་རྒྱས་པ་ཚད་གཞན་མཐོང་བས་འཁྲུལ་པར་མི་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་འབུམ་ཕྲག་སུམ་ཅུ་རྩ་དྲུག་ལྷགག་པར་གསུངས་པོ་དང་། གང་དུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་འབུམ་བཞི་ཙམ་མོ་ཟེར་བའི་ཕྱིར་བཅོས་ལྡན་འདས་རྫུན་སྨྲ་བ་ཞེས་པ་དང་། །གང་གིས་འདོད་པ་ཡིན་ཞེས་ཚིག་དེ་ཁམས་རྣམས་ཀྱིས་མི་བསམ་སྟེ། སེམས་ཅན་རྣམས་ཀྱིས་བསམ་པའི་དབང་གིས་ཞེས་བྱའོ། །དེ་བཞིན་དུ་ཡང་ངས་གསུངས་པ། །སེམས་ཅན་མོས་པ་སྣ་ཚོགས་པ། །སྣ་ཚོགས་གྲུབ་པའི་མཐའ་རིག་པ། །སྣཚོགས་ལམ་ནི་མཉམ་གནོན་པ། །མི་ཤེས་རྒྱལ་ཁམས་རྟ་རྣམས་རང་བཞིན་དུ་གྲུབ་པའི་མཐའ། །ཇི་སྲིད་རིགས་པ་མ་བསྟན་པ། །དེ་སྲིད་དབང་དུ་མི་འགྱུར་ཏེ། །ཀུན་མཁྱེན་ལ་ཡང་ཁེངས་པ་རྣམས། སེམས་ཅད་ཕན་པ་མི་བདེན་ཏེ། བསོད་ནམས་ཚོགས་ཀྱི་རྒྱུ་ཅན་དང་། །གཞན་ལ་གནོད་པའི་བདེན་པ་སྟེ། །མན་མ་སེམས་ལ་སོགས་སྟེར་བའོ། །ཁྱིམ་ན་གནས་པའི་སེར་སྣ་ཅན། །ཡི་དགས་ཀྱི་ནི་རང་མཐོང་སྟེ། །ཁམས་ཀྱི་རྩེ་མོ་ནག་པོ་རི། །ས་ལ་སྲིག་པ་བྱེད་པ་རྣམས། །བུ་བཙས་བཞིན་དུ་སྔ་བ་ཡིས། ཁུབ་རྣམས་ཀྱི་ནི་རི་མཐོང་ན། །རྐང་མགྱོགས་དངོས་གྲུབ་ཐོབ་པ་རྣམས། །ལྷ་མོའི་ཁང་དུ་རྩེག་མར་འགྲོ། །དེ་ནས་འཇིག་རྟེན་གྱི་ཚད་ལ། །སེམས་ཅན་རྣམས་ཀྱི་རང་རང་གི་བག་ཆགས་ཀྱི་དབང་གིས་དེས་གསུངས་པ་སོ་སོར་སྣང་སྟེ། །ལ་ལ་རངས་མངོན་པར་ཤེས་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་མཐོང་བ་དང་། གཟུང་བ་ནང་འཛིན་པའི་ངོ་བོར་དངོས་པོའི་ཚད་ཟིན་པ་མ་ཡིན་ནོ། །དེ་ལྟར་ན་མུ་ཁ་ལེ་ངས་མ་མོས་འདུལ་བའི་སེམས་ཅན་དང་། སྒྲུབ་པ་པོ་སྨིན་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་དང་། ལུས་ཀྱི་དཀྱིལ་འཁོར་གྱིས་ཚད་གསུངས་སོ། །འདི་ལ་རླུད་གི་མཐའ་ནས་ལྷུན་པོའི་མཚམས་སུ་ནི། ས་དག་ཆུ་དང་མེའི་དཀྱིལ་འཁོར་རྣམས་ནི། འོག་གི་རླུད་གི་དཀྱིལ་འཁོར་ནམ་མཁའ་ན་གནས་སོ། །དེའི་ཕྱིར་རླུད་གི་མཐའ་ནས་ལྷུན་པོའི་བར་ན། དམྱལ་བ་བདུན་དང་བརྒྱད་པ་རླུད་གི་གྲོང་ཁྱེར་ཞེས་བྱ་སྟེ། དམྱལ་བ་དང་རླུད་གི་གྲོང་ཁྱེར་ལ་དཔག་ཚད་འབུམ་ཕྲག་གཉིས་ཡིན་ནོ། །རླུག་གི་དཀྱིལ་འཁོར་ལ་སྟོང་ཕྲག་ལྔ་བཅུད་ཡིན་ནོ། །དེར་མ་རུང་བ་ཆེན་པོའི་རླུད་དང་། མུན་པ་ཆེན་པོ་དམྱལ་བ་ཆེན་པོ་གཉིས་ཏེ། དེའི་ཚད་ནི་སྟེང་དང་། འོག་དང་། རྒྱར་དཔག་ཚད་ཉིད་ཤུ་རྩ་ལྔ་རྣམ་པར་དབྱེ་བས་སའི་དཀྱིལ་འཁོར་གྱི་ཚད་དོ། །དེ་ལྟར་མེའི་དཀྱིལ་འཁོར་དུ་དམྱལ་བ་གཉིས་ཏེ། དེ་ཡང་མེའི་དམྱལ་བ་དང་གཅིག། །དེའི་སྟེང་དུ་བཟོད་པར་དཀའ་བ་ཆུའི་དམྱལ་བ་དང་གཅིག་གོ། །དེ་བཞིན་དུ་ཆུའི་དཀྱིལ་འཁོར་དུ་དམྱལ་བ་གཉིས་ཏེ། བྱེ་མའི་འདམ་དང་། བྱེ་མའི་འདམ་གྱི་ཆུར་ཡང་དག་པར་ལྡན་པ་དང་། བྱེ་མ་བྱེ་མར་ཆུར་ཡང་དག་པར་ལྡན་པ་བགྲང་བ་ཆེན་པོའི། སའི་དཀྱིལ་དུ་གསེག་མའི་ཆུའི་དམྱལ་སྟེ། དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེའི་སྟེང་དུ་རླུད་གི་གྲོང་ཁྱེར་སྟེང་དང་འོག་ཏུ་དཔག་ཚད་ཉི་ཤུ་རྩ་ལྔའོ། །དེ་གཉིས་ཀྱི་ཚད་ལ་གཉིས་ཏེ། ཕྱེད་ནི་ལྷ་མ་ཡིན་གྱི་གནས་སོ། །ཕྱེད་ནི་ཀླུའི་གནས་སོ། །ཕྱིའི་དེ་ལྟར་ལུས་ལ་རྐང་བའི་མཐིལ་ནས་སྐྱེད་པའི་བར་དུའོ། །ཁྲུ་དོ་ཡིན་ལ། དེ་གཉིས་དབྱེ་བས་ལ་དུ་དབྱེ་བས་ཕྱེ་སྟེ། ཆ་རེ་རེའི་རིགས་པ་ཇི་ལྟ་བས་དམྱལ་བ་དང་ཀླུའི་གྲོང་ཁྱེར་རིག་པར་བྱའོ། །དེ་ནས་རི་རབ་ལྷུན་པོའི་བུམ་གྱི་ཚད་ནི། དེའི་ཕྱི་རིམ་སའི་དཀྱིལ་འཁོར་ནས་ལྷུན་པོའི་སྟེང་དང་འོག་ཏུ་དཔག་ཚད་འབུམ་ཞེས་བྱའོ། །ནང་དུ་ཡང་ལུས་ཁྲ་གཅིག་སྟེ་རྐང་བ་ནས་རྐེད་པའི་བར་དུའོ། །དེ་ཉིད་གཟའི་ཚོགས་རྣམས་བསྐོར་བསྟེ། །དེའིཕྱིར་གཟའི་ཚོགས་རྣམས་ཀྱི་གནས་ལྷུན་པོ་ཡིས་བསྐོར་བ་ལས་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །སྐྱེ་ནས་དཔྲལ་བའི་བར་དུ་སོར་བཅུ་གཉིས་སོ། །དཔྲལ་བ་ནས་སྤྱི་བོར་སོར་དྲུག་སྟེ། །ཇི་ལྟར་འཇིག་རྟེན་ཁམས་ལ་འབུམ་ཕྲག་བཞིའི་ཚད་ནི་ལུས་ལ་ཁྲུ་བཞི་སྟེ། །ཁྲུ་གང་སོར་མོ་ཉི་ཤུ་རྩ་བཞིའི་བདག་ཉིད་དོ། །དེ་ནི་ཞེང་གི་ཚད་བཤད་དེ། རླུད་གི་མཐའ་ནས་རླུད་གི་མཚམས་ལ་འབུམ་ཕྲག་བཞི་སྟེ། རླུད་དང་ནམ་མཁའི་མཐའ་རུ་ཤར་དང་ནུབ་ཀྱི་མཐའ་རྣམས་ཀྱི་བར་དུའོ། །དེ་བཞིན་ལྷོ་དང་བྱང་མཐའི་བར་དུའོ། ། ཞེས་བྱའོ། །དེ་ནས་རླུད་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་རོ། །མེའི་དཀྱིལ་འཁོར་གྱི་ནང་དུ་ཆུའི་དཀྱིལ་འཁོར་རོ། །ཆུའི་དཀྱིལ་འཁོར་གྱི་དབུས་སུ་སའི་དཀྱིལ་འཁོར་ཏེ། །དེ་ཉིད་བསྟན་པར་འཛིན་པ་སྟེ། །སྟེང་དེ་རྣམས་སུ་གླིང་དྲུག་དང་། །རི་དྲུག་དང་། །རྒྱ་མཚོ་དྲུག་དང་ཆུའི་དཀྱིལ་འཁོར་བདུན་པས་ལྷན་ཅིག་པའི་རྒྱ་མཚོ་བདུན་དང་། །འཛམ་བུའི་གླིང་བདུན་པས་ལྷན་ཅིག་གི་གླིང་བདུན། རྡོ་རྗེའི་རི་ཡིས་ལྷན་ཅིག་པའི་རི་བཞིན་ནོ། །རྡོ་རྗེའི། བན་ད་བ་ཨ་ནི་ལ་དང་། །ཚའི་རྒྱ་མཚོ་ནི་རླུད་གི་དཀྱིལ་འཁོར་གྱི་མཐར་འོག་གི་རྒྱར་རྣམ་པར་དབྱེ་བས་གནས་སོ། འཛམ་བུ་གླིང་ཆེན་པོའི་མཐའ་ནི་ས་སྟེ་ཕྱོགས་ཐམས་ཅད་དང་འོག་གི་རྒྱ་མཚོའི་གནས་སོ། །ཚའི་རྒྱ་མཚོ་ནས་རྒྱ་མཚོའི་མཐར་ནི་འབུམ་ཕྲག་གཉིས་སོ། །རི་རབ་ལྷུན་པོའི་དབུས་ནས་གཡས་ནས་གཡོན་དང་མཚོ་མཐར་འབུམ་ཕྲག་གཉིས་ཏེ། ཡང་གཡང་སུ་འབུམ་ཕྲག་གཅིག་དང་གཡོན་དུ་འབུམ་ཕྲག་གཅིག་གོ། །དེ་བཞིན་དུ་ཤར་དང་། །ནུབ་དང་། །མེ་དང་། །བདེན་བྲལ་དང་། དབང་ལྡན་ནོ། །མེ་དང་རླུད་གི་དཀྱིལ་འཁོར་རྣམས་ལ་དཔག་ཚད་འབུམ་ཕྲག་གཉིས་ཏེ། དེ་ཡང་ཚ་རང་ཆུའི་དཀྱིལ་འཁོར་གྱི་གཡས་དང་གཡོན་དུ་མེ་དང་རླུད་གི་དཀྱིལ་འཁོར་གཡས་སུ་འབུམ་ཕྲག་གཅིག་དང་གཡོན་དུ་འབུམ་ཕྲག་གཅིག་གོ །དེ་ལྟར་ཕྱོགས་ཐམས་ཅད་དུའོ། །དེ་ལྟར་གྱུར་པའི་དབུས་ཀྱི་རི་རབ་ལྷུན་པོ་ཇི་ལྟ་བུར་འགྱུར་བ་ཡིན་ཞེ་ན། རི་རབ་གང་གི་སྟེང་ཕུང་པོའི་འཁོར་ལོའི་རྩིབས་བཅུ་གཉིས་སྒྲོལ་བར་བཅས་པ མཐའ་ཡས་པར་སྒྲོལ་བ། དབང་ཐང་དང་ཡང་དག་པར་ལྡན་པའི་སྒྲོལ་པར་བཅས་ཏེ། ཉིན་མོ་དང་མཚན་མོ་འཁོར་ལོ་ཞེས་བྱའོ། །འདིར་ཇི་ལྟར་ཚོག་འདི་རིག་པ་ཡིན། ཅིའི་ཕྱིར་གཞན་ཡང་རི་རབ་ལྷུན་པོ་ཡོད་དམ། འདིའི་ཚིག་གང་ཞིག་ཅེས་བྱ་བ་བརྫོད་པར་བྱ་སྟེ། མུ་སྟེགས་ཅན་དག་མན་ད་ར་ཡང་རི་རབ་ཀྱི་མིང་དུ་སྨོས་ཏེ། དེན་ན་མན་དྷ་ར་ལས་བྱེ་བྲག་ཏུ་ཕྱེ་བ་ལས་ཚིག་གོང་མ་དང་ནི་རིགས་སོ། །དྲུག་གི་ཆ་ལ་འབུམ་ཕྲག་གཉིས་གཉིས་ཏེ། དེ་ཡང་འདི་ལྟར་བརྫོད་དེ། འོག་དང་། སྟེང་དང་། ཤར་དང་། ནུབ་དང་། ལྷོ་དང་། བྱང་ལ་སའི་དཀྱིལ་འཁོར་གྱི་དབུས་ནས་འབུམ་ཕྲག་གཉིས་གཉིས་ཡོད་དོ། །དེ་ལྟག་གནས་པའི་འཇིག་རྟེན་གྱི་ཁམས་འདི་ཡང་སེམས་ཅན་གྱི་གནས་ཏེ། མཐོ་རིམ་དང་། མོ་ཡུལ་དང་། སའི་འོག་གི་སྲིད་པ་ནི་སྲིད་པ་གསུམ་མོ། །དེ་དག་མ་ལུས་པ་ནི་མཐའ་དག་སྟེ། དུས་སུ་སྦྱོར་བ་ལས་རབ་ཏུ་སྐྱེ་བ་དང་།གནས་བ་དང་། རྒས་པ་དང་། །འཇིག་པའོ། །དེ་ཡང་སྐྱེ་བའི་དབང་ལས་ཡང་དག་པར་འཛིན་པ་དང་། སྲུབ་པ་དང་། དབྱིབས་རླུད་གི་དུས་སུ་ཡང་བའི་སྦྱོར་བའི་སྐྱེ་བ་སྟེ། སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལས་སོ་སོར་ལོངས་སྤྱོད་པའི་དོན་ནོ། །ད་ནི་མཐའ་སྐོར་གྱི་ཚད་ནི་འདི་ལྟར་བརྗོད་པར་བྱ་སྟེ། དེ་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅན་ཀྱི་ཞེང་གི་ཚད་ཀྱི་སུམ་འགྱུར་ནི། དེ་དག་གི་མཐའ་སྐོར་ལ་ཡོད་པ་ཡིན་ནོ། །རི་རབ་ལྷུན་པོ་ལ་སོགས་རླུད་གི་སྟེང་་གི་མཐའ་རྣམས་ཀྱི་རླུད་དང་། བྲག་དང་། རྒྱ་མཚོ་ཐམས་ཅད་ཀྱི་ཞེང་ལས་སུམ་འགྱུར་གྱི་མཐའ་སྐོར་ཡོད་དོ། །དེ་བཞིན་དུ་སའི་དཀྱིལ་འཁོར་གྱི་ཞེང་ལ་ཚད་འབུམ་ཕྲག་གཅིག་གོ །མཐའ་སྐོར་གྱི་ཚད་དང་འབུམ་ཕྲག་གསུམ་གསུམ་མོ། །དེ་བཞིན་དུ་ཆུ་དང་། མེ་དང་། །རླུང་གི་དཀྱིལ་འཁོར་རྣམས་ཀྱི་རང་རང་གི་དཀྱིལ་འཁོར་རྣམས་ཀྱི་མཐའ་ནས། རང་རང་གི་དཀྱིལ་འཁོར་ཀྱི་མཐའི་བར་དུ་འབུམ་ཕྲག་གཉིས་སོ། །འབུམ་ཕྲག་གསུམ་དང་འབུམ་ཕྲག་བཞི་ནི་རང་རང་གི་ཞེང་གི་ཚད་དོ། །མཐའ་སྐོར་གྱི་ཚད་ནི་ཆུའི་དཀྱིལ་འཁོར་གྱི་འབུམ་ཕྲག་དྲུག་གོ། །མེའི་དཀྱིལ་འཁོར་གྱི་དགུའོ། །རླུད་གི་དཀྱིལ་འཁོར་གྱི་འབུམ་ཕྲག་བཅུ་གཉིས་སོ། །དེའི་ཡང་ཕྱི་རིམ་གྱི་འཇིག་རྟེན་གྱི་ཁམས་ལ་དཔག་ཚད་རྣམས་ཀྱི་འབུམ་ཕྲག་གཅིག་གོ། །དེ་བཞིན་དུ་རང་གི་ལུས་ལ་ཡང་རང་གི་ཁྲུ་བཞི་ཚད་དུ་གྱུར་ཏེ། །སྔ་མ་སྨྲས་པའི་རིམ་བཞིན་ནོ། །དེ་ནས་རྒྱ་མཚོ་རྣམས་དབྱེ་སྟེ། ཚ་དང་། ཆང་ཆུང་དང་། འོ་མ་དང་། ཞོ་མར་སྦྲང་རྩིའི་རྒྱ་མཚོས་ཏེ། དེ་ཚ་ནི་སའི་དཀྱིལ་འཁོར་གྱི་ཕྱི་རོལ་ནའོ། །ཆང་ལ་སོགས་པ་ནི་སའི་སྟེང་དུའོ། །ཕྲག་བདུན་ནི་འོད་སྔོན་པོ་དང་། མན་དྷ་རའི་བ་རི་དང་། རྡུལ་བྲལ་དང་། ནོར་འོད་དང་། དྲོ་ན་དང་། གྲང་བ་དང་། རྡོ་རྗེའོ། །རྡོ་རྗེ་ནི་ཚའི་རྒྱ་མཚོའི་ཕྱི་རོལ་རྟུའོ། །ཁ་དང་ལྡན་པ་ལ་སོགས་པ་ནི། །ཆང་ལ་སོགས་པའི་རྒྱ་མཚོའི་ཕྱི་རོལ་ཏུ་རིགས་སོ་སོའི་རི་རྣམས་ཆུ་སྐྱོར་བར་བྱེད་དོ། །གླིང་བདུན་ནི་ཟླ་བ་དང། འོད་དཀར་རབ་མཆོག་དང་། ཀུ་ཤ་ནི་འམ་ཅི་དང་། ལོངས་སྤྱོད་དང་། ཁུང་ཀྲུང་དང་། དྲག་པོ་དང་། འཛམ་གླིང་བདུན་པ་ལས་གྱི་སའོ། །དེ་ཡང་བདུན་པ་ནི་འཛམ་གླིང་སྟེ། ཟླ་བའི་རྣམ་པ་ཆུ་རུ་དཔག་ཚད་འབུམ་པ་ལ་མཐའ་སྐོར་དཔག་ཚད་འབུམ་གསུམ་པ་སྟེ། གདན་གནས་པའི་མི་དེ་ནི་ལས་ཀྱི་ས་རིག་པར་བྱའོ། །ལོངས་སྤྱོད་དྲུག་པའི་ས་ནི། འཛམ་བུ་གླིང་གི་ཚད་རྒྱ་མཚོའི་ལྷོའི་མེའི་དཀྱིལ་འཁོར་རང་བཞིན་གྲུ་གསུམ། །བྱང་དུ་ཆུའི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ཟླ་གམ་མོ། །ནུབ་ཏུ་སའི་དཀྱིལ་འཁོར་གྱི་རང་བཞིན་གྲུམ་བཞི། དབུས་སུ་ལྷུན་པོའི་མ་མོ་ཐིག་ལེ་སྟོང་པའི་རང་བཞིན་གྱི་དཀྱིལ་འཁོར་ཏེ། བུམ་པ་ཐིག་ལེའི་རྣམ་པ་སྟེ། དེ་ཡང་གླིང་དྲུག་ལ་སོགས་པ་ནི་ར་བ་ལྟ་བུར་གནས་པ་ལ། ལྷུན་པོ་ནི་བང་རིམ་གསུམ་སྟེ། གཟུགས་བཟང་བ་སེང་གེས་བཏེག་པ་བང་རིམ་ནི་སྐུའོ། །སྟོབས་ཆེན་གླང་པོ་ཆེས་བཏེག་པའི་བང་རིམ་ནི་ཐུགས་སོ། །མཛེས་སྡུག་རྨ་བྱས་བཏེག་པ་ནི་བང་རིམ་གསུང་ངོ། །ཡ་མཚན་ཁྱུང་གིས་མཚན་པའི་བུམ་པ་ནི་སྐུ་གསུང་ཐུགས་བྱ་བྲལ་རྫོགས་པ་སྟེ། བེར་སྟོང་པ་ནི་ཐིག་ལེ་ཆོས་ཀྱི་སྐུའོ། །ལྷུན་པོ་དེ་ཡང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །དེ་ལ་དཀྱིལ་འཁོར་བཞི་བོ་དེས། ལྕུང་པོའི་སྒོ་ནས་གནས་སོ། །དཀྱིལ་འཁོར་བཞི་པོ་འདི་རྣམས་ཀྱི་ཚད་ནི། དཔག་ཚད་ཀྱི་གྲངས་ཇི་ལྟ་བ་བཞིན་དུ། སྟོང་ཕྲག་བདུན་དང་། སྟོང་ཕྲག་དགུ་དང་། སྟོང་ཕྲག་བཅུ་སྟེ། །དཔག་ཚད་རྣམས་ཀྱི་ཚད་ནི་། གླིང་བཞི་ཇིལྟབབཞིནགྱིརྔབཞིནནོ། །དེ་ཡང་འདིར་ཤར་ཟླམ་པོ་དང་ནུབ་གྲུ་བཞི་པ་ནི། དེརངབཞིནལུསཀྱིརངབཞིནགྱིས། ཤརདང་ནུབ་དང་རླུད་དང་སའི་དཀྱིལ་འཁོར་བཞིན་ནོ། །དེ་བཞིན་དུ་གཡས་དང་གཡོན། །གྲུ་གསུམ་དང་ཟླ་ཁམས་ལུས་ནི་མེ་དང་ཆུའི་རང་བཞིན་ཞེས་བྱའོ། །དེ་ལྟ་བས་ན་དཀྱིལ་འཁོར་བཞིའི་་རྣམ་པས་གླིང་བཞིན་རྣམས་ཀྱི་མཚན་ཉིད་དོ། །ད་ནི་ལྷུན་པོ་ལ་སོགས་པའི་རྒྱའི་ཚད་བཤད་དེ། ལྷུན་པོ་སྟེང་གི་རྒྱ་ཤར་དང་། ནུབ་དང་། བྱང་དང་། །ལྷོའི་ཆའི་བར་ལྔ་བཅུའི། སའི་སྟེང་གནམ་གྱི་རྒྱར་སྟོང་ཕྲག་དྲུག་ཅུའོ། །ཁོར་ཡུག་ནི་སྟོང་ཕྲག་གཅིག་སྟེ། །བརྒྱ་ངེས་པའོ། །སྟེང་དུ་རྩ་ལྔའོ། །ཕྱི་རོལ་ཏུ་གླིང་བཞི་ནང་ན་འདུག་པའི་གནས་ན་གླིང་དྲུག་སྟེ། །དེ་རྣམས་ལ་ཁ་བ་ཅན་ལ་རྦ་ཅན་ཞེས་བྱའོ། །དེ་ལ་རྒྱ་མཚོ་དྲུག་ལ་སོ་སོར་སྟོང་གི་བཅུ་གཅིག་གིས་མ་ལས་པ་ཡིན་ནོ། །དེ་ལྟར་ན་གླིང་དྲུག་དང་། རིག་མཆོག་རི་དྲུག་སྟེ། དེ་རྣམས་བཅོ་བརྒྱད་ཀྱི་ཚད་དོ། །བདུན་པ་ནི་གླིང་བརྒྱད་མཚོ་དང་བྲལ་བ་རྣམས་སོ། །དེ་གཉིས་ཀྱི་དེ་ཁོ་ན་ཕྲ་མོ་ཉིད་ཀྱི་སྟོང་ཕྲག་བཅུད་དྲུག་ལས། བཅོ་བརྒྱད་ཀྱི་ཆ་ཐོབ་ན་གསལ་བར་གྱུར་ཏོ། འདི་རི་རབ་ལྷུན་པོ་དབུས་ཚངས་པའི་འོག་གི་ཆ་ལ་ཕྱོགས་ཐམས་ཅད་དུ་དཔག་ཚད་བརྒྱད་སྟོང་དང་། ཁོར་ཡུག་ལ་གཅིག་སྟེ། སྤྱིར་དཔག་ཚད་སྟོང་ཕྲག་བཅུ་དྲུག་པར་དུ་གླིང་དྲུག་ལ་སོགས་པ་གནས་པ་དེ་ལྟ་བས་ན། སྟོང་ཕྲག་བཅུ་དྲུག་དག་གི་ཚད་ལས་བཅོ་བརྒྱད་ཐོབ་པ་གསལ་བ་ཡིན་ནོ། །དེའི་ཕྱིར་རོལ་ཏུ་སྟོང་ཕྲག་ཉི་ཤུ་རྩ་ལྔ། འཛམ་བུ་གླིང་གི་རྒྱ་ཟླུམ་པོ་རྣམ་པར་རི་རབ་ཀྱི་ཕྱོགས་ཀྱི་ཕྱོགས་སུ་མཚམས་བརྒྱད་རྣམས་སུའོ། །དེའི་ཕྱི་རོལ་ཚའི་རྒྱ་མཚོ་ལ་ཕྱོགས་ཐམས་ཅད་དུ་འབུམ་ཕྲག་ཕྱེད་ཀྱི་ཚད་ཡིན་ནོ། དེ་བཞིན་མེའི་དཀྱིལ་འཁོར་དང་། རླུད་གི་དཀྱིལ་འཁོར་དང་། སྲིད་པ་གསུམ་འཛིན་པ་ནི་མཐར་འདིའི་ཚད་ཡིན་ནོ། །དེ་ལྟར་ཚངས་གནས་ཀྱི་ཕྱོགས་ཐམས་ཅད་དཔག་ཚད་འབུམ་ཕྲག་གཉིས་གཉིས་ཀྱི་ཚད་དུ་འགྱུར་རོ། །སྲིད་པའི་རྒྱུད་ལས། སྣོད་ཀྱི་སྲིད་པའི་རྒྱུད་ལུང་གི་ལེའུ་སྟེ་དང་པོའི། ནང་དུ་ལུས་ལ་བྲང་སའི་དཀྱིལ་འཁོར་རོ། །ཕུང་པོ་ནི་ཆུའི་དཀྱིལ་འཁོར་རོ། །ལག་ངར་ནི་མེའི་དཀྱིལ་འཁོར་རོ། །ཁྲིམས་གནས་ལག་པའི་མཐའ་ནི་རླང་གི་དཀྱིལ་འཁོར་ཏེ། །དེ་ལྟར་ནང་གི་འཇིག་རྟེན་གྱི་ཁམས་ཀྱི་ངེས་པའོ། །གླིང་བཞི་དེ་དག་དང་ལུས་ཀྱི་ཁྱད་པར་དུ་འཕགས་པའི་ཕྱིར་ན་ཤར་གྱི་ལུས་འཕགས་སོ། ཁྲེང་འཛམ་བུ་པྲིག་ཤ་ལ་འཛམ་བུ་ཞེས་བྱ་བའི་སྒྲ་བྱུང་བའི་ཕྱིར་འཛམ་བུ་གླིང་ངོ། །བ་གླང་ངོ་ལ་ལོངས་སྤྱོད་པས་བ་གླང་སྤྱོད་དོ། །རང་གི་འཆི་བའི་རྟགས་སྒྲ་མི་སྙན་པ། དེ་རྣམས་ཀྱི་མི་ལུས་ཀྱི་ཚད་དང་ལུས་འཕགས་པོ་ལ་ཁྲུ་བཅུ་དྲུག་པའོ། །བ་གླང་སྦྱོད་ལ་ཁྲུ་བཅུ་གཉིས་སོ། །སྒྲ་མི་སྙན་ལ་ཁྲུ་བརྒྱད་དོ། །གླིང་འདི་ནི་གྲུ་བཞི་པ་ཡིན། །བཅུད་ཀྱི་འཇིག་རྟེན་གྱི་ཁམས་གདོས་སུ་གཏོར་ཏེ། སྒོང་ན་གཟུགས་ཀྱི་རིང་ཐུང་ཤེས་པར་བྱའོ། །འཇིག་རྟེན་གྱི་ཁམས་ཆགས་པ་དེ་ནི་གནས་པའི་ལ་ལ་སོགས་པའི་ཡང་སུམ་ཅུ་རྩ་གཅིག་སྟེ། །དེ་ཡང་འདུ་ཤེས་མེད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། ཅུང་ཟད་མེད་མིན་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། གཟུགས་མེད་ཀྱི་ཁམས་བཞིན་འོ། །འོག་མིན་དང་། ཤིན་ཏུ་མཐོང་པ་དང་། མི་གདུང་བ་དང་། མི་ཆེ་བ་དང་། འབྲས་བུ་ཆེ་པོ་དང་། །བསོད་ནམས་སྐྱེས་བ་དང་། །སྤྲིན་མེད་སྐྱེས་དང་། །དགེ་རྒྱས་དང་། ཚད་མེད་སྐྱེས་དང་།དགེ་ཆུང་དང་། འོད་གསལ་དང་། ཚད་མེད། །འོད་དང་། འོད་ཆུང་དང་། ཚངས་ཆེན་དང་། ཚངས་པ་མདུན་ན་འདོན་དང་། ཚངས་རིགས་ཏེ་གཟུགས་ཁམས་བཅུ་དྲུག་གོ །གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དང་། དགའ་ལྡན་དང་། འཐབ་བྲལ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་རིགས་བཞིན་དང་། འདོད་ཁམས་ཀྱི་ལྷ་རིགས་དྲུག་གོ །ལྷ་མ་ཡིན་ནི་མིའི་ནང་དུ་འདུས་སོ། །མི་རྣམས་དང་། དུད་འགྲོ་དང་།ཡི་དགས་དང་། དམྱལ་བ་ནི་འདོད་པའི་སྲིད་པ་ལྔ་སྟེ། དེ་ལྟར་སྲིད་པ་སུམ་ཅུ་རྩ་གཅིག་གོ །འདི་རྣམས་ཀྱི་མིང་གི་རྣམ་གྲངས་ཇི་ལྟ་བ་བཞིན་དུ་གཟུགས་མེད་པ་ལ་སོགས་པའི་རིམ་པ་སྟེ། །ཡ་ཨ་ཨོ་ཨ་ཞེས་བྱ་བས་གཟུགས་མེད་པར་ཟད་པས་ནམ་མཁའ་བཞིའོ། །ཨ་ཨི་ཨེ་ཨེ་ཟད་པ་རླུད་ངོ་། །རེ་རེ་ཨར་ཨར་ཞེས་པས་ཟད་པ་མེའོ། །ཨུ་ཨུ་ཨོ་ཨོ་ཞེས་པས་ཟད་པ་ཆུའོ། །ལེ་ལེ་ཨལ་ཞེས་པས་ཟད་པ་སའོ། །དེ་ཡང་ཚུལ་ཁྲིམས་ཀྱི་སྟོབས་གཟུགས་བཅུ་དྲུག་ལ་སོགས་པའི་ཟད་པར་གྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་འོག་མིན་ལ་སོགས་པ་རྣམས་འབྱུང་བར་འགྱུར་རོ། །ཧ་ཧ་ཡ་ཡ་ར་ར་དེ་རྣམས་ལས་འདོད་པ་ལ་སྤྱོད་པའི་ལྷ་དྲུག་སྤྱིན་པའི་སྟོབས་དང་སྔགས་བཟླས་པའི་སྟོབས་ངད་ཀྱིས་འབྱུང་བར་གྱུར་ཏོ། །བྷ་ག་ལས་ལྷ་མ་ཡིན་དང་མི་རྣམས་ཏེ། ལྷ་མ་ཡིན་རྣམས་ནི་སྦྱིན་པའི་སྟོབས་ཀྱིས་སོ། །མི་རྣམས་ནི་དགེ་བ་དང་། །མི་དགེ་བ་དང་། ལས་ཀྱི་སྟོབས་ཀྱིས་བྱུང་བའོ། །ལ་ལར་ནི་བྱོལ་སོང་རྣམས་དང་ཡི་དགས་སོ། །བྱོལ་སོང་རྣམས་ནི་སྡིག་པ་ཆུང་ངུ་ལས་སོ། །ཡི་དགས་ནི་སྡིག་པའི་འཟིང་པོས་སོ། །ཀ་ཡིས་ཀྱིས་ནི་དམྱལ་བ་རྣམས་ཏེ་སྡིག་པ་ཆེན་པོ་ལས་བྱུང་བར་གྱུར་ཏེ། དང་པོ་རླུ་་གི་འཇིག་རྟེན་བསོད་ནམས་ཀྱིས་སྟོབས་སོ། །དང་པོ་དམྱལ་བའི་སྡིག་པའི་སྟོབས་ཀྱིས་སྡིག་པ་བསྐལ་ཆུང་དུ་ཀྱི་ཚེ་རྣམ་སོ། །གཉིས་པ་དང་གསུམ་པའི་དམྱལ་པར་བསྐལ་པ་འབྲིང་པོའི་ཚེ་རྣམས་སོ། །བཞི་པ་དང་ལྔ་པར་དམྱལ་བར་མཆོག་ཏུ་གྱུར་པའི་ཚེརྣམས་སོ། །དྲུག་པ་དང་བདུན་པ་ནི་དམྱལ་བ་བསྐལ་པ་ཆེན་པོའི་ཚེ་རྣམས་སོ། །བརྒྱད་པ་ནི་འཇིག་རྟེན་གྱི་ཁམས་སུའོ། །ཉེ་བར་སྡུད་པའི་ཚེ་ཞེས་བྱ། །སྲིད་པ་གསུམ་མཐའ་དག་ནི་མཐོ་རིས་དང་། །མི་ཡུལ་དང་། །ས་འོག་སྟེ། །ནམ་མཁའ་ལ་སོགས་པའི་བར་དུ་དབྱེ་བ་ལ་སོགས་པའི་ཁམས་གསུམ་གྱི་ཁོངས་སུ་འདུས་སོ། །བསྐང་པ་ཆུང་དུའི་ཚད་ནི་མཆུ་དང་ཞེང་ལ་ཆོད་ཅིག་གི་དོ་སྟེ། །དེ་ཡང་སྐྲའི་རྩེ་མོས་བཀང་བ་ལ། །ལོ་བརྒྱ་ལ་སྐྲའི་རྩེ་མོར་ཕྱུང་སྟེ་སྟོང་བར་འགྱུར་བ་དེ། །བསྐལ་པ་ཆུང་ངུའི་ཉི་མ་གཅིག་གོ། །ཉི་མ་དེ་སུམ་ཅུ་ཟླེའོ། །ཟླ་བ་བཅུ་གཉིས་ལས་ལེའོ། །ལོ་བརྒྱ་ཡིས་བསྐལ་པ་འགྲོའོ། །དེ་ལྟར་དེའི་ཚོགས་ལ་བསྐལ་པ་བར་མའོ། །བསྐལ་པ་བར་བའི་ཚོགས་ལ་བསྐལ་པར་མཆོག་ཏུ་བྱུང་བ་ཞེས་བྱའོ། །དམྱལ་བ་ལ་སོགས་པ་སེམས་ཅན་རྣམས་སྡུག་བསྔལ་ཏེ། །སྡིག་པའི་དབང་གི་བསྐལ་པ་དུ་མར་གནས་སོ། །མཐོ་རིགས་ལ་སོགས་པར་བསོད་ནམས་ལ་སོགས་པས་ལུས་ཅན་རྣམས་བསྐལ་པར་གནས་སོ། །དེ་ལྟར་ན་མ་མོ་སྤྱོད་པ་རྣམས་ཀྱིས་ཀྱང་སྡིག་པ་ལས་མྱུར་བར་ཟློག་ཅིང་དགེ་བ་ལ་མྱུར་དུ་འཇུག་ཅིང་བསྒྲུབ་པར་བྱའོ། །དུད་འགྲོ་རྣམས་ཀྱི་ཚེ་ཚད་ནི་བསྐལ་པ་ལས་ལོ་དང་། །ཟླ་བ་དང་། །ཉིན་ཞག་དང་། །སྐད་ཅིག་མའི་བར་དུ་སྟེ། །ཀླུ་ནས་སྐད་ཅིག་མའི་སྲིན་བུའི་བར་དུའོ། །ཡི་དགས་ཀྱི་ཚེ་ཚད་ནི་བསྐལ་པ་མཆོག་ནས་པའི་རིམ་པར་དབྱེའོ། །ལྷ་མ་ཡིན་ཡང་དེ་དང་འདྲ་སྟེ། །མི་རྣམས་ནི་སྒྲ་མི་སྙན་ན་ལོ་སྟོང་སྟེ། །ལུས་འཕགས་པོ་ན་ལྔ་བརྒྱའོ། །བ་གླང་སྤྱོད་ན་ཉིས་བརྒྱ་ལྔ་བཅོ། །འཛམ་བུ་གླིང་ན་མ་ངེས་པའོ། །དེ་ན་ལྷ་རྣམས་ཀྱི་ཚེ་དང་། བསྐལཔཆུངདུགཅིགདང། གཉིས་དང་། གསུམ་དང་། བཞི་དང་། །ལྔ་དང་། དྲུག་བར་དུ་འདོད་དོ། །ལྷ་དྲུག་གི་ཚེའི། བསྐལ་པ་གཅིག་ནས་བཅུ་དྲུག་གི་བར་ནི། གཟུགས་ཁམསཀྱི་ལྷ་བཅུ་དྲུག་གི་ཚེ་ཚད་དོ། །བསྐལ་པ་ཆེན་པོ་གཅིག་ནས་བཞིའི་བར་ནི་གཟུགས་མེད་པའི་ལྷའི་ཚེའོ། །དེ་དག་དང་སྣོད་བཅུད་ཀྱི་འཇིག་རྟེན་གནས་པའི་ཚུལ་ཏེ། །རིའི་རྒྱལ་པོ་རི་རབ་ནི་བར་ཡང་སྟོང་པ་ལ། ཁོག་པ་མའི་ནང་ཡང་སྟོང་པ་སྟེ། བྱང་ཤར་མཚམས་ཀྱི་བར་ནས་ཤིང་ཡོངས་སུ་ལ་བརྟོལ་བ། རི་རབ་ཀྱི་བུམ་པ་ལ་སོར་བཞི་འབྱུང་བ། མ་མོའི་གཉེན་པོ་རྡོ་རྗེ་ཁྱུང་གཤོག་ལྡིང་བ་གནས་སོ། །ནང་གི་སེམས་ཅན་རྣམས་སྐྱེ་བ་བཞི་སྟེ། དམྱལ་བ་དང་། ལྷ་དང་། སྲིད་པ་བར་མ་དང་། མི་རྣམས་རྫུས་ནས་སྐྱེའོ། །མི་ཕལ་ཆེར་དང་བྱོལ་སོང་ཕལ་ཆེར་ནི་མངལ་ནས་སྐྱེའོ། །ཡི་དགས་ཕལ་ཆེར་དང་དུད་འགྲོ་ཕལ་ཆེར་ནི་སྒོ་ང་དང་དྲོད་གཤེར་ལས་སྐྱེའོ། །ཡི་དགས་ཕལ་ཆར་དང་ལྷ་མ་ཡིན་ནོ་རྫུས་ཏེ་རྐྱེན་དབང་ལས་སྐྱེའོ། །དེ་དག་དང་ལྷ་དང་དམྱལ་བ་མརྫུས་ཏེ་སྐྱེའོ། །མི་སྐྱེ་བ་བཞི་པའོ། །ལྷ་མ་ཡིན་དང་ཡི་དགས་ནི་སྐྱེ་བ་གཉིས་པའོ། །དུད་འགྲོ་ནི་སྐྱེ་གནས་གསུམ་པའོ། །དེ་ལྟར་སྐབས་འདིར་མ་མོ་ལས་ལ་གྲུབ་པ་རྣམས་ནི་སྐྱེ་བ་གསུམ་པ་སྟེ། །དེ་ཡང་ལྷ་དང་། ལྷ་མ་ཡིན་དང་། ཡི་དགས་ཡིན་པའི་ཕྱིར་རོ། །དེ་ལྟར་མ་མོ་ལས་ལ་སྐྱེ་བར་གོལ་བར་ལྷུང་སྟེ། །དེ་ལྟར་འགྱུར་བའི་སྡིག་པ་འདི་ཡང་བསྐལ་པ་ཉི་ཤུར་ཆགས་ཏེ། །དེ་ཡང་བསྐལ་པ་ལྔས་རླུད་གི་དཀྱིལ་འཁོར་ཆགས་པའོ། །དེ་བཞིན་ལྔས་མེའོ། །ལྔས་ཆུའོ། །ལྔས་ནི་རི་རབ་། །དང་གླིང་བཞི་ལ་སོགས་པའི་སེམས་ཅན་རྣམས་ཅན་རྣམས་ཆགས་ཏེ། །དེ་ཡང་དུས་བཞི་རྒྱལ་མོ་མ་ཤེས་ན། །མ་མོ་རྣམས་ཀྱིས་གོལ་ས་དང་སྒྲིབ་པར་འགྱུར་རོ། །དེ་ནས་བསྐལ་པ་ཉི་ཤུར་སྲིད་པ་གནས་ཏེ། །དེ་ཡང་དུས་བཞི་རྒྱལ་མོ་མ་ཤེས་ན། །མ་མོ་རྣམས་གོས་ཞིང་གྲིབ་མར་གྱུར་ཏོ། །དེ་ནས་མུ་གེ་དང་། །མཚོན་ཆ་དང་། །ནད་ཀྱི་དང་། །མེ་དང་། །ཆུ་དང་། །རླུད་གི་བསྐལ་པ་བདུན་བདུན་ཏེ། །སུམ་ཅུ་རྩ་ལྔས་འཇིག་སྟེ། །ལས་ཀྱི་མ་མོ་དྲུག་ཏུ་མ་ཤེས་ན་གོལ་པ་དང་གྲིབ་མར་འགྱུར་རོ། །དེ་ནས་བསྐལ་པ་ཉི་ཤུ་སྟོང་སྟེ། །མ་མོ་ཐིག་ལེ་ཉི་ཤུར་མ་ཤེས་ན་གོལ་བ་དང་གྲིབ་མར་འགྱུར་རོ། །བཅུད་དང་སྲིད་པའི་རྒྱུད་ལུང་གི་ལེའུ་སྟེ་གཉིས་པའོ། །དེ་ལྟར་སྲིད་པ་ཆགས་ནས་ཀྱང་། །འཇིག་སྟོང་ཡང་བསྐལ་པ་བརྒྱད་ཅུ་ཡང་། །མ་མོ་བརྒྱ་བཅུར་མ་ཤེས་ན། །འདི་དག་མ་མོ་གོལ་གྲིབ་སྟེ། །མ་མོ་བསྒྲུབ་པ་སྙིང་རེ་རྗེ། །མ་མོ་འཁོར་བ་ལས་ཟད། །ཕྲ་རབ་ཡུལ་ལས་ཆགས་ང་་ལྟར། །མདོས་ཀྱི་འཆའ་ལུགས་མ་ཤེས་པར། །མདོས་ཀྱི་དབྱིབས་རྩོམ་གོལ་སྒྲིབ་སྟེ། །སྲིད་པ་རྒྱུད་ལུང་མ་མཐོང་ན། །མདོ་སྡེ་ལྟ་བ་ཐང་རེ་ཆད། །ཐེག་པ་ཆུང་དུ་གོལ་ས་ཡིན། སེམས་ཅན་སྲིད་པ་ཆགས་པ་ལྟར། །མ་མོ་སྐྱེ་རྒྱུད་མ་ཤེས་པར། །མ་མོ་སྦྲོ་བསྡུ་གོལ་སྒྲིབ་ཡིན། །རང་བཞན་ཕུང་བ་ཁོ་ནར་ཟད། །རི་རབ་གླིང་བཞི་ལ་སོགས་པ། །དབྱིབས་ཀྱི་འཆལ་ལུགས་མ་ཤེས་པར། །མདོས་ཀྱི་འཆའ་ལུགས་བྱེད་པ་གོལ། །རི་རབ་གླིང་བཞི་ལ་སོགས་ནི། །དབྱིབས་ཀྱི་གནས་ལུགས་མ་ཤེས་པར། །མདོས་ཀྱི་གནས་་ལུགས་རྩོམ་པ་གོལ། །རི་རབ་གླིང་བཞི་ལ་སོགས་པའི། །ཁ་དོག་དབྱེ་བ་མ་ཤེས་པར། མདོས་ཀྱི་ཁ་དོག་བསྒྱུར་བ་གོལ། །རི་རབ་གླིང་བཞི་ལ་སོགས་པའི། །སོ་སོའི་མཚན་ཉིད་མ་རྟོགས་པར། །མདོས་ཀྱི་མཚན་ཉིད་རྩོམ་པ་གོལ་། །རི་རབ་གླིང་ལ་སོགས་པ་ཡི། །སོ་སོའི་ལས་རྣམས་མ་ཤེས་པར། མདོས་ཀྱི་ལས་རྣམས་རྩོམ་པ་གོལ། །དཔག་བསམ་ཤིང་གི་ཚད་མེད་པར། །དེ་ཡི་ཚད་རྩོམ་གོལ་བ་སྒྲིབ། །གོལ་སྒྲིབ་ལས་ནི་རྡོ་རྗེ་དམྱལ། །སྐྱེ་བར་འགྱུར་བ་ཐེ་ཚོམ་མེད། །དེ་དག་སྲིད་པ་སྣོད་ཀྱི་མདོས། །དེ་ནས་སྲིད་པ་བཅུད་ཀྱི་མདོས། །སེམས་ཅན་དངོས་སུ་གཏོང་བ་ཡང་། །མི་ནག་ལུག་ནག་བྱ་ནག་སོགས། །འདི་དག་མདོས་ཀྱི་རྒྱུ་ཡིན་ཏེ། །མཐིང་ནག་དར་ལ་སོགས་པས་བརྒྱན། །གླིང་བཞི་ལ་སོགས་སྔར་བཤད་བཞིན། །མདོས་ཀྱི་དབྱེ་བ་མ་ཤེས་པར། །ནག་སྨུག་སྐོང་བ་གོལ་སྒྲིབ་ཡིན། །བསད་པ་རྣམས་དང་མ་ཡིན་ཏེ། །བཀྲག་དང་མདངས་ཀྱིས་བསྐང་བ་ལས། །སྲོག་དང་དབུགས་ཀྱི་བསྐང་བ་གོལ། །མ་མོའི་རུ་ཏྲར་སྐྱེ་བའི་རྒྱུ། །སེམས་ཅན་འདོད་པར་གྱུར་པ་ནི། །སངས་རྒྱས་ང་ཡི་བཀའ་མིན་ནོ། །གོལ་ས་ཉི་ཤུ་རྩ་ལྔ་ནི། །ལས་ཀྱི་རྒྱུད་ལུང་དག་ཏུ་ལྟོས། །མན་ངག་གཉིས་ཁུ་དེ་ན་ཡོད། །མངོན་རྫོགས་ཡབ་ཀྱིས་ཡང་གསོལ་བ། །རི་རབ་གླིག་བཞི་ལ་སོགས་པའི། །ཅི་ཡི་ཕྱིར་ན་མདོས་ཞེས་བྱའོ། །མདོས་ཀྱིས་མ་མོ་ཇི་ལྟར་སྐོངས་། །སེམས་ཅན་གླུད་དུ་ཇི་ལྟར་འགྱུར། །མདོས་ཀྱི་དབྱེ་བ་ཇི་ལྟར་ལགས། །ཡུམ་གྱིས་ཡབ་ལ་བཀའ་སྩལ་པ། །ཉོན་ཅིག་མངོན་རྫོགས་རྒྱལ་པོ་ཡབ། །འདོད་པ་སྐངས་སམ་ཚིམ་པས་མདོས། །ཆགས་སྡང་ལ་སོགས་ཞིབས་མདོས། །འཕེལ་ལམ་རྒྱལ་པའི་ཕྱིར་ན་མདོས། །ལྷ་ཡི་བུ་མོ་ལ་སོགས་དང་། །དབང་དུ་བསྡུས་པའི་ཕྱིར་ན་མདོས། །དགྲ་བསད་བགེགས་གཤོམ་ཕྱིར་ན་མདོས། །གཞན་ཡང་ངེས་ཚིག་ཉི་ཤུ་ནི། །ལས་ཀྱི་རྒྱུད་ལུང་དག་ཏུ་ལྷོས། །རི་རབ་གླིང་བཞི་ལ་སོགས་དང་། །འདོད་པ་ཚང་བས་མདོས་སུ་གསུངས་། །དེ་ཡང་མ་མོ་འདོད་པ་སྟེ། །དཔག་བསམ་ཤིང་གི་བུམ་པ་ལ། །འདོད་ཁམས་རྒྱལ་མོའི་གནས་ཡིན་ཏེ། །གནས་ལ་འདོད་པ་སྐྱེ་བ་ཡིན། །དེ་ཡང་རི་རབ་དག་ལ་ཡོད། །ཞལ་ཟས་རོ་མཆོག་བརྒྱ་ལ་སོགས། །སྤྱན་གཟིགས་རྣམ་པ་སྣ་ཚོགས་དང་། །རི་རབ་གླིང་བཞི་དག་ལ་ཡོད། །རྒྱལ་མོ་མཉེས་པའི་དཀོར་ཆ་དང་། །རིན་ཆེན་སྣ་ལྔ་སྣ་བདུན་དང་། །རི་རབ་གླིང་བཞི་དག་ལ་ཡོད། །མཛེས་སྡུག་ཁདོགསྣཚོགསཡང། །མཉེན་འཇམདརཚོནསྣཚོགསདང་། །སྟག་སྒྲོ་གཟིག་སྒྲོ་ལ་སོགས་པ། །རི་རབ་གླིང་བཞི་དག་ལ་ཡོད། །དེ་ཕྱིར་རྒྱལ་མོར་མདོས་སུ་འགྱུར། །དཔག་བསམ་ཤིང་གི་རྩ་བ་ལ། །བློན་མོ་རྣམས་ཀྱི་གནས་ས་སྟེ། །དེ་ཡང་རི་རབ་དག་ལ་ཡོད། །སྤྱན་གཟིགས་རོ་ནི་བཅུ་བ་དང་། །དཀོར་ཆ་ཟངས་ལྕགས་ལ་སོགས་དང་། །ལ་སྐྱགས་ལུང་སྐྱགས་ལ་སོགས་དང་། །རི་རབ་གླིང་བཞི་དག་ལ་ཡོད། །དེ་ཕྱིར་རི་རབ་གླིང་བཞི་དག། །བློན་མོ་སྐོང་བའི་མདོས་སུ་འགྲོ། །དཔག་བསམ་ཤིང་གི་རྩ་བ་ལ། །སྨན་མོ་རྣམས་ཀྱི་གནས་ཡིན་ཏེ། །སྨན་མོ་སྤྱན་གཟིགས་རོ་ལྔ་དང་། །དཀོར་ཆ་བ་ཚ་བུལ་ཏོག་སོགས། །རི་རབ་གླིང་བཞི་དག་ལ་ཡོད། །དེ་ཕྱིར་སྨན་མོའི་མདོས་སུ་གསུངས་། །མདོར་ན་འཇིག་རྟེན་བུད་མེད་ལ། །རྒྱལ་མོ་བློན་མོ་བྲན་མོ་ལ། །ཇི་ལྟར་དགོས་ཤིང་ཡོད་པ་ལས། །ལས་ཀྱི་མ་མོ་འདི་ལ་དགོས། །དེ་དག་མི་ལ་མེད་པ་སྟེ། །གླིང་བཞི་རི་རབ་དག་ལ་ཡོད། །དེ་ཕྱིར་རི་རབ་དག་ལ་ཡོད། །མ་མོ་སྐོང་བའི་མདོས་སུ་གསུངས་། །མདོས་ཀྱི་མ་མོ་སྐོང་བ་ཡང་། །མ་མོ་གནས་དང་སྤྱན་གཟིགས་དང་། །དཀོར་ཆ་ཇི་ལྟར་གནས་པ་རྣམས། །ཤེས་ནས་སྐོངས་ན་སྐོང་བར་འགྱུར། །དེ་ཡང་བསྐང་བའི་བྱེ་བྲག་ཀྱང་། །རི་རབ་གླིང་བཞི་ཁ་དོག་ལྔ། །གནས་དང་ཆགས་སྡང་ལྔ་པོ་སྐོང་། །ནམ་མཁའི་ཁ་དོག་ལྔ་པོ་ནི། །མ་མོ་སྐུ་ཡི་ཁ་དོག་ལྔ། །སྐུ་ཡི་ཆགས་སྡང་ལྔ་པོ་སྐོང་། །བལ་ཚོན་ཁ་དོག་ལྔ་པོ་ནི། །མ་མོ་ནད་ཀྱི་ཀ་རླངས་ལྔ། །མ་མོ་གསུང་གི་ཆགས་སྡང་སྐོང་། །སྤྱན་གཟུགས་དང་ནི་དཀོར་ཆ་དང་། །སྐུ་དང་ཐུགས་ཀྱི་ཆགས་སྡང་སྐོང་། །བསྐང་བས་མ་མོ་མི་དགེས་སམ། །དགེས་པས་ཚེ་སྲོག་མི་གསོལ་ལམ། །དེ་བས་མ་མོ་བསྐང་བར་བྱ། །མ་མོའི་མཚན་ཉིད་འདོད་ཆགས་ཆེ། །འདོད་ཆགས་བསྐང་བ་དམར་པོ་ཡིན། །མ་མོའི་མཚན་ཉིད་ཞེ་སྡང་ཆེ། །ཞེ་སྡང་སྐོང་བ་ནག་པོ་ཡིན། །མ་མོའི་མཚན་ཉིད་གཏི་མུག་ཆེ། །གཏི་མུག་བསྐང་བ་མཐིང་ཁ་ཡིན། །མ་མོའི་མཚན་ཉིད་ཕྲག་དོག་ཆེ། །ཕྲག་དོག་བསྐང་བ་སེར་པོ་ཡིན། །མ་མོའི་མཚན་ཉིད་ང་རྒྱལ་ཆེ། །ང་རྒྱལ་བསྐོང་བ་ལྗང་ཁུ་ཡིན། །མ་མོའི་མཚན་ཉིད་སེར་སྣ་ཆེ། །སེར་སྣ་བསྐོང་བ་དཀར་པོ་ཡིན། །དེ་ལྟར་སྣང་ཞིག་སྲིད་པ་ཀུན། །བྱུང་ཡང་མ་མོ་རང་ལས་བྱུང་། །བསྐང་ཡང་མ་མོ་རང་གིས་བསྐང་། །དེ་ལྟར་བསྐང་ན་སྐོངས་པར་འགྱུར། །མ་མོ་སྐོངས་པའི་རྟགས་རྣམས་ནི། །འཕྲལ་དུ་བདེ་ཞིང་ནད་མེད་ལ། །སློབ་དཔོན་སློབ་མར་བཅས་པ་ལ། །འཁོར་འབངས་ལོངས་བསྤྱོད་ཆེ་ལ་སོགས། །བཀྲ་ཤིས་སྣ་ཚོགས་འབྱུང་བར་ངེས་། །མ་མོ་སྐོང་བའི་མཚན་ཉིད་ནི། །འཕྲལ་དུ་བདེ་ཞི་ནད་མེད་ཀྱང་། །འཁོར་རྣམས་མི་འཕེལ་ལ་སོགས་པ། །མི་དགེ་རྟགས་རྣམས་འབྱུང་བར་གྱུར། །སེམས་ཅན་གླུད་དུ་གྱུར་པ་ཡང་། །སེམས་ཅན་་མི་ལ་ཁ་དོག་ལྔ་། །མདོས་འདི་ལ་ཡང་ཁ་དོག་ལྔ་། །འདྲ་བའི་གླུད་དུ་འདྲ་བ་གཏོང་། །དེ་ཕྱིར་རྣལ་འབྱོར་ཐབས་ལ་མཁས། །སེམས་ཅན་མི་ལ་དབང་པོ་ལྔ། །ལྔ་ལ་སོགས་པ་ཚང་བ་སྟེ། །སྐྱེ་འགྲོ་གླུད་དུ་མ་མོ་ལ། །དེ་ལ་དབང་པོ་ལྔ་སོགས་ཚང་། །འདྲ་བས་གླུད་བྱེད་འདྲ་བས་མ་མོ་སླུ། །དེ་ཕྱིར་སེམས་ཅན་གླུད་དུ་འགྱུར། །མངོན་རྫོགས་ཡབ་ཀྱིས་ཡང་ཞུསླ་པ། །སྣོད་ཀྱི་སྲིད་པ་གླུད་ཡིན་ན། །སེམས་ཅན་གནས་ལ་གང་གིས་བྱེད། །ནང་གི་གནས་ས་གང་ན་ཡོད། །བཅུད་ཀྱི་སེམས་གླུད་ཡིན་ན། །རང་ཡང་གླུད་དུ་མི་འགྱུར་རམ། །སེམས་ཅན་མོས་མི་འཁྱེར་རམ། །ཉོན་ཅིག་མངོན་རྫོགས་ཡབ་ཉོན་ཅིག། །རི་རབ་གླིང་བཞི་རང་མ་ཡིན། །དེ་དང་འདྲ་བས་སྣོད་ཀྱི་མདོས། །འབྲུ་སྣ་ལྔས་ཡན་ལག་ལྔའི་མདོས། །འབྲུ་སྣ་བདུན་ནི་སྤྱིན་གྱི་གླུད། །བཅུ་གསུམ་བགོ་དང་ལྷུ་ཡི་གླུད། །བཅོ་བརྒྱད་ཁམས་ཀྱི་གླུད་དུ་ཤེས། །དེ་བཞིན་འབྲུ་སྣ་བརྒྱ་ཡི་བར། །རང་གི་གླུད་དུ་བསྔོ་བར་བྱ། །རིན་ཆེན་སྣ་བདུན་ལོངས་སྤྱོད་གླུད། །དེ་ཡི་ཕྱི་ལ་རི་རབ་དང་། །གླིང་བཞི་ལ་སོགས་འདྲ་བ་ཡིས། །མ་མོ་སྐོངས་ན་སྣོད་ཀྱི་མདོས། །སེམས་ཅན་རྟེན་དང་རང་ལ་གནས། །མདོས་སུ་བཏང་བ་མ་ཡིན་ཏེ། །འདྲ་བ་སླུ་བ་ཐབས་ལ་མཁས། །དེ་བཞིན་བཅུད་ཀྱི་མདོས་ལ་ཡང་། །སེམས་ཅན་མདོས་སུ་མི་གཏོང་སྟེ། །ངར་ཕྱེ་བག་ཟན་ཁམ་པ་ལ། །སེམས་ཅན་འདྲ་བའི་གཟུགས་བྱས་ཏེ། །དཔའ་བོ་འབྲུ་ལྔས་གཟུགས་དེ་དང་། །མ་མོ་ཤེས་པའི་སྣང་བ་གཉིས། །སེམས་ཅན་ཡིན་པར་བྱིན་བརླབས་ཏེ། །མ་མོ་སྐོང་ན་བཅུད་ཀྱི་མདོས། །དེ་བས་རང་དང་སེམས་ཅན་གཉིས། །མདོས་སུ་གཏོང་བ་མ་ཡིན་ཏེ། །དེ་ཕྱིར་རྣལ་འབྱོར་ཐབས་ལ་མཁས། །དེ་ནས་མདོས་ཀྱི་དབྱེ་བ་ཡང་། །རྣམ་པ་གཉེས་སུ་རེ་ཞིག་དབྱེ། །ཕྱི་ཡི་སྲིན་མོ་མདོས་དང་ནི། །ནང་དུ་མ་མོ་མདོས་སུ་དབྱེ། །ཕྱི་ལ་རྣམ་པ་བཞི་ཡོད་དོ། །བང་རིམ་བུམ་པ་རྒྱལ་མོའི་མདོས། །རི་རབ་ཁ་ཁྱེར་བློན་མོའི་མདོས། །ཞག་ཐུད་སློ་མ་གླིང་བཞི་ནི། །དེ་ནི་སྲིད་པའི་དམན་མོའི་མདོས། །གླིང་དང་རི་རབ་བུམ་པར་བཅས། །མ་མོ་སྲིད་པ་སྤྱི་ཡི་མདོས། །གནས་ཀྱི་མདོས་ཀྱི་དབྱེ་བ་བསྟན། །སྤྱན་གཟིགས་སྣ་ཚོགས་དེ་དང་འདྲ། །དེ་བཞིན་ནམ་མཁའ་ལྔ་པ་ཡང་། །དགུ་པ་དང་ནི་བཅུ་གསུམ་པ། །སོར་བཞི་སྣུག་མའི་རི་སྐྲ་ལ། །ཞག་ཐུད་སློ་མ་གླིང་ལ་རྟེན། །བཅུ་དགུ་པ་དང་ཉི་ཤུ་གཅིག། །དེ་ལ་སོགས་པའི་སྤྱི་དོན་གཉིས། །རི་རབ་བང་རིམ་བུམ་པ་རྟེན། །བདུན་ཅུ་མདོས་དག་བརྒྱད་ཅུད་མདོས། །བང་རིམ་བུམ་པ་ཀུན་ལ་རྟེན། །ནམ་མཁའི་ཚད་དང་མདོས་ཀྱི་ཚད། །གོང་དུ་སུམ་འགྱུར་ཤེས་པར་བྱ། །དེ་རེ་ལ་ཡང་སུམ་འགྱུར་ཏེ། །སྤྱིར་ན་བཅུ་གཉིས་ཉི་ཤུ་བཞི། །ཕྱི་ཡི་མདོས་སུ་བརྟགས་པར་བྱ། །རེ་རེ་ལ་ཡང་བཞི་བཞི་སྟེ། །བསད་པའི་མདོས་དང་གསོ་བའི་མདོས། །བསྐང་བའི་མདོས་དང་བཟློག་པའི་མདོས །བསད་པ་གནོད་བྱེད་དགྲ་ལ་ཡིན། །གསོ་བ་གཏོང་སྐྱོང་ཡོན་བདག་ཡིན། །བསྐང་པ་སྔགས་པའི་དམ་སྐོངས་ཡིན། །བཟློག་པའི་མདོས་ལ་གསུམ་ཡིན་ཏེ། །དགྲ་བཟློག་པ་དང་བགེགས་པ་བཟློག་པ། །གཞན་གྱི་བྱད་ཁ་བཟློག་པའོ། །གོང་མ་ཀུན་ལ་དེ་བཞིན་དབྱེ། །དེ་ལྟ་བུ་ཡི་དབྱེ་བ་ནི།ནང་གི་མདོས་ལ་ཤེས་པར་བྱ། །མདོས་ཀྱི་དབྱེ་བ་ཇི་ལྟ་བར། །གནས་དང་སྤྱན་གཟིག་སྐོར་ཆ་ཀུན། །མཁས་པ་དབྱེ་བ་ཤེས་པར་བྱ། །ཤེས་ན་ཡོན་ཏན་བསམ་མི་ཁྱབ། །དབྱེ་བར་མ་ཤེས་དེ་ལས་བཟློག་པའོ། །དེ་དག་ཕྱི་ཡི་སྣོད་ཀྱི་མདོས། །དེ་ནས་ཕྱི་ཡི་བཅུད་ཀྱི་མདོས། །གཅན་གཟན་རྒྱལ་པོ་དྲུག་ལ་སོགས། །དེ་རྣི་རྒྱལ་མོ་བཅུད་ཀྱི་མདོས། །གླང་ཆེན་གཟུགས་ནི་བཅུ་གཞི་སོགས། དེ་ནི་བློན་མོ་བཅུད་ཀྱི་མདོས། སྣང་སྲིད་སེམས་ཅན་སྣ་ཚོགས་གཟུགས། །དེ་ནི་ནང་གི་དམན་མོའི་མདོས་། །དེ་དག་སྤྱི་རུ་བསྐང་བ་ནི། །སྲིད་པ་སྤྱི་ཡི་བཅུད་ཀྱི་མདོས། སྣོད་དང་བཅུད་ཀྱི་ཕྱི་བསྐང་བ། །དེ་དག་སྣོད་བཅུད་སྤྱི་ཡི་མདོས། །དེ་ནས་མ་མོ་ནང་གི་མདོས། །དྲུག་ཏུ་མཁས་པའི་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས། །མདོས་ཀྱི་འཕྲིན་ལས་གཞུང་སྲོང་བ། །དེ་ནི་མ་མོ་ཕྱི་ཡི་མདོས། །ཀེང་རུས་དཀྱིལ་འཁོར་ལ་བརྟེན་ནས། །དེ་ནི་མ་མོ་ནང་མདོས་ཡིན། །མི་ཁོག་སྐྱལ་མོའི་དཀྱིལ་འཁོར་ལ། །རྟེན་པ་མ་མོ་གསང་པའིམདོས། །ཙིསྟའིའཕྲེངབའི་དཀྱིལ་འཁོར་ལ། །བརྟེན་པའི་མ་མོ་ཡང་གསང་མདོས། །ཙིསྟའིདཀྱིལའཁོར་བརྩེག་མ་ལ། །རྟེན་པ་ཡང་གསང་རྨད་བྱུང་མདོས། །གནས་ལ་བོར་བའི་དཀྱིལ་འཁོར་ལ། རྟེན་པ་གནས་ལ་བོར་བའི་མདོས། འདི་ལྟར་མ་ཤེས་མདོས་རྩོམ་པ། །རང་ཡང་ཕུང་ལ་གཞན་ཡང་བརླག། །མ་མོ་རྣམས་ཀྱི་བཀའ་ཆད་འབྱུང་། །དེ་ནས་འབད་པས་ཤེས་པར་བྱ། །མདོས་མི་ཤེས་པར་མ་མོ་རྟེན་འཁོར་ལོ་བསྐོར་བ་ཉེས་པ་བཞིན། རང་གི་ལོངས་སྤྱོད་འཁོར་ལོ་གནོད། །གོལ་སྒྲིབ་དང་མདོས་བསྟན་པ་སྲིད་པ་རྒྱུད་ལུང་གི་ལེའུ་སྟེ་གསུམ་པའོ། །ཉོན་ཅིག་མངོན་རྫོགས་རྒྱལ་པོ་ཁྱོད། །སངས་རྒྱས་བསྟན་པ་འཇིག་ལ་སོགས། །བསྒྲལ་བའི་ཞིང་ལ་བབ་པ་ལ། །མ་མོ་ལས་ཀྱི་མཐའ་སྡུད་དེ། །གནནས་ཞིང་གཏད་པའི་ལས་ཅི་སྟེ། །རང་གི་གནན་པས་གནན་པ་སྟེ། །ལྷ་སྲིན་ལ་གཏད་ཁྲམ་གཏད་པས། །གཏད་ཁྲམ་ལས་ཀྱི་མཐའ་སྡུད་ཡིན། །གཏད་ཁྲམ་ཆེན་པོ་བཞི་ཡིན་ཏེ། །དབྱེ་ན་བརྒྱ་ཚ་བཅུ་གཉིས་ཡིན། །དེ་ཡང་འདི་ལྟར་ཤེས་བྱ་ཏེ། །བསད་པ་སྲོག་གི་འཁོར་ལོ་ནི། །གཤིན་རྗེ་ཚོགས་བསྐོར་བར་བྱ། །མཛེས་ནག་ལས་ཀྱི་འཁོར་ལོ་ནི། །ཀླུ་ནག་ཚོགས་ལ་བསྐོར་བྱ་བ། །ཞ་གྲུམ་ལས་ཀྱི་འཁོར་ལོ་ནི། །ས་བདག་ཚོགས་ལ་བསྐོར་བར་བྱ། །སྨྱོ་འབོག་ལས་ཀྱི་འཁོར་ལོ་ནི། །ཡ་ཆོས་རྒྱལ་པོའི་ཚོགས་ལ་བསྐོར། །བསད་པའི་སྲོག་གི་འཁོརལོནི། །རེཞིགརྣམཔགཉིས་སུ་འགྲི། །དགྲ་ཡི་དྲི་མ་དྲུག་བླངས་ཏེ། །དུར་ཁྲོད་རས་སམ་ཤིན་ཤུན་ལ། །དགྲ་ཡི་ལུས་ལ་གཟུགས་བྱས་ལ། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་བདུན། །དཔྲལ་བའི་མིང་དང་སྙིང་ཁ་རུ་རུས་སྤྱོད་བོར་ཨོ་ལ་སྙིང་ཁར་ཕཊ། །མདོམས་སུ་ཕཊ་སེར་བྲིས་ནས་ཀྱང་། །སྙིང་ལ་སོགས་པའི་གནས་བདུན་དུ། །ཕུར་བུ་བདུན་དང་བྱ་ནག་བདུན། །གདབ་དང་འཐོག་པའི་ཚུལ་དུ་བྲི། །ལྕགས་ཀྱུ་མདུང་དང་རལ་གྲི་སོགས། །མི་ཤིགས་མཚོན་ཆ་ལུས་ལ་དགོད། །བདུན་པོ་གདུག་པའི་སྔགས་ཀྱིས་བསྐོར། །གཙོ་མོ་ནས་བཟུང་སྨན་མོའི་ཚོགས། །སྡེ་བརྒྱད་གཉན་དགུ་མཐའ་རུ་ཆུག། །འདུན་གྱི་ཐ་མ་ཆུ་གྲི་དང་། །གསང་སྔགས་མནན་སྔགས་སྲིན་མོ་འགྲོས། །མཚམས་རེ་སྨྱོ་བདུན་རྩོད་པ་སྟེ། །དེ་བཞིན་བདུན་བདུན་རྒྱུད་དཀྲུགས། ། །རང་གི་ཉེས་ན་དཔང་མི་གཟུགས། །མ་ཉེས་དཔང་གི་ཁ་ཡིག་བྲི། །ཕྱི་རུ་རྡོ་རྗེ་རྒྱ་གྲམ་ལ། །བསད་པའི་དཀྱིལ་འཁོར་དེ་བཞིན་ཏེ། །གཙོ་མོ་སྔགས་དང་འཁོར་གྱི་སྔགས། །ལྟེ་བར་ར་བ་དག་ལ་བྲི། །དེ་ནས་ལྷ་དང་དབྲལ་བར་བྱེ། །ཕོ་ཉ་ཏིང་འཛིན་སྔགས་ཀྱིས་དགུག །དུག་ལ་སོགས་པའི་ཐུན་རྣམས་དབབ། །སྔོན་དམར་དག་གིས་བསྔམ་བྱ་སྟེ། །ལ་ཆའི་སྦལ་པར་དྲལ་བར་བྱ། །རྒྱ་གདབ་རེ་བས་དྲིལ་ནས་ཀྱང་། །རབས་ཆད་མྱ་ངན་ཁང་བུ་སྲ །བཅུག་ལ་དུར་ཁྲོད་རྡོཔ དགབ། །གཤིནརྫེནགཔོའི་ས་རུ་མནན། །གཏིང་གི་ཁྲོ་ཆུང་རེ་རེ་སྟེ། །ས་དེར་གནས་པ་ཐམས་ཅད་ལ། །མཆོད་ཅིང་ལས་བཅོལ་རིམ་པས་མནན། །དེ་ནི་མཐུན་པར་མནན་པ་སྟེ། །དེས་ཀྱང་གྲུབ་རྟགས་མ་བྱུང་ན། །གཤིན་རྗེ་གཟིར་དང་གཤིན་རྗེ་བགྲོད། །སྦོགས་དང་ཉེ་བར་སྦོགས་པ་སྟེ། །རང་ཉིད་ཏིང་འཛིན་མ་ལྡན་ན། །གཤིན་རྗེའི་དབང་དུ་བདག་འགྱུར་ཏེ། ཁེང་གི་བེར་ཁ་རེངས་པ་འདྲ། །རང་ཉིད་ཏིང་འཛིན་ལྡན་གྱུར་ན། །གཤིན་རྗེའི་དབང་དུ་དགྲ་འགྱུར་ཏེ། །ལྕུག་ཕྲན་ཟོར་གྱིས་བཏབ་པ་འམ། །སྡོང་གོག་སྟ་རེས་བསྒྱེལ་བ་འདྲ། །དེ་ནི་གཤིན་རྗེ་རྟེན་ལ་མནན། །གཤིན་རྗེ་རང་ལ་མནན་པ་ནི། །དུར་ཁྲོད་རས་སམ་ཤིན་ཤུན་ལ། །དང་པོར་འབྲུབ་ཁུང་བདུན་བྱས་ཏེ། །དགྲ་ཡི་འབྲུབ་ཁུང་གཤིན་རྗེའི་གནས། །གནས་དེར་གཤིན་རྗེའི་གཟུགས་རྣམས་བྲི། །གཤིན་རྗེ་ལ་ནི་དགྲ་རྣམས་གཏད། །གཟུགས་བརྙན་གཤིན་རྗེའི་ལག་ཏུ་བྲི། །ལྕགས་ཀྱུས་གཟུང་ཞིང་ཞགས་པས་བཅིང་། །ཁྲན་ལ་ཐོབ་ཅིག་ཤད་ལ་གཏད། །མི་ཤིས་རྫས་རྣམས་ལུས་སུ་བྲི། །གཞན་རྣམས་གོང་དང་འདྲ་བ་ཡིན། །བཟའ་བ་བཀུག་ལ་ལྷ་དང་དབྲལ། །གཤིན་རྗེའི་སྤྱན་རས་གཟིགས་ལ་བྲི། །མཆོད་དེ་ལས་ལ་ཟབ་པར་གཏད། །གཤིན་རྗེ་ཡི་ནི་གནས་སུ་སྦ། །འདི་ནི་གསང་བའི་མནན་པ་སྟེ། །གཤིན་རྗེ་ནག་པོ་སྐྲུ་གྲི་སྟེ། །མ་མོ་སྲོག་གི་ཤན་པ་ཡིན། །དེ་ལྟར་སྲོག་གི་འཁོར་ལོ་ཡིན། །དབྱེ་བ་ཉི་ཤུ་རྩ་བདུན་ནང་། །བླ་མ་མཉེས་ཤིང་ཞལ་ལ་ཤེས། །མཛེ་ནག་ལས་ཀྱི་འཁོར་ལོ་ཡང་། །རྣམ་པོ་གཉིས་སུ་ཤེས་བྱ་སྟེ། །འཁྲུལ་འཁོར་གོང་མ་ཇི་བཞིན་ལ། །སྔགས་དང་རྫས་དང་ཁ་བྱང་དང་། །བྱེ་བྲག་ཆུང་འཕྲུང་ཤེས་བྱས་ལ། །ལས་བཅོལ་བ་དམར་རྭ་རུ་མནན། །ཀླུ་སྨན་ལ་སོགས་མཐུན་པའི་རྫས། །གཟིར་ཞིང་བགྲོད་པ་དེ་ལས་བཟློག། །མཛེ་ནད་མྱ་ངན་ཁང་བུ་མྲ །བཅུག་སྟེ་ཀླུ་ཡི་རྟེན་ལ་མནན། །ཆུ་མིག་ཀླུ་ཡི་ཁང་པར་དུ། །རྐང་འདོ་བདུན་བཅལ་སྙིང་ཁ་ཡིན། །གང་ཡང་རུང་བར་མནན་པ་བྱ། །བསྐོར་བ་བྱ་ཞིང་ཆོ་ངས་གདབ། །མ་ཉེས་འ་དོད་དྲག་ཏུ་བོད། །དུས་ནི་ནམ་གྱི་ཕྱེད་ནས་ཏེ། །གཞན་དུ་དམ་ཚིག་ཉམས་པར་ངེས། །ལས་ཀྱི་མཛེ་ནག་འཁོར་ལོ་འདི། །ཀླུ་ནག་རང་གིས་བསྐོར་བ་ཡིན། །མཁས་པས་འདི་ལྟར་ཤེས་པར་བྱ། །ཀླུད་ནག་གནས་པའི་ཤིང་ཤུན་ལ། །གཟས་པ་འབྲུབ་ཁུང་བམ་ཁུང་བདུན། །ཀླུ་རྣམས་གནས་པའི་ས་རུ་བྲི། །གནས་དེར་ཀླུ་རྣམས་གཟུགས་བྲིས་ལ། །གཟས་པའི་གཟུགས་དང་དེར་བྲིས་ལ། །ཀླུ་ཡི་གཟུགས་ནི་སྦྲུལ་ཡིན་པས། །གཟས་པའི་གཟུགས་ལ་སྐྲུལ་གྱིས་དཀྲི། །སྒྱི་བསྡམས་ཡན་ལག་བསྡམས་ལ་སོགས། །བདུན་བཅུས་མཁས་པས་ཤེས་པར་བྱ། །དེ་ཡང་གདུག་པའི་ཀླུ་བརྒྱད་ཀྱང་། །རིགས་དྲུག་རིགས་བཞིས་བསྡམས་པ་སྟེ། །རིགས་ཀྱི་དབྱེ་བས་ཁ་དོག་བསྒྱུར། །གཞན་ནི་གོང་དང་འདྲ་བ་སྟེ། །ཀླུ་ཡི་རབས་བསྐོར་བ་སྟེ། །དེ་ནས་ཀླུ་རྣམས་སྤྱན་དྲངས་ལ། །སྦྲུལ་གྱི་གཟུགས་ལ་བསྟིམ་ལ་མཆོད། །བར་ཕྲ་མ་བརྫུན་ཚིག་སྨྲ། །གཟས་པ་བཀུག་ལ་ཉེ་འབྱེད་བྱ། །དེ་ནས་ཀླུ་ལ་གཏད་ལ་གཞག། །བ་དམར་རྭ་ལ་སོགས་པ་ཡི། །གནས་སུ་བཅུགས་ཀླུ་རྣམས་ཀྱི། །ས་རུ་སྦས་ན་འཇིག་རྟེན་གྱི། །ལུས་ཀྱི་ས་རུ་འདི་འགྱུར་ཏེ། །མེ་ཏོགས་ཀྱིས་གསོད་པ་བཞིན། །ལུས་སྲོག་སྙིང་པོ་འདི་ཡིས་འཇོམས། །མ་མོ་སོག་བྱེད་མེ་ལྕེ་ཡིན། །ཀླུ་ཡི་ལས་ཀྱི་གསོད་ཆེན་ཡིན། །འདི་ལ་དབྱེ་བ་ཉི་ར་དྲུག། །ཐུགས་ཀྱི་གསང་དུ་སྦ་བར་བྱ། །ཞ་གྲུམ་ལུས་ཀྱི་འཁོར་ལོ་ཡིན། །རྣམས་པ་གཉིས་སུ་ཤེས་པར་བྱ། །ས་བདག་རྟེན་ལ་གཏད་པ་སྟེ། །སྟོང་ལམ་ཆེན་པོ་སྟག་སྐྱ་བོ། །དེ་རུ་གོང་གི་གཟུགས་ལ་སོགས། །མནན་པ་སྟག་ལ་མནན་པ་སྟེ། །ལམ་གཉིས་བར་ནི་སྟག་གི་དབལ། །མཆེ་བ་ཡིན་ཏེ་དེ་ལས་གཞན། །གོལ་བ་ཡིན་ཏེ་ནུས་པ་མེད། །གང་གི་མྱ་ངན་ཁང་བུ་སོགས། །བྱེ་བ་ཡིན་ཏེ་ས་བདག་གི། །གནས་པའི་ཤིང་ཤུན་བྲིས་ལ་རྟེན། །གཞན་དུ་ཐུན་མོང་དང་པོ་བཞིན། །གཞན་ཡང་བྱ་ནི་དམར་མོ་ཡང་། །བྲ་མ་ས་དམར་བྲག་དམར་ཡང་། །བྱ་ནི་དམར་མོའི་རྟེན་ཡིན་པས། །བྱ་ཡི་གཤོག་རུ་མཆུ་ལ་མནན། །ཆུ་སྦྲུལ་ནག་པོ་མཆུ་ཡིན་་པས། །སྦྲུལ་གྱིས་ལ་མནན་པར་བྱ། །རུས་སྦལ་བོང་ལ་སོགས་པ་ཡིན། །དེ་ཡི་ཡན་ལག་ལྔ་ལ་གདགས། །གཞན་ཡང་གཤེད་བཞི་ལ་སོགས་པའི། །དབྱིབས་དང་ཁ་དོག་ཤེལ་བྲག་ལ། །མནན་པ་རྟེན་ལ་མཁས་པར་བྱ། །དེ་ནས་ས་བདག་ལ་གཏད་ལ། །གོང་བཞིན་༄༅། ཁེང་གི་ཤུན་པ་ལ། །འབྲུབ་ཁུང་ཤུན་པ་གནས་བྲིས་ལ། །ས་བདག་གང་རུང་གཟུགས་བྲིས་ལ། །གཟའ་ཡི་གཟུགས་བྲིས་དེ་ལ་གཏད། །ས་བདག་སྤྱན་དྲངས་དེ་ལ་གཏད། ཁྲ་ཚིག་རྒྱ་སྦྱདྭསྐྲོས་སོགས་པས་མཆོད། །གཟས་བ་བཀུག་ལ་དེ་ལ་གཏད། །ས་བདག་གར་གནས་དེ་རུ་སྦ། །ཡན་ལག་བཅིངས་བའི་སྲད་བུ་སྟེ། །མ་མོ་ལུས་ཀྱི་ལྕགས་སྒྲོག་སྟེ། །ས་བདག་སྲོག་གི་ལྕགས་གཟིར་ཡིན། །ལས་འདི་ཀུན་ཏུ་མི་རྩེ་སྟེ། །གཞན་ཡང་ཕུང་སྟེ་རང་ཡང་ཕུར། །ལྕགས་ཕུང་སོལ་ཞི་དེ་བཞིན་ནོ། །སྨྱོ་འབོག་སྙིང་གི་འཁོར་ལོ་ཡང་། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །རྒྱལ་པོ་རྟེན་ལ་མནན་པ་ཡང་། །རྒྱལ་པོ་དཀོན་ཁང་ལྷ་ཁང་སྟེ། །གཙུག་ལག་ཁང་དང་མཆོད་རྟེན་དང་། །སྐྱེད་ཤིང་དཔག་བསམ་ཤིང་ལ་སོགས། །རྒྱལ་པོ་གནས་པོའི་ས་དེ་སྲ །དང་པོ་ཞབྲུལ་འཁོར་དེ་རུ་མནན། །དཀོན་ཆ་སྤྱན་གཟིགས་མང་པོས་མཆོད། །བྱེ་བྲག་སྨྱོ་འབོག་ལས་བཅོལ་ན། །མ་ཧྭ་དེ་པ་དྲན་པ་སྟོར། །རྒྱལ་པོ་རང་ལ་གཏད་པ་ནི། །བརྒྱ་བྱིན་ཤིང་གི་ཤུན་པ་ལ། །རྒྱལ་པོའི་གཟུགས་བྲིས་གཟའ་ཡི་གཟུགས། །རྒྱལ་པོ་དེ་ཡི་ཕྱག་ཏུ་བྲི། །གྲང་ཞིང་གསོལ་བའི་སེར་པོ་ཡང་། །དེ་ཡི་སྙིང་ཁར་བཞུགས་པར་བྲི། །མི་སྙན་འཇིགས་པའི་སྒྲ་དག་ཀྱང་། །དེ་ཡི་རྣམ་པར་གཞུག་པར་བྱ། །སྙན་པའི་སྒྲ་ཡངདེབཞིནཏེ། །སྦྱནདམར་སྦྱན་གཟིགས་དཀོར་ཆ་བྲི། །དེ་ནས་རྒྱལ་པོ་སྤྱན་དྲངས་ལ། །རྒྱལ་པོའི་གཟུགས་དང་གཅིག་ཏུ་བྱ། །དེ་ལ་སྤྱན་གཟིགས་དཀོར་ཆ་རྣམས། །དངོས་སུ་བཤམ་ལ་རྒྱལ་པོ་མཆོད། །དེ་ནས་གཟའ་དེ་བཀུག་ལ། །གཟུགས་སུ་བསྟིམ་ལ་རྒྱལ་པོ་ཡི། །ཕྱག་ཏུ་གཏད་ལ་སྨྱོ་རུ་གཞུག །དེ་ནས་རྒྱལ་པོ་གནས་པའི་སར། །དཀོར་ཆ་སོགས་དང་སྦ་བར་བྱ། །རྒྱལ་པོ་རང་ཡང་སྙིང་འཕྱོ་ན། །མི་ལ་སོགས་པ་སྨོས་ཅི་དགོས། །འདི་དག་ལས་བདག་འཁོར་ལོ་ལ། །དབྱེ་བ་ཉི་ཤུ་དྲུག་ཡོད་དེ། །གཏད་ཁྲམ་ལ་ནི་ཅིག་ཉིད་ལ། །དབྱེ་བ་རྣམ་པ་བཞི་རུ་འགྱུར། །བྱེ་བྲག་བརྒྱད་དུ་བཅུ་གཉིས་ཏེ། །འདིལ་མ་རྨོངས་སྔགས་པ་ནི། །དུག་གི་སྡོང་བུ་ཡིན་པར་འདོད། །དུག་གི་ཐམས་ཅད་འཆི་འགྱུར་ཏེ། །སེམས་ཅན་རྨ་བྱའི་གསོལ་སུ་འགྱུར། །འདིས་ཀྱང་ཐམས་ཅད་ཕུང་འགྱུར་ཏེ། །རྣམས་འབྱོར་སྔགས་ཀྱི་གསོས་སུ་འགྱུར། །ནད་མེད་ཉི་མ་དེ་རུ་ཤར། །སངས་རྒྱས་པོ་ཅིག་དེ་ན་གནས། །རུ་ཏྲ་རྣམ་བཞི་མིང་ཡང་མེད། །དམ་ཚིག་ཉམས་པའི་མིང་ཡང་མེད། །རྟག་ཏུ་དད་པའི་སེམས་དང་དགེ། །འདི་དང་ཕྱིམ་གཉིས་ཀ་དགེ །དེ་ལས་གྲུབ་པའི་སངས་རྒྱས་དང་། །རིགས་འཇིན་འབྲས་བུ་གཉིས་ཀ་ཐོབ། །གལ་ཏེ་འཁྲུལ་པའི་ཞེ་སྡང་ཅན། །འདི་ནི་ང་ཡིན་ཞེས། །ཞེ་སྡང་སོལ་པའི་སྡོང་པོ་འདྲ། །བསྒྲལ་པའི་ཞིང་ལ་མ་བབ་པ། །བསད་སོགས་ལས་རྣམས་དེ་ཙམ་སྟེ། །མནན་པའི་ལས་རྣམས་རྩོམ་བྱེད་པ། །འདི་ནི་སྡུག་བསྔལ་རྒྱུད་ཉིད་དེ། །གཞན་ཡང་སྡུག་ལ་རང་ཡང་སྡུག། །གཉིས་ཀ་སྡུག་པས་སྡུག་བསྔལ་རྒྱུ། །འདིར་ཡང་འཇིགས་ལ་ཕྱི་མར་འཇིགས། །གཉིས་ཀ་འཇིགས་པས་འཇིགས་པའི་རྒྱུ། །འཇིགས་དང་སྡུག་བསྔལ་སྤོངས་བ་ལས། །འཕྲན་ཚོམས་རྣམས་ཀྱི་འདའ་མ་བྱེ། །དྲེགས་པ་རྣམས་ནི་འཇོམས་པར་བྱེདལ། །དེ་བས་ཟབ་མོའི་དོན་འདི་ནི། །སྙིང་གི་དཀྱིལ་དུ་སྦ་བར་བྱ། །བསད་པས་ངེས་པརགསོད་དམ་ཅི། །ཐུན་གྱི་ངེས་པར་ཉོས་སམ་ཅི། །བསྲེག་པས་ངེས་པར་ཚིག་གམ་ཅི། །དེ་དག་རེ་ཞིག་མོས་པ་ཙམ། །གཏད་དམ་མནན་ན་ངེས་པར་ཕུང་། །ཕུང་བྱེད་ཁྲམ་གྱི་མན་ངག་འདི། །རང་གི་བུ་དང་སློབ་མ་ལས། །གཞན་ལ་སྦེལ་ན་དམ་ཚིག་ཉམས། །མ་མོ་ལས་གནན་པ་གཏད་པ་སྟེ་སྲིད་པ་རྒྱུད་ལུག་ལས་ལེའུ་སྟེ་བཞི་པའོ། །དེ་ནས་མ་མོ་མདོས་ཀྱི་ཚད། །དང་པོ་ང་ཡིས་བཤད་པར་བྱ། །དེ་དག་མང་ཡང་རྡུབ་པ་གཉིས། །བསད་པ་དག་ནི་གསོ་བ་གཉིས། །བསད་པ་འབྲུ་སྣ་སྣ་ཚོགས་ལ། །ངར་གླུད་མང་པོའི་གཐུགས་བྱས་ལ། །དབུས་སུ་ར་ཁྱི་མི་མོ་ལ། །རྒྱན་ཆས་བརྒྱན་ལ་ཁྲམ་ཤིང་དང་། །་།ད་རྡེ་ལ་སོགས་བརྩིས་བྱས་ཏེ། །ཁྲག་འཐུང་ལ་སོགས་ཤེས་པར་བྱ། །དེ་ཡི་ཚད་ནི་མཐོ་གང་དང་། །ཁྲུ་གང་སོར་མོ་ཚད་དུ་བསྟན། །འབྲུ་སྣ་བརྒྱད་ལ་སོགས་པ་ཡི། །གླིང་བཞི་རི་རབ་གཟུགས་བྱས་ལ། །འདི་ནི་ཕལ་ཆེར་གསོ་བའི་མདོས། །རྒྱལ་མོའི་མདོས་ལ་ཁྲུ་བཞི་སྟེ། །ཞེང་དུ་ཁྲུ་དོ་མཛེས་པར་བྱ། །བློན་མོ་ལ་ནི་ཁྲུ་དོ་ཡིན། །དེ་ཡི་ཕྱེད་ནི་སྨན་མོ་ལ། །མ་མོ་སྤྱི་དང་གཟུགས་ཐམས་ཅད། །འཕྲིན་ལས་བཞི་ཡི་མདོས་ལས་ནི། །རྒྱལ་མོ་རི་རབ་གླིང་བཞི་ཚད། །རྒྱུད་ནི་རིན་ཆེན་སྣ་བདུན་ནམ། །སྣ་ལྔ་མཁས་པས་རིན་ཆེན་སྲིད། །ཉི་ཤུ་རྩ་གཅིག་འབྲུ་སྣ་ལྔ། །ངར་ཕྱེ་བྱེ་དགུ་བཅལ་ནས་ནི། །རིན་ཆེན་སྣ་ཚོགས་ཕྱེ་བདར་ཏེ། །སུམ་ཆ་རི་རབ་གླིང་བཞིན་བྱ། །རིགས་དང་མཐུན་པའི་ཁ་དོག་བྱ། །དེ་ནས་ངར་ཕྱེ་སུམ་ཆ་ལ། །གཅན་གཟན་རྒྱལ་པོ་དྲུག་གི་གཟུགས། །དཀར་ལ་མཛེས་དང་ལྡན་པར་བྱ། །སེར་གེའི་གཟུགས་ནི་དཀར་པོ་ལ། །རལ་པ་རྔ་མ་སྔོན་པོར་སྐུ། །རྩལ་གྱི་རྒྱལ་པོར་དྲུག་པའོ། །མཛེས་ལྷུན་སེར་པོ་བརྒྱད་ཀྱིས་བརྒྱན། །སྣ་སྡོ་མཆེ་བ་དཀར་པོ་ལ།མ །གསེར་དང་གཡུ་ཡི་སྣ་ཐག་སྤྲས། །འདོད་ཆགས་གཙོ་མོ་དྲུག་པོ་བསྐྱོན། །སྟག་རལ་གཟིག་ཤུགས་སྐྱེས་ཕྲན་ཆས། །སྐྱེས་པ་ཆས་ཀྱིས་བརྒྱན་པ་ཞོན། ་།གས་ཀྱི་རྒྱལ་པོ་དྲུག་པོ་ལ། །ཁ་དོག་ལྔ་ལ་སྒ་སྲབ་ལྡན། །འདོད་ཆགས་གཙོ་མོ་ཤོན་པོ་ལ། །བུད་མེད་ཆས་སུ་ཞུགས་པ་དྲུབ །འུ་ས་ལ་བེར་དམར་བྱུ་རུ་འབུལ། །ཕྱག་ན་དངོན་གྱི་འཕག་ཐོགས་མ། །འདབ་ཆགས་གཙོ་མོ་དྲུག་པོ་ལ། །སྣ་ཚོགས་དར་གྱིས་མགུལ་པ་བརྒྱན། །གཉིས་དམར་གཉིས་སེར་གཉིས་སེར་དཀར་ཏེ། །སེམས་ཅན་གཙོ་མོ་དེ་རྣམས་སྐུ། །སྤྱན་གཟུགས་དཀོརཆསྣཚོགསདང། །རི་རབ་བང་རིམ་དང་པོ་ལ། །གཞན་ནས་གཙོ་མོ་དྲུག་པ་སྟེ། །རྣམ་སྣང་གསལ་བས་སོགས་པ་དབུལ། །དེ་ནས་ངར་ཕྱེ་སུམ་ཆལ། །གླང་ཆེན་གཟུགས་ནི་བཅུ་བཞི་དང་། །སྟག་གཟིག་ལ་སོགས་བཅུ་བཞི་དང་། །མདངས་ལྡན་རྨ་བྱ་བཅུ་བཞི་དང་། །འདོད་ཆགས་རྒྱལ་མོ་བཅུ་བཞི་དང་། །ཀུ་ཀུར་དཀར་བཅུ་བཞིའི་གཟུགས། །སྲིག་ཆགས་གཟུགས་ནི་དེ་དག་ཀུན། །རི་རབ་བང་རིམ་ཐ་མ་ལ། །རྒྱལ་མོ་བཞི་ཡི་རྫས་ཡིན་ཏེ། །དེ་ནས་ངར་ཕྱེ་སུམ་ཆ་ལ། །སྣ་སྲིད་སེམས་ཅན་གཟུགས་སུ་བྱས། །ཁ་དོག་སྣ་ཚོགས་ཡང་དག་ལྡན། །རི་རབ་བང་རིམ་ཐ་མར་བསྐོར། །སྲིད་པ་ཆགས་བྱེད་ལ་སོགས་ཏེ། །མ་མོར་གྲགས་པ་ཀུན་གྱི་རྫས། །རི་རབ་བུམ་པའི་རྩེ་མོ་ལ། །སྣ་ཚོགས་དར་གྱི་རྒྱལ་མཚན་ལ། །སྟག་དང་གཟིག་གི་རྒྱལ་མཚན་ལྔ་། །དེ་དག་མངའ་བས་མ་ལྔ་ལྔ་པ། །གྲྭ་བཞི་དབུས་དང་ལྔའོ། །དཀྱིལ་དུ་དམར་པོ་དར་གྱིས་གཟུགས། །མེ་མར་ལྔ་ཡང་དེ་བཞིན་ནོ། །གསེར་སྐྱེམས་འཕྲ་མེན་སྐྱོགས་ལྔ་སྟེ། །དབུས་སུ་བསེ་ཡི་བྱའོ་གང་། །སྟེང་དུ་གྲུ་བཞི་དྲི་ཞིམ་ལྡན། །རག་ཏ་ཛ་གད་མཎྜལ་ལ། །མེ་ཏོག་སྣ་ཚོགས་མཛེས་པར་ལྡན། །དེ་ཡི་སྟེང་དུ་གཏོར་མ་གཞག། །མཐའ་མ་མདའ་དར་ཡོལ་བས་བསྐོར། །དེ་བས་པགས་པའི་མཎྜལ་ལ། །རྫས་དང་ལྡན་པའི་དམར་གཏོར་གཞག། །དབུས་སུ་དཔལ་གྱི་མཆོད་པ་ལ། །མདའ་དང་དར་སྣ་རྒྱུ་ཞགས་ལྡན། །ཕུད་དང་རག་ཏ་སྨན་སྦྱར་བའོ། །མཎྜལ་དེ་ཡི་ཕྱི་རིམ་དུ། །ཕྱོགས་མཚམས་བརྒྱད་དུ་མཎྜལ་བརྒྱད། ཁྲར་གྱི་མཎྜལ་སྟེང་དུ་ཡང་། །གདོན་བྱབ་པི་པི་ལས་བྱ་སྟེ། །མ་མོ་རང་གི་ཟིན་འགྱུར་ན། །བལ་ཚོལ་སྣ་ལྔ་དེར་བཞག་ལ། །མདོས་ཀྱིས་མ་མོ་སྐོངས་པ་དང་། །ཁྲག་གི་ཞལ་བུ་དེར་ཡང་གཞག །ནད་པ་བདུན་དུ་བཀུག་ནས་ནི། །བལ་གྱིས་ནད་པའི་ལུས་ལ་བྱུག། །ནད་ཀ་མ་འཚལ་སླར་ལ་བཞེས། །དལ་ཀ་མི་འཚལ་སླརལབཞེས། །ན༷ད་ཀྱི་ཁ་དོག་སྣ་ལྔ་ཡང་། །དང་པོ་བྱུང་ཡང་མ་མོ་རང་ལས་བྱུང་། །བསྟིམ་ཡང་མ་མོ་རང་ལ་བསྟིམ། །ནད་ཀ་མི་འཚལ་ཞེས་པའི་སྔགས་ཚིག་རྣམས་ཀྱིས་མ་མོའི་གདོན་བསལ་བ་ལ། །ཨོ་ཧུ༷་ཧེ་རུ་ཀ་ཀྲོ་དྷི་ཤཱ་རི་སྟོ། །ཧུ༷་ཧ་ཧེ་ཕཊ་སྨྱོ། །ཆེ་གེ་མོ་མམ་སྦ་ན་ན་ཕཊ། །མ༷་ཡོ་ཀི་ནི་རུ་ལུ་སྨྱོ། །མ༷་ཡོ་ཀི་ནི་རུ་ལུ་སྨྱོ། ཆེ་གེ་མོ་མ་རན་ཕཊ། །ཅེས་པས་མ་མོའི་དོན་རྣམས་བསལ ཡང་མ་མོ་རང་གིས་རང་བསལ། །བུ་བྱི་རུ་ལུ། །བུ་བྱི་རུ་ལུ་་་་བྱི་སྨྱོ། །ཆེ་གེ་མོ་ལུས་སེམས་ལས་པར་ན་ཕཊ། མ་མོ་རང་རང་སྙིང་པོས་ཀྱང་། །མ་མོ་རང་རང་གསལ་བར་བྱས། །ཀླུ་ཡི་གདོན་གྱིས་ཟིན་གྱུར་ན། །སྨག་ཤད་བདུན་ལ་རྨ་བྱ་ཡི། །སྒྲོ་བདུན་བཙུགས་ལ་བྱབ་པར་བྱ། །གཙོ་བོའི་སྔགས་དང་མ་མོའི་སྔགས། །མཛུག་ལ་ནཱ་ག་སྦ་ར་ནཱ་གདགས། །རྨ་བྱས་ལུས་ལ་བྱབ། །ཀླུ་ཡི་གདོན་རྣམས་འབྱུང་བར་ངེས་། །ལྷ་ཡི་གདོན་ལ་སོགས་པ་ཀུན། །གདོན་རྟགསརྣམས་ནི་ཤེས་པ་དང་། །དེ་དག་དག་རིམ་པ་གསལ་པར་བྱ། །དེ་ནས་ལྷོ་ཤར་མཚམས་སུ་ནི། །ཁྲུས་ཀྱི་རྫས་ནི་ཚང་བ་ལས། །མ་མོ་ཁྲུས་ཀྱི་ཆོ་ག་ཡིན། །ནད་པ་ཁྲུས་བྱ་དྲི་ཡིས་བྱུག །གཙང་བའི་གོས་ཀྱིས་ལུས་བརྒྱན་ལ། །ལྷོ་ཡི་མཎྜལ་སྟེང་དུ་བཞག །མ་མོ་སེམས་སྐྱེད་དམ་ཚིག་འབོག །དེ་ནས་ལྷོ་ནུབ་མཚམས་སུ་ནི། །ཉེན་དག་བྱང་སྡིག་ལས་རྣམས་བསྲེག །ནུབ་ཏུ་མ་མོ་ཚེ་རྣམས་སྦྱིན། །བྱང་ནུབ་མཚམས་སུ་མ་མོ་ཡི། །བཀྲ་ཤིས་དག་གི་རྫས་བརྒྱད་ཀྱིས་། །བཀྲ་ཤིས་བྱས་ལ་བྱང་དུ་ནི། །མ་མོ་ཚོགས་ཀྱི་འཁོར་ལོ་བསྐོར། །བྱང་ཤར་མཚམས་སུ་མ་མོ་ཡི། །བསྲུང་བའི་འཁོར་ལོ་བརྩམ་པར་བྱ། །གོང་གི་སྔགས་དང་ནད་པའི་མིང་། །བསྲུང་བའི་སྔགས་ནི་རག་ཤ་སྟེ། །དེ་དག་སྤེལ་བའི་བསྲུང་བ་དང་། །སྲུང་སྐུད་ནད་པའི་མགུལ་དུ་གདགས། །སྲི་བུ་ལ་སོགས་འདི་བཞིན་ཏེ། སྲིད་པ་འདི་ལས་བཟློག་པ་སྟེ། །དགུག་དང་དབྱེ་དང་བསྐྱེལ་ལ་སོགས། །ཕྱོགས་མཚམས་བརྒྱད་ཀྱི་ཤེས་པར་བྱ། །འདི་ལྟར་གྱུར་བའི་མདོས་འདི་ནི། སྲིད་པ་སྤྱི་མདོས་ཞེས་ཀྱང་བྱ། །དེ་ནས་སརྦ་རུ་པ་ནི། །སྔར་བཤད་པ་ཡི་རིམ་པ་ལས། །ནམ་མཁའ་རྒྱུ་བའི་བྱ་རྣམས་དང་། །ཉི་མ་ཟླ་བ་བསྐར་མའི་ཚོགས། །བསམ་གཏན་དང་པོ་ལ་སོགས་པའི། །ནམ་མཁར་སྣང་ཞིང་སྲིད་པའོ། །གཟུགས་ཀྱི་རི་རབ་དང་པོ་སྲ །བསྐོར་ཏེ་དརགྱིརུམཚོནགྱིས། །བང་རིབ་དང་པོར་བསྐོར་བ་ནི། །རྒྱལ་མོ་སརྦ་རུ་པའི་མདོས། །རི་རབ་རི་ལ་གནས་པ་ཡི། །སྣང་ཞིང་སྲིད་པའི་གཟུགས་བྱས་ལ། །བང་རིམ་བར་མ་བསྐོར་ནས་ཀྱང་། །སྤོས་དང་མར་མེས་བསྐོར་བ་ནི། །བློན་མོ་སརྦ་རུ་པའི་མདོས། །ས་དང་ཆུ་ལ་གནས་པ་ཡི། །སྣང་ཞིང་སྲིད་པའི་གཟུགས་བྱས་ལ། །བང་རིམ་ཐ་མ་བསྐོར་བ་ལ། །མེ་ཏོག་མཛེས་པོའི་འཕྲེང་བས་བསྐོར། །དེ་ནི་སྨན་མོ་སརྦ་རུ་པའི་མདོས། །འདི་ལྟར་མདོས་གསུམ་རྫོགས་པ་དང་། །རྫོགས་ཆེན་སརྦ་རུ་པ་ཡིན། །དེ་ནས་ལས་བཞིའི་མདོས་བཤད་དེ། །གང་གིས་སྲིད་པ་སྤྱི་མདོས་ལ། ཁྲར་དུ་ཞི་བའི་མདོས་བརྩམས་ནས། །ཞི་པར་བྱ་བཞི་བའི་མདོས་སོམ། །ནད་དང་སྡུག་བསྔལ་ལ་སོགས་ལ། །ཞིབས་མ་མོ་ཤན་ཏིང་སྟེ། །དེ་བཞིན་ལྷོ་ནུབ་བྱང་དུ་ཡང་། །པུཛི༷་པ་ཤ༷་ཤ་ཏྲུ༷་གྱིས། །ཚེ་དང་དབང་ཐང་བསོད་ནམས་སོགས། །རྒྱས་པ་མ་མོ་པུསྐོ་ཤ༷་སྟེ། །རྒྱལ་མོ་ཡུལ་འཁོར་མཁའ་འགྲོ་སོགས། །དབང་དུ་བསྡུས་པས་བ་ཤ༷་ལ། །བགེགས་རྣམས་གཟིར་ཞིང་དགྲ་གསོད་ཕྱིར། ཁྲ་ཏྲམ་བསད་པའི་མདོས་འདིར་རེ་ལས་རེ་མདོས་ཡིན། །མདོས་ཆེན་གཅིག་ལ་འདི་བཞི་ཚང་། །འདི་ནི་ལས་བཞིའི་མདོས་ཡིན་ཏེ། །གཅིག་ལ་ཚང་ན་ལས་བཞི་ཡིས། །རྫོགས་ལུང་ཆེན་པོའི་མདོས་ཞེས་བྱ། །འདི་ནི་སྲིད་པ་སྤྱི་ཡི་མདོས། །རྫོགས་ལུང་ཆེན་པོའི་མདོས་ཞེསབྱ། །དེབཞིནསརྦརུཔལ། །ལས་བཞིའི་མདོས་དང་སྦྱར་བྱས་ལ། །བྱེ་བྲག་སརྦ་རུ་པའི་མདོས། །འདི་ལྟར་མདོས་ནི་བཞི་པ་དང་། །མ་མོ་དམ་ཚིག་མེད་པ་ཡི། །མི་རྣམས་ཕྱི་རུ་མཚམས་བཅད་དེ། །རྒྱལ་ཆེན་བཞི་ཡིས་ཕྱི་མཚམས་བཅད། །མཚམས་ལས་རླུད་མི་ཐར་བར་བས་མ། །སྔོན་དུ་བསྙེན་པ་ཞག་གསུམ་གྱིས། །མ་མོ་ཉེ་བར་དགོངས་པ་བྱ། །དེ་ནས་སྔགས་པའི་གོས་སུ་ཡང་། །དམར་པོ་ནག་པོ་སྔོན་པོར་གསུངས་། །དེ་ནས་རྒྱན་ཆས་ལྡན་པར་བྱ། །ཏིང་འཛིན་གསུམ་དང་གསལ་བར་བསམ། །མཚོན་ཆ་སྣ་ཚོགས་མེ་མཚམས་བཅད། །ལས་ཀྱི་ཧ་ཡ་ལྷི་བ་བསམ། །ཡང་ན་ཆེ་མཆོག་ཧེ་རུ་ཀ། །སྐུ་མདོག་མཐིང་ནག་རལ་པ་ཅན། །དབུ་གསུམ་པ་ལ་ཕྱག་ཀྱང་དྲུག། །དཔུས་མཐིང་གཡས་དཀར་གཡོན་དམར་ཏེ། །པར་མ་ཤིང་གི་དབྱུག་ཐོ་སྟེ། །ཐ་མ་སྦྲུལ་གྱི་ཞགས་པ་ཡིས། །ཁམས་གསུམ་མ་མོ་དབང་དུ་སྡུད། །གཡོན་གྱི་དང་པོ་བན་དྷ་ལ། །བར་མ་ཞིང་གི་གཡས་གཞི་ཡིས མ་མོ་ཐམས་ཅད་འགུགས་འདྲེན་པའོ། །ཐ་བ་དུང་ཆེན་ག་བུ་ལ། །གནམ་ལྕགས་གཟེར་གྱིས་གདམ་ཏུ་རུང་། །མི་ཕྱུགས་གཉིས་ཀའི་ཚེ་དང་གཡང་། །ཡི་གེ་ཧུ༷་དུ་བསྡུས་པའོ། །ཡུམ་ནི་དུས་གསུམ་དབང་སྡུད་མ། །རྒྱན་དང་ཆ་ལུགས་གཙོ་དང་འདྲ། །གཉིས་སུ་མེད་པའིརངབཞིནལ། །དེནས་བསྐང་བཟློག་གཏོར་མ་ཡང་། །དམར་གཏོར་ཧེ་རུ་ཀ་ལ་སོགས། །དཔལ་གྱི་འཁོར་ཚོགས་མཆོད་དུ་གསོལ། །མདོས་གླུད་ནི་ནས་ནག་བྲེ་བཅུ་གསུམ་ཡང་། །དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས། །མི་ཡི་གླུད་དུ་ཆས་པར་བསམ་མོ། །ཧུ༷། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །དཀར་ནག་འབར་བའི་ཞལ་ལྔ་པ། །ཕྱག་དྲུག་ཕྱག་ཆས་སྐྱེ་འགྲོ་སྒྲོལ། །སྦྲུལ་ཆེན་ཞགས་པས་མ་མོ་འགུགས། །གཡས་བཞི་གཡབ་མོས་ཐམས་ཅད་འབུལ། །ཡུམ་དང་གཉིས་སུ་མེད་པ་སྟེ། །ཁྲོ་བོ་ཚོགས་ཀྱི་མཆོད་པ་སྟེ། །ཐུགས་ཀྱི་དབྱིངས་ནས་རོལ་པ་མཛད། །ཅེས་པ་ལ་སོགས་པས་བསྟོད་ལ། །དཔལ་གྱི་འཁོར་ཚོགས་ཀྱི་རྒྱུད་བཞིན་བཤགས་པ་བགྱིས་ལ་འཕྲིན་ལས་བཅོལ། །དེ་ནས་མ་མོ་རྣམས་རང་གང་གི་གནས་ནས་སྲོག་གི་སྙིང་པོ་དང་ལག་ཏུ་རྔ་ཐོགས་ལ་སྤྱན་དྲང་ངོ། །ཨི་མྲ་ཏས་དན་བ་དར་ཏེ། །ཁྱེད་མ་མོ་རྣམས་མ་གཡེལ་གླུད་ལ་ཐུད་ཅིག། །མི་འདི་ནི་ངའི་འཁོར་ཡིན་པས་འདི་དང་གཉིས་སྡུངས་བདེ་བ་བྱ་ཡིས་ཉོན་བྱས་ལ། །བདག་ཉིད་ཆེ་བའི་ང་རྒྱལ་བསྐྱེད་དེ། །ཧུ༷། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །ཁམས་གསུམ་སྙིང་ཁྲག་དངས་མའི་བདག་། །ང་ནི་རུས་འཆའ་ཆེན་པོ་སྟེ། །ཁམས་གསུམ་དུར་ཁྲོད་ཀེང་རུས་བདག །ང་ནི་ཤ་ཟ་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་ཀུན་གྱི་བདག །ང་ནི་སྐྱེ་འགྲོ་དབུགས་ཀྱི་བདག །ང་ནི་སྐྱེ་འགྲོ་བཀྲག་གི་བདག། །མ་མོ་ཀུན་གྱི་རེ་གནས་ཡིན། །མ་ཐོགས་མྱུར་དུ་གཏོར་མ་ལོང་། །ཚེ་དང་དབང་ཐང་མངོན་པར་གསོལ། །ཕག་རྒོད་དུད་པ་བཏང་ནས་ཀྱང་། །གླུད་འདི་བསྔོ་བ་འདི་སྐད་དོ། །མ་མོ་ཕྱོགས་ནི་གཉན་མཆོད་ཕྱིར། །འབྲུ་སྣ་དེ་ནི་མང་ཕོ་དང་། །རིན་ཆེན་དེ་ནི་སྣ་བདུན་དང་། །རི་རབ་ནི་གླིང་བཞི་ལ། །སྲོག་ཆགས་ནི་མང་པོས་བསྐོར། །ཀུན་ཀྱང་ནི་རིན་པོ་ཆེ། །རྒྱན་དང་དེ་ནི་ཆ་ལུགས་ལྡན། །འཇིག་རྟེན་དེ་ཡང་ཟས་ཀྱིས་བསྐོར། །དཀོན་པའི་ནི་རྫས་ཀྱིས་བསྐོར། །མུ་མེན་གྱི་སྟེགས་བུ་། །རིན་ཆེན་ནི་གཅལ་བཀྲམ་ལ། །བྱུ་རུའི་སྐས་བཙུགས་ནས། །སྦོས་ཀྱིས་གཞི་ལ། །དབང་གི་ནི་དཀྱིལ་འཁོར་ལྡན། །དར་དཀར་གྱི་ཡོལ་བ་བྲིས་ལ། །གསལ་བའི་མེ་བུས་ཏེ། །རྒྱལ་མཚོན་་མང་པོ་བཙུགས། །ལེ་བརྒན་གྱི་གདུགས་ཀྱིས་བཀབ། །དུད་པ་ནི་གཉན་ཕྱུང་ཞུང་། །གསེར་གྱི་སྐྱེམས་གཏམ་སྟེ། །ཚེ་སྲོག་གླུད་དུ་འབུལ། །ལོངས་སྦྱོད་ཀྱི་སྐྱིན་དུ་གསོལ། །འདིར་སྤྱོན་གླུད་བཞེས་ཤིག །ཧུ༷། རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །འཇིག་རྟེན་ཡོངས་ཀྱི་་མངའ་བདག་མོ། །མ་ཚོགས་ཀུན་གྱི་རྒྱལ་མོ་སྟེ། །སྲིད་གསུམ་ཡོངས་ལ་མངའ་མཛད་ཅིང་། །སྐྱེ་འགྲོ་ཡོངས་ཀྱི་ཟ་བྱེད་མ། །ན་བཟའ་སྲིད་གསུམ་གཡང་གཞིལ། །ཐོད་རློན་མང་པོའི་འཕྲེང་བས་བརྒྱན། །ལག་ན་སྙིང་གི་ལོངས་སྤྱོད་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག ཁྲར་ཕྱོགས་ཡོངས་ཀྱི་མངའ་བདག་མོ། །དཀར་མོ་སྤྲིན་ཆེན་གོས་ཟུ་ལ། །ལག་ན་སྤྱིན་གྱི་སྐྲུ་གྲི་ཐོགས། །སྲིད་པ་གསུམ་གྱིས་རུས་འཆའ་མོ། །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧུ༷། རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེ། །ལྷོ་ཕྱོགས་རིགས་ཀྱི་རྒྱལ་མོ་ནི། །ནག་མོ་གཡུ་ཡི་གོས་ཟུལ། །བསྐལ་པ་མེ་འདོ་རབ་འབར་ཞིང་། །སྲིད་པ་གསུམ་གྱི་དྲོད་འབེབ་མ། །སྐྱེ་འགྲོ་ཀུན་གྱི་ཚེ་འཕྲོག་མ། །འདིར་སྤྱོན་ཚེ་སྲོག་ཟླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧུ༷། པདྨ་རིགས་ཀྱི་རྒྱལ་མོ་སྟེ། །ནུབ་ཕྱོགས་ཁམས་ཀྱི་མངའ་བདག་མོ། །དམར་མོ་ཁྲག་གི་གོས་ཟུ་ཅན། །ལག་ན་ཐོད་པ་ཁྲག་གིས་བཀང་། །སྐྱེ་འགྲོ་ཀུན་གྱི་ཁྲག་འཐུང་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་ལོང་ཞིག །ལས་ཀྱི་རིགས་ཀྱིས་རྒྱལ་མོ་སྟེ། །བྱང་ཕྱོགས་ཁམས་ཀྱི་མངའ་བདག་མོ། །སེར་མོ་རླུད་གི་གོས་ཟུ་ཅན། །སྐྱེ་འགྲོ་ཀུན་གྱི་དབུགས་བདག་མོ། །འདིར་སྤྱོན་ཚེ་སྲོག་ཟླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧུ༷། ནམ་མཁའ་རིགས་ཀྱི་རྒྱལ་མོ་སྟེ། །འཇིག་རྟེན་ཡོངས་ཀྱི་མདངས་ཀྱི་བདག་། །མཐིང་ནག་ནམ་མཁའི་གོས་ཟུ་ཅན། །གསེར་གྱི་དྲིལ་ཞགས་སྡོག་ཅི་་འཕེན། །སྐྱེ་འགྲོ་ཀུན་གྱི་བཀྲག་འཕྲོག་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧུ༷། རི་རབ་གླིང་བཞིའི་ཟོམ་རྩེ་ན། །སྣང་སྲིད་སྲོག་གི་ཕུད་གསོལ་མ། །སྐུ་མདོག་མཐིང་ཁ་ཆེན་མོ་ལ། །དབུ་དང་སྤྱན་ནི་ཅིར་ཡང་སྟོན། །རིན་ཆེན་རལ་པ་སྣ་ཚོགས་ཀྱིས། །སྣང་སྲིད་ཁ་དོག་སྒྱུར་མཛད་མ། །སྤྱན་གཉིས་མཛེས་པའི་མཆི་ན་ཡིས། །གཡས་པས་སྣང་སྲིད་དབང་དུ་སྡུད། །གཡོན་པས་སྐྱེ་འགྲོ་གསོས་མཛད་མ། །ལྔ་བཅུ་རྩ་བདུན་གཙོ་མོ་སྟེ། །སྐྱེ་འགྲོ་ཡོངས་ཀྱི་མངའ་མཛད་མ། །མ་མོ་ཆེན་མོ་གཤེགས་ནས་ཀྱང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཆེན་ཞེས་ཆེན་མོ་དཀར་མོ་སྟེ། །ཉི་ཟླ་སྟོང་གི་ཐོད་འཕྲེང་ཅན། །ལྕགས་དང་ཟངས་ཀྱི་དྲིལ་ཞགས་ཅན། །སྙིང་གི་ཞགས་པ་སྡོག་ཅིང་འཕེན། །སྒྲུལ་པ་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མི་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །ཆེ་ཞེས་ཆེན་ཆོ་ཉི་མའི་མདངས། །སྲིད་པ་གསུམ་པར་སྒྲོལ་མཛད་མ། །ལག་ན་ཤེལ་གྱི་སྤུ་གྲི་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །ཆེན་ཞེ་གནས་བདག་འཕྲུལ་དགའ་མ། །སྲིད་པ་གསུམ་པར་གསལ་བར་སྦྱོར། །ལག་ན་ཞིང་ལྤགས་རྒྱལ་མཚན་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །མཚན་ནི་སྲིད་པའི་རྒྱལ་བྱེད་མ། །ལག་ན་སྐུ་ཡི་ཞགས་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །མཚན་ནི་བདག་ཉིད་ཆེན་མོ་སྟེ། །ལག་ན་ཞིང་གི་རྒྱུ་ཞགས་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ཧུ༷། གླིང་བཞི་ཕྱོགས་བཞི་དཀྱིལ་འཁོར་ནས། །སྲིད་པ་ཤར་གྱི་བདག་མོ་སྟེ། །དཀར་མོ་ཆེན་མོ་མིང་གཅིག་མ། །ལག་ན་བན་དྷ་ཟླུམ་པོ་ཐོགས། །སྐྱེ་པར་བྱེད་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་་ཁུ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །སྲིད་པ་ལྷོ་ཡི་མངའ་བདག་མོ། །ནམ་མོ་ཆེན་མོ་མཆེ་བ་ཅན། །ལག་ན་བན་དྷ་སུལ་མངས་ཐོག། །སྲེག་པར་བྱེད་བའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། སྲིད་པ་ནུབ་ཀྱི་མངའ་བདག་མོ། །དམར་མོ་དབང་གི་རྒྱལ་མོ་སྟེ། །ལག་ན་བན་དྷ་ལྕང་ལོ་ཐོགས། །འཆི་བར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །སྲིད་པ་བྱང་གི་མངའ་བདག་མོ། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །ལག་ན་བན་དྷ་རྒྱ་གྲམ་ཐོགས། །ལེན་བར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ད་ནི་སྨན་མོའི་ཚོགས་ལ་བསྔོ། །ཧུ༷། །སྲིད་པ་ཡོངས་ལ་ཟ་བ་མོ། ་ན་ནེཤནནེཚོགསཀྱིརྗེ། །གོས་སུ་མི་ཡི་པགས་པ་ལ། །ཐ་མ་མི་མགོ་སྟོང་གིས་བསྐོར། །སྲིད་པ་ཀུན་གྱི་མངའ་བདག་མོ། །ཟངས་ཀ་ཨག་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མི་གླུད་བཞེས་ཤིག །ཧུ༷། །ཧ་ལ་ཧ་ལ་གདོང་བརྒྱ་མོ། །སྲིད་པ་གསུམ་གྱི་ཁྱིམ་བདག་མོ། །སྟག་ལྤགས་གཡང་གཞི་གོས་ཟུ་ལ། །ཧེ་རུ་ཀས་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧཱུཾ། །འཇིག་རྟེན་ཀུན་གྱི་བྱན་མཁན་མ། །སྲིད་དཀར་མཛེས་པའི་གོས་ཟུལ། །ལག་ན་མི་ཡི་པགས་པ་ཐོགས། །ཨེ་ཀ་ཛ་ཏི་མིང་ནས་ཕྱུང་། །མདོས་བདག་ཆེན་མི་མདོ་ལོང་ཞིག །གླུད་བདག་ཆེན་མི་གླུད་བཞེ་ཤིག །ཧུ༷། །རི་རབ་གླིང་བཞི་གྲུ་འདེགས་མ། །ཆ་བྱད་དཀར་མོ་སྒེག་པ་ལ། །ལག་ན་རྡོ་རྗེ་ཁ་གདེངས་ཐོགས། ཁྲན་ཏིང་དཀར་མིའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧཱུཾ། །ཆ་བྱད་དམར་མོ་སྒེག་པོ་ལ། །ལག་ན་ཆུ་ཡི་འཁོར་ལོ་ཐོགས། ་ན་ཏིང་དམར་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་བཞེས་ཤིག །ཧུ༷། །ཆ་བྱད་སེར་མོ་སྒེག་མལ། །ལག་ན་དུང་གི་འཁོར་ལོ་ཐོགས། ཁྲུབ་ཏིང་སེར་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུབ་བཞེས་ཤིག །དམག་གི་རྒྱལ་མོ་ཁྱོད་བཞི་ཡང་། །རིགས་བཞི་དམག་དཔུང་འཁོར་གྱིས་བསྐོར། །ཁ་མ། །ཕྱོགས་བཞི་དག་ན་སྲིན་མོར་གྲགས། །སྲིན་མོ་ཆེན་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །ཕོ་ཉ་ཆེན་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །གཞན་ཡང་མ་མོ་འམ་སྲིན་མོ་འམ། །སྲིད་པ་མོ་རུ་གྲགས་པ་ཀུན། །མདོས་སུ་བསྐང་བ་ཞེས་པར་བྱ། །དེ་ནས་མདོས་ཀྱི་བྱུང་ས་བདག་སྟེ། །འདི་ལ་མ་སྲིད་གང་ཡང་མེད། །སྣོད་ཀྱི་འཇིག་རྟེན་འདི་ལ་ཚང་། །དེ་བཞིན་བཅུད་ཀྱི་འཇིག་རྟེན་སོགས། །མཁས་པས་བྱུང་ནི་ཐེབ་པར་གདབ། །དེ་ནས་གདོན་བསལ་ལ་སོགས་པའི། །ཆོ་ག་བརྒྱད་པོ་སྐམས་འདིར་བྱ། །དེ་ནས་མདོས་ཀྱི་ལམ་བསྟན་ཏེ། །མ་མོ་རང་རང་གནས་སུ་བཏང་། །གཙང་པོ་གཞུང་ངམ་རི་གསུམ་རྩེ། །བུད་མེད་ཚོགས་ཀྱིས་བསྐྱལ་བར་བྱ། །དེ་ལྟར་གྱུར་བའི་མདོས་ཤེས་པས། །སྔགས་པ་མ་མོའི་སྙིང་པོ་ཅན། །དེ་ལ་མ་མོ་བྲན་བཞིན་འཁོར། །མ་མོ་ཚོགས་དང་ད་ཅང་ཆེས། །བུད་མེད་ཚོགས་ཀྱིས་བསྐྱལ་བར་བྱ། །དག་པའི་མདོས་འདི་དག་པས། །ལོ་ཟླ་དུས་སུ་གང་བྱེད་པ། །ཚེ་ཚད་དཔག་ནི་ཤི་ཤས་འདྲ། །ནོར་དང་ལོངས་སྤྱོདཆརབཞིནའབེབས། །ཅི་འདོད་བསམ་པཡིདབཞིནའགྲུབ། །དགྲ་དང་བགེགས་ཀྱི་ཉིན་མ་ནུབ། །འདི་ནི་མདོས་ཀྱི་ཕན་ཡོན་ཏེ། །མདོས་མི་ཤེས་པར་མདོས་རྩོམ་པ། །སྲིད་པའི་མ་མོ་ཁ་གཏིང་འཁྲུག །གནོད་པ་གོང་ལ་སོགས་པ་འབྱུང་། །དེ་བས་འབད་ལ་ཐམས་ཅད་ཀྱི། །ང་རྒྱལ་དྲེགས་པའི་སེམས་སྦངས་ཏེ། །གོལ་པ་སྤངས་པའི་ཤེས་པ་བསྒྲུབ། །མ་མོའི་མདོས་བསྟེན་པ་སྟེ། །སྲིད་པོ་རྒྱུད་ལུང་ལས་ལེའུ་སྟེ་ལྔ་པའི། །དེ་ནས་སྲིད་པ་ཕོ་རྒྱུད་ཀྱི། །མདོས་སུ་བྱ་བ་འདི་ལྟ་སྟེ། །སྟེགས་བུ་གོ་འཕང་མཐོ་དམན་ཕྱེད། །འབྲུ་སྣ་བཅུ་གསུམ་ངར་ཕྱེ་ལ། །རིན་ཆེན་སྣ་བདུན་ཕྱེ་བདར་ཏེ། །རྒྱལ་པོ་ཆེན་པོའི་གཟུགས་སུ་བྱ། །དབང་པོ་ཡན་ལག་རིན་པོ་ཆེ། གསལ་བྱེད་ཆེན་པོ་དེ་བཞིན་ནོ། །སྣ་ལྔ་དར་དགྱི་ཚིམ་བུ་ལྔ། །ལུས་དང་ཡན་ལག་དེ་བཞིན་བརྒྱན། །བདུན་དང་བྲང་དཀར་ཆེན་པོ་དང་། །དེ་ལ་ནོར་གྱི་བདག་མོ་དང་། །གཤིན་རྗེརུ་ཏྲོཛེ་རྫས་ཡིན་ཏེ། །སྐྱེས་ཏོ་རེ་ལའང་དེ་བཞིན་ནོ། །བྲེ་ཆ་གསང་ཕྱེ་གྲུ་བཞི་ལ། །་བར་ཐབས་མངའ་ནི་རྣམ་པར་བརྒྱན། །ལེའུ་ཟངས་ར་ཀར་ཀྲ་འགྱེད། །དེ་བཞིན་ཤ་དང་རིན་ཆེན་མཁྱེན། །གསར་གླུད་རྐྱེན་དང་ཆས་པ་ནི། །བྱང་ཤར་མཚམས་སུ་དེ་བཞིན་ནོ། །ནས་དང་ཉུངས་ཀར་མངོན་གྱི་སྐྱེ། །སྲིད་པ་ཀུན་ལ་དེ་བཞིན་ཏེ། །འབྱུང་པོ་ཀུན་ལ་གཏོར་མ་སྦྱིན། །དེ་ཚེ་འདི་སྐད་བརྫོད་པར་བྱ། །ཀྱེ། །དཔག་བསམ་ཤིང་གི་སྐྱེད་པ་ལ། །གསེར་མཁར་དེ་ནི་སེར་པོ་ལ། །བསེ་སྒོ་དེ་ཡང་ཐབས་སེ་ཐབས། །གཡུ་བད་དེ་ཡང་སྔོན་པོས་བསྐོར། །དེ་ཡང་བདག་པོ་སྟེ། །སྐོས་རྗེ་བྲང་དཀར་ཅིག། །སྐོས་མཁན་ནི་མིང་ནས་བྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤག །བསེ་མཁར་ནི་དབུ་རྩེ་ན། །རིན་ཆེན་སྟེགས་བུ་ལ། །ལྕགས་ཀྱི་མུ་་ད་ཅན། །དེ་ཡི་སྟེང་ན་མོ། །ཕ་ནི་བྲང་དཀར་བ། །ཞིག་འཛིན་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །རིམ་པ་ནི་བཅུ་གསུམ་ལ། །གནམ་གྱི་སྟེང་ཤེད་ན། །ལྕགས་མཁར་ནི་སྔོན་པོ་ལ། །གསེར་གྱི་བད་བསྐོར་ཞིང་། །ཟངས་ཀྱི་གཏན་གསོལ་བ། །དེ་ཡང་བདག་པོ་སྟེ། །མ་ཧྭ་ནི་ཤ་རི་ཞིག །ཡ་བདུད་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །དེ་ཡང་གླིང་ཕྲན་ན། །ཡར་གྱི་ནི་ཡང་ལ་ཤོད། །སྐྱེས་བུ་ནི་སྐྱེས་ཏོ་རེ། །ཡ་བདུད་རྒྱལ་འཐེམས་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཀྱེ། །ལྷོ་ཕྱོགས་གླིང་ན་གནས་པ་སྟེ། །རུས་མཁར་གླིང་ན་གནས་པ་སྟེ། ཁེ་བདུད་ཀུན་གྱི་ཁྲམ་འདེབས་པ། །གཤིན་རྫེའི་རྒྱལ་པོ་མིང་ནས་ཕྱུང་། །མདོས་བདག་ཆེན་མི་མདོས་ལོང་ཞིག །གནས་གྱི་མཐོངས་ན་གནས་པ་སྟེ། །འཛམ་བུ་གླིང་གི་ནོར་གྱི་བདག །མ་ཧྭ་དེ་བ་ལྷ་ཆེན་པོ། །བཙུན་མོ་ཨུ་མ་འཁོར་དང་བཅས། །ནོར་ལྷ་ཆེན་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག གནམ་གྱི་མཐོང་ན་གནས་པ་སྟེ། །དུང་མཁར་དཀར་པོ་ལ། །གཡུ་ཡི་བད་བསྐོར་ཞིང་། །བསེ་ཡི་སྒོ་གསལ་བ། །དེ་ཡི་མངའ་བདག་པོ། །ཁྱབ་འཇུག་དུང་གི་ཐོར་ཚུགསཅན། །གནམ་ལ་དཀར་མོའི་མིང་ནས་ཕྱུང། །མདོས་བདག་ཆེན་མོ་མདོས་ལོང་ཞིག། །བྱང་ཤར་གྱི་མཚམས་ཤེད་ན། །བསེ་འཁར་ཁྲ་བོ་ལ། །དུང་གི་བད་བསྐོར་ཞིང་། །ལྕགས་ཀྱི་སྒོ་སྩལ་བའོ། །དེ་ཡི་བདག་པོ་སྟེ། ཁྲར་ཕྱོགས་གནམ་ས་ཕྱེད། །ཚངས་ཐོར་ལུས་ལ་ཐོར་ཐུག་གནས། །བཙན་འགོང་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིང་། །བསེ་བཙུན་རོལ་པོ་རྒྱལ་པོ་སྟེ། །མདོས་བདག་ཆེན་མོ་མདོས་ལོང་ཞིག། །ཧུ༷། །བཙན་ལ་སོགས་པའི་ཕོ་རིགས་དང་། །འཇིག་རྟེན་ཐེ་རང་ལ་སོགས་པའི། །སྲིད་པའི་ཕོ་རིགས་ཐམས་ཅད་བསྐངས་། །དེ་ཡི་མདོས་ལ་གནས་གསུམ་སྟེ། །དར་གཟུགས་མཁར་ལ་སོགས་པ་ཡི། །སྲིད་པ་ཕོ་ཡི་རྒྱལ་པོ་འོ། །བཤོས་བཟང་ལྡེམ་པ་བར་བ་སྟེ། །མདའ་སྐྱ་ཟང་མ་ཐ་མ་སྟེ། །འདི་ལྟར་ཤེས་པའི་ཕོ་་མདོས་ལས། །གློ་བུར་ཡི་འབྲོག་ལ་སོགས་པའི། །སྲིད་པ་ཕོ་ཡི་ནད་མི་འབྱུང་། །དགྲལ་བསམ་པ་ཡིད་བཞིན་འགྲུབ། །མ་ཤེ་དེ་ཟློག་པའོ། །སྲིད་པའི་ཕོ་མདོས་ཀྱི་ལེའུ་སྟེ་དྲུག་པའོ། །དེ་ནས་མ་མོ་སྐྱེ་རྒྱུད་ནི། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །དང་པོ་སྣོད་ཀྱི་འཇིག་རྟེན་ཆགས། །འཇིག་རྟེན་བདེ་ཞིང་དགེ་བ་ལས། །ནད་མེད་ཚེ་དག་དགའ་བདེ་སྟེ། །མ་མོ་མ་རྟོག་ལ་སོགས་ཕྱེད། །བར་དེར་ཤིན་ཏུ་མི་བདེ་བའི། །སེམས་ཅན་རྣམས་ལ་གནོད་པར་བྱུང་། །ལས་དང་རྐྱེན་ནི་དྲག་པོ་ལས། །སྐྱེས་པའི་་ལས་ཀྱི་མ་མོ་གཅིག །སེམས་ཅན་ཀུན་ལ་རྣམ་པར་འཆི། །སད་དང་སེར་བ་རིམས་ནད་གཏོང་། །འཇིག་རྟེན་སྟོངས་པར་བྱེད་པ་ཡི། །མུ་ཁ་ལེ་ཞེས་གྲགས་པ་འབྱུང་། །དེ་ལ་ལས་ཀྱི་མ་མོ་རྣམས། །ཇི་ལྟར་བྱུང་བར་བཤད་པར་བྱ། །རུ་་་ལས་ཀྱི་ཆོ་འཕྲུལ་ལས། །ལས་ཀྱི་མ་མོ་མུ་ཁ་ལེ། །ལུས་ནི་རི་རབ་གླིང་བཞི་ཙམ ། །གདོང་བཞི་ལག་དྲུག་རྐང་པ་བརྒྱད། །ཤར་གྱི་བྷ་ག་རྩུ་བ་ལ་དྲང་། །རྡོ་རྗེ་གེ་སར་ཤེལ་གྱི་མཁའ། །ལྷོ་ཡི་བྷ་ག་དྲོ་ལ་འཛིན། །ཀེ་ཀེ་ཀ་ལ་རིན་ཆེན་འཛིན། །ནུབ་གྱི་བྷ་ག་ཤེར་ལ་ལྡན། །པདྨ་བྷ་ག་བྱུ་རུ་ཡི་གེ །བྱང་གི་བྷ་ག་གྲང་ལ་བགྲད། །བིཌརུ་ཡི་བྷ་ག་ཅན། །རླུད་དང་མཁྲིས་པ་བད་ཀན་འབྱུང་། །ཁྲག་དང་ཚ་བ་དལ་ནད་འབྱུང་། །དེ་འདྲའི་ལས་ཀྱི་མ་མོ་དང་། །དབང་ཕྱུག་མ་ཧྭ་དེ་བ་ཡི། །མདངས་ལས་སྲིན་མོ་ལྔ་སྐྱེ་སྟེ། །རྟག་པའི་རྒྱལ་མོ་གནས་སྣང་གསལ། །རྟག་པའི་རྒྱལ་མོ་འདོ་གསལ་མ། །རྟག་པའི་རྒྱལ་མོ་མཉན་གསལ་ན། །རྟག་པའི་རྒྱལ་མོ་ཡང་་གསལ་ཡོ། །རྟག་པའི་རྒྱལ་མོ་བཀྲ་གསལ་མ། །རུ་ཏྲ་ལས་ཀྱི་ཆོ་འཕྲུལ་དང་། །སྲིད་པ་ཆགས་བྱེད་མདངས་ལས་ནི། །ཁྲོས་པའི་མ་མོ་བཞི་བསྐྱེད་དེ། །རྡོ་རྗེ་ཉི་མ་ཁྲོས་མ་དང་། །རྡོ་རྗེ་སྲི་པ་ཁྲོས་མ་དང་། །རྡོ་རྗེ་སྲིད་པ་བདེ་འགྲོ་ཁྲོས། རྡོ་རྗེ་ཁམས་གསུམ་རྫོགས་བྱེད་ཁྲོས། ཁམས་གསུམ་རྫོགས་བྱེད་ཁྲོས། །།སྦུལ་བའི་སྲིན་མོ་བཞི་པོ་དག། །འབྱུང་བ་བཞི་ཡི་ཆོ་འཕྲུལ་ལས། །ཐུགས་ཀྱི་དགེས་སྡེ་བཞི་བསྐྱེད་དེ། །དཀར་མོ་མིག་གཅིག་ནག་མོ་རལ་པ་ཅན། །དམར་མོ་དབང་སྒྱུར་སེར་མོ་ལས། །དེ་དག་ལས་དང་རྐྱེན་ལས་བྱུང་། །དེ་བཞིན་ཉི་ཟླ་ཐོད་འཕྲེང་ཡང་། །འཕྲ་མེན་རྒྱ་མཚོ་མདངས་ལས་སྐྱེས། །སྐོས་རྗེ་བྲང་དཀར་བདུད་ལས་སྐྱེས། །ཆ་སྙོམས་ལས་ཀྱི་སྲིན་མོ་དྲུག་སྐྱེས་ཏེ། །བཞི་ནི་ཁྲོས་པའི་དབང་མོ་ཆེ། །ལྔ་པ་ཧེ་རུ་ཀ་ནི་སྟེ། །དྲུག་པ་ཨེ་ཀ་ཛ་ཏི་ཡིན། །རྒྱལ་ཆེན་བཞི་ཡི་མདངས་ལས་ནི། །ལས་ཀྱི་སྲིད་མོ་བཞི་བྱུང་སྟེ། །དཀར་མོ་མཆེ་བ་ཅན་ནག་མོ་རལ། །དམར་མོ་མཆུ་འཇིབ་སེར་མོ་སྐང་། །དེ་ལས་མ་མོ་སྐྱེས་ནས་ཨེ་ཀ་ཛ་ཏི་ལས། །ལས་ཀྱི་སྲིང་མོ་བདུན་སྐྱེས་ཏེ། །དང་པོ་རྡོ་རྗེ་ཀུན་གྲགས་མ། །གཉིས་པ་ཀུན་ཏུ་བཟང་མོ་ཡིན། །གསུམ་པ་རྡོ་རྗེ་ཀུན་གསལ་མ། །བཞི་པ་རྡོ་རྗེ་ཆེན་མོ་ཡིན། །ལྔ་པ་རྡོ་རྗེ་འོད་ཆགས་ཡིན། །དྲུག་པ་རྡོ་རྗེ་འདོ་གསལ་འཕྲོ། །བདུན་པ་རྡོ་རྗེ་གཡུ་སྒྲོན་ཡིན། །ལྷ་ཆེན་བདུན་གྱི་ཁ་བདག་མོ། །དེ་ལྟར་གོང་དུ་བསྟན་པ་ཡང་། །འོག་ནས་རིམ་པ་འབྱུང་བ་ཡིན །རྒྱུ་དང་རྐྱེན་དང་འབྲས་བུ་སྟེ། །རྒྱུ་ནི་རང་རང་ཕ་མ་སྟེ། །འབྲས་བུ་རང་རང་སྲིན་མོ་སྐྱེས། །རྐྱེན་ནི་དབྱེ་བ་བཤད་པར་བྱ། །མི་ཤེས་གྲིབ་མ་ཆེན་མོ་ཡིན། །མ་མ་དྲུག་གི་རྒྱུ་རུ་བརྒྱུད། །དེ་ལས་བྱུང་བའི་འདོད་ཆགས་དང་། །ཞེ་སྡང་དེ་ཡིརངབཞིནནོ། །ཕྲགདོག་ལ་སོགས་རྗེས་སུ་འབྲེང་། །ཞེན་པའི་འདོད་ཆགས་ཆེན་པོ་ཡིས། མ་མོ་བཞི་ཡི་ཕྱག་རྒྱར་འགྱུར། །གཏི་མུག་ཞེ་སྡང་དེ་བཞིན་ཏེ། །སེར་སྣ་ལ་སོགས་རྗེས་སུ་འབྲེང་། །མནར་མེད་རིན་པོ་ཞེ་སྡང་གིས། །མ་མོ་ལྔ་བཅུའི་རྒྱུ་རུ་འགྱུར། །དེ་ལས་གཏི་མུག་དེ་བཞིན་ཏེ། །ང་རྒྱལ་ལ་སོགས་རྗེས་སུ་འབྲེང་། །དེ་ལྟར་དུག་ལྔ་ལས་སྐྱེས་པའི། །ལས་ཀྱི་སྲིན་མོ་མི་བཟད་པའི། །ཕ་དང་མ་ནི་རྐྱེན་གྱི་ཚུལ། །ཆགས་དང་སྡང་དང་ལྡན་པ་ལ། །གནས་དང་ལུས་ལས་ཁ་དོག་ལྔ། །ཆགས་སྡང་ལྔ་པོ་དེ་ལྟར་ཤེས། །དེ་ལྟར་གྱུར་པའི་མ་མོ་ལ། །བརྒྱད་ཅུ་གྲངས་ཀྱི་ཚད་མེད་དེ། །འདོད་ཆགས་མ་མོ་བརྒྱད་ཅུ་ཕྲག །གཏི་མུག་མ་མོ་བརྒྱད་ཅུ་ཕྲག །འཕྲ་མེན་མ་མོ་བརྒྱད་ཅུ་ཕྲག །འདོད་ཆགས་མ་མོ་བརྒྱད་ཅུ་ཕྲག །རྒྱལ་མོ་བློན་མོ་བྲན་མོ་ཡིས། །བརྒྱད་ཅུ་ཕྲག་གསུམ་མཁས་པས་ཤེས། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །ཕྲག་དོག་ང་རྒྱལ་དེ་བཞིན་ནོ། །རྒྱལ་མོ་བསྐྱེད་བཅུར་བྱེ་བྲག་ལས། །མ་མོ་ཞིང་གི་རྡུལ་དང་མཉམ། །དེ་ལྟར་མ་མོར་གྱུར་པ་ཡང་། །མ་མོ་དགུ་ཡི་དབྱེ་བ་སྟེ། །འདོད་ཆགས་ཆེན་པོ་གཅིག་ཉིད་ལས། །འདོད་ཆགས་ཞིང་གི་རྡུལ་སྙེད་སྐྱེ། །ཞེ་སྡང་ལ་སོགས་དེ་བཞིནནོ། །ཡངསྲིད་པ་བྱན་མཁན་དང་། །མུ་ཁ་ལེ་ཡི་མདངས་གཉིས་ལས། །འདོད་ཁམས་ལྷ་ཡི་རྒྱལ་མོར་སྣང་། །ཡར་ཡར་ལ་སྐྱེས་ཏོ་རེ། །མདངས་ལས་སྐྱེས་པ་ལས། ས་བདག་པདྨ་འཕྲེང་དུ་བྱུང་། །ཡང་དེ་གཉིས་མདངས་ལས་ནི། །པདྨ་གར་གྱི་དབང་ཕྱུག་མ། །དེ་ནས་ཡ་བདུད་ང་གཉིས་ཀྱི། །མདངས་ལས་མ་མོ་སྐྲུན་གཉིས་ཏེ། །ནམ་མཁའི་རྒྱལ་མོ་གླིང་བཞི་སྤྱིན་ཕུད་མ། །གཞན་ཡང་ཆུ་སྲིན་རྒྱལ་པོ་ཀུ་བི་ར། །དེ་ཡང་མདངས་ལས་གྱུར་བ་ཡི། །སྲིན་མོ་ནག་མོ་ཁྲག་འཛག་མ། །གཞན་ཡང་སྲིན་མོའི་ཚོགས་རྣམས་བྱུང་། །ལྷ་ཆེན་མོ་ཧྭ་དེ་བ་དང་། །གཉིས་ཀྱི་མདངས་ལས་ལྷ་མོ་ལྟར། །སྣང་བའི་མ་མོ་རྡུལ་ཙམ་བྱུང་། །གནོད་སྤྱིན་གཙུག་ན་མེ་འབར་དང་། །གཉིས་ཀྱི་མདངས་ལས་གནོད་སྦྱིན་དང་། །འཇིག་རྟེན་ཁམས་ལས་འཇིགས་པ་བྱུང་། །ཀླུ་རྒྱལ་དགའ་མོ་གཉིས་ལས། །གདུག་པའི་ཀླུ་མོ་སྣ་ཚོགས་བྱུང་། །གཤིན་རྫེ་ལ་སོགས་དེ་བཞིན་ཏེ། །ས་སྟེངས་མ་མོ་དེ་བཞིན་ཏེ། །ས་འོགས་མ་མོ་རང་བཞིན་ལ། །ས་ལས་མ་མོ་སྣང་བར་འགྱུར། །མ་མོས་ལོ་ཐོག་ལ་སོགས་ལ། །སད་དང་སེར་བ་ལ་སོགས་པ། །དུས་མིན་མུ་གེའི་བསྐལ་པ་འབྱུང་། །ལྷ་དང་མི་ལ་སོགས་པ་ལ། །ནད་དང་མཚོན་ཆ་ལ་སོགས་པའི། །དུས་མ་ཡིན་གྱི་བསྐལ་པ་འབྱུང་སེམས་ཅན་ཀུན་ལ་རྣམ་པར་འཚེ། །སྐུགས་སུ་འཇུག་ཅིང་ལ་སོགས་པ། །ལྟས་ངན་དུད་འགྲོ་ལ་སོག་འབྱུང་། །སྐར་མདའ་ལྟུང་དང་ལྕེ་འབབ་སོགས། །མ་མོས་འཇིག་རྟེན་ཕུང་ལ་ཁད། །རང་ཅག་ཕན་ཚུན་རྒྱལ་ཁམས་ན། །གཅིགལགཅིགདངཟབྱེད་ཅིང་། །གདུག་པའི་མ་མོས་སྟོང་གསུམ་ཁེངས་། །སེམས་ཅན་ཟས་སུ་འཆའ་བར་འགྱུར། །ལས་ཀྱི་མ་མོ་སྐྱེ་བརྒྱུད་བསྟན་པ་སྲིད་པ་རྒྱུད་ལུང་གི་ལེའུ་སྟེ་བདུན་པའོ། །དེ་ནས་མངོན་རྫོགས་རྒྱལ་པོ་ཡིས། །ཡུམ་ལ་ཕྱག་འཚལ་འདི་སྐད་གསོལ། །སེམས་ཅན་བསོད་ནམས་ཆུང་བ་ལ། །འཇིག་རྟེན་ཕུང་བྱེད་མུ་ཁ་ལེས། །སྣོད་བབ་སྲིད་པ་སྟོངས་ལ་ཁད། །སྲིད་པ་སེམས་ཅན་སྙིང་རེ་རྗེ། །འདི་ལ་ཐུགས་རྗེ་མི་མཛད་དམ། །དྲེགས་པའི་མ་མོ་མི་འདུལ་ལམ། །འཇིག་རྟེན་བདེ་ལ་མི་འགོད་དམ། །མྱུར་དུ་སེམས་ཅན་བསྐྱབ་པ་དང་། །མ་མོ་མྱུར་དུ་གདུལ་དུ་གསོལ། །ཉོན་ཅིག་མངོན་རྫོགས་ཡབ་ཉོན་ཅིག། །སེམས་ཅན་བདེ་ལ་བཀོད་པ་དང་། །ལས་ཀྱི་མ་མོ་འདུལ་བ་ནི། ཡང་དག་ང་ཡིས་རྩ་མ། །དེ་ནས་ཡུམ་ཆེན་མོས་སེམས་བདེ་བཞེས་བྱ་བའི་སྔགས་དང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་དེ་མ་ཐག་ཏུ་ནམ་མཁའ་ལས་སེམས་ཅན། བདེ་བ་ལ་སོགས་པའི་སྒྲ་སྙན་སྣ་ཚོགས་བྱུང་སྟེ། །སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་ནས་སྔར་གྱི་བདེ་བ་དང་ལྡན། །ལས་ཀྱི་མ་མོ་རྣམས་ཀྱི་སྔར་ཀྱི་སྔར་གྱི་གདུག་པ་མིག་གི །མཚོན་ཆ་བསོགས་པས་སེམས་ཅན་ལ་མ་གནོད་པར་གྱུར་ཏེ། །དེ་ནས་ཡུམ་ཆེན་མོས་མ་མོ་འདུལ་བའི་སྐུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བུད་མེད་ཚོགས་ཀྱིས་ཀྱང་མ་མོ་འདུལ་བར་གྱུར་ཏོ། །དེ་ནས་ཁྲོ་བོ་མ་མོ་འདུབ་འདྲག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེས་ཀྱང་འདུལ་བར་མ་གྱུར་ཏེ། །མ་མོ་རྫུ་འཕྲུལ་དང་མཐུ་མང་པོ་སླར་སྟོན་པར་བྱེད་དོ། །དེ་ནས་མ་མོ་མུ་ཁ་ལེས་གཟུགས་སྣ་ཚོགས་དང་། །སྒྲ་དང་མཚན་མ་སྣ་ཚོགས་ཀྱིས་ནམ་མཁའི་ཁམས་གང་བར་བྱས་སོ། །དེ་ནས་རྒྱ་མཚོའི་གཏིང་དུ་བྲོས་སོ། །དེ་ནས་མེའི་བསྐལ་བས་རྒྱ་མཚོ་བསྐམས་སོ། །དེ་ནས་འདར་ཞིང་དངངས་ཏེ་རེངས་ནས་ཀྱི་ཧུད་ཀྱི་སྒྲ་འདོན་ནོ། །དེ་ནས་གྲགསད་པའི་ཏིང་ངེ་འཛིན་གྱི་ཐད་དུ་ཁུགས་པར་གྱུར་ཏེ། དེ་ནས་ཡུམ་གྱི་སྐུ་མཐོང་ནས་སྐྲགས་སྐྱེས་པའི་ཏིང་ངེ་འཛིན་གྱིས་ཏ་ལའི་མགོ་བཅད་བཞིན་ས་ལ་འགྱེལ་ལོ། །དེ་ནས་ཡུམ་གྱི་དབུགས་དབྱུང་བའི་ཏིང་ངེ་འཛིན་གྱིས་དྲན་པ་སླར་རྙེད་དེ། །དེ་ནས་ལས་ལ་གྲུབ་པའི་མུ་ཁ་ལེ་ལ་སོགས་བས། ཡུམ་ཆེན་མོ་ལ་སོགས་པ། མ་མོ་བདག་ཅག་འདི་ལྟར་གྱུར་བའི་རྒྱུ་རྐྱེན་ཇི་ལྟ་བུ་ལགས། ཡུམ་གྱིས་གསུངས་པ། ཁྱེད་རྣམས་ཀྱི་རྒྱུ་དང་རྐྱེན་ནི། སྐྱེ་བ་ལྔ་པ་ལ་སྔགས་ཀྱི་ལྟ་བ་སྤྱོད་པ་འཁྲུལ་ཏེ། ཤ་ཁྲག་དམར་གྱི་གཏོར་མ་ལ་སེམས་ཅན་སྙིག་རྗེ་ལ་སོགས་པ་མེད་པར་སྲོག་བཅད་པ་ལ་སོགས་པའི་ལྟ་བ་དང་། སྤྱོད་པ་དང་། དཀར་པོའི་ལས་ཚ་ཚ་གདབ་པ་ལ་སོགས་པ་བཀའི་ལྟ་བས་ད་ལྟར་མ་མོར་སྐྱེས་པ་ཡིན་ཏེ། །ཏིང་ངེ་འཛིན་དང་སྔགས་བཟླས་པས་དམྱལ་བར་མ་སྐྱེས་ཤིང་། །ད་ལྟ་མཐུ་དང་ལྡན་པ་ཡིན་ཏེ། འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བར་སྐྱེ་ངེས་སོ། །དེ་ནས་མ་མོ་རྣམས་ཀྱིས་ཞུས་པ། །སེམས་ཅན་དམྱལ་བ་ཇི་ལྟ་བུ། ཡུམ་གྱིས་གསུངས་པ། སེམས་ཅན་དམྱལ་བའི་ཚ་བའི་དཔེ་དང་གྲང་བ་དང་དྲི་མི་ཞིམ་པ་ལ་སོགས་པའི་ཚ་བ་འཇིག་རྟེན་ན་མེད་དོ། །དེ་བཞིན་ཚེའི་ཚད་ལ་སོགས་པ་ཞིབ་ཏུ་བསྙད་དོ། །དེ་ནས་མ་མོ་དེ་དག་ས་ལ་འགྱེལ་བའོ། །དེ་ནས་ལོ་བདུན་དུ་མ་མོ་དེ་དག་ཤི་བར་གྱུར་ཏོ། །སེམས་ཅན་ཀུན་ནུབ་ཕྱོགས་སུ་ཐལ་བས་གསོལ་པའི་ཞིང་ཁམས་སུ་སེམས་ཅན་བདེ་བ་ཅན་དུ་སྐྱེས་སོ། །དེ་ནས་སླར་དྲན་པ་རྙེད་པར་གྱུར་ཏོ། །དེ་ནས་ཡུམ་ལ་གསོལ་པ། སྔར་གྱི་སྡིག་པ་ཐམས་ཅད་འཆགས་སོ། །ད་ཡང་མི་ལེགས་པ་མི་བགྱིད་དོ། །ད་བདག་ཅག་གི་ལས་དང་བྱ་བ་གང་ལགས། འཚལ་བའི་སྐལ་པ་གང་ལགས། སུའི་བཀའ་མཉན་པར་བགྱི། དེ་ནས་ཡུམ་གྱིས་བཀའ་སྩལ་པ། ལས་ནི་ངའི་བསྟན་པ་ལ་གནོད་པའི་དགྲ་དང་བགེགས་ཐུལ་ཅིག །ཟས་སྐལ་ནི་དམ་ཚིག་ཅན་གྱི་བ་ལིང་ཟོ་ཞིག །བཀའ་ནི་རྣ་འབྱོར་མ་མོ་བསྒྲུབ་པ་རྣམས་ཀྱི་བཀའ་ཉོན་ཅིག །རང་ཅག་རྣམས་དང་རང་རང་གི་སྲོག་གི་སྙིང་པོ་དང་། །དམ་ཚིག་གི་སྙིང་པོ་ཡང་ཕྱག་རྒྱ་དམ་ཚིག་གི་ཅན་དུ་བྱ་དགོས་སོ། །ཞེས་གསུངས་སོ། །དེ་ནས་མ་མོ་མུ་ཁ་ལེ་ལ་སོགས་པ་རང་ཅག་རྣམས་ཀྱི་སྲོག་གི་སྙིང་སྤྱིའི་སྙིང་པོ་འདི་ཕུལ་ལོ། །བུ་བི་རུ་ལུ་བུ་བི་རུ་ལུ་བྱི་སྨྱོ། །ཞེས་ཕུལ་ཏེ་བདག་ཅག་རྣམས་འདི་འདྲེན་པའི་གམ་དུ་མཆི་བ་ཡི་ལས་བགྱིད་དོ། །དེ་ནས་རང་རང་གི་སྲོག་གི་སྙིང་པོ་འདི་ཡུམ༷་གཅམ་ཐབས་སུ་ཕུལ། སྦྱོ་ཧུ༷་ཀ་རི་ཁ་བ་དོར་ད་དོར། ནི་ལ་ཆུར་མ་ཏི། །ཁ་ཏོག་ཀད་ལ་ཛ། པདྨ་ཛ་ལ་དུ། མགུར་རག་ཏོ་ཏིང་ས༷་དང་ས༷། ཨེ་ཨ་ར་ལི། །འདི་དག་ནི་ཀུན་ཏུ་བཟང་མོ་ལ་སོགས་པ་བདུན་གྱིའོ། །ཨོ་བཛྲ་ཀྲོ་དྷི་ཤཱ་རི་བྷ་ག་པདྨ་རྒྱ་ཧུ༷་ཧུ༷། སྲིད་པ་བདེ་འགྲོ་མས་རང་གི་སྲོག་སྙིང་ཕུལ་ལོ། །དེ་བཞིན་དུ། ཨོ་བཛྲ་ཤ་སྒྱི་པདྨ་ཀ་རུ་ཏི་སྨྱོ། ཉི་མ་ཐོད་འཕྲེང་ཅན་གྱིའོ། །ཨོ་མུ་ཏྲི་ན་ཨ་ཤ་ན་ཏི། རྒྱན་གྱི་རྒྱལ་མོའོ། །བྷ་ག་དུན་ཏྲི། བདག་ཉིད་མའོ། །ག་མུན་དུན་ཏྲི་ནི། རལ་གཅིག་མའོ། །ཨོ་སུ་་བའི་ཡ་ཨ་ཏི་ཡེ། ཉི་མ་ཁྲོས་པའི་དབང་མོའོ། །པདྨ་བི་ཏ་མ་ཏོ་ཡེ། །པདྨ་ཁྲོས་བའི་དབང་མོའོ། །ཁ་རག་བའི་ཏོ་ཡེ། ཁམས་གསུམ་འཚེ་བྱེད་ཁྲོས་བའི་དབང་མོ་ཆེའོ། ཁེན་ཏུ་ཨ་ཏོ་ཡེ། །སྲིད་པ་བདེ་འགྲོ་ཁྲོས་བའི་དབང་མོ་ཆེའོ། །ཨོ་ཀེ་ཀེ། དཀར་མོའི་འོ། །ཨོ་ཏ་ཀེ་མ། ནག་མོའི་འོ། །མཛྲ་ཏེ་ཀ་མ། །ལྗང་མོའོ། །བཛྲ་ནི་ལ་བཛྲ་ནི་ལ། ལྗང་མོ་ཡིའོ། །བཛྲ་ལན་ཏ་བཛྲ་ལན་ཏ། སེར་མོའོ། །ཨོ་བཛྲ་ཟ་འགྲམ་མུ་རམ་ཤ། སྲིད་པ་ཆགས་བྱེད་མའོ། །ཟང་གྲིང་ར༷་ཤྭ། ཨོ་བཛྲ་སྙིང་ཁ་རག་སྙིང་ཁ་རག །སྲིད་པ་ཆ་སྙོམས་མའོ། །རག་ཤ་ཀ་མུ་ཁང་། རག་ཤ་སྦས་བའི་ཤ༷་ཤ༷་མའོ། །ཏྲག་ཤ་མུ་བན་བ༷། །ཨེ་ཀ་ཛ་ཏི། །ནམ་མ་ཏྲ་བ་ཏྲག་རག་ཤ། །འདོད་པ་ཁམས་ཀྱི་གཙོ་མོའི། །ཕྲ་བམ་ཛྲ་ག་རང་ག་ཏི་སུ་སྨྱོ། །འཇིག་རྟེན་དབང་སྡུད་མའོ། །བང་གི་ཝང་གི་ཤ་སྨྱོ། །གླིང་བཞི་སྤྱི་ཕུད་མའོ། །རུ་རག་ཤ། །པདྨ་གར་གྱིའོ། །ཨོ་ཤ་ཏིང་སྨྱོ། །མཆེ་གཙིགས་མའོ། །བཏིང་སྨྱོ། །ཁ་གླལ་མའོ། །བུ་ཏིང་སྨྱོ། །མཆུ་འཇིབ་མའོ། །མུ་ཏིང་སྨྱོ། །རྐང་ལྡག་མའོ། །ཨོ་བཛྲ་ཤན་ཏིག་སྨྱོ། ཁྲུ་འདེབས་མ་སྤྱི་ཡིའོ། །ཧར་ཏིང་སྨྱོ། ཏེ་ས་ཏི་པང་སྟོ། ལྷའི་སྲིང་མོའོ། །ཨ་པར་ཏ་སྨྱོ། མཁའ་ལ་ཁྱུང་ལྡིང་གིའོ། །ད་ལ་དུན་སྨྱོ། །དཀར་མོ་གཡས་ཐོད་ཀྱིའོ། །འདི་ཡས་སྨྱོ། །ནག་མོ་སྡེར་གྱིའོ། །གཞན་དག་སྲིད་པའི་མ་མོ་ཀུན། །སོ་སོའི་སྲོག་སྙིང་ཕུལ་ནས་ནི། །སྤྱི་རུ་འདི་དག་ཕུལ་བ་ནི། །མ་མ་རག་མོ་ཡག་མོ་དེ་བའི་དུན་སྨྱོ་སྨྱོ། །དེ་ལྟར་སྲོག་སྙིང་ཕུལ་ནས་ནི། །འཇིག་རྟེན་མ་མོ་འདི་དག་གི །སྙིང་ངམ་འདིར་ཞིང་མ་དགའ་ནས། །བཀྲག་དག་གཟི་མདངས་ཉམས་འགྱུར་ཏེ། །སྔར་གྱི་མཐུ་དང་རྫུ་འཕྲུལ་ད་མེད་ནས། །ཡུམ་ལ་འདི་སྐད་གསོལ། །བདག་ཅན་སྲོག་སྙིང་ཕུལ་བ་ལས། །དྲན་པ་ཉམས་ཤིང་མཐུ་མེད་པས། །མ་འོངས་བསྟན་པ་ཇི་ལྟར་བསྲུང་། །ཁྱེད་ཀྱིས་བདག་ཅན་བྱིན་བརླབ་ཅིང་། །དབང་བསྐུར་བཀའ་ལས་འདའ་བར་མཛོད། །དེ་ནས་ཡུམ་ཆེན་མུ་ཁ་ལེས། །ཕྱོགས་བཅུས་དབུས་མཐའ་ཐམས་ཅད་དུ། །མ་མོ་འདི་རྣམས་ཆོས་སྐྱོང་གི། །ནང་གི་སྲུང་མར་བྱིན་རླབས། །དབག་བསྐུར་དམ་ལ་གདགས་པ་ཞུས། །དེ་ནས་ཕྱོགས་བཅུ་དབུས་མཐའ་ཀུན། །གསུང་ཅིག་མུ་ཁ་ལེ་ལ་ཞུས། །སངས་རྒྱས་ཀུན་གྱི་བྱིན་བརླབས་ཀྱིས། །འདི་ཡི་བྱ་བ་ཁྱེད་ཀྱིས་གྱིས། །སྐྱེ་གནས་མི་མཐུན་མོ་འདུལ་བས། །སྐྱེ་གནས་འཐུན་པས་འདུལ་བས་ནི། །ལས་ཀྱི་མ་མོ་མུ་ཁ་ལེན། །འདུལ་བའི་དོན་དུ་དབུས་མཐའ་ཡང་། །མུ་ཁ་ལེརུ་སྐུར་སྟོན་པ། །མ་མོ་འདུལ་བའི་དོན་ཕྱིར་བས། །འདི་ཡི་བྱ་བ་ཁྱེད་ཀྱིས་མཛོད། །དེ་ནས་ཡུམ་ཆེན་མུ་ཁ་ལེས། །དང་པོ་དམ་ཚིག་སྡོམ་པ་བྱིན། །རྟགས་སུ་དམ་ཚིག་ཕྱག་རྒྱ་དང་། །དམ་ཚིག་སྙིག་པོ་སོ་སོར་གཏད། །མུ་ཁ་ལེ་དང་ཡུམ་དྲུག་ལ། །མ་མས་མ་ཡ་སྟོམ་དང་། །ཐོད་རློན་དམ་ཚིག་ཕྱག་རྒྱ་བྱིན། །ཡེ་ཤེས་མ་མོ་བ་་བཞི་ལ། །གོང་གི་སྙིང་པོ་དེ་ཉིད་དང་། །ཐོད་ཚལ་དམ་ཚིག་ཕྱག་རྒྱ་བྱིན། །སྨན་མོ་འཁོར་ཚོགས་མཐའ་དག་ལ། །ཐོད་སྐམ་དམ་ཚིག་ཕྱག་རྒྱ་བྱིན། །དམ་ཚིག་ཅན་དུ་དེ་ནས་བྱས། །དམ་ཚིག་རྫས་ཀྱིས་བདུད་རྩི་བླུད། །འདས་ན་ཉེས་པ་དམྱལ་བའི་ཆུ། །སྲུང་ན་དངོས་གྲུབ་འབྱུང་བའི་ཆུ། །དེ་ལ་སོགས་པའི་དམ་ཚིག་ནི། །གནས་ནས་བསྐུལ་བའི་མཐའ་དག་གསུང་། །མ་འོངས་པ་རྣམས་དེ་ཡི་ཚུལ། །དེ་ནས་ཐོད་རློན་བཅས་ནས་ཡང་། །མཐེ་བ་མཛུ་བ་གཉིས་ནི་མིག་འབུར། །མཐེ་ཆུང་སྣོན་མ་མིག་འབྲས་ཡིན། །གུར་མོ་གཉིས་ནི་ཡ་མཁལ་ལ། །སྲིན་ལག་གཞིབས་པ་མ་མཁལ་ཡིན། །དེ་གཉིས་སུ་ནི་བྱིས་པ་ཡིན། །ཐོད་ཚལ་ཡིན་པར་གསུང་པ་ཡིན། །སོར་མོ་ཐམས་ཅད་ནང་དུ་བསྣོལ། །ཚིགསཆེན་ཕྱིར་རུ་བཏོན་ནས་བསྡམ། །དེ་ནི་ཐོད་སྐམ་ཕྱག་རྒྱ་ཡིན། །འདི་ནི་དམ་ཚིག་ཕྱག་རྒྱ་ཡིན། །དམ་ཚིག་སུ་ལ་ཡོད་པ་དང་། །དམ་ཚིག་ཕྱག་རྒྱལ་སུ་འཆའ་བ། །དེ་ཡི་གམ་དུ་མ་མོ་རྣམས། །སྲོག་ལ་བབ་ཀྱང་འདུ་བར་ངེས་། ཁུད་ལ་དམ་ཚིག་མི་ལྡན་ཞིང་། །དམ་ཚིག་ཕྱག་རྒྱ་མི་ཤེས་ན། །མ་མོ་མི་འགྲུབ་རང་ག་ཕུང་། །དགྲ་ལ་གནོད་པ་འབྱུང་ན་ཡང་། །ཁོ་བོ་ལས་ཀྱི་རྐྱེན་དང་ནི། །རླང་རྟ་ལས་བྱུང་རྐྱེན་དང་ནི། །མ་མོ་རྣམ་སྨིན་དེ་མ་ཡིན། །དམ་ཚིག་ཕྱག་རྒྱ་དབྱེ་བ་ཡང་། །ཐོད་སྐམ་སྐུ་ཡི་ཕྱག་རྒྱ་ཡིན། །ཐོད་ཚལ་གསུང་གི་ཕྱག་རྒྱལ་ཡིན། །ཐོད་རློན་མ་མོ་ཀུན་གྱི་ཐུགས། །ཕྱག་རྒྱ་ཡིན་པར་ང་ཡིས་བཤད། །སྲིད་པ་སྤྱི་མདོས་ལ་སོགས་ལ། །དམ་ཚིག་ཕྱག་རྒྱ་མེད་པ་མྲ །མདོས་དང་མ་མོ་ཕྲད་མི་འགྱུར། །བསད་གསོ་ལ་སོགས་དེ་བཞིན་ནོ། །དེ་ནས་མ་མོ་ལ་སོགས་ཀྱིས། །སྲོག་སྙིང་ལ་སོགས་བྱིན་གྱིས་བརླབས། །སྔར་བས་མཐུ་དང་གཟི་བྱིན་ལྡན། །དེ་ནས་ཐོད་པའི་མ་མོ་སྤྱི་མགོ་བོ་ཀུན་ལ་དབང་བསྐུར་ཏེ། །མཐུ་དང་ལྡན་པར་ངེས་པར་འགྱུར།ཀ །ཞག་གི་ཟོ་རིས་ཐལ་ཆེན་མཚོ། །རག་ཏའི་ཐིག་ལེ་ལ་སོགས་པའི། །མ་མོ་རང་རྟགས་དམ་ཡང་བསྐུར། །ལག་པ་གཡས་པར་རང་རང་གི། །ལས་ཀྱི་དབང་རྟགས་ཕྱག་མཚན་བྱིན། །ལས་ཀྱི་མ་མོ་འདི་དག་ནི།མ །མུ་ཁ་ལེས་དབང་བསྐུར་བས། །སྣང་སྲིད་དབང་གི་རྒྱལ་མོ་ཡིན། །བསྟེན་ཞིང་སྒྲུབ་པའི་མ་མ་ནི། །མ་མོ་འདི་རྣམས་ཡིན་པར་འདོད། །མ་མོ་སྐྱེ་རྒྱུད་དབང་དུ་བསྡུ་བ་བསྟན་པོ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་བརྒྱད་པའོ། །དེ་ནས་མ་མོ་དབྱེ་བ་ཡང་། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །མ་མོ་དབྱེ་བ་རྣམ་པ་གཉིས། །མ་མོ་སྤྱི་དང་བྱེ་བྲག་གོ། །སྤྱི་ལ་རྣམ་པ་གསུམ་ཡིན་ཏེ། །དང་པོ་ལས་ཀྱི་མ་མོ། །སྔར་གསུངས་པ་ཡི་རིམ་པ་རྣམས། །ལས་ལས་གྲུབ་ཅིང་དམ་ཚིག་གོ། །ལས་ཀྱི་མ་མོ་དམ་ཚིག་ཅན། །མུ་ཁ་ལེ་དང་ཡུམ་དྲུག་སོགས། །འཇིག་རྟེན་མ་མོ་ཡིན་པར་འདོད། །མ་མོ་དེ་དག་འདུལ་བར་འདོད། །ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་ལས། །མུ་ཁ་ལེ་དང་ཡུམ་དྲུག་དང་། །མ་མོ་བཅུ་བཞི་སྨན་མོའི་ཚོགས། །ཇི་ལྟར་འདུལ་བ་དེ་ལྟར་བྱུང་། །འདི་ནི་ཡེ་ཤེས་ལས་བྱུང་ཕྱིར། །སྐྱེ་མེད་ངང་ལས་སྤྲུལ་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་མ་མོར་འདོད། །སྐུ་གསུང་ལས་བྱུང་རིམ་པ་སྟེ། །སྐུ་གསུང་མ་མོ་ཡིན་པར་འདོད། །འདི་ནི་འབྲས་བུའི་མ་མོ་སྟེ། །རྩལ་མེད་དབྱིངས་སུ་གཅིག་པའོ། །ལམ་དང་འབྲེལ་བའི་མ་མོ་ནི། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས། །མ་མོས་འདུལ་བའི་སེམས་ཅན་ལ། །མ་མོའི་གཟུགས་སུ་སྐུ་སྟོན་ཏེ། །འདི་ནི་ལས་ཀྱི་གནས་པར་འདོད། །དེ་ཡང་རྣམ་པ་གསུམ་ཡིན་ཏེ། །མུ་ཁ་ལེ་དང་ཡུམ་དྲུག་ཚུལ། །ས་བརྒྱད་པ་ནས་བཅུ་བའི་ཚུལ། །བྱང་ཆུབ་སེམས་དཔའ་སྤྲུལ་པ་སྟེ། །ལམ་གྱི་འབྲས་བུའི་མ་མོ་ཡིན། །ཡེ་ཤེས་མ་མོ་བཅུ་བཞིའི་ཚུལ། །ས་བཞི་པ་ནས་བདུན་པའི་བར། །བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །ལམ་གྱི་ལམ་པའི་མ་མོ་ཡིན། །སྨན་མོ་འཁོར་ཚོས་འདུས་པ་ནི། །ས་དང་པོ་ནས་གསུམ་པའི་བར། །བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །ལམ་གྱི་རྒྱུ་ཡི་མ་མོ་ཡིན། །དེ་ནས་མ་མོ་སྤྱི་ཡི་ཡང་། །མཚན་ཉིད་དབྱེ་བ་རྒྱས་པར་བསྟན། །མུ་ཁ་ལེ་དང་ཡུམ་དྲུག་ལ། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། ཁུ་ལ་གནས་པ་རྒྱུ་ཡིན་ཏེ། །འདི་ནི་སྲིན་མོ་ཟང་མ་སྟེ། །རེ་ཞིག་དབྱིངས་ཀྱི་ཡུམ་དྲུག་རྟགས། ཁུད་ནི་ལན་ལ་གནས་པ་སྟེ། །འདི་ནི་བྱང་ཆུབ་སེམས་མ་སྟེ། །རེ་ཞིག་དབྱིངས་ཀྱི་ཡུམ་དྲུག་རྟགས། །འདི་ནི་བུརྙའི་སྤྲུལ་པ་སྟེ། །དབྱིངས་ཀྱི་ཡུམ་དྲུག་ཅེས་ཀྱང་དེ་ལ་བྱང་། །བཅུ་བཞིའི་མ་མོ་ཡང་དེ་བཞིན་ཏེ། །ཉི་ཟླ་ཐོད་འཕྲེང་ལ་སོགས་པའི། །བཅུ་བཞི་ལས་དང་རྒྱུ་ཡི་གནས། །འདི་ནི་རྒྱུ་ཡི་མ་མོ་སྟེ། །འདི་ནི་གནོད་སྤྱིན་ཟང་མ་སྟེ། ཁྲ་ཁྲག་ཟ་ཞིང་གསོད་ལ་དགའ། །བཅུ་བཞི་ལམ་གྱི་མ་མོ་སྟེ། །བྱང་ཆུབ་སེམས་མར་ངེས་པའོ། །འདི་ལ་ཕན་མཛད་གནོད་པ་སྦོངས་། །བཅུ་བཞི་འབྲས་བུའི་མ་མོ་སྟེ། །རང་གི་གཟུགས་ཀྱི་འདུལ་བ་སྟེ། །འདུལ་བྱ་འདུལ་བྱས་སྦྲུལ་པ་ཡིན། །སྲིད་པ་ཆགས་བྱེད་ལ་སོགས་པའི། །སྨན་མོ་རྣམས་སུ་སྣང་བ་ཡང་། །རྒྱུ་ལ་གནས་པའི་ལྔ་བཅུ་བརྒྱད། །འདི་ནི་སྲིང་མོ་ཟངས་ཁ་སྟེ། །གསོད་ལ་དགའ་ཞིང་སྙིང་རྗེ་མེད། །ལམ་ལ་གནས་པའི་མ་མོ་ལྔ་བཅུ་བརྒྱད། །འདི་ནི་བྱང་ཆུབ་སེམས་མ་སྟེ། །ཐུགས་རྗེ་ཁྱབ་པའི་འཁོར་བར་གནས། །འབྲས་བུར་གནས་པའི་ལྔ་བཅུ་བརྒྱད། །འདི་ནི་བུརྙའི་སྤྲུལ་པ་སྟེ། །མ་མོ་འདུལ་བའི་སེམས་ཅན་དང་། །སྨན་མོ་རང་དང་འདྲ་བ་ཡི། །རང་འདུལ་ཕྱིར་ན་སྨན་པའི་གཟུགས། །ལྔ་བཅུ་རྩ་བརྒྱད་འབྲས་བུ་ཡི་། །མམོ་མཁས་པར་ཤེས་པར་བྱ། །དེ་ནས་མ་མོ་དེ་དག་གི། །བྱེ་བྲག་མཚན་ཉིད་བཤད་པར་བྱ། །ལས་ལས་གྲུབ་པའི་ཡུམ་དྲུག་ལ། །ཅིའི་ཕྱིར་ན་དབྱིངས་ཀྱི་ཡུམ་དྲུག །ཡུམ་ནི་སྐྱེ་འགྲོ་བསྐྱེད་པས་ནི། །སྐྱེ་འགྲོ་ཕུང་བ་ཅི་ཡི་ཕྱིར། །དབྱིངས་ནི་སྐྱེ་བ་མེད་པ་ན། །སྐུ་མཆོག་ཕྱག་མཚན་ཅི་ཡི་ཕྱིར། །ལས་ཀྱི་མ་མོ་དྲུག་པོ་ལ། །སྡུག་བསྔལ་བསྐྱེད་པ་ཆ་ཡོད་པས། །དེ་ཡི་ཆ་ལས་ཡུམ་དྲུག་བཏགས། །བདེ་དང་དགའ་བ་མི་སྐྱེ་བས། །དེ་ཡི་ཆ་ལ་དབྱིངས་ཞེས་བཏགས། །ལས་ཀྱི་མ་མོ་རྒྱུད་དྲུག་བྱུང་། །ལས་འཕྲོ་གཅིག་པས་གནས་འདིར་སྐྱེས། །དེ་ལ་དབྱིངས་ཀྱི་ཡུམ་དྲུག་གྲགས། །ཡེ་ཤེས་རང་རིག་བདེ་ཆེན་ཀློང་། །ཅི་ཕྱིར་ཡེ་ཤེས་མ་མོ་ལགས། །ཡེ་ཤེས་རང་རིག་འདི་ལ་མེད། །རང་གི་མཐུ་དང་རྩལ་ཤེས་པས། །དེ་ལ་ཡེ་ཤེས་ཐ་སྙད་བཏགས། །ལས་མཐུན་པས་ནག་ནས་གཅིག་སྟེ། །རྒྱུ་ནི་སེམས་ཅན་བཅུ་བཞི་སྟེ། །ཡེ་ཤེས་མ་མོ་བཅུ་བཞིར་གྲགས། །ཅི་ཡི་ཕྱིར་ན་སྨན་མོ་ཡིན། །ལས་དང་སྐལ་བ་དམན་པ་དང་། །སྤྱོད་པ་རྣམས་ཀྱི་ཚུལ་ལས་ཀྱང་། །དམན་པ་བཏགས་པ་དེ་བཞིན་ཏེ། །སེམས་ཅན་ལྔ་བཅུ་རྩ་བརྒྱད་ཀྱི། །རྒྱུད་ཀྱིས་དམན་མོ་ལྔ་བཅུ་བརྒྱད། །ལས་ལ་འབྲེལ་བ་དབྱེ་བའོ། །ལས་ཀྱི་མ་མོ་དེ་ལྟར་ན། །ལམ་དང་འབྲེལ་པ་ཇི་ལྟར་བུ། །ས་བརྒྱད་པ་ནས་བཅུ་པ་སྲ །ཆོས་ཉིད་དབྱིངས་ཀྱི་ཤས་ཆེ་བས། །དབྱིངས་ཀྱི་ཡུམ་དྲུག་ཅེས་ཀྱང་དེ་ལ་བྱ། །ས་བཞི་པ་ནས་བདུན་པ་ཡང་། །དེ་ལ་རིག་པ་ཤས་ཆེ་བས། །ཡེ་ཤེས་མ་མོ་དེ་ལ་བྱ། །ས་དང་པོ་ནས་གསུམ་པ་ལ། །གོང་བས་སྨན་པས་སྨན་མོར་འདོད། །འབྲས་བུ་དང་འབྲེལ་ཇི་ལྟ་བུ། །ཆོས་ཉིད་རང་བཞིན་བྲལ་བ་ལས། །སྐྱེ་མེད་པ་ལ་མ་མོ་སྐྱེས། །འབྲས་བུ་དབྱིངས་ཀྱི་ཡུམ་དྲུག་ཡིན། །རང་རིག་ཡེ་ཤེས་དབྱིངས་ན་གསལ། །དེ་ཕྱིར་དེ་ལ་ཡེ་ཤེས་ཀྱི། །མ་མོ་བཅུ་བཞིའི་སྐུ་རུ་བྱུང་། །ཡེ་ཤེས་མ་མོ་བཅུ་བཞི་སྟེ། །འབྲས་བུ་ཡན་པར་བྲརྙས་གསུངས་། ། དམན་པའི་སེམས་ཅན་འདུལ་བ་ལ། །དམན་པའི་གཟུགས་ཀྱི་མ་མོར་སྣང་། །འབྲས་བུའི་མ་མོ་སྟེ། །འདུལ་བྱ་མ་མོ་འདུལ་བ་དང་། །མ་མོས་འདུལ་བའི་སེམས་ཅན་ལ། །སངས་རྒྱས་མཛད་པ་སྣ་ཚོགས་བྱུང་། །ཐུགས་རྫེའི་སྣང་བ་ཡིན་པར་འདོད། །འབྲས་བུ་དང་འབྲེལ་བར་མ་མོ་དང་། །སྐུ་གསུང་ངོ་བོར་ཤེས་བྱ་སྟེ། །ཆོས་སྐུ་སྐྱེ་མེད་ནམ་མཁའ་འདྲ། །ནམ་མཁའི་ངང་ལས་སྤྲིན་བྱུངབ། །དེབཞིནཆོསཀྱིསྐུལས་ནི། །དབྱིངས་ཀྱི་ཡུམ་དྲུག་སྤྲིན་ལྟར་བྱུང་། །འདོད་ནི་ཆོས་ཀྱི་སྐུ་ཡིན་ཏེ། །སྐུ་ལས་བྱུང་བས་སྐུ་ཞེས་གསུངས་། །ལོངས་སྐུ་སྤྲིན་དང་འདྲ་བ་ལས། །ཡེ་ཤེས་མ་མོ་ཆར་གྱི་ཚུལ། །ལོངས་སྐུ་ལས་བྱུང་ཡེ་ཤེས་ཀྱི། །མ་མོ་ལོངས་སྤྱོད་རྫོགས་པའི་སྐུ། །དེ་བཞིན་སྨན་མོའི་ཚོགས་རྣམས་ཀྱི། །སྒྱུ་མའི་སྐུ་སྟེ་གསུང་བར་ཡང་། །སྤྲུལ་བའི་སྐུ་རུ་ངེས་པ་སྟེ། །མི་འདྲ་བར་བྱུང་བའི་ཕྱིར་རོ། །ལམ་ལ་གནས་པའི་མ་མོ་གསུམ། །དེ་བཞེན་སྐུ་གསུམ་ཡིན་པར་འདོད། །ལམ་གྱི་མ་མོ་དྲུག་པོ་ནི། །མོས་པའི་ཆོས་ཀྱི་སྐུ་རུ་གསུང་། །ལམ་གྱི་མ་མོ་བཅུ་བཞི་ནི། །ལོངས་སྤྱོད་རྫོགས་པའི་མ་མོའི་སྐུ། །ལམ་གྱིམ་མ་མོ་ལྔ་བཅུ་ནི། །མོས་པའི་སྤྲུལ་པའི་སྐུ་རུ་གསུངས་། །ལས་ཀྱི་མ་མོ་དྲུག་པོ་ནི། །འདྲ་བའི་ཆོས་ཀྱི་སྐུ་རུ་བསྟན། །ལས་ཀྱི་མ་མོ་བཅུ་བཞི་ནི། །འདྲ་བས་ལོངས་སྤྱོད་རྫོགས་པའི་སྐུ། །ལས་ཀྱི་མ་མོ་ལྔ་བཅུ་ནི། །འདྲ་བས་སྤྲུལ་པའི་སྐུ་རུ་གསུངས་། །དེ་ལྟར་མ་མོ་སྡེ་གསུམ་ལ། །སྐུ་ཡི་དབྱེ་བ་དེ་ལྟར་ན། །འབྱུང་བའི་སྐུ་གསུམ་གང་ལྟར་ལགས། །མོས་བའི་སྐུ་གསུམ་ཇི་ལྟག་ལགས། །འདྲ་བའི་སྐུ་གསུམ་ཇི་ལྟར་ལགས། །དང་པོ་འབྱུང་བའི་སྐུ་གསུམ་ན། །ནམ་མཁའ་སྤྲིན་དང་ཆར་གྱི་དབྱེ། །མེ་ནི་མ་བྱུང་ཤེས་པར་བྱ། །དེ་ནས་མོས་པའི་སྐུ་གསུམ་ཡང་། །སྐུ་མེན་མོས་པ་སྐུ་རུ་དབྱེ། །མ་ཕྱིན་འགྲོ་བའི་བསམ་པ་ནི། །མོས་པའིདེབཞིན གཤེགསཔར་བྱ། །འདྲ་བའི་སྐུ་ནི་འདི་ལྟར་སྟེ། །སྟག་དང་ཟེ་མོང་འདྲ་བ་དང་། །བྱང་དང་རྨ་བྱ་འདྲ་བ་དང་། །ཁྱི་དང་སེང་གེ་འདྲ་བ་བཞིན། །འདྲ་བའི་སྐུ་གསུམ་དེ་ཡིན་ནོ། །དེ་ནས་བྱེ་བྲག་མ་མོ་ཡི། །དབྱེ་བ་མཁས་པས་ཤེས་པར་བྱ། །དབྱེ་བ་ཡིས་ལས་ཀྱི་མ་མོ་རྣམ་པ་ལྔ། །དཀར་མོ་སེར་མོ་ནག་མོ་དང་། །དམར་མོ་ལྗང་མོ་ལྔ་རུ་གསུངས་། །དཀར་མོ་གནམ་སྨན་ཚོགས་སུ་ཤེས། །སེར་མོ་ཀུན་ཏུ་བཟང་མོ་སྟེ། །དམར་མོ་བསེ་མོ་དག་ཏུ་གསུང་། །ནག་མོ་ནག་མོ་འབུམ་ཚོགས་ཏེ། །ལྗང་མོ་རྗེ་མོ་བཞིན་ལ་སོགས། །དེ་དག་ལ་ཡང་རྣམ་གསུམ་སྟེ། །ལས་ལ་གྲུབ་དང་ལམ་ལ་གནས། །འབྲས་བུར་གྱུར་པ་དེ་བཞིན་ནོ། །དེ་ལྟར་གྱུར་པའི་མ་མོ་ནི། །སྤྱི་དང་བྱེ་བྲག་རིམ་པ་ལས མཆོ་ཅིང་བསྒོམ་པའི་མ་མོ་གང་། །བཀོལ་ཞིང་མངགས་པའི་མ་མོ་གང་། །མཆོད་ཅིང་བསྒོམ་པའི་མ་མོ་ནི། །ལམ་དང་འབྲས་བུའི་མ་མོ་ཡིན། །མངག་གཅིང་བཀོལ་བའི་མ་མོ་ནི། །ལས་ལ་གྲུབ་པའི་མ་མོ་ཡིན། །མཆོད་བྱ་མཆོད་པར་མ་ཤེས་ན། །རྒྱལ་པོ་དམངས་སུ་བབས་པ་བཞིན། །བཀོལ་བྱ་བཀོལ་བར་མ་ཤེས་ན། །རིགས་ངན་རྒྱལ་སར་སྟོན་པ་བཞིན། །དེ་བས་འབད་ལ་ཐམས་ཅད་ཀྱི། །མ་མོ་དབྱེ་བ་ཤེས་པར་བགྱི། །མ་མོ་དབྱེ་བ་མ་ཤེས་ན། །མ་མོའི་དངོས་གྲུབ་མི་ཤེས་སོ། །དངོས་གྲུབ་།མེད་པའི་ལས་རྣམས་ནི། །ཐལ་བ་རླུད་ལ་ཁྱེར་བ་འདྲ། །མ་མོའི་དབྱེ་བ་མ་ཤེས་པར། །ལས་རྣམས་འཆོལ་ཞིང་སྒྲུབ་པ་བྱེད། །མུ་སྟེགས་ཀ་ལ་ཡག་ཤ་ཡིས། །མ་མོ་སྒྲུབ་ལུགས་དེ་ལྷར་རོ། །མ་མོ་དབྱེ་བ་དེ་ལྟར་ན། །མ་མོ་ལས་ཀྱི་དངོས་གྲུབ་ཇི་ལྟར་ལགས། །ཉོན་ཅིག་ཀལ་ཡག་ཤ་ཀུན། །མ་མོའི་དངོས་གྲུམ་རྣམ་པ་གསུམ། །དང་པོ་འབྲས་བུའི་མ་མོ་ཡི། །དངོས་གྲུབ་ང་ཡིས་བཤད་པར་བྱ། །འབྲས་བུའི་མ་མོ་བསྒོམ་པར་བྱ། །འཇིག་རྟེན་བསད་གསོལ་སོགས་པ། །གཉིས་མེད་ཡེ་ཤེས་ལས་བྱུང་བའི། །སྐུ་གསུང་ཡེ་ཤེས་ལྔ་ལ་སོགས། །བུརྙའི་ཡོན་ཏན་ཐམས་ཅད་ཀྱི། །འབྲས་བུ་མ་མོའི་དངོས་གྲུབ་སྟེ། །མ་མོ་འོག་མ་གཉིས་པོ་ལས། །འདི་ཡི་དངོས་གྲུབ་མི་འབྱུང་སྟེ། །དཔེན་ན་གྲོ་ལས་ནས་མི་འབྱུང་། །བུརྙའི་དངོས་གྲུབ་ཁྱད་པར་ཅན། །སྨན་པའི་རྐྱེན་ལས་ག་ལས་འབྱུང་། །དེ་ན་འབྲས་བུའི་མ་མོའོ། །དངོས་གྲུབ་ཡིན་པར་ཤེས་པར་བྱ། །ལམ་གྱི་མ་མོ་སྒོམ་བཟླས་པས། །ས་ལ་གནས་པའི་སེམས་དཔའ་དུ། །སྐྱེ་བར་འགྱུར་གྱི་གཞན་དུ་མིན། །ས་དང་པོ་ནས་ས་བཅུ་ཡི། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །འཇིག་རྟེན་འདས་པའི་རིགས་འཛིན་སར། །སྐྱེ་བར་འགྱུར་གྱི་གཞན་དུ་མིན། །རིགས་འཛིན་དེ་ལ་ཅི་ཡོད་པའི། །ཡོན་ཏེན་དེ་ལས་བྱུང་བ་ཡི། །ལམ་གྱི་མ་མོའི་དངོས་གྲུབ་ཡིན། །ལས་ཀྱི་མ་མོའི་གྲུབ་པ་ལ། །དངོས་གྲུབ་རྣམ་པ་བཞིར་བྱུང་། །དགྲ་བསད་ལས་ཀྱི་དངོས་གྲུབ་ཅིག །རང་གསོ་ལས་ཀྱི་དངོས་གྲུབ་གཉིས། །ལོ་ལ་སེར་བ་དབབ་པ་ནི། །ལས་ཀྱི་དངོས་གྲུབ་གསུམ་པ་ཡིན། །སེར་བ་བཅད་པ་བཞི་པ་ཡིན། །དེ་ཡང་རིམ་པ་དབྱེ་བ་སྟེ། །བསད་པ་ལ་ཡང་དབྱེ་བ་སྟེ། ། །བསད་དང་ལྷག་མ་གདོན་མི་ཟ། །གདོན་མི་ཟ་ལ་རྣམ་བཞི་སྟེ། །བསད་པ་གཤིན་རྗེའི་སྲོག་ལ་སོགས། །བཞི་དང་བརྒྱ་རྩ་བཅུ་གཉིས་ཏེ། །བསད་པའི་འཁོར་ལོ་ཆེན་པོ་བཞི། །དེ་ལས་བརྒྱ་རྩ་བཅུ་གཉིས་ཏེ། །དེ་ལ་ཟློག་པ་བཞི་དང་ནི། །བརྒྱ་རྩ་བཅུ་གཉིས་གསོ་བ་ལ། །མཁས་པས་ཟློག་པ་ཤེས་པར་བྱ། །ལོ་ལ་སེར་བ་འབབ་པ་དང་། །བསད་པའི་སྦྱོ་ར་བའི་ཚུལ་ལས་ནི། །གཤིས་རྗེ་འཁོར་ལོ་ལ་སོགས་པ། །འཁོར་ལོ་ཆེན་པོ་བཞི་ལས་ནི། །བྱེ་བྲག་བརྒྱད་དང་བཅུ་གཉིས་ཏེ། །འདི་ཡིས་ལོ་ཐོག་ཐལ་བར་འགྱུར། །དབབ་པའི་འཁོར་ལོ་ཇི་བཞིན་དུ། །གསད་པ་དེ་ལས་བཟློག་པ་སྟེ། །འཁོར་ལོ་ཆེན་པོ་བཞི་ལས་ནི། །བརྒྱ་དང་བཅུ་གཉིས་མཁས་པས་དབྱེ། །དེ་ལྟར་ཤེས་ན་ལོ་ཐོག་ལ། །སད་དང་སེར་བ་མིང་ཡང་མེད། །ལས་ཀྱི་མ་མོའི་དངོས་གྲུབ་སྟེ། །དེ་ལྟར་བྱུང་བའི་དངོས་གྲུབ་དང་དང་། །མ་མོ་དབྱེ་བ་ལ་སོགས་ང་འི །དམ་པའི་མན་ངག་མ་རྟོགས་པར། །རང་འདོད་ང་རྒྱལ་དྲེགས་སེམས་ཀྱང་། །འཇིག་རྟེན་རྒྱང་འཕན་ལུང་ཁྱེར་བས། །མ་མོ་གཉིས་པོ་མིང་ཡང་མེད། །ལས་ཀྱི་མ་མོ་གྲུབ་མི་འགྱུར། །ལས་ཀྱི་མ་མོ་མ་གྲུབ་པར། །བསད་གསོལ་ལས་རྣམས་སྙིང་རེ་རྗེ། །བཟླས་པ་བྱེད་པ་སོགས་རེ་ན། །བསྒོམ་པས་རང་སེབས་ཐང་རེ་ཆད། །རྫས་དང་ཡོ་བྱད་གོད་ལ་སོགས། །ཕུར་བ་བརྒྱད་ཅུ་རྩ་གཉིས་འབྱུང་། །མ་མོ་དབྱེ་བ་ལ་སོགས་ཤེས། །དངོས་གྲུབ་དེ་ལས་བཟློག་པ་འབྱུང་། །མ་མོ་ཤེས་པའི་ཡོན་ཏན་ཡིན་ནོ། །ལས་ཀྱི་མ་མོ་དེ་ལྟར་ན། །ལམ་དང་འབྲས་བུའི་མ་མོ་གཉིས། །མི་ཤེས་རྩོམ་པ་སྙིང་རེ་རྗེ། །གྲུབ་པ་བྱེད་པ་ཐང་རེ་ཆད། །དེ་བས་མ་མོ་གྲུབ་པ་རྣམས། །བླ་མ་དམ་པ་རྟག་ཏུ་བ་སྟེན། །རང་གི་དྲེགས་པ་ང་རྒྱལ་སྤང་། །བག་མ་གསར་བའི་ཚུལ་ལྟ་བུ། །མན་ངག་གསལ་བའི་ཐབས་ལ་འབད། །དེ་ལྟར་བྱས་ན་འགྲུབ་པར་འགྱུར། །མ་མོ་དབྱེ་བ་བསྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་དགུ་པའོ། །མ་མོ་དབྱེ་བ་ཡང་རྣམ་པ་གསུམ་དུ་ཤེས་པར་བྱ། །དང་པོ་མོས་པའི་མ་མོ་གནས། །རྒྱལ་མོ་དཔག་བསམ་བུམ་པ་སྟེ། །མ་མོ་དེ་ཡི་གནས་ཡིན་ཏེ། །འདི་ནི་ལས་ལ་གྲུབ་པའི་གནས། །སྒྲུབ་པ་གནས་ཀྱི་དཀྱིལ་འཁོར་གྱི། །གནས་ཀྱི་རིམ་པས་ཀུན་ལ་སྦྱོར། །བློན་མོ་དཔག་བསམ་སྐྱེད་པར་གནས། །སྨན་མོ་དཔག་བསམ་རྩ་བར་གནས། །སྨན་མོ་ཁ་ཅིག་མཚོ་དང་ནི། །རི་བདུན་ལྕགས་རི་དག་ལ་གནས། །ལས་ཀྱི་མ་མོའི་གནས་ཡིན་ཏེ། །དེ་ལས་གནས་པའི་གཞན་མ་ཡིན། །ལམ་ལ་གནས་པ་མ་མོ་གནས། །ལྕང་ལོ་ཅན་ལ་སོགས་པ་དང་། །འདུལ་བྱ་ཇི་ལྟར་འདུལ་བ་ཡི། །གནས་དེ་ལམ་གྱི་མ་མོའི་གནས། །སྲིན་མོ་གནས་ས་དེ་མ་ཡིན། །འབྲས་བུའི་མ་མོའི་གནས་བསྟན་པ། །འོག་མི་ན་གནས་དང་རྣམ་འབྱོར་པ། །མ་མོ་སྒོམ་པའི་ལུས་ཡིན་ཏེ། །སྙིང་དང་མགོ་དང་ལུས་པོ་དང་། །རང་གི་སྒལ་ཚིགས་ལ་སོགས་པ། །ཡེ་ཤེས་མ་མོའི་གནས་སུ་གསུངས་། །ཡེ་ཤེས་མ་མོའི་གནས་དེ་སྲ །ལམ་དང་ལས་ཀྱི་མ་མོ་གཉིས། །སྐད་ཅིག་གནས་པར་མི་རུང་ངོ། །ལམ་གྱི་མ་མོ་རེ་ཞིག་སྟེ། །ལས་ཀྱི་མ་མོ་ཕྱོགས་སུ་མེད། །དེ་དག་གནས་ཀྱི་དབྱེ་བ་སྟེ། །རང་རང་ས་སར་གནས་པའོ། །དེ་ནས་ལས་ཀྱི་དབྱེ་བ་ཡང་། །རྣམ་པ་གསུམ་དུ་ཤེས་པར་བྱ། །དང་པོ་ལས་ཀྱི་མ་མོ་ནི། །ལས་རྣམ་མཁས་པས་ཤེས་པར་བྱ། །ལས་ཀྱི་མ་མོ་ལས་མ་མོ་ལས་ངན་ལྟ་ལོག་ལས་བྱུང་བས། །དེ་ཡང་ལས་ཀྱི་མ་མོར་གྲགས། །དེ་ནས་ལས་ངན་སྡིག་བྱེད་པས། །དེ་ཕྱིར་ལས་ཀྱི་མ་མོ་སྟེ། །མ་མོ་འདི་རྣམས་དག་ལས་བྱུང་། །དུས་ཀྱི་མཚན་མོ་བྱེད་པ་སྟེ། །སེམས་ཅན་བཅུད་ལ་རིམས་ནད་དང་། །མཚོན་དང་མུ་གེའི་བསྐལ་བ་དང་། །ཡམས་དང་འཁྲུག་པ་སྣ་ཚོགས་དང་། །མདོར་ན་གནོད་པ་སྣ་ཚོགས་བྱེད། །འབྲས་བུ་སྨན་སྣོད་ཀྱི་འཇིག་རྟེན་ཐམས་ཅད། །སད་སེར་བཙྭ་མུ་གེ་རྩི་ཤིང་རྩི་ཐོག་བཅུད་རྣམས་གསོད། །མདོར་ན་སེམས་པལ་བ་ལ། །གནོད་པར་གྱུར་པར་འབའ་ཞིགལས། །ཕན་པ་ཏིལ་འབྲུ་ཙམ་མེད་པ། །ལས་ཀྱི་མ་མོ་ལས་ཡིན་ཏེ། །དེ་ལྟར་གནོད་པ་འབའ་ཞིག་ནི། །གསོ་བ་ལ་སོགས་ཇི་ལྟར་འབྱུང་། །དེ་ཡང་འདི་ལྟར་ཤེས་པར་བྱ། །ལས་ལ་མ་མོ། །མཆོད་ཅིང་བསྟོད་ཅིང་སྲོག་སྙིང་འདྲ། །དེ་ལ་ལས་བཅོལ་དེ་ཡིས་བྱེད། །བྱིས་པ་ཡིད་མགུ་བཞིན། །རེས་འགའ་དེ་ཡིས་ལས་བྱེད་དེ། །རྟག་ཏུ་བྱེད་པ་མ་ཡིན་ཏེ། །ལམ་དང་འབྲས་བུ་མ་མོ་གཉིས། །འཕྲིན་ལས་མཛད་པ་མཇུག་པ་སྟེ། །སེ་མས་ཅན་ཇི་ལྟར་བདེ་བ་དང་། །ནད་མེད་ལོངས་སྤྱོད་འཕེལ་བ་དང་། །བཀྲ་ཤིས་ཚེ་དཔལ་ལྡན་པ་དང་། །ལོ་རྣམས་ལེགས་ཤིང་འབྲུ་རྒྱས་དང་། །བདེ་སྐྱེད་ཕུན་སུམ་ཚོགས་པ་ལྡན། །བྱམས་དང་སྙིང་རྗེས་སེམས་ཅན་འཛིན། །ཐར་དང་ངེས་བྱེད་ལམ་ལ་འཇུག །གོལ་སྒྲིབ་ལས་རྣམས་རྟག་ཏུ་སེལ། །སེམས་ཅན་འཁོར་ནའི་དོན་གྱི་ཕྱིར། །མཛད་པ་རྣམ་པ་སྣ་ཚོགས་བྱེད། །མ་མོ་གཉིས་ཀྱི་ལས་ཡིན་ཏེ། །བུརྙའི་མཛད་པ་བསམ་མི་ཁྱབ། །མདོར་ན་མ་མོའི་ལས་བསྟན་པ། །ལས་ཀྱི་བྱེ་བྲག་ཤེས་པས་ཀྱང་། །མ་མོའི་གོལ་ས་ཤེས་པར་གྱིས། །དེ་ལྟར་གྱུར་བའི་མཁས་པ་ཡི། །མ་མོའི་དབང་དུ་བདག་མི་འགྱུར། །ལས་རྣམས་བྱེད་པ་གཞུང་བཞིན་གྲུབ། །བསད་གསོ་ལས་རྣམས་ཐེ་ཚོམ་མེད། །མ་མོ་ཤེས་པའི་ཕན་ཡོན་ནོ། །རང་ཡང་ཚེ་རིང་ནད་མེད་ལ། །འཁོར་དབང་ལོངས་སྤྱོད་འཕེལ་བལ་འགྱུར། །འདི་ནི་ངོ་མཙར་རྣམ་གཉིས་ཏེ། །གནས་ཀྱི་དབྱེ་བས་མ་མོ་ཡི། །གོལ་ས་ཡང་སྦངས་ཏེ་བསྟན། །ལས་ཀྱི་དབྱེ་བ་མ་མོ་འོ། །གོལ་ས་སྤངས་པ་མ་མོ་ཡི། །དེ་དག་ཁྱེད་ཀྱི་ནན་ཏན་གྱིས། །མ་མོ་གནས་དང་ལས་དབྱེ་བ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུས་ལས་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལམ་དང་མ་མོའི་ས། །མཁས་པས་འདི་ལྟར་ཤེས་པར་བྱ། །ལམ་དང་འབྲས་བུའི་མ་མོ་ལ། །ལམ་ལ་རེ་ཞིག་རྣམ་པ་གསུམ། །བསྐྱེད་དང་རྫོགས་དང་རྫོགས་ཆེན་ཏེ། །སྐྱེ་བ་ལ་ཡང་རྣམ་པ་གཉིས། །སྣོད་ཀྱི་འཇིག་རྟེན་གཞན་ཡས་ཁང་། །འདི་ནི་དང་པོའི་བསྐྱེད་པ་སྟེ། །དབང་ཆེན་ས་ལ་སོགས་པ་ཡི། །བྱེ་བྲག་བསྐྱེད་པ་རྣམ་པ་ལྔ། །དྲུག་པ་བསྐྱེད་པའི་བབས་རྫོགས་པ། །སྣོད་ཀྱི་འཇིག་རྟེན་བསྐྱེད་པར་འདོད། །དེ་ནས་བཅུད་ཀྱི་བསྐྱེད་པ་ཡང་། །སྐྱེ་འགྲོ་སེམས་ཅན་རང་བཞིན་གྱི། །མ་མོ་སྐུ་དང་མཚན་མར་བསྒོམ། །བབ་ཀྱི་མ་མོ་བསྐྱེད་པ་སྟེ། །སྣོད་བབ་བཀག་པས་མ་མོ་སྣང་། །ངེས་པར་མ་མོ་བསྐྱེད་པ་ཡི། །རྣམ་འབྱོར་ལས་སུ་རུང་བསྟེ། །འདི་ལ་ཉོན་མོངས་ཞེས་སྔང་མེད། །དགྲ་ལ་སོགས་པ་བཀག་པ་ཡི། །དེ་ནི་དང་པོའི་ལམ་ཡིན་ཏེ། །དེ་ལ་མ་མོ་ནང་རྟགས་ནི། །བཅུ་སྟེ་ཕྱི་རྟགས་བཅུ་གསུམ་འབྱུང་། །འདི་ལ་མཁས་པས་ནན་ཏན་གྱིས། །ལས་ཀྱི་མ་མོ་རྒྱུ་མ་སྤོངས་། །སེམས་ཅན་གནོད་པའི་མ་མོ་སྤོངས་། །འདི་ལ་ལམ་ནི་གནས་པ་སྟེ། །མུ་སྟེགས་བཀའ་སྤངས་ལམ་ཡང་། །རང་གི་ཐེག་པ་ལས་ལ་གཞན། །གསུམ་པ་ཤེས་རབ་བསྐྱེད་པའི་ལམ། །ལམ་འདི་ལ་ཡང་བཞི་སྟེ། །མུ་སྟེགས་བཀའ་སྦངས་དང་གཅིག། །ཉན་ཐོས་བྱིས་པ་སྤངས་དང་གཉིས། །ཐེག་ཆེན་དར་གྱིས་སྤངས་དང་གསུམ། ་ས་དབྱིབས་ལས་བསྐྱེད་པའི་ས། །བཞི་པར་མ་མོ་ལས་ཀྱིས། །བསྐྱེད་པ་ལ་ཡང་གཉིས་སུ་བྱེད། །དེ་ནི་བབ་ཀྱི་ས་ལྔ་སྟེ། །སྣོད་ཀྱི་ས་ལྔ་སྟེ། །སྣོད་ཀྱི་ས་ལྔ་འདི་ལྟ་སྟེ། །དང་པོ་གཡོ་སྒྱུ་རླུད་གི་ས། །དེ་ནས་སྲེག་མིན་མེ་ཡིས། །དེ་ནས་གཤེར་སྡུད་ཆུ་ཡི་ས། །སྲ་ཞིང་བརྟན་པ་ས་དང་ཡང་། །དེ་ནས་སྟོང་ཞིང་གོ་འབྱེད་ས། །རང་བཞིན་འོད་གསལ་ལྷུན་རྫོགས་ལ། །ཡང་སྐྱེད་པས་དགུ་སྟེ། །ཁམས་གསུམ་ས་དགུ་སྤངས་པ་ཡི། །ས་དགུ་སྐྱེད་པ་འདི་ལ་ལྡན། །ས་གསུམ་པ་སྨན་མོའི་རང་བཞིན་ཏེ། །ས་གསུམ་མ་མོ་བཅུ་བཞི་ཡིན། །ས་བཞི་དབྱིབས་ཀྱི་ཡུམ་དྲུག་སྟེ། །དེ་ནས་མ་མོ་རྫོགས་རིམ་ཡང་། །ལུས་ཀྱི་རི་རབ་གླིང་བཞི་ལ། །་མ་མོ་ལྷ་ཡི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ལ་སོགས་པའི་ལུས་ལ་དེ་བཞིན་ཤེས་པར་བྱ། །ཕུར་པོ་ཁམས་དང་སྐྱེ་མཆེད་ཀུན། །མ་མོ་ལྷ་ཡི་རང་བཞིན་ཡིན། །འདི་ནི་ཕྱི་ཡི་རྫོགས་པ་སྟེ། །དེ་ནས་ནང་གི་རྫོགས་པ་ཡང་། །རྩ་ཡི་དཀྱིལ་འཁོར་རྣམས་པ་བཞི། །ཙིསྟ་དར་དཀར་གུར་ནང་ན། །ས་དང་ཆུ་དང་མེ་དང་རླུད་། །ནམ་མཁའ་ལྔ་ཡི་དངས་མ་ལྔ། །དེ་ལ་ཧུ༷་གི་རྣམ་པ་ནི། །མ་མོ་ཐུགས་ཀྱི་ཐིག་ལེ་སྟེ། །ལྟེ་བར་མ་ཡི་ཐིག་ལེ་ནི། །སྒྲ་མེད་མ་ཡི་རྣམ་པ་ལས། །མགྲིན་པ་ཕུང་ལྔའི་དངས་མ་ལྔ། །རིང་པོ་འམ་གཉིས་དང་ལྡན། །སྤྱི་བོར་ལུས་ངག་ཡིད་གསུམ་གྱིས། །དངས་མ་ཧུ༷་གིས་རླབ་པ་སྟེ། །མུ་ག་ལེ་ཡིརངབཞིནའདོད། །སྙིང་ཁར་མདའ་བཅུ་དྲུག་གི་རྩ། །དབྱིངས་ཀྱི་ཡུམ་དྲུག་ཡིན་པར་འདོད། །མགྲིན་པ་རྒྱུ་བཞི་ཡེ་ཤེས་ཀྱི། །མ་མོ་བཅུ་བཞི་ཡིན་པར་འདོད། །ལྟ་བར་ལྔ་བཅུ་རྩ་བརྒྱད་རྩ། །སྨན་མོ་འདྲ་བའི་མ་མོར་འདོད། །རྩ་འདིར་གནས་པའི་བྱང་ཆུམ་སེམས། །དཀར་དམར་སྤེལ་བའི་གཞའ་མཚོན་འདྲ། །དེ་ནི་སེམས་ཀྱི་མ་མོ་ཡིན། །རྩ་ཡི་ནང་ན་གང་བའི་རླུ་་། །རིགས་ཀྱི་དབྱེ་བ་གོང་བཞིན་གནས། །གཡོ་བ་རླུད་གི་མ་མོ་ཡིན། །འདི་རག་པ་སྲ་བ་ཡིན། །རྫོགས་པའི་མ་མོ་བསམ་མི་ཁྱབ། །འདི་ཡི་ལམ་ནི་རྣམ་པ་བཞི། །དང་པོ་ཡེ་ཤེས་མེ་ཡི་ལམ། །གཉིས་པ་ཐུ་སུམ་རྩེ་གཅིག་ལམ། །གསུམ་པ་ལོངས་སྤྱོད་རྫོགས་པའི་ལམ། །བཞི་པ་བདེ་ཆེན་ཀློག་གི་ལམ ལམ་རེ་ལ་ཡང་ས་གསུམ་པ། །བཅུ་གཉིས་ས་ཡི་དབང་ཕྱག་མ། །རྡོ་རྗེ་འཛི་པའི་ས་ཞེས་བྱ། །ཟབ་མོ་བྱ་རྩལ་རྫོགས་པ་ཡིན། །སྨན་པ་བྱ་རྩལ་སྤངས་པ་ཡིན། །བདེ་ཆེན་ཐིག་ལེའི་ངང་ལས་ནི། །རང་བཞིན་ཐིག་ལེ་བཅུ་དྲུག་ཤར། །རང་བཞིན་ཐིག་ལེ་བཅུ་དྲུག་ལ། །བདེ་ཆེན་ཐིག་ལེ་བཅུ་བཞི་བྱུང་། །བདེ་ཆེན་ཐིག་ལེ་བཅུ་བཞི་ལས། །ཁྱབ་པའི་ཐིག་ལེ་ལྔ་བཅུ་བརྒྱད། །འདི་ནི་མ་མོ་ཐུགས་ཀྱི་གསང་། །རྩ་ཡི་སྡོང་པོ་གཅིག་གཅིག་གཉིས་ལས། །རྩ་ཡི་ཡན་ལག་གསུམ་དང་ལྡན། །གསུམ་ནི་མ་མོ་སྐུ་གསུང་ཐུགས། །ལྔ་ནི་སྐུ་ལྔ་ཡེ་ཤེས་ལྔ། །སྨན་མོ་སྐུ་ལ་ཡེ་ཤེས་གསུང་། །དབྱིངས་ཀྱི་ཡུམ་དྲུག་ཐུགས་སུ་འདོད། །རྩ་བ་ལས་ནི་གཟེར་བ་ཅིག་ལ་ཡལ་ག་ནི། །བཅུ་བཞི་སྐྱེད་དེ་བཅུ་བཞི་ལས། །ལྕུག་མ་ལྔ་བཅུ་རྩ་བརྒྱད་དེ། །འདི་དག་གནས་པའི་མ་མོ་གསང་། །བྱང་ཆུབ་སེམས་ནི་དཀར་དམར་ལ། །རླུད་དང་མཁྲིས་པའི་ཁ་དོག་དང་། །འབྱུང་པའི་ཁམས་ཀྱི་ཁ་དོག་གི། །གཅིག་ལ་རྣམ་པ་དྲུག་ཡིན་ཏེ། །དྲུག་པོ་ལས་ནི་བཅུ་བཞིར་འགྱུར། །བཅུ་བཞི་ལས་ནི་ལྔ་བཅུ་བརྒྱད། །དེ་ཡང་འགྱུར་ལ་མཁས་པས་བརྟག། །རླུད་གི་གཡོ་འགུལ་གཅིག་ཉིད་ལས། །བྱེ་བྲག་རྣམ་པ་དྲུག་ཏུ་ཤར། །བྱེ་བྲག་དག་གི་རང་བཞིན་ལས། །བཅུ་བཞི་དང་ནི་ལས་ཡོངས་ཀྱི། །ལྔ་བཅུ་རྩ་བརྒྱད་འབྱུང་བར་འདོད། །དེ་ནི་གཡོ་བ་རླུད་གི་ཡང་། །མ་མོ་ཡིན་པར་ཡུམ་ཆེན་གསུངས་། །སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་ཀློང་། །དེ་ཕྱིར་སྣང་སྲིད་ཐམས་ཅད་མ་མོའི་དབྱིངས་སུ་ཐིམ། །སྐྱེ་འགྲོ་ཐམས་ཅད་ཡི་ངང་། །དེ་ཕྱིར་སྐྱེ་འགྲོ་ཐམས་ཅད་མ་མོའི་སྐུ་ལ་ཐིམ། །སེམས་ཅན་འགྲོ་དང་འོང་བ་དང་། །བཟའ་དང་ཆགས་པའི་སྤྱོད་པ་ཀུན། །མ་མོ་ལས་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་མ་མོའི་སྐུ་ལ་ཐིམ། །སྨ་ད་་བརྗོད་པའི་ཐ་སྙད་ཀུན། །མ་མོ་གསུང་གི་ཆོ་འབྲུལ་ཏེ། །དེ་ཕྱིར་མ་མོའི་གསུང་ལ་བསྟིམ། །དྲན་བསམ་སེམས་ཀྱི་རྒྱུ་བ་ཀུན། །མ་མོ་ཐུགས་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་མ་མོའི་ཐུགས་ལ་བསྟིམ། །སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ལས། །སྣང་སྲིད་མ་མོའི་ཀློང་དུ་འདོད། །བྱུང་ཡང་མ་མོའི་ཀློང་ནས་བྱུང་། །ཐིམ་ཡང་མ་མོའི་ཀློང་ལ་བསྟིམ། །རང་བཞི་ངང་གི་མ་བསྟིམ་པར། །ཚིག་གིས་བསྟིམ་པ་སྤྲེའུ་འདྲ། །རང་བཞིན་ངང་གིས་བསྟིམ་པ་སྤངས་། །སྣང་ཞིང་སྲིད་པའི་དངོས་པོ་འདི། །མ་མོར་ཇི་ལྟར་ཡིན་པར་ཤེས། །ཤེས་པས་ངང་དུ་བསྟིམ་པ་ལ། །ཚིག་ཏུ་སྨ་བ་བྱིས་པ་འདྲ། །དེ་ནི་མ་མོའི་རྫོགས་རི་མ་མོ།མ །དེ་ནསམ་མོ་རྫོགས་ཆེན་ནི། །མཁས་པས་འདི་ལྟར་ཤེས་པར་བྱ། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །འདི་ནི་བདེ་ཆེན་གཡུང་དྲུག་སྒྲ། །འགྱུར་བ་མེད་པའི་སེམས་ཉིད་ལ། །ཡོངས་སུ་མེད་པའི་སེམས་གནས་པས། །འདི་ནི་བརྡལ་བ་ཆེན་པོའི་སྐུ། །མ་བཅོས་ལྷུན་གྲུབ་ནམ་མཁའི་དབྱིངས་། །རྫོགས་པ་ཆེན་པོའི་སྐུ་རུ་འདོད། །ནམ་མཁའི་མ་བཅོས་སྟོང་པའི་ངང་ཉིད་ལས། །སྐྱེ་འགྲོ་ཐམས་ཅད་ངང་ལས་སྲིད། །བྱ་རྩལ་མེད་པའི་བདེ་ཀློང་ལས། །འགྱུར་བ་མེད་པའི་སེམས་ཉིད་གནས། །སེམས་ཀྱི་རྩ་དང་མ་ལྡན་ན། །སྨྲ་བའི་རྩལ་ནི་ཐ་སྙད་ཡིན། །རིག་པའི་ཡེ་ཤེས་མ་ཤེར་ན། །སེམས་ཀྱི་བསམ་པ་སྟོང་པ་ཡིན། །རང་སེམས་རང་གིས་མཐུལ་བར། །སེམས་ཉིད་རྟོགས་པར་མི་འགྱུར་རོ། །བདེ་ཆེན་ཐིག་ལེ་ཉམས་དགའ་ལ། །སྨྲ་དང་ཐ་སྙད་འདོགས་ན་གོལ། །སྨྲ་བསམ་བརྗོད་ལས་འདས་པ་ལ། །སྨྲ་ཞིང་གླེ་རློང་བྱེད་ན་གོལ། །བྱ་རྩལ་བྲལ་བའི་རྫོགས་ཆེན་ལ། །སེམས་ལ་བྱ་རྩལ་བྱེད་པ་གོལ། །ཡེངས་སུ་མེད་པའི་སེམས་ཉིད་ལ། །སེམས་ཉིད་གཞན་དུ་རྟོག་པ་གོལ། །འགྱུར་པ་མེད་པའི་སེམས་ཉིད་ལ། །ཉོན་མོངས་དྲུག་ཏུ་འགྱུར་བ་གོལ། །མ་བཅོས་སེམས་ཀྱི་ངོ་བོ་ལ བཅོས་པའི་སེམས་ཅན་གོལ་པ་ཡིན། །དེ་ལྟར་རྫོགས་པ་ཆེན་པོ་འདི། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་། །ཐེག་པ་ཀུན་གྱི་སྙིང་པོ་འདི། །འདི་ཡི་གོང་ན་གང་ཡང་མེད། །མ་ནི་སྐྱེ་བ་མེད་པའི་ངང་། །མ་་ནི་འགག་པ་མེད་པའི་ཀློང་། །དངོས་པོར་སྐྱེ་བ་མེད་པའི་ཕྱིར། །སྐྱེ་བ་མེད་པར་སེམས་ཉིད་འདོད། །རང་ཞེས་བྱ་བ་རང་བཞིན་ཡིན། །དངོས་པོ་འགག་པ་མེད་པའི་ཕྱིར། །འགག་ས་མེད་པར་སེམས་ཉིད་འདོད། །ཀློང་ནི་དེ་ཡི་ཆ་ཤེས་སོ། །ན་མི་དགེས་ཆེན་རྟག་པའི་མཁའ། །མོ་ནི་བདེ་ཆེན་ལོངས་སྤྱོད་ཀློང་། །མ་ནི་རྟག་ཆེན་གཡུང་དྲུང་མཁའ། །མོ་ནི་ཆགས་མེད་བྱང་ཆུབ་ཀློང་། །མ་མོ་སྐུ་གསུང་ཐུགས་ཀྱི་མཁའ། །མོ་ནི་ལུས་ངག་ཡིད་གསུམ་ཀློང་། །མ་ནི་རྒྱལ་བ་ཀུན་གྱི་མཁའ། །མོ་ནི་སྲིད་པོ་ཀུན་གྱི་ཀློང་། །མ་ནི་སྐྱེ་བ་མེད་པའི་ཀློང་། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་ཐབས་ཆེན་འདོད་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་ནམ་མཁའི་དབྱིངས་ཉིད་མཁའ། །མོ་ནི་སེམས་ཀྱི་སེམས་ཉིད་ཀློང་། །མ་ནི་ཆོས་ཀྱི་ཆོས་ཉིད་མཁའ། །མོ་ནི་བྷ་ག་དབྱིངས་ཉིད་ཀློང་། །མ་ནི་ཀུན་གཞི་བདེ་ཆེན་ཀློང་། །མོ་ནི་རྣམ་ཤེས་ཧུ༷་ཆེན་འབར། །མ་ནི་སྤྲིན་མེད་ནམ་མཁའི་མཁའ། །མོ་ནོ་སྤྲིན་དང་ནམ་མཁའི་ཀློང་། །མ་ནི་རང་བྱུང་བདེ་ཆེན་དང་། །མོ་ནི་རང་བྱུང་སྡུག་བསྔལ་ཀློང་། །མ་ནི་སེམས་ཀྱི་སེམས་ཉིད་དང་། །མོ་ནི་དེར་རྟོགས་རང་རིག་ཀློང་། །མ་ནི་ཐམས་ཅད་མ་མོ་དང་། །མོ་ནི་མ་མོར་བསྡུས་པའི་དོན། །མ་ནི་ཡེ་ཤེས་བརྡུལ་བ་སྟེ། །མོ་ནི་ཆོས་ཉིད་བརྡལ་བའི་ཀློང་། །མ་ནི་དབྱིངས་ཀྱི་ཡུམ་དྲུག་སྟེ། །མོ་ནི་བཅུ་བཞི་མ་མོ་དང་། །ལྔ་བཅུ་རྩ་བརྒྱད་མ་མོའི་ཀློང་། །མ་ནི་ཙིསྟ་བྱང་ཆུམ་སེམས། །མོ་ནི་སེམས་ཅན་སྒྲོལ་བའི་ཀློང་། །མ་ནི་ཤེས་རབ་མུན་པའི་ངང་། །མོ་ནི་རང་རིག་མུན་པའི་ཀློང་། །དེ་ལྟར་རྫོགས་པའི་མ་མོ་ལ། །སྐད་ཅིག་ཐང་ཅིག་ཡུད་ཙམ་གྱི། །ཐུན་དང་ཉིད་ཞག་ཟླབ་ལོར། །རང་དོན་སྒྲུམ་པས་འདི་ལྟར་བརླབ་པ། །བསླབ་པར་བྱ་བ་མེད་མོད་ཀྱང་། །དང་པོ་ལས་ནི་དེ་བཞིན་ནོལ། རྫོགས་ཆེན་འདི་ལ་ལམ་བཅུ་སྟེ། །དང་པོར་ཐབས་ཀྱི་ལམ་ལྔ་ཡང་། །མཐར་ཕྱིན་ལམ་དང་སྒྲིབ་མེད་ལམ། །གཡོ་མེད་ལམ་དང་སྒྲིམ་མེད་ལམ། །བྱ་རྩལ་ལམ་དང་བྲལ་བའི་ལམ་དང་། །དེ་བཞིན་ཤེས་རབ་དང་ལྔ་སྟེ། །རྫོགས་ཆེན་ལྔ་དང་རྣམ་པ་བཅུ། །འདི་ལ་ས་ནི་རྣམ་པ་ཉི་ཤུ་སྟེ། །དང་པོར་སངས་རྒྱས་ས་དང་གཅིག། །མ་ཆགས་པདྨ་ཅན་གྱི་ས། །ཡི་གེ་འཁོར་ལོ་རྫོགས་ཆེན་ས། །གཡོ་སྒྱུ་མེད་པ་རབ་ཏུ་དགའ། །མི་གཡོ་བ་དང་འདྲེན་པའི་ས། །དག་པའི་ས་དང་སྨིན་པའི་ས། །གྲོལ་བའི་ས་དང་རྫོགས་ཆེན་ས། །ལྷུན་གྲུབ་ས་དང་བཙལ་མེད་ས། །བལྟ་རུ་མི་མཐོང་མི་རྙེད་ས། །རང་རིག་ས་དང་རང་གསལ་ས། །མཐོང་མེད་ས་དང་ཉམས་མྱོང་མེད་པའི་ས། །ཉི་ཤུ་ས་ཡི་དབང་ཕྱུག་སྟེ། །མ་མོ་རྫོགས་པ་ཆེན་པོར་འདོད། །འདི་ལྟ་བུ་ཡི་མ་མོ་མ་ཤེས་པར། །ང་རྒྱལ་ཁེངས་དང་དྲེགས་པ་ཡིས། །མ་མོ་སྒྲབ་པ་སྙིང་རེ་རྫེ། །མ་མོ་མ་ཡི་དོན་ཤེས་ན། །ཕྱི་ནང་ཐམས་ཅད་འདི་ལ་ཡོད། །འདི་ལ་ཤེས་པའི་རྣལ་འབྱོར་བ། །བྱིན་གྲི་ཡུ་བ་བུད་པ་འདྲ། །དེ་བས་མ་མོ་འདོད་པ་ཡི། །རང་སྲོག་ནོར་དང་ཆུང་མ་ཡི། །བླ་མ་དམ་པ་མཉེས་བྱས་ལ། །མ་མོ་རྩ་ཡི་མན་ངག་ཟབ། །དེ་ལྟ་བུ་ཡི་མན་ངག་དམ་པ་འདི། །བཙལ་བར་བྱ་ཞིང་སྦ་བར་བྱ། །ཁྱེད་ཀྱིས་འདི་ལ་ནན་ཏན་གྱིས། །དེ་ལྟར་འདི་ལ་རིམ་པ་ཡང་། །སྔགས་པས་སེམས་ནི་གནས་གྱུར་ན། །བསྐྱེད་ལ་ཕྱི་རྟགས་བཅུ་དང་དགུ། །ནང་རྟགས་བཅུ་དང་བརྒྱད་འབྱུང་ངོ། །རྫོགས་ལ་ཕྱི་རྟགས་བཅུ་ཕྲག་བཞི། །ནང་རྟགས་ཉི་ཤུ་རྩ་ལྔ་སྟེ། །རྫོགས་ཆེན་ཕྱི་རྟགས་དྲུག་དང་ལྔ། །ནང་རྟགས་བཞི་དང་ལྔ་ལ་སོགས། །རྟགས་ཏེ་མ་མོ་རྣམ་འབྱོར་ལས། །འབྱུང་བ་ལྔ་ཡིས་བསྡུས་པ་ཡིན། །འདི་ལ་རྟགས་རྣམས་མི་འབྱུང་ན། །མེ་ལ་དུད་པ་མི་འབྱུང་ངོ། །དུད་པ་མེ་ཡི་ཤེང་བསྲེགས་རྟགས། །མ་མོའི་ལམ་ཡང་དེ་དང་འདྲ། །འདི་ནི་མ་མོའི་སྤྱི་ཡི་ཏེ། །བྱེ་བྲག་མང་པོ་དེ་དང་འདྲ། །དེ་ལྷར་གྱུར་བའི་མ་མོ་ཡི། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གྱི། །སེམས་གཟུག་ཡག་ལག་བསམ་མི་ཁྱབ། །མ་མོའི་སེམས་གཟུང་མ་ཤེས་པར། །མ་མོ་སྒོམ་པོ་སྙིང་རེ་རྗེ། །ལས་རྣམས་འཆོལ་བ་ཐང་རེ་ཆད། །མ་མོའི་སེམས་གཟུང་ཇི་ལྟ་བུ། །དེ་ལ་ཕན་ཡོན་ཇི་ལྟར་འབྱུང་། །མ་མོ་སེམས་ནི་འཛིན་འདོད་ན། །དང་པོ་མ་མོའི་མཚན་ཉིད་དང་། །དབྱེ་བ་སོ་སོར་ཤེས་བྱས་ཏེ། །དེ་ནས་མ་མོའི་སེམས་གཟུང་སྟེ། །བྱེད་བྲག་ཉི་ཤུ་རྩ་ལྔ་ནི། ཁྲེས་ནམ་མོ་རྩལ་དང་ནི། །མ་མོ་གང་ཡིན་དབང་དུ་འགྱུར། །བདག་ཉིད་འདོད་པ་སྣ་ཚོགས་འབྱུང་། །མ་མོ་སེམས་གཟུང་ཕན་ཡོན་ནོ། །མ་མོ་ལམ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ། །བཅུ་གཅིག་པའོ། །དེ་ནས་མ་མོ་དེ་དག་གི་སྒྲུབ་ཐབས་བཤད་བྱ་སྟེ། །དང་པོ་ཡེ་ཤེས་མ་མོ་དང་། །ལམ་གྱི་མ་མོ་རེ་ཞིག་འདྲ། །གཉིས་པ་བདག་དོན་ཡིན་པའི་ཕྱིར། །དེ་དག་གཉིས་གཉིས་སྒྲུབ་ཐབས་ཀྱི། །སྔར་བཤདས་གོང་གི་རིམ་པ་སྟེ། །མ་མོ་བསྒོམ་པ་བསམ་མི་ཁྱབ། །འདི་ནི་སྒྲུབ་ཐབས་གྲངས་མེད་དེ། །གྲངས་ལ་བསམ་གྱིས་མི་ཁྱབ་སྟེ། །དེ་ལ་རྩོམ་པ་སྤྲེལ་དང་འདྲ། །རང་དོན་སྒྲུབ་པའི་སྒྲུབ་ཐབས་སོ། །གཞན་དོན་སྒྲུབ་པའི་སྒྲུབ་ཐབས་ནི། །ལས་ལ་གྲུབ་པའི་མ་མོ་ལ། །དབྱིངས་ཀྱི་ཡུམ་དྲུག་ལ་སོགས་ལ། །མ་མོ་སྤྱི་སྒྲུབ་ཆེན་པོ་ལ། །མ་མོ་བདུན་ཅུ་རྩ་བརྒྱད་ཡོད། །དེ་ནས་སྒྲུབ་ལུགས་གསུམ་ཡིན་ཏེ། །དབྱིངས་ཀྱི་ཡུམ་དྲུག་སྒྲུབ་ལུགས་ཅིག། །ཡེ་ཤེས་མ་མོ་སྒྲུམ་ལུགས་ཅིག། །སྨན་མོ་འཁོར་ཚོགས་སྒྲུབ་ལུགས་ཅིག་། །དེ་ནས་རིམ་གྱི་མ་མོ་ཡི། །སྒྲུབ་ལུགས་རིབ་པར་དབྱེ་བ་སྟེ། །ཐ་མ་མོའི་བྱེ་བྲག་ལ། །མ་མོ་རེལ་སྒྲུག་ལུགས་རེ། །དེ་ཡི་སྒྲུབ་ལུག་་་བཤད་ཀྱི། །དཔེ་ན་དབྱིངས་ཀྱི་ཡུམ་དྲུག་ལ། །ཕྱིར་སྒྲུབ་ལ་སོགས་དྲུག་ཡིན་ཏེ། །ཕྱི་ལྷར་སྒྲུབ་ན་རྡུལ་ཚོན་ལ། །དེ་ཡི་སྔ་རྫས་ལ་སོགས་པ། །ནང་ལྟར་ཀེང་རུས་དཀྱིལ་འཁོར་ཏེ། །རྫས་་ཐ་སོགས་པ་དེ་བཞིར་རོ། །གསེང་བ་མི་ཁོག་སྐྱ་མོ་སྟེ། །ཏིང་འཛིན་ལ་སོགས་དེ་བཞིན་ནོ། །ཡང་གསང་རྨད་དུ་བྱུང་བ་ཡི། །སྒྲུབ་པ་རང་གི་རིགས་མཐུན་པའི། །མི་ཡི་ཁོག་པའི་དཀྱིལ་འཁོར་ལ། །རྫས་ལ་སོགས་པ་དེ་བཞིན་ནོ། །བྱ་རྩལ་རྫོགས་པའི་སྒྲུབ་ཐབས་དང་། །དེ་བཞིན་ནང་ལྟར་གཟིར་བ་དང་། །གསང་ལྟར་གཟིར་བའི་སྒྲུབ་པ་དང་། །ཡང་གསང་རྨད་ཀྱི་གཟིར་བ་དང་། །བྱ་རྩ་རྫོགང་་པའི་སྒྲུབ་ཐབས་དང་། །ཡོངས་རྫོག་།་གཟིར་བའི་སྒྲུབ་ཐབས་སོ། །སྒྲུབ་ཐབས་དེ་དག་རེ་རེ་ལ། །གནས་སྐབས་ལས་ནི་དྲུག་དྲུག་སྟེ། །ཕྱི་ལྟར་བསྙེན་དང་སྒྲུབ་པ་དང་། །ལས་ལ་སྦྱིར་དང་ལས་ཀྱི་ནི། །ལྷ་མ་་ཡི་ནི་ཚོག་དང་། །ལྷག་མ་ངེས་་པ་ར་གྲུབ་པ་དང་། །དེ་དག་ཉེ་བར་བསྒྲུབ་པ་ནི། །ངེས་པར་གདོན་ནི་མི་ཟ་བར། །དྲུག་གིས་ཕྱི་ཡི་ལས་རྫོགས་ཏེ། །བསྙེན་པས་མ་མོ་ཤེ་བར་བྱེད། །སྒྲུབ་པས་་རང་ཐ་མི་དད། །ལས་ལ་སྦྱར་བས་དགྲ་བས་བསད་དེ། །ལས་ཀྱི་ལྷག་མ་སྦྱིན་སྲེགས་ཡི། །ཟོར་ཐུན་ལས་ཀྱི་ལྷག་མ་ཡིན། །ལྷག་མ་ངེས་པར་གྲུབ་བ་ཡིན། །རྟེན་ལ་ཟོར་ཐུན་བརྡེག་པ་ཡིན། །དེ་དག་ཉེ་བས་བསྒྲུབ་པ་ཡིན། །རྟེན་ལ་མནན་པ་བྱེད་པ་ཡིན། །ངེས་པར་གདོན་ནི་མི་ཟ་བར། །ཀླུ་ལ་སོགས་པ་རང་ལ་འདོད། །འདི་ནི་ལས་ཀྱི་མཐའ་རྫོགས་པ། །ཕུང་བྱེད་དྲག་པོའི་ལས་ཡིན་ནོ། །ཕྱི་ལ་ཇི་ལྟར་ནང་ལ་སྟེ། །དེ་བཞིན་ནང་གི་བསྙེན་པ་སྟེ། །བསྒྲུབ་པ་ལས་ལ་སྦྱོར་བ་དང་། །ལས་ཀྱི་ལྷག་མ་གདོན་མི་ཟ། །ཉེ་བར་བསྒྲུབ་པ་རྣམ་གཉིས་ཏེ། །འདི་ནི་ནང་གི་ལས་རིམ་མོ། །དེ་ནས་གསང་བའི་བསྙེན་པ་དང་། །བསྒྲུབ་དང་ལས་ལ་སྦྱར་བ་དང་། །ལས་ཀྱི་ལྷག་མ་གདོན་མི་ཟ། །ཉེ་བར་བསྒྲུབ་པ་རྣམ་པ་གཉིས། །འདི་ནི་གསང་བའི་གོ་རིམ་ཡིན། །དེ་ནས་ཡང་གསང་རྨད་དུ་བྱུང་བ་ཡི། །བསྙེན་དང་སྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་གདོན་མི་ཟ། །ཉེ་བར་སྒྲུབ་པ་རྣམ་གཉིས་ཏེ། །དེ་བཞིན་བྱ་རྩལ་རྫོགས་པ་ཡི། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་གདོན་མི་ཟ། །ཉེ་བར་སྒྲུབ་པ་རྣམ་གཉིས་ཏེ། །ཡོངས་རྫོགས་ཆེན་པོ་སྒྲུབ་པ་ལ། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱོར། །ལས་ཀྱི་ལྷག་མོ་གདོན་མོ་ཟ། །ཉེ་བར་སྒྲུབ་པ་རྣམ་པ་གཉིས། །ཕྱི་ལྟར་ཤི་ས་བསྟན་པ་དང་། །ཤི་སའི་བསྙེན་དང་བསྒྲུབ་པ་དང་། །ལས་དང་ལས་ཀྱི་ལྷག་མ་དང་། །ལྷག་མ་ཉེ་བར་བསྒྲུབ་པ་དང་། །ངེས་པར་གཏན་ལ་འབེབས་པའོ། །དྲུག་གི་ལས་ཀྱི་རིམ་པ་རྫོགས། །དེ་བཞིན་ནང་གི་ཤི་ས་ལ། །བསྙེན་དང་བསྒྲུབ་པ་ལ་སོགས་པ། །དྲུག་པོ་འདྲ་བར་ཤས་པར་བྱ། །གསང་བའི་ཤི་ས་བསྟན་པ་ལ། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་སྟེ། །གདོན་མི་ཟ་བར་ཉེ་བར་བསྒྲུབ། །ཡང་གསང་ཤི་ས་བསྟན་པ་ལ། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་གདོན་མི་ཟ་བར་བསྟན་པའོ། །བྱ་བྲལ་ཤིས་བསྟན་པ་ལ། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་ཡང་ངེས་པར། ཁུ།བ་པ་ཡིན་པར་འདོད། །ཡོངས་རྫོགས་ཤིས་བསྟན་པ་ལ། །དེ་ཡི་བསྙེན་པ་བསྒྲུབ་པ་དང་། །ལས་ལ་སྦྱར་དང་ལས་ཀྱི་ལྷ། །ལྷག་མ་ཉེ་བར་བསྒྲུབ་པ་དང་། །དེ་དག་ངེས་པར་བྱད་པ་སྟེ། ་་ག་གི་ལས་ཀྱི་མཐའ་སྡུད་ཡིན། ་རྐོ་ས་སྒྲུབ་ཐབས་མཐའ་སྡུད་དེ། །ལས་ཀྱི་མཐའ་སྡུད་དྲུག་ཏུ་འདོད། ཁོ༑་ས་ལ་ཡང་གསུམ་ཡིན་ཏེ། །མ་མོ་འཇིགས་ས་བསྟན་པ་ནི། །དགྲ་ཡིས་བསད་པ་བསྟན་པ་ཡང་། །མ་མོ་གཟིར་བའི་ཚུལ་བསྟན་ཏེ། །དགྲ་ཡིས་བསད་པ་བསྟེན་པ་དང་། །མ་མོ་ཡང་བསད་པའི་ཚུལ་བསྟན་པ། །དགྲ་ཡང་བསད་པའི་ཚུལ་ཡིན་ནོ། །དེ་ཡང་འདི་ལྟར་ཤེས་བྱ་སྟེ། །མ་མོ་འཇིགས་བསྒྲུབ་ལ་ནི། ་རྒོ་ས་དཀྱིལ་འཁོར་ཚུལ་བཞིན་བྲི། །ཏིང་འཛིན་ཚུལ་ལམ་འཇིགས་ས་སྟེ། །མ་མོ་དབུས་སུ་བསྐྱེལ་ནས་ཀྱང་། །སེང་ལྡེང་ཕུར་བུ་ལག་གཡོན་གྱིས། །རང་གི་ཡོངས་སུ་དབལ་བར་བསྟན། །སྔགས་ཟློས་འཇིགས་པའི་ས་གཞི་ཡིན། །དེ་ནས་ཕུར་བ་མ་མོ་ཡི། །སྙིང་ཁར་བསྟན་ནས་སྔགས་ཟློས་པ། །མ་མོ་གཟིར་བའི་ཤིས་ཡིན། །དེ་ནས་ཕྱུར་པ་མ་མོ་ལ། །བཏབ་པས་བདུད་རྩི་གསོ་བྱེད་ལ། །མ་མོ་བསད་ཚུལ་ཤི་ས་ཡིན། །འདི་ནི་རྣལ་འབྱོར་མཆོག་གི་ལས། །ཐམས་ཅད་ཀུན་གྱི་བྱ་བ་མིན། །དེ་ལྟར་མ་མོ་སྒྲུབ་པ་སྟེ། །དབྱེ་བ་གང་ཡང་མི་ཤེས་པར། །ལས་ཀྱི་མ་མོ་ལས་རྩོམ་པ། །ཕུང་བྱེད་ལས་ཀྱི་མཐའ་འཁོར་ཏེ། །འཇིག་རྟེན་རིམས་དང་དལ་གྱིས་འགོངས་། །ལས་ཀྱི་མ་མོ་ཁ་གཏིང་འཁྲུགས། །གནོད་པ་དགྲ་བས་རང་ལ་མང་། །ཕན་ན་དགྲ་བས་རང་ལ་འབྱུང་། །མ་མོ་སྒྲུབ་པའི་དཀྱིལ་འཁོར་ཡང་། །རྒྱས་པར་ང་ཡི་བཤད་པར་བྱ། །དང་པོ་ཕྱི་ལྟར་བསྒྲུབ་པ་དང་། །རྡུལ་ཚོན་ལེགས་པར་བྲིས་བྱས་ཏེ། །མཚམས་བཞི་་མདའ་དར་མེ་ལོང་ཡང་། །རལ་གྲི་ཕུར་པ་སྐུད་པས་སྤྲས། །དར་གྱི་ཡོལ་བ་བླ་རེ་དང་། །མ་མོ་སྒྲུབ་པ་ཕྱི་བསྒྲུབ་ཡིན། །དེ་ནས་མ་མོ་ནང་བསྒྲུབ་ཡང་། །ཞིང་ཆེན་ཞིང་ཆུང་རྩིག་པ་ལ། །ཐོད་པ་སྐམ་རློན་ཁ་བད་བཏགས། །མཆོག་ཆེན་མཆོག་ཆུང་སྟེང་ནས་ཕུལ། །འོག་ནས་རག་ཏའི་རྦ་ཀློང་ཞབྲུག། །སྟེང་ནས་ཞིང་གི་བླ་བྲེ་བཀྲམ། །ཕྱོགས་རྣམས་ཞིང་གི་ཡོལ་བས་བསྐོར། །མཚམས་སུ་མི་དབང་རྒྱལ་མཚན་གཟུགས། །ནང་ལྟར་བསྒྲུབ་པའི་དཀྱིལ་འཁོར་ཡིན། །དེ་ནས་གསང་བའི་དཀྱིལ་འཁོར་ཡང་། །གོང་གི་དེ་ཡི་ནང་དུ་ཡང་། །རྒོལ་ཁོག་པ་གྲུབ་བཞིར་གདེ་ནས། ཁྲེར་གྱི་སྒོར་ནི་མགོ་བོ་སྟེ། །རྐང་པ་ནུབ་ལ་གཡས་པ་ལྷོ། །ལག་པ་གཡོན་ལ་བྱང་གི་སྒོ། །འདི་ནི་གསང་བའི་དཀྱིལ་འཁོར་རོ། །ཡང་གསང་རྨད་ཀྱི་དཀྱིལ་འཁོར་ནི། །རང་རང་སྔགས་པའི་ཞིང་ཆེན་ནམ། །ན་ཆུང་ཁོག་པ་དཀྱིལ་འཁོར་ཡིན། །བྱ་བྲལ་རྫོགས་པའི་དཀྱིལ་འཁོར་ཡིན། །གྲི་རྒོད་སྙིང་གི་དཀྱིལ་འཁོར་ཡིན། །ཡོངས་རྫོགས་མི་དབང་ཙིཏི་ཡིན། །དཀྱིལ་འཁོར་ཡིན་ཏེ་དེ་ལྟར་རོ། །དཀྱིལ་འཁོར་དེ་ལྟར་ཤེས་པ་དང་། །དེ་ཡི་དཀྱིལ་འཁོར་ཡོད་པ་དེ། །མ་མོ་ངང་གིས་འདུ་བར་འགྱུར། །དཀྱིལ་འཁོར་ཟབ་མོའི་ཕན་ཡོན་ནོ། །སྒྲུབ་ལུགས་དེ་ལྟར་རེ་རེ་ལ། །ལས་ནི་རྣམ་པ་བཞི་ཡིན་ཏེ། །བསད་དང་གསོ་དང་དབབ་དང་བཅད། །འདི་ཡང་ལས་ཀྱི་མཐའ་སྡུད་ཡིན། །གསད་ལ་ནང་ལ་སོགས་པ་སྟེ། །གསོ་ལ་ཕྱི་ལྟར་བསྒྲུབ་པ་ཤིས། །དབབ་བཅད་གཉིས་ཀྱང་དེ་བཞིན་ནོ། །ལས་ཀྱི་སྦྱོར་བ་མ་ཤེས་པར། །འཁྲུལའཁོར་བརྩམ་པ་སྙིང་རེ་རྗེ། །མི་ཤེས་པ་དང་ཐེ་ཚོམ་པ། །ཉམ་ང་འཇིག་དང་ལེ་ལོ་དང་། །མི་གསང་ལ་སོགས་ཀུན་སྦངས་ནས། །བསྒྲུབ་ན་མ་མོ་འགྲུར་པར་ངེས། །མ་མོ་སྒྲུབ་པར་བྱེད་པ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་བཅུ་གཉིས་པའོ། །དེ་ནས་མ་མོའི་གཡང་ས་ཡང་། །འདི་ལྟར་མཁས་པས་ཤེས་པར་གྱུས། །དང་པོ་ཡེ་ཤེས་མ་མོ་ཡི། །སྒྲུབ་པས་བདག་དོན་འདོད་པལ། །ལས་ཀྱི་མ་ནོར་འཁྲུལ་པ་ནི། །འདི་ནི་མ་མོའི་གཡང་ས་སྟེ། །ལྟུང་པ་གཞན་གྱི་དོན་དུ་ལྷུང་། །ལམ་གྱི་མ་མོ་སྒྲུབ་པ་ལས། །ལས་ཀྱི་མ་མོ་དེ་བཞིན་ནོ། །མ་མོ་གཡང་ས་གཉིས་པ་ཡིན། །ལས་ཀྱི་མ་མོ་སྒྲུབ་པ་ལ། །ཡེ་ཤེས་མ་མོར་གོལ་བ་ནི། །མ་མོའི་གཡངས་གསུམ་པ་ཡིན། །འཇིག་རྟེན་ཕན་ཡོན་ལས་པ་ཡི། །ལས་ཀྱི་མ་མོ་གང་ཡིན་པ། །འདི་ནི་ཡེ་ཤེས་མ་མོ་ཟེར། །སྲིད་མོ་ལ་ནི་སངས་རྒྱས་ཟེར། །མ་མོའི་གཡངས་ཆེན་པོར་ལྷུང་། །མནར་མེད་གནས་སུ་སྐྱེ་བར་འགྱུར། །སེམས་ཅན་ཕན་པ་འབའ་ཞིག་མཛད། །འདི་ལ་ལས་ཀྱི་མ་མོ་ཟེར། །མནར་མེད་གནས་སུ་དེ་སྐྱེ་བས། །འདི་རྣམས་མ་མོའི་གཡང་ས་སྟེ། །མམོ་དབྱེ་བ་མ་ཤེས་པར། །གཡང་ས་ལས་ནི་ཐར་མི་འགྱུར། །མ་མོ་གནས་ཀྱི་གཡང་ས་ཡང་། །ཡེ་ཤེས་མ་མོ་རང་གནས་ཡང་། །འོག་མིན་ལ་སོགས་ཡིན་པ་ལས། །དཔག་བསམ་ཤིང་དང་རི་རབ་ལ། །ཡེ་ཤེས་མ་མོའི་གནས་བྱེད་གོལ། །འདི་ནི་གནས་ཀྱི་གཡང་ས་ཡིན། །ལས་གྱི་མ་མོ་དེ་བཞིན་ནོ། །རི་རབ་དང་ནི་གླིང་བཞི་སོགས། །ལས་ཀྱི་མ་མོ་གནས་ཡིན་ཏེ། །རྣལ་འབྱོར་རང་གི་ལུས་པོ་ལ། །ལས་ཀྱི་མ་མོ་གནས་འདོད་གོལ། །དེ་ཡང་གནས་ཀྱི་གཡང་ས་ཡིན། །རང་གི་དཔལ་ཆེན་སྐུ་ཡིན་ནོ། །དཔལ་གྱི་ལུས་ལ་སྲིན་མོ་གནས། །སྐད་གཅིག་གནས་ནི་ཡོད་མ་ཡིན། །དེ་ན་གནས་ཀྱི་གཡང་ས་མིན། །རི་རབ་གླིང་བཞི་ལས་ཀྱིགནས། །ཡེ་ཤེས་ཆོས་ཉིད་མ་མོ་ལ། །ལས་དང་བག་ཆགས་རྡུལ་ཡང་མེད། །དེ་ཕྱིར་གནས་ཀྱི་གནས་ལ་བསྟན། །ལམ་དང་འབྲས་བུའི་མ་མོ་གཉིས་སེམས་ཅན་གནོད་པ་མི་མཛད་དོ། །ཙྭ་དང་མུ་གེ་སད་སེར་དང་། །རིམས་དང་ནད་དང་དལ་སོགས་པ། །ཡེ་ཤེས་མ་མོའི་མཐུ་ཡིན་ཟེར། །འདི་ཡང་ལས་ཀྱི་གཡང་ས་ཡིན། ལས་ལས་གྲུབ་པའི་མ་མོ་ནི། །སེམས་ཅན་བདེ་དང་དགའ་བ་དང་། །རང་གི་བླ་མེད་རིགས་འཛིན་ལ། །ལས་ཀྱི་མ་མོའི་མཐུ་ཡིན་ཟེར། །ལས་ཀྱི་གཡང་ས་གཉིས་པ་ཡིན། །ཡེ་ཤེས་མ་མོའི་མཚན་ཉིད་ནི། །རང་རིག་ཡེ་ཤེས་དབྱིངས་ན་གསལ། །ལས་ཀྱི་མ་མོའི་མཚན་ཉིད་ནི། །ཉོན་མོངས་དུག་ལྔ་ཁོང་ནས་ཞབྲུག། །དེ་གཉིས་དབྱེ་བ་མ་ཤེས་པར། །མཚན་ཉིད་གཡང་ས་ཆེན་པོར་འགྲོ། །ལམ་དང་ཡེ་ཤེས་མ་མོ་ལ། །མཆོད་པས་མཉེས་ཤིང་དོན་མཛད་མེད། །མ་བསྐངས་མི་དགེས་གནོད་མི་མཛད། །དེ་ལ་མདོས་ཀྱིས་སྐོང་བ་གོལ། །འདི་ནི་སྐོང་བའི་གཡང་ས་ཡིན། །འཇིག་རྟེན་ལས་དང་དམ་ཚིག་གི། །མ་མོ་འདི་ཡི་ཤ་ཆོས་ནི། །བསྐང་ན་དགའ་བདེ་ཕན་པ་མེད། །མ་བསྐངས་མི་དགའ་གནོད་མ་བྱེད། །འདི་ལ་མི་སྐོངས་གོལ་ས་སྟེ། །འདི་ཡང་སྐོང་བའི་གཡང་ས་ཡིན། །མི་རྟག་འཇིག་ཅིང་རྟེན་པ་ནི། །འདི་རྟེན་མ་མོ་ཞེས་ཀྱང་བྱང་། །དྲག་པོའི་ལས་ལས་གྲུབ་པས་ན། །ལས་ཀྱི་མ་མོ་ཞེས་ཀྱང་བྱ། །མུ་ཁ་ལེ་ས་ཡི་དམ་ཚིག། །དམ་ཚིག་མ་མོས་ཞེས་བྱ་བ། །ཐ་དད་གསུམ་དུ་འདོད་པ་གོལ། །འདི་ནི་མིང་གི་གཡང་ས་འོ། །སྲིད་པ་རྒྱུད་ལུང་ལས་བྱུང་བའི། །རི་རབ་གླིང་བཞི་ལ་སོགས་པའི། །དབྱིབས་དང་ཚད་སོགས་མ་ཤེས་པར། །མདོ་སྡེ་ཐེག་པ་ལ་ལྟ་ཞིང་། །སྲིད་པོ་སྦྱི་མདོས་བྱེད་པ་གོལ། །མདོས་ཀྱི་ཚད་ཀྱི་གཡང་ས་ཡིན། །མདོས་ཀྱིས་དབྱེ་བ་མ་ཤེས་པར། །མདོས་ཀྱི་ལས་ལ་འཇུག་པ་གོལ། །མདོས་ཀྱི་ལས་ཀྱི་གཡང་ས་ཡིན། །མདོས་ཀྱི་ལས་ཀྱི་མཐའ་སྡུད་བརྒྱད། །བྱེ་བྲག་རིམ་པར་མ་ཤེས་པར། །མདོས་ཀྱི་ལས་ཀྱི་མཐའ་སྡུད་མེད། །ལས་ཀྱི་མཐའ་སྡུད་གཡང་ས་ཡིན། །མདོས་ཀྱི་རྒྱུ་དང་ཚད་དང་དབྱིབས། །ཁ་དོག་སོལ་སོགས་བཞི་བཅུ་བརྒྱད། །དེ་དག་བྱེད་བྲག་མ་ཤེས་པར། །མདོས་ཀྱི་བྱེ་བྲག་གཡང་ས་ཡིན། །ཏིང་འཛིན་ས་ཡི་བཤགས་པ་ཡང་། །ལས་ཀྱི་མ་མོ་དག་ལ་བཤགས། །བཤགས་པའི་གཡང་ས་གཉིས་པ་ཡིན། །དམར་གཏོར་ཤ་ཁྲག་དམ་རྫས་དང་། ཁེལ་གོང་ནག་མོ་ལ་སོགས་པས། །ལས་ཀྱི་མ་མོ་བསྐང་བ་སྟེ། །སངས་རྒྱས་ཤད་དང་ཁྲག་མི་གསོལ། །སྲོག་དང་མདངས་ལ་མངའ་མི་བརྫོད། །ལས་ཀྱི་མ་མོ་བསྐང་བ་ལ། །ཡེ་ཤེས་མ་མོ་སྐོང་བ་གོལ། །འདི་ནི་སྐོང་བའི་གཡང་ས་ཡིན། །རང་རིག་རང་གསལ་ཡེ་ཤེས་དེས། །མཐའ་དབུས་མེད་པའི་ཆོས་ཉིད་དེ། །མི་སླུ་བས་ན་དོནདམ་ཡིན། །སྐྱེ་འགག་མེད་པས་འདུས་མ་བྱས། །རང་བྱུང་ཡིན་པས་འཇིག་རྟེན་འདས། །དེ་དག་ཡེ་ཤེས་དེ། །མང་པར་འདོད་པ་མིང་ལས་གོལ། །འདི་ནི་མིང་གི་གཡང་ས་ཡིན། །ཡེ་ཤེས་མ་མོའི་མ་མི་གསོད། །སྲོག་ཆགས་འདས་ལ་དེ་མི་གཟིགས། །དབུགས་དང་སྲོག་ལ་དེ་མི་དབང་། །དྲོད་དང་རུས་ལ་དེ་མི་གཟིགས། །སེམས་ཅན་གནོད་པ་སྤངས་པའི་ཕྱིར། །དེ་ལྟ་བུ་ཡེ་ཤེས་མ་མོ་ལ། །སྲོག་གཅོད་ཟར་ནས་དགྲ་ལ་སྦྱོར། །ལིང་ག་ལ་སོགས་བསྟན་བྱེད་ཅིང་། །གསོད་པ་གསོ་བར་གོལ་བ་སྟེ། །འདི་ནི་གསང་པའི་གཡང་སའོ། །སྲོག་དང་མདངས་ལ་སོགས་པ་ལ། །སྐུར་པ་འདེབས་པའི་གཡང་ས་ཡོད། །སྲོད་ལ་དགའ་བའི་ཤ་ཁྲག་ཟ། །མཚན་མོ་དུར་ཁྲོད་ཁྱབ་པར་ཉུལ། །འདི་ནི་ལས་ཀྱི་མ་མོ་སྟེ། །འདི་ལས་བསད་པའི་ལས་ལ་ནི། །རིགས་འཛིན་དངོས་གྲུབ་འདོད་ན་གོལ། །འདི་ནི་དངོས་གྲུབ་གཡང་ས་ཡིན། །ལས་ཀྱི་མ་མོ་འདི་ལ་ཡང་། །མཚན་ཉིད་ངོ་བོ་ལས་དང་གནས། ཁུ།་དང་འབྲས་བུ་ས་དང་ལམ། །ངེས་ཚིག་ལམ་དང་གནས་དང་རྒྱུད། །འབྲས་བུ་ས་དང་ལམ་དང་རྟགས། །དབྱེ་བའི་མིང་ལ་སོགས་པ་ཡི། །སུམ་ཅུ་རྩ་བརྒྱད་དབྱེ་བ་ཡིས། །ལམ་གྱི་མ་་མོ་བཤད་པ་ཡིན། །དེ་བཞིན་ཡེ་ཤེས་མ་མོ་ལ། །ཡེ་ཤེས་མ་མོའི་མཚན་ཉིད་དང་། །ཡེ་ཤེས་མ་མོའི་ངོ་བོ་དང་། །ཡེ་ཤེས་མ་མོའི་ལས་དང་། །ཡེ་ཤེས་མ་མོའི་ལམ་དང་ཡང་། །ཡེ་ཤེས་མ་མོའི་རྣམ་གྲངས་དང་། །ཡེ་ཤེས་མ་མོའི་རྒྱུད་དང་གནས། །ཡེ་ཤེས་མ་མོའི་བབྲས་བུ་དང་། །ཡེ་ཤེས་ས་དང་ལ་མ་དང་ནི། །ཡེ་ཤེས་མ་མོ་དབྱེ་བ་མིང་། །ཡེ་ཤེས་མ་མོ་ལས་གོལ་དང་། །མཚན་མ་གོལ་དང་གནས་གོལ་དང་། །ངོ་བོ་གོལ་དང་དབྱེ་བ་གོལ། །ནུས་པ་རྟགས་ལ་སོགས་པ་ཡིན། །སུམ་ཅུ་རྩ་བརྒྱད་དབྱེ་བ་ཡི། །ཡེ་ཤེས་མ་མོ་དབྱེ་བ་སྟེ། །བཤད་པ་དེ་ལྟར་མ་ཤེས་པར། །མ་མོ་བསྒྲུབ་པ་གཡང་ས་ཡིན། །གཡང་སར་ལྷུང་ལ་མི་སྤྱོད་པར། །ཉོན་མོངས་དབང་པོ་ཐོ་ཅོ་སྤྱོད། །དེ་འདྲའི་སེམས་ཅན་སྙིང་རེ་རྗེ། །དམ་པའི་རྫེས་སུ་མི་འབྲང་པར། །ཉོང་མོངས་དབང་གིས་གསང་སྔགས་སྤྱོད། །འདི་ནི་སྔགས་ཀྱི་དམ་སྲིད་སྟེ། །ཏིང་འཛིན་སྟོབས་དང་ལྡན་པ་ཡིས། །བསྒྲལ་བའི་ཞིང་ལ་གཏོགས་པ་སྟེ། །འདི་ལ་མ་བསྒྲལ་གཡང་ས་ཡིན། །གཡང་ས་མ་སྤངས་པའི་རྣལ་འབྱོར་པ། །འདབ་ཆགས་ཐ་མ་ཕ་ཝང་འདྲ། །གཡང་ས་སྦངས་པའི་རྣལ་འབྱོར་པ། །འདབ་ཆགས་རྒྱལ་པོ་ཁྱུང་དང་་འདྲ། །གཡང་ཤེས་པའི་རྣལ་འབྱོར་པ། །རི་དགས་རྒྱལ་པོ་སེང་གེ་འདྲ། །གཡང་ས་མ་ཤེས་མ་མོའི་བྱེད། །དུད་འགྲི་ལྕི་བའི་སྦུར་བ་འདྲ། །དེ་བས་མ་མོ་བྱེད་པ་ཀུན། །ཡེ་ཤེས་མ་མོ་རྦད་མི་བྱ། །ལས་ཀྱི་མ་མོ་སྐོང་བ་ཡང་། ཁེལསྒོང་ལ་སོགས་སྲོག་ཆགས་ཀྱི། །འདྲ་བའི་གཟུགས་དང་བཀྲག་དང་མདངས་། །དེ་ཡི་མ་མོ་སྣང་བ་ལ། །སྲོག་དང་ཤ་ཁྲག་ལ་སོགས་པས། །བསྐང་བར་བྱ་བ་མ་ཡིན་ཏེ། །ང་ཡི་བཀའ་ལ་བཏགས་པ་དང་། །ང་ཡི་དམ་་ཚིག་ཕོག་པ་ལས། །སེམས་ཅན་འདོད་པར་འཀྱུར་བ་ནི། །སྐད་ཅིག་མི་བྱེད་དམ་ཚིག་ཡིན། །དེ་ལྟར་མ་ཤེས་བྱ་ལུགས་དེ། །རྒྱུ་ཡི་མཆོག་ཏུ་དེ་བྱས་ན། །མ་མོ་སྐོང་བ་དུག་དང་མཐུན། །མཐའ་རུ་ཕུང་བ་ངས་གསུངས་ཀྱིས། །དེ་བས་སྲོག་ཆགས་འདོད་པ་སྦོངས། །རྟག་ཏུ་མ་ཡང་མཆོད་པ་ཕུལ། སྔགས་དང་སྙིང་པོ་སྒྲ་མ་ཆག །རང་བཞིན་ཤི་བའི་ཤ་ཁྲག་ལས། །གཏོར་མ་མཚན་དང་ལྡན་པ་གཏང་། །བཤགས་པ་བསྐུལ་བརྒྱུན་མ་བཅད། །རང་དང་སྤྱི་ཡི་དམ་ཚིག་བསྲུང་། །ནུས་པའི་བྱ་བ་འབད་ལ་བྱ། །མི་ནུས་བྱ་བ་ཁས་མི་བླང་། །དེ་ལྟར་བྱས་ན་དམ་ཚིག་ལྡན། །དམ་ཚིག་ལྡན་ན་དངོས་གྲུབ་འབྱུང་། །དེ་ལྟར་སྔགས་པས་ནན་ཏན་གྱིས། །གསང་བས་གཡང་ས་ལྷུང་བ་མེད། །མ་མོའི་གཡང་ས་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་བཅུ་གསུམ་པའོ། །དེ་ནས་གསང་བ་སྔགས་ཀྱི་ལེལྭ །ལས་ངན་སེམས་ཅན་འདུལ་བ་དང་། །བསྟན་པ་གནས་པར་བྱ་བའི་ཕྱིར། །ང་ཡིས་ཁྱེད་ལ་བཤད་པར་བྱ། །བསད་པ་སྲོག་གི་འཁོར་ལོ་ཡི། །གསང་པའི་གཡང་སྔགས་འདི་ཡིན་ཏེ། །མ་མ་ར་ཙ་ཆེ་གེ་མོ་བཱ་ར་ཡ་ནན། །དུ་མན་ཏ་ཀ་ནན། །ཀ་ར་ཎ་ན་ན་ཎ། །ཆེ་གེ་མོ་བཱ་ར་ཡ་ལས་མཇོད་ཅིག། །གསང་བ་སྲོག་གི་འཁོར་ལོའི་མནན་པའི་སྔགས་སོ། །དེ་ནས་ཡང་མཛེ་ནག་ལས་ཀྱི་འཁོར་ལོའི་སྔགས་ལ། །ནཱ་ག་ནཱ་ག་ཤག། །ཆེ་གེ་མོ་དུ༷་བ་དུམ་ཡ་ཤིག་ཆེ་གེ་མོ་ཙིསྟ་ཛྲ་ལ་ཡ་ཀ་རི་ན་ན་ཎ་ཎནཱ་ག་ཡ་ནཎན་ཎ་ཡ་ལས་མཛོད་ཅིག །མཛེ་ན་ག་ལས་ཀྱི་འཁོར་ལོའི་མནན་པའི་སྔགས་སོ། །ས་བདག་ཞ་གྲུམ་གྱི་ལ། །ཨུ་སྟ་ཨུ་སྟ་བྷན་དྷ་ཆེ་གེ་མོ་བྷན་དྷ་ན་ནཎ། །བྷན་དྷ་ན་ནཎ་ཡ་ཡ་ལས་མཛོད་ཅིག། །ས་བདག་ཞ་གྲུམ་གྱི་མནན་པའི་སྔགས་སོ། །དེ་ནས་སྨྱོ་འབོག་སྙིང་གི་སྔགས་ལ། །མ་ཧྭ་རྭ་ཛ་ནུ་ཆོལ་དབྱང་སྨྲ་རུ་ཆུག་ཆེ་གེ་མོ་རྡུལ་དུ་ཆུག། །མ་ཧྭ་ར་ཙ་ཆེ་གེ་མོ་ན་ཎ་ཎན་ཡ་ཡ་ལས་མཛོད་ཅིག། །ཡ་ཆོད་སྨྱོ་འབོག་སྙིང་གི་འཁོར་ལོ་བསྐོར་བ་མནན་པའི་སྔགས་སོ། །ནག་མདོས་ཀྱི་བཟློག་པའི་སྔགས། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྲོག་སྙིང་རྩ་རུ་འདི་རུ་སྟེ། །དབྱིངས་ཀྱི་ཡུམ་དྲུག་སྨྱོ་བཟློག་སྔགས། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །འདི་མ་མོ་བཅུ་བཞིའི་བཟློགས་པའི་སྔགས་སུ་ཤེས་པར་བྱ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྨྱོ་སྦྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྤྱོ་སྨྱོ་སྨྱོ་སྨྱོ་སྨྱོ་བོ མདོས་མ་མོ་ལྔ་བཅུ་རྩ་བརྒྱད་སྲོག་སྙིང་ཡིན་པར་གསུངས་པ་ཡིན། །བསད་པའི་མདོས་ཀུན་གྱིས་མཐའ་མྱ་ར་ཡ་དང་ཐུན་པང་གདགས། །དེ་ནས་མདོས་ཀྱི་ལས་བརྒྱད་ལ། །གདོན་བྱས་པ་ལ་མུ་ར་ཡ་ཕཊ། །རང་སྔགས་གཞུག་ལ་གདགས་པར་བྱ། །བཀྲ་ཤིས་སྦ་ཏི་སི་དོ་སྟེ། །ཚེ་ལ་ཨུ་ཡུ་ཙྭ་ན་བསྲུང་བ་བཛྲ་རཀྟ་ཏེ། །ཁྲུས་ནི་སྣ་ལྔ་སྔགས་སུ་ཤེས། །དབང་ལཨ སྟི་ཁི྅་ཡིན། །སེམས་བསྐྱེད་དམ་ཚིག་གི་སྔགས་པོ་དྷི་སྣིས་མ་ཡ་ཡིན། །མ་མོ་ཚོགས་ཀྱི་འཁོར་ལོའི་སྔགས། །མ་མོ་འག་ན་ཙསྐྲ་ཡིན། །མགོ་གཞུགས་པའི་བཞིན་རྣམས་བརྟགས། །མ་མོ་ལས་ཀྱི་ཐུན་སྡུད་སྔགས། །ཟབ་པ་སྔགས་ཀྱི་ལེའུ་སྟེ། །སྲིད་པ་རྒྱུད་ལུས་ལས་ལེའུ་སྟེ་བཅུ་བཞི་པའོ། །དེ་ནས་མ་མོའི་ལྟ་བ་ཡིན། །གཉིས་མེད་བདེ་ཆེན་ཀློང་དུ་ལྟ། །རང་འབྱུང་མ་མོ་དང་དུ་ལྟ། །སྣང་སྲིད་ཡུམ་གྱི་བྷ་གར་ལྟ། །སྐྱེ་འགྲོ་འབྱུང་བ་ལྔ་རུ་ལྟ། །སྣང་ཞིང་སྲིད་པ་གྲོལ་བར་ལྟ། །རང་བྱུང་ཡེ་ནས་དག་པར་ལྟ། །ཡེ་ཤེས་མ་མོའི་ལྟ་བ་ཡིན། །ལམ་གྱི་མ་མོའི་ལྟ་བ་ཡང་། །སྣང་ཞིང་སྲིད་པ་སྒྱུ་མ་སྟེ། །སྒྱུ་མ་ཡེ་ནས་རང་བཞིན་མེད། །རང་བཞིན་མེད་ལས་རང་བཞིན་བྱུང་། །རང་བཞིན་གྲོལ་བའི་སེམས་ཅན་ལ། །ཐུགས་རྗེས་འགྲོ་བ་སྐྱོབ་མཛདཔ། །ལམ་གྱི་མ་མོའི་ལྟ་བ་ཡིན། །ལས་ཀྱི་མ་མོའི་ལྟ་བ་ནི། །སྙིང་རྗེ་མེད་ཅིང་གསོད་ལ་དགའ། །མི་ཤ་ཁྲག་ལ་ལོངས་སྦྱོད་བྱེད། །སེམས་ཅན་སྲོག་དང་གསོད་པར་བྱེད་། །ནད་དང་རིམས་ཀྱི་བདག་མོ་སྟེ། །ཁ་ནས་ནད་ཀྱི་རླང་བ་འཐོར། །སྣ་ནས་བསྐལ་པའི་རླུད་དམར་འ་། །མིག་ནས་སྔོན་དམར་གཞའ་ཚོན་འཆར། །སྣང་སྲིད་ཞིག་པར་བྱ་བ་སྟེ། །མ་མོ་ང་ནི་འཇིགས་བྱེད་ཡིན། །སྣོད་ཀྱི་འཇིག་རྟེན་ཞིག་བྱ་སྟེ། །སད་སེར་རྩ་ནི་འཇིགས་བྱེད་ཡིན། །བཅུད་ཀྱི་འཇིག་རྟེན་ཞིག་བྱ་སྟེ། །རིམས་དང་ནད་དང་དལ་དང་མཚོན། །བསྐལ་བ་འཇིག་པར་བྱེད་པ་སྟེ། །ཧ་ཡིས་སེམས་ཅན་སྒྲགས་པར་འགྱུར། །ཧུ༷་གིས་སེམས་ཅན་སྒྲགས་པར་སྤྲོ། །འདོད་ཆགས་ཞེས་སྡང་ལ་སོགས་པ། །འཁྲུག་པ་ལས་ཀྱི་མ་མོ་ཡི། །ལྷ་བ་ཡིན་པར་ང་ཡིས་བཤད། །མ་མོའི་ལྟ་བ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་གི་ལེའུ་སྟེ་བཅོ་ལྔ་པའོ། །དེ་ནས་མ་མོའི་སྤྱོད་པ་ཡང་། །གང་དུ་ས་ཕྱོགས་དཀར་བ་སྲ །སྐུ་དང་མཆོད་རྟེན་བརྩིག་པ་དང་། །ཚ་ཚ་འདེབས་དང་ཉེ་འདོན་དང་། །ཟམ་འཕྲང་ཆོས་དང་བསྐོར་བ་དང་། །ཡི་གེ་འདྲི་མཆོད་བཀླག་པ་དང་། །ཉན་དང་ཁ་དོན་ལ་སོགས་པའི། །མདོར་ན་དཀར་པོའི་ཆོས་རྣམས་དང་། །དེ་ཡི་རྫས་དང་ཡོ་བྱད་དང་། །བཅང་ཞིང་རྩ་བསྤྱོད་པ་ཡིན། །མ་མོ་གོང་མའི་སྤྱོད་པའོ། ལས་ཀྱི་མ་མོ་སྦྱོད་པ་ནི། །མི་ཤཁྲག་ལ་ལོགས་ཀུསྤྱོད་བྱ། ཁྲ་ཆེན་ཟ་ཞིང་ཁྲག་ཆེན་བཏུང་། །ལས་་ཀྱི་མ་མོ་བདུན་ཅུ་བརྒྱད། །ལུས་འཁོར་ལོའི་རྩིབས་བཅུ་གཉིས་ལ་དྲག་སྔ་དགོད། །མ་མོའི་སྐུ་གཟུགས་བྲིས་ནས། །ཚིལ་ཆེན་དུད་པ་རྒྱུན་མི་བཅད། །ཚིལ་ཆེན་མེ་མར་དེ་བཞིན་གཏང་། །དང་པོ་ལྔ་ཡི་མཆོད་པ་ཡང་། །དུས་དྲུག་རྒྱུན་མི་བཅད་པར་དབུལ། །རྐང་གི་གླིང་བུ་བུད་པར་བྱ། །ཐོད་པའི་ཆ་ལང་བརྡབ་པར་བྱ། །ཐོད་པ་བཏགས་ལ་རྔ་ཡང་བརྡུང་། །སྲིད་པ་སྤྱི་བླུགས་ཝ་ས་ཆེན་བགོ །སོར་ཚིགས་འཕྲེང་བ་བགྲང་བར་བྱ། །བུད་མེད་ཚུལ་དུ་ལབ་ཆུང་བགོ། །རང་ག་ཆེན་མཚོག་གསལ་དམིགས་ཏེ། །བདུན་གནས་རྣམས་ནི་མ་མོར་ལྟ། །སྣང་ཞིང་སྲིད་རྫས་རྣམ་པ་ཀུན། །མ་མོའི་རྫས་སུ་བལྟ་བར་བྱ། །བུད་མེད་ཚོགས་ལ་ཁྲོ་མི་བྱ། །རང་གིས་ཉེས་ན་དཔང་མི་གཟུགས། །དུར་ཁྲོད་ཆས་ཀྱི་སྦྱོད་པ་དང་། །སྨན་མོའི་སྤྱོད་པ་འཕྲལ་དུ་བྱ། །མདོས་ན་གདུག་ཅིང་ག་་པ་ཡི། །སྤྱོད་པ་བྱ་བར་མ་གསུངས་སོ། །སྲིན་པོ་དང་ནི་སྲིན་མོ་ཡིན། །སྦྱོད་པ་ཡིན་པ་ང་ཡིས་གསུངས་། །མ་མོའི་སྤྱོད་པ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་བཅུ་དྲུག་པའོ།། །།།དེ་ནས་མ་མོའི་དཀྱིལ་འཁོར་ནི། །ཆོས་ཉིད་བརྟག་པའི་ངང་ལ་འདོད། །མ་བཙེས་བདལ་བའི་དཀྱིལ་འཁོར་ནི། །ཆོས་ཉིད་སྤྱི་ཁྱབ་ཆེན་པོར་འདོད། །རང་རིག་རང་གསལ་དཀྱིལ་འཁོར་ནི། །ཡེ་ཤེས་སྣང་བ་ཆེན་པོར་འདོད། །བྷ་ག་ཡོངས་ཀྱི་དཀྱིལ་འཁོར་དང་། །བདེ་ཆེན་ཐིག་ལེའི་དཀྱིལ་འཁོར་དང་། །བྱ་རྩལ་ལྷུན་གྲུབ་དཀྱིལ་འཁོར་དང་། །མཐའ་དབུས་གཉིས་མེད་དཀྱིལ་འཁོར་དང་། །ཡ་མཚན་རྨད་དུ་བྱུང་བའི་དཀྱིལ་འཁོར་དང་། །ངོ་མཚར་ཡོངས་རྫོགས་དཀྱིལ་འཁོར་དང་། །བདེ་ཆེན་ཀློང་འབྱམས་དཀྱིལ་འཁོར་དང་། མཁའ་དབྱིངས་ལྷུན་གྲུབ་དཀྱིའ་འཁོར་དང་། །བདལ་བ་ཆེན་པོའི་དཀྱིལ་འཁོལ་ཡིན། །ཡེ་ཤེས་མ་མོའི་དཀྱིལ་འཁོར་ཡིན། །ཇི་ལྟར་འདུལ་བའི་དཀྱིལ་འཁོར་ནི། །ལམ་གྱི་མ་མོའི་དཀྱིལ་འཁོར་ཡིན། །ཕྱིར་རུ་རྡུལ་ཚོན་དཀྱིལ་འཁོར་དང་། །ནང་དུ་ཀེང་རུས་དཀྱིལ་འཁོར་་ངང་འང་ཏེངངང་་སྙེའིང་ངདེངང་སགས། །སྒྲུབ་པའ་སྐབས་སུ་གསུངས་པ་ཀུན། །ལས་ཀྱ་མ་མའ་དཀྱལ་འཁར་ ། །ཕྱར་ཡ་དཀྱལ་འཁར་རང་ལ་ཡང་། །དང་པ་བ ན་པ ་དཀྱལ་འཁར་ཡན། ། ་ནས་བསྒྲུབ་པའ་དཀྱལ་འཁར་དང་། །ལས་ལ་སྦྱོར་པའི་དཀྱིལ་འཁོར་དང་། །ལས་ཀྱི་ལྷག་པའི་དཀྱིལ་འཁོར་དང་། །ལྷག་མ་ངེས་པའི་དཀྱིལ་འཁོར་དང་། །ཉེ་བར་བསྒྲུབ་པའི་དཀྱིལ་འཁོར་དང་། །ཐེ་ཚོམ་མེད་པའི་དཀྱིལ་འཁོར་དང་། །ནང་ལ་སོགས་པ་དེ་བཞིན་ནོ། །བདུན་ཕྲག་བདུན་ཡང་བདུན་ཏེ། །བདུན་ཕྲག་བཅུ་གཉིས་མཁས་པས་དབྱེ། དཀྱིལ་འཁོར་དེ་དག་བཟླས་ལུགས་ནི། རང་ལས་དམིགས་ཏེ་བཟླས་པ་དང་། མ་མོ་ལ་དམིགས་ཏེ་བཟླས་པ་དང་། བདག་དང་མ་མོ་ལ་དམིགས་ཏེ་བཟླས་པ་དང་། བཟའ་བ་ལ་དམིགས་ཏེ་བཟླས་པ་དང་། སྲེག་བྱེད་མེ་ལ་དམིགས་ཏེ་བཟླས་པ་དང་། རྫས་དང་བྲལ་བ་ལ་དམིགས་ཏེ་བཟླས་པ་དང་། སྲིད་པ་ལྷ་སྲིན་ལ་དམིགས་ཏེ་བཟླས་པ་དང་། གཟའི་རྟེན་ལ་དམིགས་ཏེ་བཟླས་པ་དང་། །