Ngb-pt-0741-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

གོལ་ས་བཅད་པར་འདོད་པས། མདོ་འདི་ཉིད་ཀྱི་དོན་གྱིས་གཅད་པར་བྱའོ། །གང་ཞིག་བྱང་ཆུབ་སེམས་ཀྱི་དོན་རྟོགས་པར་འདོད་པས། །མདོ་འདི་ཉིད་ཀྱི་དོན་ཉམས་སུ་བླངས་པར་བྱའོ། །དེ་བས་ན་རྡོ་རྗེའི་དུས་ཆེ་་ངང་ངམིརེམི་དེ་རྗེཆེ་དེངངང་ཏེགིང་རྗེ་ཞིངཔ་ ན་པ་མད་འད་ན་ཁྱད་ལ་གཏད་ཀྱ་ ་ནུབ་པར་གྱུར་ཏ་ ། ཅང་ ་གསུང་བར་གྱུར་ཏ། ། ་ནས་རྡ་ ་འདུས་པ་ ན་པ་ ས་ཤན་ཏུ་དགའ་བའ་ཡད་གཡས་ ། རང་ ་གསང་བའ་རྡ་ ་གནས་སུ་གསར་ ་འདི་སྐད་ཅེས་དམ་བཅས་སོ། །བཅོམ་ལྡན་འདས་ལྷུན་གྲུབ་དབྱེར་མེད་ངང་གི་རྒྱལ་པོ། མདོ་འདི་ནི་བདག་ལ་སོགས་པ་རྣམས་ཀྱིས་མི་ནུབ་པའི་རྒྱལ་མཚན་ཆེན་པོ་གཟུགས་སོ། །ཆོས་ཀྱི་རྔ་མངོན་པར་བརྡུངས་སོ། །ཆོས་ཀྱི་དུང་མངོན་པར་བུད་དོ། །ཆོས་ཀྱི་ཆར་མངོན་པར་དབབ་བོ། །ཆོས་ཀྱི་འཁོར་ལོ་མངོན་པར་བསྐོར་རོ། །ཞེས་དམ་བཅས་སོ། །རྡོ་རྗེ་ཕུར་པ་ལུང་གི་ཁ་བྱང་བྱང་ཆུབ་སེམས་ཀྱི་མདོ་ལས། མདོ་ཡོངས་སུ་གཟུང་ཞིང་གཏད་པའི་ལེའུ་སྟེ་དགུ་པའོ།། །།རྡོ་རྗེ་ཕུར་པ་ལུང་གི་ཁ་བྱང་བྱང་ཆུབ་སེམས་ཀྱི་མདོ་ཞེས་བྱ་བ་རྫོབང་་སོ།། །།རྒྱ་གར་སྐད་དུ། བཛྲ་ཀྲོདྷ་མ་ཧྭ་རྭ་ཛ་གུ་ཧེ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་གསང་བ་ཆེན་པོ། བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་ཉིད་རྡོ་རྗེ་འདུས་པ་ཆེན་པོ་དེ་སྲིད་པ་ཐམས་ཅད་ཀྱི་བདག་པོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད། རིགས་རྣམས་ཀུན་གྱི་བྱེད་པ་པོ། གསང་བ་པས་ཀྱང་ཆེས་གསང་བ་དེས།འཇིགས་པའི་སྐུ་སྣ་ཚོགས་པ། འཇིགས་པའི་གསུང་སྣ་ཚོགས་དང་། འཇིགས་པའི་ཐུགས་རྟོག་པ་མི་མངའ་བའི་ཐུགས་ཐམས་ཅད་མཁྱེན་པ་དང་ལྡན་པ། འགྲོ་བ་འདུལ་བའི་དོན་དུ་བསམ་གྱིས་མི་ཁྱབ་པར་མཛད་པ་ལས། འདིར་འཇིགས་བྱེད་ཀྱི་ཁྲོ་བོ་སྣང་ནས་དོན་མཛད་དེ། སྐུ་འཇིགས་པའི་ཆ་ལུགས་ཀྱིས་སེམས་ཅན་གྱི་དོན་མཛད་དེ། དབུ་དགུ་བརྒྱ་ཕྲག་སྟོང་བརྒྱད་བརྒྱ་དང་། ཞབས་བརྒྱད་དུ་སྤྲུལ་ནས་སྣང་། སྐུ་འགྱིང་བའི་ཆ་ལུགས་ལ་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཞལ་ནས་ཀི་ལ་ཡ་འབྲུག་ལྟར་སྒྲོགས་པ་དེ་ལྟ་བུའི་སྟོན་པ། གནས་ནི་འོག་མིན་གྱི་གནས་ཆེན་པོ་མཐའ་དང་དབུས་མེད་པ་མཐིང་ནག་འབར་བའི་གཞལ་ཡས་ཁང་འཕྲིན་ལས་རྣམ་པ་བཞིརངབཞིནགྱིསགྲུབཔ། དུར་ཁྲོད་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། ཚད་མེད་པ་བཞིའི་སྒོ་ནས་རང་བཞིན་གྱིས་འཇུག་པ། སྤྲུལ་པའི་གདན་རང་བཞིན་གྱིས་གྲུབ་པ། རྩེ་མོ་ཐམས་ཅདགཅིག་ཏུ་འཁྱིལ་བ། རྒྱུ་ཐམས་ཅད་རང་གི་རིག་པ་ལས་བྱུང་བ་ཕྱིན་ནང་མེད་པར་དུར་ཁྲོད་ཀྱི་གཞལ་ཡས་ཁང་དེ་ལྟ་བུ་ཡོད་པ་ནི་རང་བཞིན་གྱིས་གནས་སོ། །གསང་བའི་ཡུམ་འཁོར་བ་ཐམས་ཅད་རྒྱས་འདེབས་པའི་ཀུནཏུ་བཟང་མོ་སྐྱེ་བ་མེད་པའི་དོན་ལས་མ་གཡོས་པ། རིག་པའི་རྩལ་ཁྲོ་ལྟར་སྣང་བ་ཞལ་གཅིག་ཕྱག་གཉིས་པ་ཞབས་བརྟུལ་ཞུགས་དགེས་པའི་ཚུལ་དུ་བཞུགས་པ། རྒྱན་དང་ཆ་ལུགས་ཀྱི་བརྒྱནཔ། དབྱིངས་དང་ཡེ་ཤེས་ཀྱི་ཕྱག །དང་ལྡན་པ་མཁྱེན་པ་གསུམ་དང་ལྡན་པའི་སྤྱན་གསུམ་དང་ལྡན་པ། སྟོངཔ་ཉིད་ཀྱི་ཡེ་ཤེས་དང་ལྡན་པའི་དོན་དུ་རལ་པ་མཐིང་ནག་ཏུ་འདུག་པ། ཕུང་པོ་ལྔ་གནས་སུ་དག་པའི་ཁྲག་འཐུང་ཆེན་པོ་ལྔ་དང་། འབྱུང་བ་ལྔ་གནས་སུ་དག་པའི་ཁྲོ་མོ་གསང་བའི་ཡུམ་ལྔ་དང་། དབང་བཅུ་གནས་སུ་དག་པའི་ཁྲོ་བོ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་གནས་སུ་དག་པའི་ཁྲོ་མོ་བཅུ་དང་། ཤེས་པ་བཅུ་གནས་སུ་དག་པའི་སྤྲུལ་པ་བཅུ་དང་། འཛིན་པ་བཅུ་གནས་སུ་དག་པའི་མགོ་བརྙན་མ་བཅུ་དང་། འཇུག་པའི་ཚོགས་དྲུག་རྟེན་ཁོག་པ་དང་། བཅས་པའི་ཁྲོ་བོ་ཆེན་མོ་བདུན་དང་། སྤྲུལ་པ་དང་ཡང་སྤྲུལ་ལ་སོགས་པ་རེ་རེ་ལ་ཡང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། དེ་ལ་སོགས་ཏེ་འཁོར་དང་གཡོག་དང་ཡང་གཡོག་ཏུ་བཅས་པ། བྲན་དང་ཡང་བྲན་དང་འཁོར་དང་ཡང་འཁོར་ལ་སོགས་པ་བསམ་གྱིས་མི་ཁྱཔ་དང་ལྡན་པར་བཞུགས་སོ། །རང་རིག་པའི་ཆོ་འཕྲུལ་ནི་བསམ་གྱིས་མི་ཁྱབ་པ་དང་ནི་ལྡན། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་དྲེགས་པ་ཅན་ཐམས་ཅད་ནིསྒྲོལ། འཁོར་རྣམས་ཐམས་ཅད་ཀྱི་དབང་དུ་བསྡུས། སྟོང་གསུམ་ཐམས་ཅད་ཡམ་ཡོམ་ཤིག་ཤིག་ཏུ་གྱུར་ཏེ། ཐམས་ཅད་ཁྲོ་བོའི་འཇིག་རྟེན་དུ་སྣ་བར་གྱུར་ཏོ། །ཁམས་གསུམ་གྱི་འཁོར་བ་རང་ག་མ་ནི་མིང་མི་གྲག །ལྷ་དང་ལྷ་མོའི་ལིང་ལོང་དུ་གྱུར་ནས་ཁམས་གསུམ་ཐམས་ཅད་ཀྱང་དུས་གཅིག་ཏུ་བཏུལ་བར་གྱུར་ཏོ། །ཡང་དག་རྫོགས་པའི་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་དང་ལྡན་པས་ཅིའི་ངོ་བོ་ཀྱང་སྤྲུལ་ནས་བཞུགས་སོ། །སངས་རྒྱས་ཐམས་ཅད་ཀྱང་གཅིག་ཐ་དད་དུ་སྣང་ངོ་། །ཞེས་གསང་བའི་བདག་པོས་དེ་སྐད་ཅེས་གསུངས་སོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོས་ཞུས་པ། ཀྱེ་རྡོ་རྗེ་འདུས་པ་ཆེན་པོ་གསང་སྔགས་ཀྱི་དོན་དང་། །ཚུལ་དང་། རང་བཞིན་ཇི་ལྟ་བུ་ཞེ་ན། རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། གསང་པའི་བདག་པོ་ཉོན་ཅིག །དོན་ནི་སངས་རྒྱས་རྣམས་ཀྱི་དེ་ཁོ་ན་ཉིད་མ་བཅོས་པ་ཡེ་བཞིན་པ་ཇི་ལྟ་བའི་དོན་ཆོས་ཀྱི་དབྱིངས་སངས་རྒྱས་རྣམས་ཀྱིས་ཀྱང་མི་མཁྱེན་པ། རང་གི་ངོ་བོ་ཐམས་ཅད་ལ་ཡོད་པ། བྱེད་སྩལ་མེད་པ་རང་བཞིན་གྱིས་འདོ་གསལ་བ། མ་འདྲེས་ལ་ཡོངས་སུ་རྫོགས་པ། ཐམས་ཅད་བསྐྱེད་པའི་ཡུལ་འབྱུང་བ་ཐམས་ཅད་ཀྱི་ངོ་བོ་ཉིད་གསང་བ་བས་ཀྱང་ཆེས་གསང་བའོ། །རང་བཞིན་ཡེ་ནས་གནས་པ་སྟེ་ས་གཞི་རིན་པོ་ཆེ་དང་འདྲ་བ། ནམ་མཁའ་བཞིན་མ་ཁྱབ་པ་མེད་པ། ཐམས་ཅད་ཀྱི་བདག་པོ་ཡིན་པ། ཡེ་ནས་ཡོད་པ་རང་བཞིན་ཁྱབ་པ། ཀུན་གྱི་བྱེད་པ་པོ་དེ་ལྟ་བའི་དོན་ནོ། །ཚུལ་ནི་རྗེས་སུ་རྙོག་པ་སྟེ། ང་དང་རང་བཞིན་བདག་ཉིད་ཆེན་པོའི་དོན་གྱིས་མཇལ་བ་སྟེ། ཤེས་རབ་རྣམ་པ་གསུམ་གྱིས་འཇལ་བ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་སུ་རྟོགས་པ། ཤེས་པའི་རིགས་པ་ཇི་ལྟར་སྐྱེས་པ་ཐམས་ཅད་ཆོས་ཀྱི་སྐུའི་བདག་ཉིད་སྣང་བའི་དངོས་པོ་ཐམས་ཅད་ཡེ་ཤེས་ཀྱི་བདག་ཉིད། །སྒྲ་སྐད་རབ་འབྲིང་ཐ་མ་ཐམས་ཅད་ནི་རང་གི་གསུང་དུ་གྲག་ལ་ཉི་མ་འོད་ཀྱི་རང་བཞིན་དུ་ཤར་ཏེ། ཉི་མ་ནི་གཞན་གྱིས་མ་བྱས་པ་དང་། དུས་གསུམ་དུ་མི་འགྱུར་བ་དང་། ཀུན་ལ་སྙོམས་པའི་ཡུམ་དང་། ཆོས་ཉིད་རང་གི་འཆར་བའི་ཡུལ་ཐ་དད་དུ་སྣང་ཡང་གཡོས་བ་མེད་པ། ཕྱིན་ཅི་མ་ལོག་པ་རུ་སངས་རྒྱས་པ་མེད་པ། གཞན་ནས་མ་བྱུང་བ། རང་བཞིན་གྱིས་འོད་གསལ་བ། གཉེན་པོ་གང་ཡང་མེད་པ། དུས་གསུམ་དུ་མི་འགྱུར་བ་དང་རང་བཞིན་མ་འགགས་པ། རིག་པའི་རྩལ་གྱིས་ཁྱབ་པ། ཀུན་ལ་སྙོམས་པའི་ཡབ་ཡུམ་གྱིརངབཞིནརངལཡོདཔས་གཞན་ལ་བཙལ་དུ་མེད་པ། སྣ་ཚོགས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་ཡིན་པས། རྒྱལ་བ་རྣམས་ཀྱི་སྐུ་སྣ་ཚོགས་ཅིར་ཡང་སྣང་མོད་ཀྱང་། ཀུན་ཀྱང་རིན་ཆེན་ལྟ་བུ་སྟེ། དོན་དང་ལས་བྱུང་བསྒོམས་པས་གྲུབ་པོ། །དངོས་པོ་གཅིག་རུ་མ་ངེས་པས། ངོ་བོ་གཅིག་ལ་སྣ་ཚོགས་ཤར། ཤར་ཀྱང་དབྱིངས་ལས་གཡོས་པ་མེད། །གཡོས་མེད་དེ་ནི་དེ་བཞིན་ཅེས་པ་གསུངས་པས་ཚུལ་རིག་པར་འགྱུར་རོ། །ཁྲག་འཐུང་རིགས་ལྔ་ལ་སོགས་པ་འཁོར་རྣམས་ཀུན་གྱིས་ཞུས་པ། རྡོ་རྗེ་འདུས་པ་ཆེན་པོ་བདག་ཅག་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཇི་ལྟ་བུ་ལགས། དེ་སྐད་ཅེས་ཞུས་པས། རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། འཁོར་རྣམས་ཕལ་མོ་ཆེ་ཉོན་ཅིག །ཁྱེད་རྣམས་ཀྱི་དོན་ནི་གཅིག་ཏུ་ཡོད་ལ་བགྲང་དུ་མེད་པ་ཉིད་དོ། །ཀུན་ལ་ཁྱབ་ལ་ངོ་བོ་མེད་པ་ཉིད་དོ། །འདུས་མ་བྱས་པ་ཉིད་དོ། །རང་བཞིན་གྱིས་འོད་གསལ་བ་ཉིད་དོ། །ཐམས་ཅད་ཀྱི་ངོ་བོ་ཉིད་དུ་འགྱུར་བའོ། །སྨྲ་མེད་པ་ཉིད་དོ། །བརྗོད་པ་ཀུན་གྱི་ངོ་བོ་ཉིད་དོ། །ཚིག་མེད་པའོ། །ཚིག་ལམ་ཆད་པའོ། །ཀུན་གྱི་བདག་ཉིད་དོ། །ཀུན་གྱི་བྱེད་པ་པོའོ། །ཚུལ་སྣ་ཚོགས་སུ་བཞུགས་པའོ། །དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དོ། ཁྲེ་སྐད་ཅེས་བཀའ་སྩལ་པས། འཁོར་རྣམས་ཐམས་ཅད་སྐྲག་པར་གྱུར་ཏེ། བརྒྱལ་ནས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རྣམས་གྱིས་སྔོན་ཆད་མ་མཐོང་མ་ཤེས་པ་ངོ་མཚར་ཆེའོ། །བདེ་བར་གཤེགས་པ་ངོ་མཚར་ཆེའོ ཨ་ལ་ལ་ཧོ་ཞེས་དགེས་པར་གྱུར་ཏོ། །ཆོས་ཉིད་རང་བཞིན་གྱིས་དབང་དུ་གཅིག་ཏུ་བསྐུར་པས། ཐམས་ཅད་ཀྱིས་དུས་གཅིག་ཏུ་ཐོབ་པར་གྱུར་ཏོ། །གསང་བ་བའི་བདག་པོ་དེ་ལྟ་བུའི་དོན་གྱི་རང་བཞིན་ཅན་དེ་ཀུན་ལ་སྙོམས་པར་ཡོད་དམ་ཅི་ཞེས་གསོལ་པས། རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། རང་བཞིན་གནས་ཀྱང་རང་གིས་བསྒྲིབས་པ་ཉིད་དོ། །ཀུན་ལ་ཁྱབ་ཀྱང་མ་མཐོང་བ་ཉིད་དོ། །ལྷན་ཅིག་ཡོད་ཀྱང་ངོ་མ་ཤེས་པ་ཉིད་དོ། །ནམ་མཁའ་དངས་ཀྱང་སྤྲིན་གྱིས་མཚུངས་པ་དང་འདྲའོ། །དེ་རྣམས་ལ་ཤེས་པའི་ཐབས་ནི་ཇི་ལྟ་བུ་ཞེ་ན། རང་ལ་ཡོད་ལ་གཞན་ལ་མེད་པར་ཤེས་པར་གྱིས། །རང་གམ་བོར་ནས་རྒྱ་མཚོ་ལ། །སེམས་ཀྱི་སེམས་བསལ་དེ་མི་རྙེད། །དེ་རྙེད་དེ་ནི་དྲོད་ཅིག་རྟོགས། །དྲོད་ཅིག་རྙེད་ནས་དོན་ཅིག་རྟོགས། །དོན་རྟོགས་ཕན་ཆད་དེ་ཁོ་ན་ཉིད་ལ། །གཞན་ཞེས་བྱ་བའི་དོན་བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་གསུངས་སོ། །གསང་བའི་བདག་པོས་ཡང་ཞུས་པ། རྡོ་རྗེ་འདུས་པ་ཆེན་པོ་དེ་ལྟ་བུའི་ཚུལ་ནི་མ་རིག་གསང་སྔགས་ཀྱི་སྤྱོད་པ་སྒྲ་བཞིན་སྤྱད་པས། ཡི་དགས་ཀྱི་སྲིན་པོ་ཆེན་པོར་ནི་སྐྱེས། ཁམས་གསུམ་འཁོར་བའི་སྡུག་བསྔལ་མང་པོ་ནི་སྤྱད། སྐྱེ་བ་མི་མཐུན་པ་ནི་བསམ་གྱིས་མི་ཁྱབ་པ་ཅིག་བླངས། སྦྱོར་བ་ངན་པས་ནི་ཐམས་ཅད་དབང་དུ་བསྡུས། རུ་དྲའི་སྲིན་པོ་ཆེན་པོར་ནི་སོང་བ་དེ། སེམས་ཅན་ཐམས་ཅད་དཀར་པོའི་ཆོས་ནི་༄༅ མིང་ཡང་མེད་པ་དེ་གདུལ་བའི་ཐབས་ཇི་ལྟར་བྱ། །ཞེས་གསོལ་པ་ལས། རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། གསང་བ་པའི་བདག་པོ་ཉོན་ཅིག །འདི་འདུལ་བའི་ཐབས་ནི་གཞན་གྱིས་ཐུལ་བར་མི་འགྱུར་གྱིས། འདི་ནི་ངའི་སྤྱོད་ཡུལ་ལོ། །ངའི་མཛད་པའོ། །ངའི་འཕྲིན་ལས་སོ། །དེ་སྐད་ཅེས་གསུངས་པ་དང་། གསང་བ་བའི་བདག་པོ་ལ་སོགས་པ་རྣམས་ཀྱི་དུས་གཅིག་བསྟོད་པ་ལེགས་སོ་ཡིན་ནོ། །འཐད་དོ་ཅེས་བསྟོད་པར་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། གླེང་སླངས་དང་གནང་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འདུས་པ་ཆེན་པོ་དེ་གདུག་པ་འདུལ་བ་ཞེས་བྱ་བ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །གསང་བའི་བདག་པོ་ཉོན་ཅིག །འདི་ནི་འདི་ལྟ་བུའི་རང་བཞིན་ཏེ། སྔོན་གྱི་བསྐལ་བ་ཐོག་མ་ལ་སློབ་དཔོན་དང་ཆོས་ཀྱི་རང་བཞིན་ལ་མ་འཇལ་ནས་རྩོད་གཞི་རུ་གྱུར་པས་རྐང་འོག་ནི་ལོག་པར་སྤྱད་པས། སྡུག་བསྔལ་སྣ་ཚོགས་མྱོང་བ་ཡིན་ཏེ། དེ་ནས་སྔོན་གྱི་སྲིད་པས་མཚམས་སྦྱར་ནས་ཡི་དགས་བྱའི་གཤོག་པ་ཅན་དུ་གྱུར་ནས། སེམས་ཅན་ཐམས་ཅད་ལ་གནོད་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་ནས། འདོད་ཁམས་དང་གཟུགས་ཁམས་གཉིས་དབང་དུ་བསྡུས་སོ། །ནད་མི་མཐུན་པ་སྣ་ཚོགས་དང་། གདོན་དུ་གྱུར་པ་བཅོ་བརྒྱད་དང་། ཡེ་འབྲོག་སུམ་བཅུ་དྲུག་ཅུས་ནིཁེངས་པརགྱུར་ཏོ། །སངས་རྒྱས་ཀྱི་བསྟན་པ་ནི་འཇིག་ལ་ཐུག་ནསམཛད་པསྣ་ཚོགས་བསྟན་པས་ཁོ་ཐུལ་བར་མ་གྱུར་ཏོ། །གསངབ་བའི་བདག་པོས་ཡང་ཞུས་པ། ཐུགས་རྗེའིབདག་པོ་ཁྱོད་དགོངས་པའི་དོན་ལ་ཐུགས་མ་གཡེལ་བར་དྲག་པོའི་འཕྲིན་ལས་མཛད་དུ་གསོལ། མྱུར་དུམཛད་དུ་གསོལ། དེ་སྐད་ཅེས་གསོལ་པས། རྡོ་རྗེ་འདུས་པ་ཆེན་པོ་དེ་དྲག་པོ་དེ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ།ཁམས་གསུམ་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་གྱུར། ཨོབཛྲ་ཀི་ལི་ཀི་ལ་ཧུ༷་ཧུ༷། ཞེས་པ་བརྗོད་པས། སྟོང་གསུམ་ཐམས་ཅད་ཡམ་ཡོམ་དུ་གྱུར། ལྷུན་གྲུབ་པའི་ས་ལ་གནས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤིནཏུ་སྡངས་ཤིང་བྲེད་པར་གྱུར་ལ། ཕྱག་ན་རྡོ་རྗེརང་ཡང་བརྒྱལ་བརགྱུརཏོ། །རང་གི་འཁོར་ན་གནས་པའི་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་ཀྱང་རྔམ་ཞིང་འདར་བར་གྱུར་ཏོ། །ཕཊ་ཕཊ་ཅེས་བརྗོད་པས། སྟོང་གསུམ་ཐམས་ཅདསྟོར་སྟོར། རབ་ཏུ་སྟོར་སྟོར། ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་ཏུ་གྱུར་ཏོ། །སརྦ་བིག་ནན་བ༷་ཧུ༷་ཕཊ་ཅེས་པས་བརྗོད། དྲེགས་པ་ཐམས་ཅད་བརྒྱལ། ལ་ལ་འགྱེལ། ལ་ལ་ཤི་ལ་ཁད། ལ་ལ་ནི་དབང་དུ་འདུས་ནས་རང་དབང་མེད་པར་བཅ་པར་འགྱུར། དེ་ནས་ཀི་ལི་ཀི་ལ་ཡ་སརྦ་བིག་ནན། ཅེས་བརྗོད་པས། ཁྲོ་བོ་དང་། ཁྲོ་མོ་སྤྲུལ་པ་དང་། །ཡང་སྤྲུལ་ལསོགས་པ་ཐམས་ཅད་དང་།འཁོར་ན་གནས་པ་ཀུན་བཀའ་སྡོད་ཞལ་གཅིག་ཕྱག་གཉིས་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པར་གྱུར་ནས། ཀུན་ཀྱང་དྲག་སྔགས་སྒྲོགས་ཤིང་ཕུར་པ་འདེབས་པ་ཉི་ཚེར་གྱུར་ཏོ། །བདག་རང་གི་ཐུགས་ཀ་ནས་ཀྱང་ཁྲོ་བོ་དང་ཁྲོ་མོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་ན་ཕུར་པ་འདྲིལ་བ་སྨད་ཕུར་པར་འདུག་པ་ཤ་དག་གོ །བདག་ཉིད་ཀྱིས་ཀི་ལ་ཡ་ཕཊ། ཅེས་བརྗོད་པས། དུས་གཅིག་ལ་ཡང་དབང་མེད་པར་འདེབས་པར་གྱུར་ཏེ། ཁམས་གསུམ་ཐམས་ཅད་ཕུར་བུའི་རང་བཞིན་དུ་གྱུར་ནས་དྲེགས་པ་ཅན་ཐམས་ཅད་དུས་གཅིག་ཏུ་བསྒྲལ་ལོ། །སྐད་ངན་ཚེར་ཚེར་མཚེར་བ་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏོ། །དེ་ནས་བདག་ཉིད་ཀྱིས་ཁུ་ཧི་ཁུ་ཧི་ཞེས་བརྗོད་པས། ལྷ་རྣམས་ཐམས་ཅད་ཀྱིས་འབྱུང་པོ་ཐམས་ཅད་ཀྱི་ཤ་ཁྲག་དུས་གཅིག་དུ་གསོལ། རུས་པ་ཐམས་ཅད་འཆོལ་ནས་ཡན་ལག་དང་ཉིང་ལག་ཐམས་ཅད་ནི་བཅད་ག་ས། ནང་ཁྲོལ་ཐམས་ཅད་ནི་དྲངས། ཙིསྟ་ཐམས་ཅད་ནི་ཁྲོ་བོ་ཆེན་པོའི་ཞལ་དུ་གསོལ། དེ་རྣམས་ཀྱི་ཕྱག་མཚན་ནི་ཁྲོ་བོ་ཁྲོ་མོས་ཁྱེར་ཏེ་ཕྲོགས། ཕུང་པོ་ལྷག་རོལ་ནི་གདན་དུ་བཏིངས། འཁོར་གཡོག་ཐམས་ཅད་ནི་བྲན་དུ་བཀོལ། གདུག་པ་པོ་ནི་མིང་ཡང་མི་གྲགས་པར་བྱས་སོ། །དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་བཞུགས་སོ། །ཐམས་ཅད་བདེ་བ་ཆེན་པོའི་ཞིང་ཁམས་སུ་གྱུར་ཏོ། །ཁམས་གསུམ་གྱི་སེམས་ཅན་ཐམསཅད་ཀྱང་སྦྱོར་བ་ངན་པདེ་མིང་མེད་དུ་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་ཆེན་པོ་གསང་བའི་རྒྱུདལས། དྲེགས་པ་ཅན་བ་་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པ་ཆེན་པོ་དེཐུགས་རྗེས་འབྱུང་བ་ཆེན་པོ་དེ་ཐུགས་རྗེས་འབྱུང་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཁམས་གསུམ་ཡེ་ནས་སྐུ་གསུང་ཐུགས། །སྲིད་གསུམ་ཡེ་ནས་ཕུར་པའི་ལྷ། །འགྲོ་དྲུག་ཕུར་བུངོ་བོ་ཉིད། །ལྷ་ནི་གཞན་ནས་བོད་མི་དགོས། །སྟོང་གསུམ་ཞིང་ཁམས་རྣམ་པར་དག །རི་རབ་གླིང་རྣམས་གཞལ་ཡས་ཁང་། །དབང་ཆེན་གཞན་ནས་བསྐྱེད་མི་དགོས། །སྐྱེ་འགྲོ་རྩི་ཤིང་ཕུར་བུའི་གཟུགས། །སྐུ་ནི་གཞན་དུ་བསྒོམ་མི་དགོས། །སྒྲ་སྐད་རབ་འཟིང་ཀི་ལ་ཡའི་གཟུགས། །སྙིང་པོ་གཞན་དུ་བརྗོད་མི་དགོས། །དྲན་རྟོགས་ཐམས་ཅད་གཉིས་མེད་ཐུགས། །ཡེ་ཤེས་གཞན་དུ་བསྐྱོད་མི་དགོས། །ཇི་ལྟར་སྣང་བ་ཡུམ་གྱི་དབྱིངས། །མཚན་མ་སྣ་ཚོགིས་ཡེ་ཤེ་དང་། །གཉིས་སུ་མེད་པ་ཟུང་འཇུག་གོ །དེ་ལྟ་བུ་ཡི་རང་བཞིན་ནོ། །ཞེ་གསུང་སོ། །དེ་ནས་གསང་བའི་བདག་པོ་ཞུས་པ།ཀྱེ་རྡོ་རྗེ་འདུས་པ་ཆེན་པོ། ཕུར་པའི་དོན་དང་། རངབཞིན དང། མ་སཚུལ་དང་། ངེས་པ་ཇི་ལྟ་བུ་གཞན་གྱི་དོན་དུ་བཤད་དུ་གསོལ། གསང་བ་པའི་བདག་པོ་ཉོན་ཅིག །དོན་ནི་སྐྱེ་མེད་ཆོས་ཀྱི་དབྱིངས། །སངས་རྒྱས་ཉིད་ཀྱིས་བསྟན་བཀའ་ན། །དེ་ལྟ་བུ་ཡི་ཚུལ་རིག་ན། །དོན་དུ་ངེས་པར་ཤེས་པར་བྱ། །རང་བཞིན་ལ་ནི་གཉིས་ཡིན་ཏེ། །དོན་དམ་ཀུན་རྫོབ་རྣམ་གཉིས་སོ། །དམ་པའི་དོན་དུ་བསྟན་པ་ནི། །གཉིས་སུ་མེད་པའི་ཆོས་ཀྱི་སྐུ། །ཀུན་ལ་ཁྱབ་པའི་རང་བཞིན་ཅན། །གཅིག་དང་དངོས་པོ་དུ་མ་བྲལ། །རིག་པས་ཕྱིན་ཅི་མ་ལོག་པར། །ལྷན་གྱི་རྟོགས་པ་ཕུར་བུའོ། །ཀུན་རྫོབ་ཚུལ་དང་རྣམ་གཉིས་ཏེ། །མཚན་མ་བཅས་དང་མཚན་མ་མེད། །རྣམ་པ་གཉིས་སུ་ཡོངས་སུ་བསྟན། །མཚན་མ་མེད་པ་གང་ཞེ་ན། །དངོས་པོ་རང་བཞིན་མི་དམིགས་པར། །རིག་པས་ཉམ་སུ་མྱོང་བ་ནི། །ཕུར་པ་ཞེས་སུ་བསྟན་པ་ཡི། །མཚན་མ་རྣམ་པ་བསྒོམ་པ་ཡིན། །རྟོགས་ཚོགས་མ་སྤངས་ལྷ་རུ་བསྒོམ། །རང་ཉིད་གསལ་བར་གྱུར་པ་ནི། །ཕུར་པ་ཞེ་སུ་བརྗོད་པ་ཡིན། །ཚུལ་ནི་དོན་རྟགས་གཉིས་སུ་བསྟན། །དོན་ནི་སྐུ་གསུང་ངོ་བོ་ཉིད། །རྟགས་ནི་ཕྱི་རབ་རྣལ་འབྱོར་རྣམས་ཀྱི་ལམ། །ཆོས་ཀྱི་སྐུ་ནི་མཐའ་དབུས་མེད། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །རང་གི་ངོ་བོ་བསྟན་པ་དཀའ། །ལོངས་སྦྱོད་སྐུ་དང་ཡེ་ཤེས་སོ། །སྤྲུལ་སྐུ་ཅིར་ཡང་སྤྲུལ་ནས་སྟོན། །རྡོ་རྗེ་འདུས་པ་ཆེན་པོ་རྟགས་ནི་གང་དང་གང་ཞེ་ན། །ཏིང་ངེ་འཛིན་དང་དཀྱིལ་འཁོར་དང་། །གཟུགས་བརྙན་རྫས་དང་བྱ་ཐབས་དང་། འཕྲིན་ལས་ལས་ཀྱི་བྱ་ཐབས་དང་། །དོན་དེ་ཡོངས་སུ་ཤེས་པར་གྱིས། །རྡོ་རྗེ་འཇིགས་བྱེད་ཆེན་པོ་གསང་བའི་རྒྱུད་ལས། དོན་དང་རང་བཞིན་ཚུལ་རྟགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འདུས་པ་ཆེན་པོ་དེ་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །རྡོ་རྗེ་ཁྲོས་པ་ཞེ་སྡང་གཅོད། །ཐུགས་ནི་ཡང་དག་རྡོ་རྗེ་ཉིད། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །རྣམ་པར་མི་རྟོག་རྟོག་ལས་འདས། །གཟུང་འཛིན་མཚན་མ་གཉིས་མ་གྲུབ། །གཉེན་པོ་མེད་པའི་ཡེ་ཤེས་ནི། །མཚན་མའི་དངོས་པོ་ཐམས་ཅད་འཇོམས། །མ་བཅོས་ངང་གིས་དེ་བཞིན་ནོ། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །གཉིས་སུ་མེད་པའི་ཡེ་ཤེསདང་། །ཀུན་ལ་སྙོམས་པའི་ཡུམ་གྱི་ངང་། །མཐའ་དབུས་མེད་པར་ཁྱབ་པའོ། །རིག་པས་ཕྱིན་ཅི་མ་ལོག་པར། །འོད་གསལ་རྗེས་སུ་འཇུག་པའོ། །རང་གི་རིག་པ་ཧུ༷་ཉིད་དེ། །རིག་པའི་ཧུ༷་དང་དོན་གྱི་ཧུ༷། །ཧུ༷་གཉིས་སུ་ནི་ཤེས་པར་བྱ། །རང་གི་རིག་པ་ཡེ་ཤེས་ལས། །ཇི་ལྟར་བསྒྱུར་བ་བཞིན་དུ་སྣང་། །རང་གི་སེམས་ཀྱི་རྩལ་རྫོགས་པས། །སྟོང་པར་བསྒོམ་མམ་མཚན་མར་བསྒོམ། །གང་ལྟར་སྣང་ཡང་རང་གི་ངོ་། །དེ་ཕྱིར་ཧུ༷་གསལ་བར་བསྒོམ། །བདག་ཉིད་ཧཱུཾ་དུ་གསལ་བ་ལས། །འབྱུང་བ་ལྔ་ཡི་དཀྱིལ་འཁོར་བསྒོམ། །ཡ༷་ར༷་ཁ༷་སུ་ར༷་ཨེ་ཀེ། སྣང་སྲིད་ཡེ་ནས་སྟོང་པ་ལས། །རང་གི་རིག་པ་རླུ་་དུ་སྣང་། །ཡིན་པའི་དོན་ལ་ཡིན་པར་བསྒོམ། །རྣལ་འབྱོར་སེམས་ཉིད་ཁ༷་དུ་ཤར། །བ༷་དཀར་ཆུ་ཡི་རང་བཞིན་བསྒོམ། །རྣལ་འབྱོར་སེམས་ཉིད་སུ་རུ་ཤར། །གསེར་གྱི་ས་གཞི་ཡིན་པར་བསྒོམ། །རྣལ་འབྱོར་སེམས་ཉིད་ར༷་དུ་ཤར། །སྨིན་ཅིང་བཏང་བ་ཉིད་དང་ལྡན། །རྣལ་འབྱོར་སེམས་ཉིད་ཨེ་རུ་ཤར། ཁུ་གསུམ་ཨེ་ཡི་རང་བཞིན་ནོ། །རྣལ་འབྱོར་སེམས་ཉིད་རྐ་དུ་ཤར། །རི་རབ་ཆེན་པོའི་རང་བཞིན་ལ། །རྒྱ་ཁྱོན་དཔག་ཏུ་མེད་པའོ། །རང་གི་རིག་པའི་ཡེ་ཤེས་ལས། །སྒྱུ༷་ཞེས་ངེས་པར་བྱུང་བ་ཡིས། །བསྐྱེད་པའི་སྔགས་ཀྱི་གཞལ་ཡས་ཁང་། །སྒོ་དང་དབྱིབས་དང་ལྡན་པར་བསྒོམ། །གསེར་གྱི་འཁོར་ལོ་རྩིག་པར་རབ་ཏུ་བྱས། །ཚངས་པ་ཡི་ནི་གདུང་བརྒྱད་དང་། །ཞིང་ཆེན་བཅུ་དྲུག་ཀ་བ་བྱས། །ས་བདག་བཅུ་དྲུག་གདན་དུ་བཏིང་། ཁུ་སྐར་ཉི་ཤུ་རྩ་བརྒྱད་མིག །གཟའ་བརྒྱད་མཐོང་ཁུངས་དག་དང་ལྡན། །ཞིང་ཆེན་ཕོ་མོ་ཕྲམ་ཕྲན་ལ། །མཆོག་ཕྲན་དག་གི་དྲད་ཐབས་བྱས། །ཀ་རུ་ན་ཡི་ཡ་སྤྱིབས་ལ། །ཆུ་སྲིན་ནག་གིས་མ་ཐེམས་བྱས། །རིགས་བཞི་སྦྲུལ་གྱི་སྐྱེས་བུ་ལ། །མཛེས་པའི་ཞིང་གིས་སྒོ་མོ་བྱས། །ཕྱོགས་སྐྱོང་བཅུ་གཅིག་གདན་དུ་ཤར། །ཉི་ཟླ་པདྨ་རང་བཞིནགདན། །མཐའ་དབུས་རྒྱ་ཁྱོན་དཔག་དུ་མེད། །མཐོ་དམན་ཡངས་དོག་བསམ་མི་ཁྱབ། །དེ་ལྟ་བུ་ཡི་གཞལ་ཡས་ཁང་། །ཡིན་པའི་དོན་ལ་ཡིན་པར་བསྒོམ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། ཏིང་ངེ་འཛིན་བསྒོམ་པའི་རིམ་པ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འདུས་པ་ཆེན་པོ་དེ་དཀྱིལ་འཁོར་འབྱུང་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཚོནི་ཆེན་སྔོན་པོ་འབར་བ་ཡིས། །རིག་པའི་ཡེ་ཤེས་འབར་བའི་ཕྱིར། །བསྐྱེད་པའི་ས་བོན་ངོ་བོ་ལས། །བདག་ཉིད་རིག་པའི་རྩལ་གྱིས་བསྐྱེད། །ཡིན་པའི་དོན་ནི་ཡིན་པར་གསལ། །རྟོགས་པའི་ཕུང་པོ་མ་སྤངས་དག །ཀུན་གཞི་རྣམ་ཤེས་ངོ་བོ་ཉིད། །ཡེ་ནས་ཡིན་པའི་བདག་ཉིད་དོ། །རྟགས་ཀྱི་རང་བཞིན་འདི་ལྟ་སྟེ། །རྣམ་ཐར་སྒོ་གསུམ་དབུ་གསུམ་ལྡན། །ཡེ་ཤེས་དགུ་ཡི་སྤྱན་དགུ་ལ། །ཕ་རོལ་ཕྱིན་དྲུག་སྙན་གྱི་དོན། །མངོན་ཤེས་དྲུག་གི་ཤངས་དང་ལྡན། །སྟོང་པ་མི་དམིགས་སྐྱེ་མེད་ཤངས། །ཡེ་ཤེས་གསུམ་གྱི་ལྗགས་སུ་འདྲིལ། །རིགས་པའི་དོན་མཚོན་ཞལ་གསུམ་པ། །ཡེ་ཤེས་དྲུག་ཡུལ་ཕྱག་མཚན་བཅས། །ཡེ་ཤེས་དགུ་ཡི་རྡོ་རྗེ་རྩེ་དགུའོ། །འཕྲིན་ལས་བཞི་ཡི་རྒྱ་གྲམ་ཡིན། །སྟོང་པས་སྲིད་གསུམ་སྲེགས་པའི་མེ་དཔུང་ངོ་། །དུག་གསུམ་སྐུ་གསུང་ཐུགས་ཀྱི་དོན། །ཁ་ཊ༷་ཁ་ཡི་ཕྱག་མཚན་ནོ། །ཐབས་དང་ཤེས་རབ་དོན་མཚོན་ནོ། །བྱང་ཆུབ་སེམས་ཀྱི་ཕུར་པ་འདྲིལ། །དབྱིངས་དང་ཡེ་ཤེས་ཞབས་གཉིས་བརྐྱང་བསྐུམ་ཚུལ། །དྲེགས་པ་ཚར་བཅད་ཞབས་གཉིས་བགྲད་པའི་ཚུལ། །ཉོན་མོངས་མ་སྤངས་གླང་ཆེན་ཀོ་རློན་ལ། །འཕྲིན་ལས་བཞི་བརྩམ་སྟག་གི་ཤམ་ཐམས་ལྡན། །མཚན་ལྡན་མ་ཡི་དངོས་པོ་མ་སྤངས་ཞག་གི་ཐིག་ལེ་ལ། །སྙིགས་མ་མ་སྤངས་སྲོག་རྩ་ཨ་ཙ་ལི། །ཕྱི་ནང་ཆགས་པའི་ཡུལ་དག་ཁྲག་གི་ཐིག་ལེ་ལྡན། སྐུ་གསུམ་རྫོགས་པས་སྐམས་རློན་ཐོད་པས་བརྒྱན། །གཞན་ཡང་ཡེ་ཤེས་བསམ་གྱིས་མི་ཁྱབ་ཕྱིར། །ཁྲོ་ཚུལ་དྲུག་ཅུ་རྩ་གཉིས་ལྡན། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །དབྱིངས་དང་ཡེ་ཤེས་གཉིས་མེད་ཕྱིར། །རིག་པའི་ཡེ་ཤེས་ཚོན་གང་པོ། །སྙིང་ལ་ངེས་པར་གནས་པ་ཡིན། །གཟུངས་སུ་གྱུར་པའི་རྡོ་རྗེ་ལ། །རང་བཞིན་རྡོ་རྗེའི་དབྱིངས་སུ་གནས། །རྩ་བརྒྱད་འབྲུ་བརྒྱད་རང་བཞིན་ཏེ། །ཨོ་ནི་ཀུན་གྱི་དངས་ལ་གནས། །ཕཊ་ཀྱི་རླུད་སྒྲོམ་འཇུག་ལ་གདངས། །ཡོན་ཏན་ལྡན་པའི་ལྟེ་བ་ལ། །ཡེ་ཤེས་རྩ་ལ་གཉིས་གཉིས་ཏེ། །ཡོན་ཏན་རྩ་ལ་བཞི་བཞི་གནས། །གསུམ་པ་ཐ་མ་རེ་རེ་འོ། །སྲོག་གི་གོ་རུ་ཤར་བ་དང་། །སྲོག་ནི་མི་འགྱུར་ཆོས་ཉིད་ངང་། །གོ་རུ་རིག་པའི་ངོ་བོ་ལ། །ངོ་བོ་མི་དམིགས་ངང་ཉིད་ལས། །རིག་པའི་རྩལ་སྣང་ཡུམ་དུ་ཤར། །རྒྱན་དང་ཆ་ལུགས་ཡབ་དེ་བཞིན །དབྱིངས་དང་ཡེ་ཤེས་གཉིས་མེད་དོ། །རྡོ་རྗེ་གཤོན་ནུ་རིགས་འཛིན་རྣམས། །གཉིས་མེད་ཡེ་ཤེས་རྡོ་རྗེ་ནི། །ཉེས་པའི་སྐྱོན་གྱིས་མ་གོས་ཕྱིར། །ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར། །བསམ་གྱིས་མི་ཁྱབ་ཁྲོ་བོའོ། །སྲིད་གསུམ་སྐུ་གསུང་ཐུགས་ཀྱི་བདག །འདོད་པའི་དོན་ལ་གསོལ་བ་གདབ། །སྲིད་གསུམ་ལྷ་ཡི་བདག་ཉིད་ཡིན། །སྣང་སྲིད་ཁྲོ་བོ་དཀྱིལ་འཁོར་རོ། །ཡིན་པའི་དོན་ལ་ཡིན་པར་བསྒོམ། །རྗེས་ལཇུག་རྣམས་ཀྱི་ང་རྒྱལ་བསྐྱེད། །རང་གི་རིག་པ་ཅིར་ཡང་སྣང་། །ལྷ་ཡི་དཀྱིལ་འཁོར་འདི་ལྟ་བུ། །ཡིན་པའི་དོན་ལ་གསལ་བར་བཤད། །ཁྲོ་བོ་ཆེན་པོ་ཧུ༷་ཀར་དང་། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །ཕག་དང་སྨིག་བུའི་མགོ་ཅན་ནོ། །རྣམ་པར་རྒྱལ་དང་རྣམ་སྙེམས་མ། །སྟག་དང་བྱ་རྒོད་གཟུགས་སུ་གྱུར། །དབྱུག་པ་སྔོན་དང་སྡེར་མོ་དག །གཡག་དང་བྱ་རོག་རང་བཞིན་ནོ། །གཤིན་རྗེ་གཤེད་དང་དུར་ཁྲོད་བདག །ཤ་བ་འུག་པའི་རང་བཞིན་ནོ། །མི་གཡོ་མགོན་དང་རྟུན་ཁུང་མ། །གཟིག་དང་ཁུ་ཡི་མགོ་ཅན་ནོ། །རྟ་མགྲིན་རྒྱལ་དང་ག་་མོ་དང་། །བྱི་ལ་པུ་ཤུད་མགོ་ཅན་ནོ། །གཞན་གྱི་མི་ཐུབ་མདའ་སྙེམས་དང་། །སྤྱང་ཁུ་ཀྲ་ཡི་མགོ་ཅན་ནོ། །བདུད་རྩི་འཁྱིལ་དང་རླུད་འབྱིན་མ། །སེང་གེ་ཕ་ཝང་རང་བཞིན་ནོ། །ཁམས་གསུམ་རྒྱལ་དང་གསོད་མ་དང་། །དྲེད་དང་སྲེ་མོའི་མགོ་ཅན་ནོ། །སྟོབས་པོ་ཆེ་དང་བསྐུལ་མ་དང་། །དོམ་དང་བྱི་བའི་མགོ་ཅན་ནོ། །རྒྱན་དང་ཆ་ལུགས་གཙོ་དེ་བཞིན། །སངས་རྒྱས་ཐམས་ཅད་གཅིག་གི་ངང་། །གདུལ་བྱ་དོན་ཕྱིར་ཐ་དད་སྣང་། །སྐུ་དང་གསུང་ཡང་ཐ་དད་དོ། །ཕྱག་དང་ཕྱག་མཚན་མ་ངེས་ཏེ། །གདུལ་བྱའི་ངོ་ལ་ཐ་དད་དོ། །བསམ་གྱིས་མི་ཁྱབ་ངེས་པ་མེད། །འོན་ཀྱང་རྨོངས་ལ་མདོ་ཙམ་བསྟན། །རེ་ཞིག་ཞལ་གསུམ་ཕྱག་དྲུག་སྟེ། །རྒྱན་དང་སྐུ་མདོག་ཡབ་དང་མཐུན། །གཡས་གཡོན་བཞི་ནི་རྡོ་རྗེ་གཤོག་པས་གཏམས། །ཐ་མ་རི་རབ་ཕུར་བུ་འདྲིལ། །སྤྲུལ་པ་རྣམས་ནི་ཞལ་གཅིག་ཕྱག་གཉིས་ཏེ། །གཡས་པ་ལྕགས་ཀྱུ་གཡོན་པ་སྡིགས་མཛུབ་བསྣམས། །དབྱིངས་དང་ཡེ་ཤེས་དོན་རྟོགས་ཀུན་ལ་ཚང་། །ཡེ་ཤེས་ལྔ་ཡིས་རང་བཞིན་བརྒྱན། །སྐུ་ཡི་བྱེ་བྲག་བསམ་མི་ཁྱབ། །ཚངས་པའི་དབྱངས་ཀྱིས་ཀུན་ལ་ཁྱབ། །རེས་དགའ་ཞལ་གསུམ་ཕྱག་དྲུག་སྟེ། །ཞལ་ནི་སྐུ་མདོག་འཆོལ་བར་སྣང་། །ཕྱག་དྲུག་ཕྱག་མཚན་དྲུག་དང་ལྡན། །དང་པོ་དབྱིངས་དང་ཡེ་ཤེས་མཚོན། །གཡས་ཀྱི་བར་མ་འདུལ་བྱེད་རྟགས། །གཡོན་གྱི་བར་མ་སྦོད་གཏོང་འཛིན། །ཐ་མ་བྱང་ཆུབ་ཕུར་པ་འདྲིལ། །ཁྲོ་མོ་རྣམས་ནི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །གཡས་པ་ཤེས་རབ་ཐབས་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །སྤྲུལ་པ་རྣམས་ཀྱི་ཕྱག་མཚན་ཀྱང་། །གཡས་པར་རང་རྟགས་ཕུར་པ་འདྲིལ། །གཡོན་པ་གདུག་པའི་མཚོན་ཆ་ཕྲོགས། །ཞབས་གཉིས་བགྲད་པའི་ཚུལ་དུ་བཞུགས། །དབུ་ལ་བདག་པོས་བརྒྱན་པའོ། །ཞེས་བརྗོད་པའི་གཟིམས་མོས་མཉིས་པར་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། བདག་དང་ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འདུས་པ་ཆེན་པོ་དེས་བྱིན་བརླབ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཐམས་ཅད་གསུང་གི་སྒྲ་ལྟར་ཤེས་པར་གྱི་ཤིག །གསུང་ཉིད་སྒྲའོ། །སྒྲ་ཉིད་གསུང་ངོ་། །ཨོ་བཛྲ་ཀི་ལི་ཀི་ལི་ཡ་སརྦ་བིག་ནན་བ༷ཧུ༷་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྙིང་པོ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་སྙིང་པོ་འདི་བརྗོད་དོ། །ཨོ་བཛྲ་ཀྲོདྷ་ཧུ༷་ཀ་ར་ཧུ༷། གརྫ་གརྫ་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་བི་ཛ་ཡ་ཧུ༷ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་ནི་ལ་དཎྜ་ཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་ཡ་མརྙ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། །ཨོ་བཛྲ་ཀྲོདྷ་ཨརུ་ཨ་ཙ་ལ་ཧུ༷། བན་ད་བན་ད་ཧུ༷། ཨོ་བཛྲ་ཀྲོདྷ་ཧ་ཡ་གྲི་བ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་ཨ་པར་ཛི་ཏ་ཧུ༷། ཏིགི་ཏིགི་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་ཨ་མྲི་ཏ་ཀུཎྜལི་ཧུ༷། སྦྱིནྟྲ་སྦྱིནྟྲ་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧུ༷། སྟིན་དྷ་སྟིན་དྷ་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་མ་ཧྭ་བ་ལ་ཧུ༷་ཕཊ། སྒྲོ་ཊ་སྤྲོ་ཊ་ཧཱུཾ༷་ཕཊ། ཅེས་བརྗོད་པས་ཁམས་གསུམ་ཐམས་ཅད་གསུང་གི་དཀྱིལ་འཁོར་དུ་གྱུར་ནས་སྟོང་གསུམ་ཐམས་ཅད་འུར་འུར། རབ་ཏུ་འུར་འུར། ཚིག །རབ་ཏུ་ཚིག །ཀུན་ཏུ་ཚིག །འབར། རབ་ཏུ་འབར། ཀུན་ཏུ་འབར་བར་གྱུར་ཏོ། །དེ་ལྟར་དུ་སྣང་བར་འགྱུར་ཏོ། །འདྲེན་པའི་སྙིང་པོ་ཡང་ཡིན། རྒྱུན་གྱི་སྙིང་པོ་ཡིན། །བསྐྱེད་པའི་སྙིང་པོ་ཡང་ཡིན། འཕྲིན་ལས་ཀྱི་སྙིང་པོ་ཡང་ཡིན། ཟིལ་གྱིས་མནན་པའི་སྙིང་པོ་ཡིན། མཚན་ཉིད་ལྔ་དང་ལྡན་པ་འདི་ཀུན་དང་ཐུན་མོང་མ་ཡིན་ཞེས་གསུངས་སོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། ཁྲོ་བོ་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་འདུས་པ་ཆེན་པོ་དེ་གདུག་པ་འདུལ་བའི་སྲས་མཆོག་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གསང་བའི་བདག་པོ་ཉོན་ཅིག །འདི་ནི་ཡང་དག་པའི་དོན་ཏེ། སྔོན་གྱི་དུས་སུ་ཡང་ངས་དྲེགས་པ་ཅན་འདུལ་བའི་ཚེ་ཁྲོ་བོ་འདི་རྣམས་ཐུགས་ལས་སྤྲུལ་པ། དྲེགས་པ་ཅན་ཐམས་ཅད་བསྒྲལ་ནས་རྩད་བཅད་དོ། །དེ་བཞིན་རྣལ་འབྱོར་རྣམས་ཀྱིས་ཀྱང་འདིའི་དོན་སྒོམས་ཤིག་ཅེས་བཀའ་སྩལ་ཏོ། །གསང་བའི་བདག་པོས་ཞུས་པ། ཀྱེ་རྡོ་རྗེ་འདུས་པ་ཆེན་པོ། རྫས་ཀྱི་དཀྱིལ་འཁོར་ཇི་ལྟ་བུ། །སྲས་ཀྱི་དོན་ནི་ཇི་ལྟ་བུ། །མཆོག་གི་དོན་ནི་ཇི་ལྟ་བུ། །སྔགས་ཀྱི་དོན་ནི་ཇི་ལྟ་བུ། །དེ་སྐད་ཅེས་ཞུས་པས། །རྡོ་རྗེ་འདུས་པས་བཀའ་སྩལ་པ། །རྫས་ཀྱི་དཀྱིལ་འཁོར་ནི་ཇི་ལྟ་བུ། །ཕུང་པོ་རྡོ་རྗེ་གཏམས་བྱས་ནས། །མཚན་མའི་དངོས་པོ་རྫས་འདི་ལ། །གཅིག་ལ་དཀྱིལ་འཁོར་ཐམས་ཅད་ཚང་བར་བཀོད་པ་ནི་ཡོངས་སུ་རྫོགས་བའི་དཀྱིལ་འཁོར་རོ། །བདུན་ནམ་ཉི་ཤུ་རྩ་གཅིག་ལ་རེ་རེ་ལ་ཡང་དྲུག་ཅུ་རྩ་གཉིས་གྲུབ་པའི་སྐབས་སུ་ཤེས་པར་བྱ། །དྲག་པོའི་སྐབསསུཉིཤུགཅིག །ལསལརྒྱུག་ཀར་ཤེས་པར་གྱིས། །མཚན་མི་ལ་རྫས་ཀྱི་ཕུར་པའོ། །མཎྜལ་བཀོད་པ་རྒྱང་པ་ཡིན། །རིག་པའི་ཆོ་འཕྲུལ་ཅིར་ཡང་སྣང་། །སྲས་ཀྱི་དོན་ནི་འདི་ལྟ་བུ། །བདག་ཉིད་ཐུགས་ཀྱི་ཆོ་འཕྲུལ་ལས། །ཐུགས་ལས་ཕྱུང་ཞིང་མཁའ་ལ་གདོན། །སྙིང་རྗེ་སྒྲོལ་བའི་དམ་ཚིག་ནི། །རྣམ་ཤེས་བརྒྱད་ཀྱི་རང་བཞིན་ནི། །རིག་པས་ཐུགས་སུ་བསྟན་པ་ཡིན། །གཅིག་ལ་ཀུན་གྱི་ངོ་བོར་ཤར། །བདག་ཉིད་གསལ་བའི་ཀུན་ཀྱང་གསལ། །ཀུན་ཀྱང་བདག་ཉིད་ཇི་བཞིན་ཏེ། །མི་ཕྱིད་གཟུངས་སུ་གྱུར་པའོ། །མཆོག་གི་དོན་ནི་གང་ཞེ་ན། །བྱིན་གྱིས་བརླབས་པ་བརྒྱད་དང་ལྡན། །བྱུག་དུག་གཟི་བྱིན་སྐྱེད་དང་བཞི། །བཅུ་གཉིས་དོན་གྱི་ཡོངས་སུ་རྫོགས། །མ་ཧཱ་ཤུ་ཏ་ཆོས་ཀྱི་སྐུ། །རང་བཞིན་ཉིད་ཀྱིས་སྟོང་པའོ། །ཀཱི་ལ་ཡ་ཡི་ལོངས་སྤྱོད་རྫོགས། །རྒྱན་དང་ཆ་ལུགས་ལྡན་པའོ། །སརྦ་ཟིག་ནན་ཀྲིལ་སྐུ་སྟེ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་སོ། །བྷ་ག་བན་ནི་རིགས་ལྔ་སྟེ། །དབུ་ལ་ངེས་པར་བརྒྱན་པ་ཡིན། །ཨཱོཾ་ལཾཧཱུཾ་་རི་རབ་སྟེ། །བརྟན་ཞིང་མི་འགྱུར་ངང་དུ་བཞུགས། །ཀཱི་ལ་ཡ་ནི་རྫོགས་པ་ཡིས། །བདག་ཉིད་ལ་ནི་གདོན་ཅིང་བསྟིམ། །ཤྲི་ཀྲི་ཐབས་དང་ཤེས་རབ་ཀྱིས། །དེ་ཉིད་ངོ་བོ་གཉིས་མེད་བརྟགས། །ཧཱུཾ་ཀ་ར་ཨ་ནི་བརྗོད་པ་ཡིས། །དཀྱིལ་འཁོར་རྣམ་གསུམ་དུས་གཅིག་ཏུ། །བྱང་ཆུབ་སེམས་གསུམ་དུས་གཅིག་འདྲེས། །ཨ་ཡི་རང་བཞིན་གཅིག་པར་གྱུར། །ཡིད་ལ་དྲན་པའི་སྔགས་བརྗོད་པས། །རྣམ་གསུམ་དཀྱིལ།འཁོར་གསལ་བར་བསྒོམ། །ཆོས་ཉིད་ངང་དུ་འདྲེས་པ་ལ། །ཐམས་ཅད་ངོ་བོ་གཅིག་པར་གྱུར། །རྣམ་པར་ཤེས་པ་རྡོ་རྗེ་བསྒོམ། །བྱི་ཏ་ཡ་ཡིས་ཁྲག་ཆེན་བྱུག །ཧ་ས་དག་གི་གུ་གུལ་བདུག །ཐྲི་ཏྲི་དག་གི་ཚིལ་ཆེན་གྱིས། །གཟི་མདངས་དག་ནི་བསྐྱེད་པར་བྱ། །ཏ་ཐ་དག་གི་ཉུངས་ཀང་གྱིས། །བྲབས་ཏེ་ཁྲོ་བོའི་ཚུལ་དང་ལྡན་བར་བྱ། །རྣོ་ལ་ངར་བཏགས་ཇི་བཞིན་དུ། །ནུས་པའི་ཚད་དང་ལྡན་པའོ། །བཅུ་གཉིས་དོན་གྱི་མན་ངག་འདི། །ཕུར་པ་ཀུན་ལ་འབྱོར་བར་གྱིས། །མཐུན་པའི་རྫས་བདུན་གང་ཞེ་ན། །དུང་གི་ཕུར་པས་གྲོགས་འབྲེལ། །བྱ་རྒོད་དག་གི་ཕུར་པ་ཡིས། །ནམ་མཁའི་མཐའ་ནས་འགུགས་པར་བྱེ། །ཟངས་སམ་ཙན་དན་ཕུར་པ་ཡིས། །ཐམས་ཅད་ཟིལ་གྱིས་གནོན་པར་བྱེད། །གསེར་རམ་སེར་པོའི་ཤིང་རྣམས་ཀྱིས། །གང་ཡིན་སྡུག་བསྔལ་མྱོང་བར་བྱེད། །སེང་ལྡེང་དག་གི་ཕུར་པ་ཡིས། །ཚེ་སྲོག་ཐམས་ཅད་འཕྲོག་པར་བྱེད། །ལྕགས་སྣ་ལྔ་ཡི་ཕུར་པ་ཡིས། །གང་ཡིན་རྡུལ་དུ་རླག་པར་བྱེད། །བསྙེན་པའི་གྲངས་ནང་ཕུར་པ་ཡིས། །གང་ཡིན་ཀུན་གཞི་གཅོད་པར་བྱེད། །བསྙེན་པ་དག་ལ་གྲངས་འཛིན་བྱ། །བསྒྲུབ་པ་དག་ལ་ཕུར་རྟེན་བཅའ། །ལྕགས་ཀྱི་ཁང་པ་ཟུར་གསུམ་པ། །དུར་ཁྲོད་སོལ་བས་ཕྱིས་བྱུག་བྱ། །ཁྲག་ཆེན་དག་གིས་ནང་བྱུག་བྱ། །སྟེང་ནས་གྲུ་གསུམ་དབྱིབས་དང་ལྡན། །ཛ་ནི་བཞི་བཅུ་རྩ་གཉིས་ལྡན། །འཛིན་གྱིང་བཞི་བཅུ་རྩ་གཉིས་ལྡན། །དུང་སོགས་གསུམ་ནི་ཟུར་གསུམ་དགོད། །གསེར་སོགས་གསུམ་ནི་ལོགས་ལ་དགོད། །དམིགས་པའི་རྟེན་ནི་ལིང་ཁའོ། །དེ་ཡི་སྟེང་དུ་བསྙེན་ཕུར་རོ། །འཕྲིན་ལས་ལས་ཀྱི་རིམ་པ་ནི། །གོ་རིམ་བཞིན་དུ་བརྩམ་པར་བྱ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིག་ནན་བ༷་ཧུ༷་ཕཊ། བསད་ཅིང་མནན་པ་མ་ཡིན་ཏེ། །དང་པོའི་དོན་དུ་བསྙེན་པ་བྱ། །མཚན་མ་སྒོམ་པའི་རིམ་པ་དང་། །དེ་བཞིན་ཉིད་དུ་བསྒོམཔའོ། །མཚན་མའི་རིམ་པ་རྣམ་གསུམ་སྟེ། །དང་པོ་བདག་ཉིད་གསལ་བར་བཟླས། །དེ་ནས་ཡི་གེ་འཕྲེང་བར་བཟླས། །དེ་ནས་ཉེ་བའི་བསྙེན་པ་ལྷ་རྣམས་གསལ་བར་བཟླས། །དེ་བཞིན་ཉིད་ཀྱི་ཆོས་ཉིད་དང་། །གཉིས་མེད་དོན་དུ་བསྒོམ་པར་བྱ། །བསྒྲུབ་པ་ལ་ཡང་རྣམ་གཉིས་ཏེ། །སྒྲུབ་དང་སྒྲུབ་པ་ཆེན་པོ་གཉིས། །བསྒྲུབ་པ་ཡང་ནི་འདི་ལྟ་སྟེ། །ཕྱི་སྣོད་དུར་ཁྲོད་གཞལ་ཡས་ཁང་། །སྲིད་གསུམ་ཡེ་ཤེས་ལྷ་ཡི་བདག །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་དཀྱིལ་འཁོར་རྣམ་གསུམ་སྟེ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཞལ་ནས་ཀྱི་ལ་འབྲུག་ལྟར་སྒྲོགས། །ཁམས་གསུམ་འཁོར་བ་མིང་ཡང་མེད། །དེ་ནས་འཁོར་ལོར་བཟླས་པ་ནི། །རྩིབས་བརྒྱད་འཁོར་ལོ་ཆ་གཉིས་ལ། །དྲག་པོའི་མིང་སྤེལ་རྩིབས་ལ་བསྐྱོན། །བསྒྲུབ་པའི་དུས་དང་ལས་ལ་སྦྱོར་ཀ་གཉིས་སུ་བཟླས། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིག་ནན་བ༷་ཧུ༷་ཕཊ། མ་ཧ་བྷ་ཡ། བྷ་ག་བན་ཐྲིཀྲི་བི་ཀྲི་བཛྲ་ཧུ༷་ཀ་ར་ཧུ༷་ཧུ༷་ཕཊ། གཉས་ཀྱ་བར་དུ་མཚན་མ་གཞུག །ཁྲོ་བོ་ཁྲོ་མོའི་བར་མཚམས་སུ། །གཟས་པ་གང་ཡན་ཆུད་པར་བསམ། །རང་རེ་སྔགས་ཀྱིས་རང་རེ་བཟླས། །རང་རང་ལྷ་ཚོགས་གསལ་བར་བསྒོམ། །བསྒྲུབ་པ་ཆེན་པོ་བཟླས་པ་ནི། །དགུག་པར་བྱ་བའི་དོན་རྣམས་ནི། །ནན་དང་ཧུ༷་ཕཊ་བར་དུ་ནི། །ཛ་ཧུ༷་བ༷་ཧོ་གཞུག་པར་བྱ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །ཞབས་གཉིས་ཀུན་ཏུ་རྣམ་པར་རྒྱུག །གཡས་པ་ལྕགས་ཀྱུ་གཡོན་པ་ཐོ། །གང་ཡིན་འགུགས་ཤིང་གཟིར་བར་བྱེད། །ཧུ༷་དང་ཕཊ་ཀྱི་བར་མཚམས་སུ། །ཆེ་གེ་མོ་ནི་མར་གདགས། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ལ། །ཕྱག་ན་ཕུར་པ་འདྲིལ་བ་ནི། །ཀུན་ཀྱང་མི་བཟད་འཇིགས་པའི་སྐུ། །ཀུན་ལ་འདེབས་ཤིང་གཟིར་བར་བྱེད། །སྡུག་བསྔལ་ཉམས་སུ་མྱོང་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། སྲས་མཆོག་སྔགས་དང་བཅས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འདུས་པ་ཆེན་པོ་དེ་གཞན་གྱི་སེམས་འཕྲོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གང་ཞིག་གནོད་པར་གྱུར་པ་ནི། །སེམས་ཅན་ཀུན་ལ་གནོད་པ་དང། །སངས་རྒྱས་བསྟན་པ་འཇིག་བྱེད་དེ། །དེ་ལ་དྲག་པོའི་སྦྱོར་བ་བྱ། །ཞེས་པས། གསང་བའི་བདག་པོས་ཞུས་པ། །རྡོ་རྗེ་འདུས་པ་ཆེན་པོ། དམིགས་པའི་རྟེན་ནི་གང་ལ་བྱ། །བསྒྲལ་བའི་ཐབས་ནི་ཇི་ལྟ་བུ། །ཞེས་ཞུས་པས། རྡོ་རྗེ་འདུས་པས་བཀའ་སྩལ་པ། །དམིགས་པའི་རྟེན་ནི་ལིང་ག་སྟེ། །དེ་ནི་གང་དང་གང་ཞེ་ན། །བསྟབ་པའི་ལིང་ཁ་དག་དང་ནི། །བསྒྲལ་བའི་ལིང་གདག་དང་གཉིས། །གནན་པའི་ལིང་ཁ་དག་དང་གསུམ། །དེ་གསུམ་ལིང་གའི་མཚན་ཉིད་དོ། །བསྟབ་པའི་ལིང་ག་ཤོག་བུ་ལ། །མཚན་མ་གང་ཡིན་མིང་བྲིས་ལ། །དུས་བཞི་དག་ཏུ་བསྟན་པར་བྱ། །བསྒྲུབ་པ་དག་གི་ལིང་ཁ་ནི། །རྒྱུ་དྲུག་རྐྱེན་དྲུག་ཐབས་དྲུག །ཀི་ལ་ཡ་མཐའ་བརྒྱད་དག་གིས་བྱ། ་།་ནི་གང་དང་གང་ཞེ་ན། །གངས་ཀྱི་དུམ་བུ་གནམ་གྱི་ཐིགས་པ། །སྲུབ་མའི་ལོ་མ་ས་ཡི་རས། །དྲི་ཆེན་དྲི་ཆུ་རྣམ་གཉིས་སོ། །ཁྲེ་དང་ཇུ་རྩེ་ཕུག་མ་དང་། །གདུགས་ས་རྗེས་སུ་བདུད་ཆུད་ཆུ། །མིང་ཕུང་ས་དང་གྲོག་མཁར་ས། །ར་ཐུག་ལུག་ཐུག་བོང་བུའི་ཆུ། །ཆུ་བདུན་ངེས་པར་བསྟན་པ་ཡིན། །རེ་བ་དག་གི་ཐུམ་པོར་གཞུག །སྔོ་དམར་དག་གིས་བྱད་དུ་བྱ། །མཚན་བྱང་སྔགས་ཀྱི་དྲ་བར་བཞུག །ལྕགས་ཐག་ནག་པོས་སྐྱེ་ནས་གདགས། །སྦྱོར་བ་སྐོར་ཚོམས་གསུམ་དུ་བྱ། །གནན་པ་དག་ནི་ལིང་ཁ་ནི། །གྲོ་ག་དག་དང་ཤིན་ཤུན་ལ། །གཟས་པའི་མིང་རྣམས་བྲི་བར་བྱ། །སྔགས་ཀྱི་དྲ་བར་ངེས་པར་གཞུག །དེ་ནི་དམིགས་པའི་ལིང་གའོ། །བསྒྲལ་བའི་ཐབས་ནི་ཇི་ལྟར་བྱ། །བསྙེན་བསྒྲུབ་གཉིས་ནི་ཟིན་པ་དང་། །སྔགས་ཀྱི་ཐིག་ལེ་བརྟག་པ་གཅེས། །དེ་ནི་གང་དང་ཞེ་ན། བླ་ཡི་དྲོད་ཚད་རྣམ་གསུམ་ལ། །དྲག་པོ་ལས་ཀྱི་བྱ་བ་འདི། །གསུམ་དུ་ངེས་པར་བྱ་བར་གསུངས། །དང་པོ་དག་ལ་རྣམ་བདུན་ཏེ། །སྔགས་ཀྱི་སྐོར་ཚོམ་བདུན་དུ་བཟླས། །བསྐལ་བའི་ཚིག་དྲུག་ལས་ལ་བསྐུལ། །རང་གི་བསྐུལ་བདུན་ལས་དང་སྦྱར། །མཐུན་པའི་རྫས་ནི་གཅིག་ཏུ་དྲིལ། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་གཟིར། །རང་རེའི་ལྷ་རྣམས་གྲོགས་དང་འབྲེལ། །བྱ་རོག་ལ་ནི་རྡོ་བརྒྱབ་བཞིན། །རང་དབང་མེད་པར་བྲོས་པར་བསམ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། ་༑་ན་མུ་ཀའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་བྱེད་པ་རྣམས། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིགས་པར་ཁུག་ལ་སྨྲར་ཆུ་གཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ལུས་ངག་རྡུལཕྲནབཞིནདུརློགས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །སྡུག་བསྔལ་ཉམས་སུ་སྨྱོང་བར་མཛོད། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །གཉིས་པ་ལ་ནི་རྣམ་བདུན་ཏེ། །བསྐུལ་བའི་ཚིག་ནི་བདུན་དུ་སྡེབ། །རང་གི་ཚིག་བདུན་བསྐུལ་དང་སྡེབ། །རང་སྔགས་བདུན་དང་དམ་ཅན་གྱི་སྙིང་པོར་སྡེབ། །རང་རང་མཐུན་པའི་རྫས་བདུན་བཤམ། །གནད་ལ་དབབ་པའ་ཚིག་གིས་སྐོར་ཚོམ་བདུན་དུ་དབབ། །ཏིང་འཛིན་རང་རེ་བདུན་དུ་རྒྱུག །ཐུན་གྱི་ཆོ་ག་བདུན་དུ་དགྱེ། །གསུམ་པའི་དོན་ལ་རྣམ་བརྒྱད་དེ། །དྲག་པོ་སྔགས་ཀྱི་སྐོར་ཚོམས་མདུན་དུ་བཟླས། །རྒྱ་་།ག་དག་ལ་སེར་ཆེན་བབས་པ་བཞིན། །བཟོད་གླགས་མེད་པར་ཉལ་ཐག་གཅོད། །བསླུས་བའི་ཚིག་དང་རང་ཚིག་བསྡེབ། །དྲག་པོ་སྔགས་ཀྱི་སྔགས་རྫས་ཀྱིས། །སྐོར་ཚོམས་བདུན་དུ་བྲབ་པར་བྱ། །གནད་ལ་དབབ་པའི་ཚིག་བདུན་སྡེབ། །ཚིག་གི་ཕོ་ཉ་དྲག་པོ་གཏང་། །གཟིར་གནོན་དྲག་པོས་རྡུལ་དུ་བརླག །རང་དབང་མེད་པར་བསྒྲལ་བར་བྱ། །ཧ་ས་ཡ། ར་ཧ་ཏ་ན་ཧུ༷་ཕཊ། ཕྲི་བི་ཏྲི་ཨ་ན་ཡ་ཧྭ༷་ཕཊ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧུ༷་ཕཊ། ཛ་ལ་པ་ཡ་ཛ་པ་ཡ་ཧུ༷་ཕཊ། ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷་ཕཊ། བི་ཏ་ཡ་བི་ཏ་ཡ་ཧུ༷། ཨོ་ལ༷་ཧུ༷་ལ༷་སྟ༷་པ་ནན། མོ་ཧབྷ་ཡ། བ་ག་བ་ན། གྲི་ཀྲི་བི་ཀྲི་ཐྲི་བཛྲ། ཧུ༷་ཀ་ར་ཧུ༷་ཧུ༷་ཕཊ་ཕཊ། བཛྲ་གི་ལི་ཀི་ལི༷་ཡ། ཀི་ལ་ཡ། ཛ་ཧུ༷་བ༷་ཧོ།༷སརྦ་བིག་ནན་བཛྲ་ཀི་ལ་ཡ། ཧུ༷་ཀ་ར་ཧུ༷་ཕཊ། ཧུ༷་ཀ་ར་ཧུ༷། ཨ་ཨ་ཨ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏ༷་ཀ་ཏེ་བཛྲ། ཛ་ཡེ་བི་ཛ་ཡེ་བཛྲ། ཨ་ཙིད་ཏེ་བཛྲ་མ་ར་སན་པྲི་མར་ཏ་ཡེ་ཧུ་ཕཊ། མ་མ་པ་ཤི་ཀུ་རུ་མ་ཏ་ཉན། ཀ་ར་ཨི་ནན་ད་ཏི་མ་མ་ཤིག་ཀྲང་ཀ་རེ་ཡ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པ། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། །ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །གདུག་ཅིང་སྡང་སེམས་བྱེད་པ་ཡི། །ལྷ་ཡང་རུང་སྟེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པའི་བགེགས། །མཐུ་དང་རྫུ་འཕྲུལ་མེད་པ་གྱིས། །པ་ར་བིག་ཏ་ན་ཧུ༷་ཕཊ། ཚིན་དྷ་ཚིན་དྷ་ཧུ༷་ཕཊ། སྟིན་དྷ་སྟིན་དྷ་ཧུ༷་ཕཊ། །གྲི་ཎ་གྲི་ཎ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། བྷན་དྷ་བྷན་དྷ་ཧུ༷་ཕཊ །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲཛ་ལ་ཛ་ལ་བཛྲ། སརྦ་ཨ་ན་ཡ་ཧུ༷་ཕཊ། ཏ་ད་ཡ་ཏ་ད་ཡ་ཐ་ཧཱུཾ༷་ཕཊ། ཁྲག་ཟོར་ཉུང་ཟོར་དུག་ཟོར་དང་། །མཚོན་ཟོར་གཏོར་ཟོར་དྲབ་པར་བྱ། །འབུ་ལིན་ཏ་ར་ཡོ། བདག་ཉིད་གསལ་བར་གསུམ་ལྡན་པར་བྱ། །ཁྲུས་ལུང་རྣམ་གསུམ་རྫོགས་པར་བྱ། །ཚེ་ལུང་གསུམ་དང་ལྡན་པར་བྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོ་བ་པ། །རིགས་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས། །ཡུད་ཙམ་གྱི་ནི་འདིར་ཁུག་ལ། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཧུ༷་ཀ་ར་ཨ་ཨ་ཨ། ལས་ལ་རྒྱུ་སྐར་ཁྲོ་བོ་བདུན། །དམིགས་པའི་ལིང་ཁའི་གནས་བདུན་ལ། །ཡེ་ཤེས་བདུན་གྱི་དགོས་ཆེད་བརྟག །བདག་ཉིད་ཁྲོ་བོ་འདུས་པར་བསྒོམ། །རེ་རེ་ལ་ཡང་བདུན་བདུན་བསྒོམ། །གཅིག་ལ་བསྟབ་སྟེ་ཀུན་ལ་འདེབས། །རྫས་ཀྱིས་ཕུར་པ་རེ་རེ་ལ། །རང་རེ་ཚིག་དང་བསྐུལ་བདུན་སྦྲག །རང་རང་སྔགས་བདུན་དག་གིས་ནི། །ལས་སྔགས་བཅུ་གཅིག་གདགས་པར་བྱ། །ཐུན་དང་སྦྲགས་ལ་གདགས་པར་བྱ། །རྟེན་ནི་རྣམ་པ་བདུན་པོ་ལ། །ལམ་མགོ་བདུན་ནི་བཀུག་ནས་གུ །ཡེ་ཤེས་བདུན་དུ་ཤར་བར་བྱ། །དྲག་པོ་སྔགས་ཀྱི་སྨོན་ལམ་གྱིས། །སྔགས་དང་སྦྲགས་ཏེ་བརྡེག་པར་བྱ། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བི་ར་ཙརུའི་དུས་ལ་བབ་པའོ། །གནག་པོ་དེ་ཁོ་ན་ལའོ། །ཀི་ལི་ཀི་ལ་ཡ་ཉི་ཤུ་རྩ་གཅིག །ཨེ་གམ་འབར་བའི་དཀྱིལ་འཁོར་དུ། །གཟས་པ་གང་ཡིན་བརྡུང་བར་བྱ། །བརྡུངས་ཤིག་རྡོ་རྗེ་འབར་བའི་ག་། །བཀའ་ལས་འདས་པའི་སྡིག་ཅན་རྣམས། །ཁྲོ་མོ་འབར་བའི་ག་་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། ཁ་ཐམ་ཁ་ཐམ་ཁ་ཐམ་ཧུ༷་ཕཊ། ཡེ་ཤེས་རྡོ་རྗེ་ཐོ་བ་ཡིས། །གཟས་པ་གང་ཡིན་བརྡུང་བར་བྱའོ། །དེ་སྐོད་ཅེས་གསུངས་སོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། མངོན་དུ་བསྒྲལ་བའི་ཐབས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་འདུས་པ་ཆེན་པོ་དེ་འཕྲིན་ལས་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་དོ། །བཟླས་པའི་དྲོད་རྟགས་རྣམས་ལས། །བླ་ཡི་འཁོར་བ་གསུམ་བྱུང་བ། །འདི་ནི་ཤིན་ཏུ་ཟབ་པ་ཡིན། །དེ་ནས་བསྒྲལ་བའི་རིམ་པ་བྱ། །ཞེས་གསུངས་སོ། །གསང་བའི་བདག་པོས་ཞུས་པ། །རྡོ་རྗེ་འདུས་པ་ཆེན་པོ། དེ་ཡི་དོན་རྣམས་ཇི་ལྟར་བཟླས། །དྲག་པོའི་དོན་ནི་ཇི་ལྟར་བྱ། །ཞེས་གསོལ་པས། །དེ་ནི་འདི་ལྟར་བྱ་བ་སྟེ། །དུང་གི་ཕུར་པ་དག་ལ་ནི། །རང་གི་སྙིང་པོ་རབ་གྲངས་ལ། །དེ་ནས་ཁྲོ་སྔགས་བཅུ་པ་བཟླས། །དེ་ནས་ཐམས་ཅད་འདུས་པ་བཟླས། །དེ་ནས་གོང་མའི་སྔགས་ལྔ་བཟླས། །དུས་ལ་བབ་དྲུག་གི་ལས་ཀྱང་དགྱེ། །གུ་གུལ་ནག་པོའི་དུད་པ་གཏང་། །རང་གི་ལྷ་རྣམས་ཐམས་ཅད་ཀྱི། །བྱ་རོག་དག་ལ་རྡོ་བརྒྱབ་བཞིན། །རང་དབང་མེད་པར་བསྐྲད་པར་བྱ། །ཀུན་ལ་དེ་ལྷར་ཤེས་པར་གྱིས། །བྱ་ཕུར་དག་གི་ནི། རང་གི་སྙིང་པོ་མགོ་ནས་དྲང། །དེབཞིནགགཞནདང་འདྲ་ཤེས་ཀྱིས། །རང་རང་སྙིང་པོ་མགོ་ནས་དྲངས། །ཏིང་འཛིན་རྫས་དང་ཕོ་ཉ་གསུམ། །དྲག་པོ་སྔགས་ཀྱི་སྡེབས་དང་བཞི། །ཀུནལདེབཞིནའབྱོརཔརགྱིས། །བར་བ་ལ་ནི་བདུན་ཡོད་དེ། །རྫས་ཀྱི་ཕུང་པ་བདུན་ཉིད་དོ། །དང་པོ་ལ་ནི་འདི་བཞིན་ཏེ། །ཧ་ས་དག་དང་སུ་རུ་དང་། །ཀི་ལི་ལ་ཡ་བིང་བིང་ཧུ༷་ཕཊ། ཚིག་གི་ཕོ་ཉ་དྲག་པོ་ནི། །སྤྲུལ་པ་ཆེན་པོའི་དུས་ལ་བབ། ་༑་ན་མུ་ཀའི་དུས་ལ་བབ། །དངོས་གྲུབ་བར་བཅད་བྱེད་པའི་དགྲ །གདུག་ཅིང་སྡང་སེམས་བྱེད་པ་རྣམས། །རྟོགས་ཤིང་གྲོགས་དང་བྲལ་བར་གྱིས། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པ། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །གུ་གུལ་ནག་པོའི་དུད་པ་དང་། །གདུག་པའི་རྫས་ལང་སྦྲགས་ལ་བྲབ། །ཐུགས་ཀྱི་སྤྲུལ་པའི་ལྷ་ཚོགས་དང་། ་༑་ན་མུ་ཀ་ལ་སོགས་ཀྱིས། །རྒྱང་ཤོག་རླུད་གི་དེད་པ་ལྟར། །རང་དབང་མེད་པར་འོངས་པར་བསམ། །མཆོད་དང་བསྟོད་པ་ཚུལ་བཞིན་བྱ། །གཉིས་པ་དག་ནི་འདི་ལྟ་སྟེ། །ཕྲིཀྲི་དག་དང་མུ་རུ་རུ་སྦྲགས། །བཛྲ་ཀི་ལི་ཀི་ལ་ཡ། ན་མ་ས་མན་ཏ་བི་ཤོ་ཏ་བེ་ར་བེ་ར་ཧུ༷་ཕཊ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས། །བྲན་དང་ཅེས་པ་བརྗོད། །བལ་ཚོན་སྔོ་དམར་དག་གིས་བྲུབས། །ལིང་ག་དག་ལ་བདོག་པར་བྱ། །རང་གི་ལྷ་རྣམས་ཐམས་ཅད་དང། །བདག་ཉིད་ཆེན་མོ་འཁོར་བཅས་ཀྱིས། །གང་ཡིན་དེ་ནི་བྱད་བཅུག་ནས། །འགྱུར་དབང་མེད་༄༅ པར་འོང་བར་བསམ། །གསུམ་པའི་དོན་ནི་འདི་ལྟ་སྟེ། །ཨ་བེ་ཤ་ཡ་དག་དང་ནི། །རྐང་པ་གཉིས་ཀྱི་བར་དང་ནི། །བཛྲ་ཀི་ལ་ཡ་མ་ར་ཡ་ཧུ༷་ཕཊ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་པོའི་དུས་ལ་བབ། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཟངས་ཕྱེ་དངུལ་ཕྱེ་གསེར་པྱེ། །མུད་ཀའི་ཆན་དང་སྦྱར་པ་ཡིས། །གང་ཡིན་དེ་ལ་བྲབ་པར་བྱ། །ཐུགས་ཀྱི་སྤྲུལ་པའི་ལྷ་ཚོགས་དང་། །རྒྱལ་མོ་བཞི་དང་བཅས་པ་ཡི། །གང་ཡིན་དེ་ནི་གཟིར་བ་དང་། །རང་དབང་མེད་པར་འོང་བར་བསམ། །བཞི་པ་ཡང་ནི་འདི་ལྟ་སྟེ། །ཛ་ལ་པ་ཡ་དག་དང་ནི། །ཨ་ཙིསྟེ་ཨ་པ་ར་ཙི་ཏ །བཛྲ་ཀི་ལི་ཀི་ལ་ཡ་ཨུ་རྩུ་ས་མ་ཀྲོདྷ་ཧུ༷་ཕཊ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ རིངས་པར་ཁུག་ལ་སྨྲར་ཆུ་གཅིག །བྲན་དང་ཞེས་པ་སྔོན་དེ་བཞིན་ནོ། །འདའ་དུ་ར་ཡི་རྩ་བ་དང་། །རོ་ཤོབ་དང་སྲས་མའི་མེ་ཏོག་དག་དང་ནི། །ལྡུམ་བུ་དང་ནི་སེ་མོ་དོ། །དེ་རྣམས་སྦྱར་ལ་བྲབ་བར་བྱ། །གང་ཡིན་དེ་ནི་སྨྱོ་བ་དང་བརྒྱལ་བ་དང་། །སྡུག་བསྔལ་ཉམས་སུ་མྱོང་གྱུར་ནས། །རང་དབང་མེད་པར་འོང་བར་བསམ། །ལྔ་པའི་དོན་ནི་འདི་ལྟ་སྟེ། །ཏ་ཐུ་ཡ་དང་མ་ར་ཡ་བཛྲ་ཀི་ལི་ཀི་ལ་ཡ་ཚིནདྷ་ཚིནདྷ་ཧུ༷་ཕཊ། སྤྲུལ་པ་ཆེན་པོའི་དུས་ལ་བབ། ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཨ༷་གུ་ཤ་ནི་དཀར་ནག་དང་། ་་ས་ཀར་རྒྱལ་པོ་ལྕགས་པྱེ་བརྡེག །ལུས་དང་མགོ་པོ་ཡན་ལག་ཀུན། །བཅད་གཏུབས་དུམ་བུ་གྱུར་པ་དང་། །རང་དབང་མེད་པར་འོང་བར་བསམ། །དྲུག་པའི་དོན་ནི་འདི་ལྟ་སྟེ། །བི་དང་མ་མ་པ་ཤིར་བསྡེབ། །སརྦ་དུ་་མཇུག་ལ་གདགས། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། ཁྲ་སྣ་ཁྲག་སྣའི་ཚོགས་པ་ཡིས། །གང་ཡིན་དེ་ལ་བྲབ་པར་བྱ། །རང་གི་ཐུགས་ཀྱི་སྤྲུལ་པ་དང་། །མ་བདུན་ཚོགས་རྣམས་ཐམས་ཅད་ཀྱིས། །གཟས་པ་གང་ཡིན་དེ་རྣམས་ལ། །རིམས་ནད་སྣ་ཚོགས་གཏང་གྱུར་ནས། །གང་ཡིན་དེ་ནི་ལུགས་པར་བསམ། །བདུན་པའི་དོན་ནི་འདི་ལྟ་སྟེ། །ཨོ་ལ༷་དག་དང་འདི་ཏི་སྦྲག །ཨོ་སརྦ་ན་ས་པ་ར་ནི་ར་ནི་ནི། སརྦ་ནག་ཀ་ས་ནི་ནི། སརྦ་ཙིན་ཏར་ནི་ནི། ཀུན་གྱི་མཇུག་ལ་གཟས་པ་མིང་དང་ཨ༷་གུ་ཤ་ཡ་བཏགས། །དམ་ཚིག་ཆེན་པོའི་དུས་ལ་བབ། །དངོས་གྲུབ་བར་ཆོད་བྱེད་པའི་དགྲ །སྡུག་ཅིང་སྡང་སེམས་བྱེད་པ་རྣམས། །སྡུག་བསྔལ་ཉམས་སུ་མྱོང་བར་བྱེད། །ངའི་དེ་བཞིན་བྲན་དང་དེ་བཞིན། །ཐུགས་ཀྱི་སྤྲུལ་པའི་ལྷ་རྣམས་དང་། །དམ་ཅན་ཐམས་ཅད་འདུས་པ་ཡི། །དྲག་པོའི་རྫས་རྣམས་ཀུན་རྫོགས་པ། །བྲབ་ཅིང་གཟིར་བའི་ལས་རྣམས་བྱ། །སྡུག་བསྔལ་ཉམས་སུ་མྱོང་བ་དང་། །བཟོད་གླགས་མེད་པ་ཉལ་ཐག་ཆོད། །སྐད་ཅིག་ཡུད་ཀྱིས་འོང་བར་བསམ། །དེ་ལྟ་བུ་ཡིས་ཁུགས་པའོ། །གསུམ་པ་འབུ་ལིན་ཏ་ར་ཡ། །འདི་ཡི་དོན་ལ་རྣམ་བརྒྱད་དེ། །ཐ་མའི་དང་པོ་ལ་ནི་འདི་ལྟ་སྟེ། །ཨོ་ལ༷་ཏིང་ལ་ལས་སྔགས་བཅུ་གསུམ་གདགས། །ཉི་ཤུ་རྩ་གཅིག་གྲངས་དང་སྦྱར། །ཕོ་ཉ་དྲག་པོའི་དྲུག་ཡང་བསྡེབས། །རྡོ་རྗེ་གསང་བའི་ཚིག་དང་ནི། །གདུག་ཅིང་སྡང་སེམས་བསྡེབ་པར་བྱ། །ཟོར་སྣ་བདུན་གྱི་ལས་རྣམས་བྱ། །ཀུན་ཀྱང་གཅེར་བུ་རལ་པ་ཅན། །ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ། །སྨད་ཀྱང་ཕུར་པའི་དབྱིབས་སུ་གནས། །གང་ཡིན་དེ་ཡི་ལུས་ངག་ལ། །མཚོན་ཆ་སྣ་ཚོགས་ཆར་དུ་དབབ། །རྒྱ་ཤོ་བ་ལ་སེར་ཆེན་བབ་པ་བཞིན་དུ་བཟླས། །ལུས་ངག་ཡིད་གསུམ་ཕྱེ་མར་གྱུར། །མཆོད་དང་བསྟོད་པ་ཚུལ་བཞིན་བྱ། །གཉིས་པ་ཡང་ནི་ཧ་ས་དང་། །ལས་སྔགས་བཅུ་གསུམ་སྒྲག་པར་བྱ། །གསུམ་པ་ཡང་ན་ཤི་བ་དང་། །དེ་བཞིན་དུ་ཡང་བསྡེབ་པར་བྱ། །བཞི་པ་ཡ་ནི་ཨ་པ་དང་ནི་དེ་བཞིན་བསྡེབ། །ལྔ་པ་ཛ་ལ་དང་ནི་བཞིན་ནོ། །བདུན་པ་བི་དང་དེ་བཞིན་བསྡེབ། །བདག་ཉིད་ཤིན་ཏུ་འདྲིས་པ་དང་། །གསལ་བ་རྣམ་གསུམ་ཚུལ་ལྡན་ནས། །ཁྲུས་ལུང་རྣམ་གསུམ་ལུང་རྫོགས་བྱ། །ཚེ་ལུང་རྣམ་གསུམ་སྲོག་དང་ལྡན། །རྫས་ཀྱི་ཕུར་པ་བདུན་གཤེར་ལ། །བྱིན་གྱིས་བརླབ་དང་བྱུག་ལ་སོགས། །གོངམབཞིནདུབྱབགཅེས། །བསྐུལ་དྲུག་རང་གི་ཚིག་དྲུག་བསྡེབས། །དང་པོའི་ཚིག་དང་ཐ་མ་གཉིས། །ཀུན་ལ་དེ་བཞིན་གདགས་པར་བྱ། །བསྐུལ་དང་ཚིག་གི་མཇུག་ཏུ་ནི། །བྱང་ཆུབ་མཆོག་ཏུ་གདགས་པར་བྱ། །རང་རང་སྙིང་པོ་བདུན་དང་ནི། །ལས་སྔགས་མཚན་རྣམས་མཐུན་པར་སྦྱར། །ཐུགས་ཀྱི་སྤྲུལ་པ་བདུན་ཉིད་ནི། །བདག་ཉིད་ཀྱི་ནི་ཆ་འཛིན་དང་། །རྣམ་པར་རྒྱལ་དང་གཤིན་རྗེ་གཤེད། །མི་གཡོ་མགོན་དང་རྟ་མགྲིན་དཔལ། །སྟོབས་པོ་ཆེ་དང་ཁམས་གསུམ་རྒྱལ། །འདི་རྣམས་ཀྱི་ནི་ལས་ལ་རྒྱུག །གནས་ནི་ཀུན་གཞི་ལྟེ་བ་དང་། །གསང་བ་མིག་དང་རྣ་བ་དང་། །སྤྱི་བོར་སྟབ་ལ་རྐང་མཐིལ་དབྱུང་། །མགྲིན་པ་དག་དང་བདུན་དུ་གདབ། །སྦྱོར་བའི་ལས་མེད་བདུན་བྱ། །དེ་སྐད་ཅེས་གསུངས་སོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། ལས་ཀྱི་སྦྱོར་ལ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། །གསང་བའི་བདག་པོ། དོན་འདི་ནི་བསྒྲུབ་པའི་འཕྲིན་ལས་མཐར་དབྱུང་བར་བྱ་སྟེ། འཕྲིན་ལས་ཐམས་ཅད་ཀྱི་མཇུག་ལས་ཀྱི་དཀྱིལ་འཁོར་བཞེངས་སུ་གསོལ་བར་བྱའོ། །བསྒྲུབ་པ་དང་བསྒྲུབ་པ་ཆེན་པོ་ལས། འདི་ན་བསྒྲུབ་པ་ཆེན་པོ་ཡིན་པར་བྱའོ། །གསང་བའི་བདག་པོས་ཞུས་པ། རྡོ་རྗེ་འདུས་པ་ཆེན་པོ་འཕྲིན་ལས་ཀྱི་དོན་ནི་གང་། ལས་ཀྱི་དཀྱིལ་འཁོར་ནི་གང་། །བསྒྲུབ་པ་ཆེན་པོ་ནི་གང་ལགས། དེ་སྐད་ཅེས་ཞུས་པ་དང་། རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །འཕྲིན་ལས་ཀྱི་དོན་ནི་རྣམ་པ་བཞི་རུ་ཤེས་པར་བྱའོ། །དཀྱིལ་འཁོར་ནི་གསུམ་མམ་དྲུག་ཏུ་ཤེས་པར་བྱ། བསྒྲུབ་པ་ནི་གཉིས་སུ་ཤེས་པར་བྱའོ། །དེ་རྣམས་ཀྱི་དོན་ནི་ཇི་ལྟ་བུ། གསང་བའི་བདག་པོ་བཞིའི་དང་པོ་ནི་འདི་ལྷ་སྟེ།ལས་ཀྱི་དཀྱིལ་འཁོར་ནི་བྱ་བ་དང་གཅིག །རྫས་དང་ཡོ་བྱད་བསགས་པ་དང་གཉིས། དྲག་པོ་སྔགས་ཀྱི་བྱ་ཐབས་དང་གསུམ། བསྐུལ་བ་ལས་ཀྱི་ཕོ་ཉ་དང་བཞི། ཁྲིག་དང་བསྟན་དེ་འཕང་དང་ལྔ། །དེ་ལྔས་དང་པོ་དོན་ཤེས་བྱ། །གཏན་ཚིགས་རྒྱས་པར་བཤད་དུ་གསོལ། །དཀྱིལ་འཁོར་ཆེན་པོ་འཇུག་ལ་ནི། །བྱ་བའི་ལས་རྣམས་གོང་བཞིན་ནི། །རང་གི་དགོས་སུ་བྱ་བ་ནི། །མཐིང་ནག་གྲུ་གསུམ་ཟླ་གམ་དམར། །ཟླུམ་པོ་ཨེ་ཡི་མཐའ་བསྐོར་ལ། །རྩང་དང་ཐོད་པ་གཞུང་བཞི་དགོད། །འཕྲིན་ལས་བཞི་ཡི་ཕུར་བུ་བཞི། །ཕྱོགས་བཞི་དག་ཏུ་མཚམས་གཅད་བྱ། །མཆོད་པའི་རིམ་པ་གཞུང་བཞིན་གཟུགས། །འཛབ་དང་ཏིང་འཛིན་གོང་བཞིན་ཤེས། །བར་མཚམས་བསྟོད་དང་མཆོད་པ་བྱ། །རང་གིས་ཏིང་འཛིན་མ་ཡངས་བཟླས། །སྐབས་སུ་དམ་ཅན་གནད་ལ་དབབ། །རྫས་དང་ཡོ་བྱད་གང་ཞེ་ན། །ཡོ་བྱད་བསྒྲུབ་པའི་ཞག་དང་སྦྱོར། །དྲག་པོའི་སྔགས་ཀྱི་སྔགས་རྫས་དང་། །རང་རང་མཐུན་པའི་རྫས་གསུམ་དང་། །ཐོད་པ་མཚན་ལྡན་བཞིའམ་ལྔ། །དུག་གི་གཏོར་མ་ཆ་གསུམ་དང་། །མུད་ཀའི་ཆན་དང་སྦྱར་བ་ཡིས། །ཏིལ་དང་ཛུ་ཚེ་ཕུབ་མ་དང་། ་་ས་ཀར་རྒྱལ་པོ་དག་དང་ནི། །ཐུན་གྱི་རྫས་སུ་སྦྱར་བ་ཡི། །འབྲུལ་གཏོར་མ་ཆ་གཅིག་བཤམ་པར་བྱ། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །ཨ༷་གུ་ཤ་ནི་དཀར་ནག་བསོགས། །མདའ་ནག་སླེ་ནག་དག་ཀྱང་བྱ། །སྨ་ཤད་དག་ནི་བླ་མ་ལ། །བདུད་ཀྱི་ཁྲམ་བམ་བཅུ་བདུན་བྲི། །རྨེ་དྲི་མོ་ཡི་ཐོད་པའམ། །གླིང་བརྒྱད་རབས་ཆད་མོའི་ཐོད་པ་སྲ ཁྲག་སྣ་ཉི་ཤུ་རྩ་གཅིག་བ་སོགས། །མ་མོ་དག་གི་ཁྲག་གི་ཟོར་རོ། །སྤའམ་སྨྱུག་མ་དག་ལ་ནི། །དུར་བྱ་སྒྲོ་ཡིས་བསྐྱོན་ནས་སུ། །བུད་ཤིང་སྐྱེར་པའི་མདེའུ་གཞུག །སྒྲོ་མཚམ་བུག་པ་ཉི་ཤུ་གཅིག །ལས་སྔགས་རྫས་དང་ཚང་བར་གཞུག །དེ་ནི་མིང་གི་མདའ་ཟོར་རོ། །དང་པོ་བདག་ཉིད་སྙིང་པོ་བཟླས། །དེ་ནས་ཁྲོ་བཅུ་སྙིང་པོ་བཟླས། །བར་དུ་རང་རང་བསྐུལ་རྣམས་བཏང་། །དེ་ནས་མ་མོ་འདུས་པ་དང་། །དམ་ཅན་སིལ་བུའི་སྔགས་རྣམས་བཟླས། །དེ་ནི་རྫས་ཀྱིས་ཐོད་པ་ལ། །སྟོང་སྟོང་ཐོན་ནས་སྔགས་ཀྱིས་བྲབ། །རང་གི་བསྐུལ་ནི་སྐབས་སུ་གཞུག །མ་མོའི་རིམས་ནད་སྣ་ཚོགས་ཀྱིས། །གཟས་པ་གང་ཡིན་དེ་ལ་ནི། །ནད་རིམས་སྣ་ཚོགས་བཏང་བར་བསམ། །དེ་ནས་བདུད་ཀྱི་ཁྲམ་བམ་ལ། །ཟབ་མོའི་སྔགས་བདུན་རིམ་བཞིན་བཟླས། །སྐབས་སྐབས་རང་གི་བསྐུལ་དང་ནི། །ཐུན་གྱིས་སྔགས་དག་སྦྲག་ལ་བརྡེག །གཟས་པ་གང་ཡིན་དེ་ཉིད་ལ། །བདུད་ཀྱི་ཁྲམ་ལ་ཐེབས་པར་བསམ། །དེ་ནས་གྱི་གི་མདའ་ཉིད་ལ། །ལས་བསྟན། །སྟེང་གི་ལྷ་ལ་མི་ཟོར་རོ། །འོག་གི་ཀླུ་ལ་མི་ཟོར་རོ། །བར་སྣང་ལྷ་བྲན་མི་ཟོར་རོ། །འདི་ནི་སྡང་བའི་དགྲལ་ཟོར། །འདི་ནི་གནོད་པའི་བགེགས་ལ་ཟོར། །ཅེས་པ་དང་། རྡོ་རྗེ་གསང་བའི་དང་། སྔགས་མགོ་འཇུག་མ་ནོར་པར་བཟླས་ཤིང་། དེ་ནས་ཁྲག་ཟོར་དང་ཁྲམ་ཟོར་རིམ་པ་བཞིན་དུ་བརྡེག །གང་ཡིན་རྡུལ་དུ་བརླག་པར་བྱ། །ཚངས་པའི་ཚེ་དང་ལྡན་པ་ཡང་ཞག་ཉི་ཤུ་རྩ་གཅིག་དག་གིས་རླག་པར་བྱེད། ནོར་ཅིང་ལོག་ན་རང་ལ་ལྡོག་པའི་ཉེན་ཡོད་དོ། །དེ་སྐད་ཅེས་གསུངས་པ་དང་། འཁོར་རྣམས་ཐམས་ཅད་བརྒྱལ་བར་གྱུར། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། དྲག་པོའི་ཟོར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། གསང་བ་བའི་བདག་པོ། འདི་ནི་ལས་ངན་པའི་སྡིག་ཅན་གང་གིས་ཀྱང་འདུལ་བའི་དུས་ལ་མ་བབ་པ་ལེགས་པའི་དོན་ནི་གང་ཡང་མེད་པ། རྣམ་པར་འཚེ་བའི་ལས་ནི་སྣ་ཚོགས་བྱེད་པ། བསྟན་པ་འཇིག་པའི་ལོག་སྡེ་པ། དཀར་བའི་སེམས་ནི་གཏན་བརླག་པ། ཐུགས་རྗེ་གང་གིས་ཀྱང་འདུལ་བར་མ་གྱུར་པ། སྔོན་གྱི་དུས་སུ་དགེ་སློང་ཐར་པ་ནག་པོ་དང་འདྲ་བའི་སེམས་ཅན་དེས་གཞན་ལ་གནོད་པའི་ལས་སྣ་ཚོགས་བྱེད་པ་དེ་བསྒྲལ་ཅིང་མནན་པའི་ཕྱིར། དྲག་པོ་ལས་ཀྱི་འཁོར་ལོ་འདི་བཤད་པར་བྱའོ། །གསང་བའི་བདག་པོས་ཞུས་པ། དུས་ཀྱིས་མནར་བའི་སྡིག་ཅན་འདི། །ལས་ཀྱི་མཐའ་ནི་གང་དུ་གཏད། །འཁྲུལ་འཁོར་ལས་འདི་ཇི་ལྟར་བྱ། །དྲག་པོའི་རྫས་རྣམས་ཇི་ལྟར་གསོག །ཅེས་ཞུས་པ་དང་། རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། གཟུགས་བརྙན་མཎྜལ་མངོན་བཞེངས་ལ། །བྱ་བའི་ལས་རྣམས་རྫོགས་པར་བྱ། །རྨེ་དྲི་མོ་ཡི་ཐོད་པ་ལ། །སྡིག་པ་ནག་པོའི་གཟུགས་སུ་བྱ། །རབས་ཆད་མོན་གྱི་ཐོད་པ་ལ། །སྦལ་པ་ནག་པོའི་གཟུགས་ཀྱང་བྲི། །དྲག་པོའི་འཁོར་ལོ་རྩིབས་བརྒྱད་པ། །ཆ་གཉིས་སུ་ནི་བྲི་བར་བྱ། །རྩིབས་བརྒྱད་འཁོར་ལོ་གོང་མ་ལ། །ཨོ་ནི་དབུས་ཀྱི་དང་ལ་བཞག །གཟས་པའི་མིང་བྱང་བར་དུ་གཞུག །ཡབ་ཡུམ་ཞལ་ནི་སྤྲད་པའམ། །འབྲུ་བརྒྱད་དག་གི་འཁོར་ལོ་བརྒྱད། །རྡོ་རྗེ་དག་ནི་ཤར་དུ་སྟེ། །འདི་འམ་རུ་ནི་ལྷོ་རུའོ། །འོག་མ་དག་ནི་ནུབ་ཏུ་སྟེ། །མཛེས་པ་དག་ནི་བྱང་དུའོ། །སྣ་ཚོགས་ལྔ་པ་ཤར་ལྷོའོ། །འབིགས་པ་དག་ནི་ལྷོ་ནུབ་བོ། །འགུགས་པ་དག་ནི་བྱང་ནུབ་ཏུ། །གནན་པ་དག་ནི་བྱང་ཤར་རོ། །ཡོན་ཏན་ལྡན་པ་ལྟེ་བ་ལ། །དྲག་པོའི་མིང་སྤེལ་རྩིབས་ལ་བསྐྱོན། །མོ་ཡི་སྔགས་ཀྱང་འོག་ཏུ་སྟེ། །བདེ་གཤེགས་ལྡན་པ་ལྟེ་བ་ལ། །རི་རབ་དག་ནི་ཤར་དུའོ། །ཐུགས་ནི་རི་རབ་ལྷོ་རུའོ། །གཉིས་མེད་དག་ནི་ནུབ་བྱང་ལ། ཁྲོ་མོ་རྣམས་ནི་བྱང་དུའོ། །བཅོམ་ལྡན་འདས་ནི་ཤར་ལྷོ་ལ། །ཤེས་རབ་དག་ནི་ལྷོ་ནུབ་བོ། །ཐབས་དང་ལྡན་པ་བྱང་ནུབ་ཡིན། །གཉིས་སུ་མེད་པ་བྱང་ཤར་རོ། །ཁྲོ་བོ་འདུས་པའི་རྩིབས་ལ་བསྐྱོན། །གཟས་པའི་མིང་བྱང་བར་དུ་གཞུག །ཨོ་བཛྲ་ཀི་ལི་ཀི་ལ་ཡ། སརྦ་བིག་ནན་བ༷་དྲི་མ་ར་ཡ་ཧུ༷་ཕཊ། ཨོ་ལ༷་རྒྱུ༷་ལ༷་སྟམ་པ་ནན་མོ་ཧཀྟ་ཡ་བྷ་ག་བན། ཐ་ ་ ་ ། གྲ་བཛྲ། ཧུ༷་ཀ་ར་ཧུ༷་ཧུ༷་ཕཊ་ཕཊ །མ་ར་ཡ་སྟ༷་བ་ནན། ཨེ་ག༷་འབར་བའི་དཀྱིལ་འཁོར་རམ། །ཉི་ཤུ་རྩ་གཅིག་ཁྱམས་བྱས་ནས། གོང་གི་ཕུར་པ་ཚུལ་བཞིན་དགོད། །གནན་ན་ཕུར་པ་བརྒྱ་ནི་རྩ་བརྒྱད་ནི། །འབྱུང་བ་བཞི་ལ་བཏབ་པའི་ཕྱིར། །སོར་བཞི་པ་ཡི་ཚད་དུ་བྱ། །མིང་བྱང་བརྒྱ་ནི་རྩ་བརྒྱད་དང་། །བར་ཁྱམས་དག་ལ་དགོད་པར་བྱ། །ཨེ་གམ་ཡིན་ན་གྲྭ་རུ་བཞག །གཟས་པའི་མིང་བྱང་དག་ལ་ནི། །ཟབ་མོ་སྔགས་ཀྱི་འཁོར་ལོ་དགོད། །ཧ་ས་དག་ནི་རྣ་བ་ལ། ཁེ་པ་དག་ནི་ཡན་ལག་ལ། །ཛ་ལ་དག་ནི་ཁ་ལའོ། །ཏ་པ་དག་ནི་མིག་ལ་བྱ། །ཨ་པ་དག་ནི་ལྟེ་བ་ལ། །བིད་ད་དག་ནི་འཕོངས་སུའོ། །ཨ་ཨ་ཨ་དག་ནི་སྙིང་ལའོ། །ཧ་ས་ཡ་ར་ཧ་ཏ་ན་ཧུ༷་ཕཊ།ཕྲི་ཀྲི་བི་ཀྲི་ཨ་ན་ཡ་ཧུ༷་ཕཊ །ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧུ༷་ཕཊ། ཛ་ལ་པ་ཡ་ཛ་ལ་བ་ཡ་ཧུ༷་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧུ༷་ཕཊ། བིད་ཏ་ཡ་བིད་ཏ་ཡ་ཧཱུཾ༷་ཕཊ། ཧུ༷་ཀ་ར་ཨ་ཨ་ཨ། མཛོ་དང་ཏོལ་གྱི་ཐོད་པ་སྲ །ཕག་པ་ཕྲ་བོ་ཁྱི་ནག་དང་། །ཙི་ཙི་ཛ་ལའི་ཐོད་པ་དང་། །ཐོད་སྣ་ཚང་བར་བསོག་པར་བྱ། །ལྕགས་པྱེ་ཟངས་པྱེ་ཉུངས་ཀར་རྒྱལ། །དུརདག་གི་སོལ་བ་དང་། །ཨ༷་གུ་ཤ་ནི་དཀར་ནག་དང་། །དུག་རྫས་རྣམ་པ་སྣ་ཚོགས་དང་། །དར་དང་མཚལ་དང་གུ་གུལ་དང་། །ཀླུ་སྨན་རྣམ་པ་སྣ་ཚོགས་དང་། །བལ་ཚོན་བྲུབ་དང་སྔོན་དམར་བྱད། །ལྕགས་ཐགས་རིམ་པ་སུམ་རིམ་དང་། །རེ་ནག་གོས་ནག་དག་དག་ནི། །ཏིལ་དང་ཇུ་ཚེ་ཕུག་མ་དང་། ཁྲེ་དང་མོན་སྲན་མུན་ཀའི་ཆན། །འབྲས་དང་གྲོ་དང་ནས་ལ་སོགས། །འབྲུ་སྣ་རྣམ་པ་སྣ་ཚོགས་བསོག །གསེར་དང་སྦུག་དང་ཨ་མ་གར་བ་སོགས། །རིན་པོ་ཆེ་ནི་སྣ་ཚོགས་གསོག །དེ་ལ་སོགས་པ་མཐུན་པའི། །རྫས་རྣམ་པ་སྣ་ཚོགས་བསགས། །རྫས་རྣམས་ཀུན་ནི་ཚོགས་པ་དང་། བསྒྲུབ་པའི་རིམ་པ་ཚུལ་བཞིན་བྱ། །ཀུན་གྱི་འཕྲིན་ལས་ཀྱི་ཁ་ཚར་རྫོགས་པར་བྱ། །བསྙེན་པའི་མན་ངག་ཟིན་པར་བྱ། །དེ་ནས་འགུག་པའི་བརྟུལ་ཞུགས་བསྐྱེད། །དེ་ནས་བསྒྲུབ་པའི་བསྙེན་པ་བཟླས། །དེ་ནས་འཁོར་ལེའི་སྔགས་རྣམས་བཟླས། །བར་བར་ཛ་ཧུ༷་བ༷་ཧོ་དགུག་གཞུག་བྱ། །ཕྲལ་དང་གཟིར་དང་བྱད་དུ་གཞུག །རང་དབང་མེད་པར་འོང་བར་བྱ། །སྟོང་སྟོང་ཐོན་མཆོད་བསྟོད་ཚུལ་བཞིན་བྱ། །དེ་ནས་སྔགས་བདུན་སྡེ་བདུན་དག་དང་ནི། །སྦྲགས་ཏེ་མ་འགུགས་བར་དུ་བཟླས། །བསྐུལ་དང་གནད་ལ་དབབ་པ་དང་། །སྐབས་དག་ཏུ་ནི་བྱ་བར་ཤིས། །ཟབ་མོའི་སྔགས་ནི་རྐྱངཔལ། །ཏིསྟཙཀྲབཏགས་པ་ནི། །སྒྲོལ་བ་དག་ཏུ་ཤིས་པར་བཤད། །མཆོད་དང་བསྟོད་པ་གོང་བཞིན་ནོ། །སྐབས་སྐབས་རྫས་དང་ཚིག་ཏུ་སྦྲགས་ཏེ་བྲབ། །ཨ་ཤོ་དག་ལ་མེ་ཆེན་ཤོར་བ་བཞིན། །རང་དབང་མེད་པར་འཚིག་པར་བསམ། །ཕ་རོལ་ཕྱིན་ལ་སོགས་པ་ཡི། །སྔགས་ནི་ཉི་ཤུ་རྩ་གཅིག་གི །རྣལ་འབྱོར་པ་ཡི་བཟླས་པ་ཡིས། །ཐམས་ཅད་གཅེར་བུ་རལ་པ་ཅན། །སྟོད་ནི་ཞལ་གཅིག་ཕྱག་གཉིས་ལ། །སྨད་ནི་ཕུར་པའི་རང་བཞིན་ལ། །བརྒྱ་ནི་རྩ་བརྒྱད་དག་ཏུ་ཤར། །མགར་གྱི་ཚ་ཚས་བཏབ་པ་བཞིན། །གཅིག་ལ་བཏབ་པས་ཀུན་ལ་ཐེབས། །སྡུག་བསྔལ་ཉམས་སུ་མྱོང་བར་བགྱིས། །ཉི་ཤུ་རྩ་རེ་ཚངས་པ་དང་། །དུས་དྲུག་གི་ནི་དགུག་གཞུག་བྱ། །གནད་ལ་དབབ་དང་སྐུར་བ་ཡིས། །དྲག་པོ་རྫས་སྦྲགས་ཏེ་བྲབ་པར་བྱ། ་༑ན་ཏུར་དང་གཟས་པ་གསལ་བ་ཡིས། །སྡུག་བསྔལ་ཉམས་སུ་མྱོང་བ་ཡིས རང་དབང་མེད་པར་བརླག་པ་ཡིས། །མ་བརླག་བར་དུ་བསྐྱར་ཅིང་བཟླས། །དེ་ལྟར་དྲོད་རྟགས་བྱུང་བ་དང་། །ལས་ཀྱི་སྦྱོར་བ་རིམ་པར་བྱ། །རྫས་དང་ལག་ཆ་ཀུན་ཁྱེར་ལ། །སྤྱིའམ་ཡང་ན་རེ་རེ་འགྲས། །སྤྱི་ལ་དུར་ཁྲོད་གླིང་དག་ཏུ། །གནན་པའི་ཁ་ཚང་ཚང་བར་བྱ། །གཡས་རི་ནག་པོའི་ལྕགས་ཐགས་ལ། །དུར་ཁྲོད་དག་གི་སོལ་བ་ཡིས། །རྒྱ་གྲམ་དག་གི་ཚུལ་བཞིན་བྲི། །རྒྱ་གྲམ་ཐ་མ་དྲི་ཡིས་བསྐོར། །ཆ་གཉིས་ཚུལ་དུ་བསོག་པར་བྱ། །འོག་མ་དག་ནི་འོག་ཏུ་གདིང་། །དེ་ཡི་སྟེང་དུ་འདི་ལྟར་བྱ། །དུས་ལ་བབ་པའི་ཚིག་ཚོ་དང་། །བསྐུལ་དང་སྔགས་སུ་སྤྲགས་པ་ནི། །གཟིར་བ་རི་རབ་གསུམ་གྱིས་གཟིར། །བརྒྱ་རྩ་བརྒྱད་ཀྱི་གབ་གཟུང་བྱ། །དགྲ་བོས་ཉེས་པའི་བགྲང་ལུང་བྱ། །རང་ཉིད་ཤིན་ཏུ་གསལ་བསྒོམ་ལ། །གཟས་པའི་མིང་བྱུང་དེ་ཉིད་ལ། །དངོས་སུ་བསྒྲལ་བའི་འཕྲིན་ལས་བྱ། །གནས་ནི་ཉི་ཤུ་རྩ་གཅིག་ཏུ། །དྲུག་ཚོ་བཅུ་བདུན་རྐྱང་བ་བཞི། །བརྒྱ་རྩ་བརྒྱད་ཀྱིས་གདབ་པར་བྱའོ། །སྔགས་ནི་གོང་གི་ལས་སྔགས་ཚོ་ཡིས་གདབ། །གདབ་པའི་ཁ་ཚར་ཟིན་པ་དང་། །ཐུན་གྱི་ལས་རྣམས་རྫོགས་པར་བྱ། །ད་ནི་གཏད་པའི་ལས་བྱ་སྟེ། །བདག་ཉིད་དཔའ་བོའི་ལས་ལྡན་པས། །ཕུར་པའི་ལིང་གར་བཅས་པ་ནི། །འཁོར་ལོ་དག་གི་དབུས་སུ་གཞུག །དྲི་ཡི་ཐོད་པ་འོག་ཏུ་བཅའ། །གཤེད་ཀྱི་ཐོད་པ་སྟེང་ནའོ། །སྦལ་པ་སྡིག་པ་སྟེང་འོག་གོ །སྤྲུལ་གྱི་ཆུ་འཁོར་དག་གིས་བཅིང་། །མཛོའམ་ཏོལ་གྱི་ཐོད་པ་དག །གཡས་ཀྱི་ཕྱོགས་སུ་གཞུག་པར་བྱ། །ཕག་པ་ཁྲ་བོའི་ཐོད་པ་དག །གཡོན་ཕྱོགས་སུ་ནི་གཞུག་པར་བྱ། ཁྱི་ནག་དག་གི་ཐོད་པ་དང་། །རྟ་ནག་དྲེད་ཀྱི་ཐོད་པ་ནི། ཁྲར་ནུབ་གཉིས་སུ་གཞུག་པར་བྱ། །དུར་ཁྲོད་རེ་བས་ཐུམ་པོ་བྱ། །བདག་ཉིད་ཀུན་མ་རར་གསལ་ནས། །གནོད་སྦྱིན་རྒྱལ་པོ་ལག་ཏུ་གཏད། །ཧ་པ་དག་གིས་གཏད་པར་བྱ། །དེས་ནི་མ་མོ་འཁོར་ལོ་རྣམས། །མ་ནོར་ཚུལ་དུ་གཏད་པར་བྱ། །མ་མོ་འདུས་པའི་མན་ངག་རྣམས། །དེ་ནི་བདུད་ཀྱི་ལག་ཏུ་གཏད། །ཧ་བ་དག་གི་མན་ངག་སྦྱིན། །གཏད་དོ་མ་གཏང་ཤོ་ར་རེ། །ཐམས་ཅད་འདུས་པའི་མན་ངག་གིས། །རི་བོ་ཆེན་པོའི་འོག་ཏུ་གཟིར། །ཀུན་ཀྱང་མི་ཤོར་ལྕགས་ཐག་གིས། །རང་དབང་མེད་པར་བཅིང་བར་བྱ། །རྒྱ་གྲམ་གཅིག་གིས་གོང་ནས་མནན། །ཀརྨ་འདུས་པའི་འཕྲིན་ལས་གདབ། །དེ་ནས་བདག་ཉིད་དཀྱིལ་འཁོར་དགོད། །ཤིན་ཏུ་བརྗོད་པའི་ང་རྒྱལ་བྱ། །འཕྲིན་ལས་རྣམ་བཞིའི་བྲོས་ཀྱང་བརྡུང་། །དེ་ལྟ་བུ་ཡི་ཚུལ་རིག་ན། །ཐམས་ཅད་མ་ལུས་ཕུང་བར་བྱེད། །སྟམ་པ་ནན་ཞེས་རི་རབ་གཟིར། །བཟླས་བརྗོད་མ་ཉམས་ཚུལ་བྱས་དང་། །འཕྲིན་ལས་ཚུལ་བཞིན་བྱས་པས་ནི། །རྩ་རྒྱུད་ཀུན་ཀྱང་བརླག་པར་འགྱུར། །དེ་ནས་གསང་བའི་བདག་པོ་དེས། །རྡོ་རྗེ་འདུས་པ་ཆེན་ལ་ཞུས། །རང་རང་བསྒོས་སུ་འགྲས་པ་ལ། །བྱ་བའི་ཐབས་ནི་ཇི་ལྟ་བུ། །སྟོན་པའི་སྟོན་པས་བཤད་དུ་གསོལ། །གསང་བ་བའི་བདག་པོ་ཉོན་ཅིག །འདི་ཡི་དོན་ནི་འདི་ལྟ་སྟེ། །བཏད་ཐབས་བཞི་རུ་ཤེས་པར་གྱིས། །སྲོག་ལ་བྱེད་ན་དམུ་བདུད་ཙན་ལའོ། །རིམས་ནད་གཏོང་ན་མ་མོ་ལའོ། །ཞ་གྲུམ་བྱེད་ན་ས་བདག་ལའོ། །མཛེ་རྣམས་གཏོང་ན་ཀླུ་རྣམས་སོ། །གང་ལ་བྱེད་པར་གྱུར་པ་ལ། །བྱ་བའི་རིམ་པ་དེ་བཞིན་ནོ། །མཐུན་པའི་རྫས་ནི་རང་རང་གི །གང་ཡིན་དེ་ནི་བསག་པར་བྱ། །སྲོག་གི་རྫས་ནི་གང་བྱེད་པ། །སྙིང་སྣ་རྣམ་པ་སྣ་ཚོགས་དང་། །དྲག་པོའི་རྫས་རྣམས་ཀུན་དང་ནི། །ལིང་ག་འཁོར་ལོ་སྦྲགས་པ་ཡིས། །ཁྱུ་བ་ནག་པོའི་རྭ་ནི་གཡོན་པ་དག་ཏུ་བྱ། །བདུད་ལ་གཏོད་པར་གྱུར་པ་ན། །བྲག་ནི་ནག་པོའི་རྩ་ཤེད་དམ། །གྲོག་པོ་ཕུག་རྡུགས་དག་ཏུ་གནན། །དེ་ནི་གླང་ཐབས་དག་གིས་འཆི་བར་འགྱུར། །བཙན་པོ་དག་ལ་གཏོད་འགྱུར་ན། །གླང་དམར་དག་གི་རྭ་གཡས་ལ། །བྱ་བའི་རིམ་པ་དེ་བཞིན་ནོ། །གནན་པ་བྲག་དམར་བཙན་སྐྱར་འདུག་པ་ལ། །ཆུ་ནི་ཙག་ཙོག་དག་ཀྱང་ཡོད། །དེ་ཡི་འགྲམ་ལོགས་གནན་པར་བྱ། །མཛེས་པའི་ང་རྒྱལ་ཚུལ་བཞིན་བྱ། །གཟེར་བ་དག་གིས་འཆི་བར་འགྱུར། །མ་མོ་དག་ལ་བྱེད་འགྱུར་ན། །ཐོད་པ་མཚན་ངན་བཞི་བཤམས་ལ། །སྨེ་དྲི་མོ་ཡི་ཐོད་པ་སྲ །ནལ་ཕྲུག་ཤ་ཁྲག་ཚོགས་པ་ལ། །ལྷ་མོ་ནག་མོའི་ཐུན་ཡིག་བྱ། །རབས་ཆད་ནག་པོའི་ཐོད་པ་སྲ །ཤ་སྣ་ཁྲག་སྣ་ཚོགས་པ་ལ། །མཆེད་བཞི་བདག་གིས་ཐུན་ཡིག་བྱ། ཁྱིའམ་སྤྱང་ཁུའི་ཐོད་པ་སྲ ཁྲསྣ་ཀུན་ནི་ཚོགས་པ་ལ། ་༑ན་ན་ཀའི་ཐུན་ཡིག་བྱ། །དུར་ཁྲོད་དག་གི་ཐོད་པ་སྲ ཁྲ་ཚིལ་ཁྲག་རྣམས་ཚོགས་པ་ལ། །བསེ་ཡི་ལྷ་མོའི་ཐུན་ཡིག་བྱ། །རང་རང་འཛབ་ནི་རྫོགས་པ་དང་། །བསྐུལ་དང་མཆོད་པ་ཚུལ་བཞིན་བྱ། །རྟགས་ནི་དྲོད་ལ་ཕེབས་པ་ལ། །སྨེ་དྲི་མོ་ཡི་ཐོད་པ་སྲ །གོང་གི་རྫས་རྣམས་གཅིག་ཏུ་གསོག །མཚན་མའི་གཟུགས་དང་སྦྲགས་ལ་ནི། །དུར་ཁྲོད་མ་མོ་བཞི་རྣམསབྱས། །སྙིང་ཁར་མཚན་མའི་མིང་བྱང་ནི། །གཞུག་པར་བྱ་བའི་རིམ་པོ་ནི། །ནུབ་བྲག་དག་ཏུ་གྲུ་གསུམ་བྲུས་ནས་ནི། །བྱ་ནག་དང་གི་སྒོ་ང་དང་། །སྨུག་དང་དཀར་དང་གྲོ་དང་བཞི། །དེ་བཞི་སྒོ་ང་བཞི་ནང་དུ། །མཚན་མའི་ལིང་ཁ་གཞུག་པར་བྱ། །ལྷ་ཁང་ལྡེརསོ་དག་གམ་ནི། །གཟུགས་བརྙན་ཡོད་པའི་འོག་ཏུ་གཞུག །བདག་ཉིད་ཀྱིས་ནི་བསྒོ་བ་ཡིས། །མ་མོ་རྣམས་ཀྱང་ལག་ཏུ་གཏད། །མ་མོ་དེ་རྣམས་ཀྱིས་ནི། །གནོད་སྦྱིན་རྣམས་ཀྱི་ལག་ཏུ་གཏད། །གནོད་སྦྱིན་རྒྱལ་པོ་ཆེན་པོ་ཡིས། །ས་བདག་ཕག་གི་ལག་ཏུ་གཏད། །དེས་ནི་ཀླུ་རྒྱལ་མཆོག་ལ་གཏད། །དེས་ནི་མཚོ་སྨན་དབུ་དགུ་མའི་ལག་ཏུ་གཏད། །དེས་ནི་ཨེ་ཀ་ཛ་ཏི་གསང་བའི་ཡུམ་ལ་གཏད། །བྱང་ཆུབ་མཆོག་དང་མ་ལྡན་ན། །ནམས་ཀྱང་ཐར་པའི་ཁར་མི་དབྱུང་། །ནད་ནི་རིམས་ནད་སྣ་ཚོགས་དང་། །གཟིར་བ་ཕོ་ལོག་དག་གིས་འཆི། །ལོ་དུས་དག་ཏུ་འབྱུང་བར་འགྱུར། །ས་བདག་ཀླུ་ལ་གཏད་པ་ནི། །བྱ་བའི་རིམ་པ་གོང་བཞིན་ནོ། །འཁྲུལ་འཁོར་ལས་ཀྱི་འཁོར་ལོ་བརྩམ། །སྦྲུལ་གྱི་འཁོར་ལོ་མགོ་བརྒྱད་ལ། །མཚན་མའི་མིང་བྱང་དབུས་སུ་གཞུག །སྔགས་ཀྱི་ཐེམ་ཡིག་གོང་བཞིན་བཟླས། །དེ་ནས་ཀླུ་ཡི་མཆོད་པ་བྱ། །དགུག་གཞུག་བྱ་ཞིང་གཟུགས་ལ་བསྟིམ། །སྦལ་པ་ནག་པོའི་གཟུགས་བྲིས་ལ། །ཁོང་བ་དག་ཏུ་མཚན་མ་གཞུག །སྡིག་པ་ནག་པོའི་གཟུགས་བྲིས་ལ། །རྭ་ཕྲག་དག་ཏུ་མཚན་མ་གཞུག །ས་བདག་དག་གི་དགུག་གཞུག་ལ། །མཆོད་དང་བསྟོད་པཚུལབཞིནབྱ། །རངགི་འཕྲིན་ལསཚུལབཞིནབྱ། །ཀླུདང་ས་བདག་བཅོལ་བསྐུལ་བྱ། །ཨ་བེ་ཤ་ཡིས་གཟུགས་ལ་བསྟིམ། །ཧ་པ་དག་ནི་དབང་དུ་བསྡུ། ཁེ་བ་བཟླས་ཤིང་སྔོན་དམར་གྱིས། །སྦྲུལ་གྱིས་ཆུན་འཁོར་དག་ཏུ་བཅིང་། །གདབ་པའི་ཕུར་པ་གོང་བཞིན་དུ། །ལས་ཀྱི་རིམ་པ་རྫོགས་པར་བྱ། །བདག་ཉིད་ཀུ་མ་ར་རུ་བསྒོམ། །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །རིན་ཆེན་གཤོག་པ་དག་ལ་ནི། །ཀླུ་རྣམས་ཐམས་ཅད་ཟིལ་གྱིས་གནོན། །ཕྱག་གཉིས་སྦྲུལ་གྱི་ཞགས་པ་འཛིན། ཁྲེན་ཏུ་འདྲིས་པར་གསལ་བར་བྱ། །ས་བདག་ཀླུ་རྣམས་དབང་དུ་བསྡུ། །ཨ་བ་ཡང་ཡང་བཟླས་ཤིང་བསྡུ། །ཀླུ་ཡི་མཆོད་པ་སྐབས་སུ་གཞུག །ཨ་པའི་ཞབས་ལ་ན་ག་གདགས། ཁྲི་ཚོ་གཅིག་ཏུ་བསྐྱལ་བར་བྱ། །ལས་ལ་སྦྱོར་བའི་ལ་ཁར་ནི། །གླང་བུ་དམར་པོའི་རྭ་ནང་དུ། །སྤྲ་ཚིལ་ཚས་དང་ལྡན་པར་གཞུག །གོང་གི་ལིང་ཁ་དབུས་སུ་གཞུག །ལ་ཆ་ཐིགས་པའི་ཁ་ཡང་བཅད། ཁེང་བུ་རྐང་གཅིག་དྲུང་དུ་གནན། །བྱ་བའི་རིམ་པ་གོང་བཞིན་ནོ། །གྲུ་གསུམ་ཁྲུ་གང་འཐུར་དུ་བྲུས་ལ་ནི། །ས་བདག་ཆེན་པོའི་ལག་ཏུ་གཏད། །རྒྱ་གྲམ་འཕྲིན་ལས་བྲོ་ཡིས་བརྡུང་། །རང་གི་རྗེས་རྣམས་ཁྲག་གིས་བཅད། །རག་ཏའི་ཐིག་ལེ་གསུམ་དུ་བྱ། །གཏིང་ལ་ཕུར་པ་ཁྲོ་བོར་གདབ། །རྭ་ཡ་འགྲམ་དུ་ཁྲོ་འདུས་བཏབ། །ཉལ་དང་ལངས་པའི་དུས་ཚོད་བཏབ། །སྒོ་དང་ཕུག་ནི་ངོ་ཤེས་བྱ། །འཇིགས་པ་མེད་པའི་སེམས་ཀྱི་གནན། །དེ་ལྟར་བྱས་པ་རྫོགས་པ་ན། །ལོ་དུས་དག་རུ་ནད་ཀྱིས་གཟིར། །འཆི་བར་འགྱུར་ཏེ་ཐེ་ཚོམ་མེད། །རྡོ་རྗེ་འཇིགས་བྱེས་གསང་བའི་རྒྱུད་ལས། གནན་གཟིར་གྱི་ལས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། གསང་བ་པའི་བདག་པོ་བསྒྲུབ་པའི་དོན་ནི་འདི་ལྟར་ཤེས་པར་གྱིས་ཤིག །སྔོན་དུ་བྱ་བའི་ལས་དང་ནི། །བསྒྲུབ་པའི་ཁ་ཚར་དང་བསྐྱེད་པའི་རིམ་པ་བྱ་བ་དང་། །རང་བཞིན་གྲུབ་པའི་གནས་ནས་སྤྱན་དྲངས་བསྟིམ། །མཆོད་པའི་ཁ་ཚར་རྫོགས་པར་བྱ། །བསྒྲུབ་པ་ཆེན་པོའི་ལས་རྣམས་བྱ། །དབང་དང་དངོས་གྲུབ་རིམ་པ་བྱ། །དྲག་པོ་ཧོམ་གྱི་མཐའ་བརྟུལ་བྱ། །ལྟ་བའི་མཐའ་བརྟུལ་རྫོགས་པར་བྱེད། །ཅེས་གསུངས་པས། གསང་བའི་བདག་པོ་ལ་སོགས་པ་རྣམས་ཡི་རང་བར་གྱུར་ཏོ། །དེ་ནས་གསང་བའི་བདག་པོས་ཞུས་པ། རྡོ་རྗེ་འདུས་པ་ཆེན་པོ། གསང་སྔགས་ཀྱི་སྔོན་དུ་འགྲོ་བའི་རིམ་པ་ནི་གང་ལགས། དེ་སྐད་ཅེས་ཞུས་པ་དང་། རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། གསང་བའི་བདག་པོ་དེ་ནི་འདི་ལྟར་ཤེས་བར་གྱིས་ཤིག །དམ་ཚིག་མ་དག་པ་རྣམས་དག་པར་བྱ་བའི་ཕྱིར་མདོ་གསུམ་དུ་བཀླག་པར་བྱ། ཞི་དང་རྒྱས་དང་དབང་དང་དྲག །འཕྲིན་ལས་བཞི་ཡིས་སྐུ་གདུང་གདབ། །བགེགས་རྣམས་ཞི་དང་བརླག་པ་དང་། །མ་དག་པ་རྣམས་དག་པའི་ཕྱིར། །རྡོ་རྗེ་ཁྲུས་ཀྱི་མདོ་དག་གདོན། །ཡོངས་ཀྱི་སྒྲིབ་པ་དག་པའི་ཕྱིར། །ཡན་ལག་བདུན་པ་ཚུལ་བཞིན་བྱ། །བསྒྲུབ་པ་པོ་ལ་སྟོང་གྲོགས་བྱ་བའི་ཕྱིར། །མགོན་པོ་རྣམས་ལ་མཆོད་སྤྱིན་གཏོར་མ་སྦྱིན། །འགྲོ་དྲུག་སེམས་ཅན་ཚིམ་བྱའི་ཕྱིར། །མཆོད་སྦྱིན་གཏོར་མ་གཉིས་པ་སྦྱིན། །བགེགས་རྣམས་ཐམས་ཅད་བསྐྲད་པ་དང་། །གཟས་པའི་གཤེད་དང་དབྲལ་བའི་ཕྱིར། །མཆོད་སྦྱིན་ཐ་མ་བསྔོ་བར་བྱ། །རྒྱལ་ཆེན་བཞིའམ་ཕྱོགས་སྐྱོང་བཅུ་རྣམས་ལ། །གཏོར་མ་བཞིའམ་བཅུ་བཞི་དག་ནི་བྱིན་བརླབས་པ། །མཆོད་རྟེན་བཞིའམ་བཅུ་བཞི་དག་ཀྱང་བརྩིག །རང་རང་མིང་དག་གནོད་པའི་འབྱུང་པོ་རྣམས། །མཇུག་ལ་བཏགས་ཤིང་འཕྲིན་ལས་བཅོལ། །ཨེ་གམ་རེ་ལ་ཕུར་པ་བཞི་འམ་བཅུ་བཞི་དག །རང་རང་སྔགས་ཀྱིས་བྱིན་གྱིས་བརླབས་ལ་གཟུགས། །དེ་ནས་འཕྲིན་ལས་བཅོལ་ལ་དབང་ཡང་གཟུགས། །ཕྱི་མཚམས་རིམ་པ་དེ་བཞིན་བྱ། །ཐོད་པ་གླིང་བརྒྱན་མཚན་མ་ལ། །དམ་སྲི་མ་ར་ཡ་བྲིས་ལ་གནན། །བདུད་རྩི་ཀུན་ད་ལི་བསྒོམས་པའི་ཕུར་པས་གདབ། །ལས་ཀྱི་གཤེད་བཞི་གཞོམ་པའི་ཕྱིར། །འཕྲིན་ལས་བཞི་ཡིས་མནན་ཏེ་བཅད་པའི་ལས་བྱའོ། །སེང་ལྡེང་སྐྱེར་བ་དག་ལ་བྱས་པ་ཡིས། །རྫས་ཀྱི་ཕུར་པ་བཅུ་ལ་ནི། །བྱུག་དང་བདུག་པ་ཚུལ་བཞིནབྱ། །ཡེཤེས་ལྔ་ཡི་རྒྱན་བྱའི་ཕྱིར། །མཐིང་ཁ་དར་གྱི་ཅོད་པན་གདགས། །ཕྱོགས་སྐྱོང་བཅུ་ནི་གནན་པའི་ཕྱིར། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཏུ། །རང་རང་སྔགས་ཀྱིས་བསྐྱེད་སྒོམ་ནས། །ཕྱོགས་ཕྱོགས་དག་ཏུ་གདབ་པར་བྱ། །མི་རེ་བསྐལ་པའི་འདབ་འབྱོར་དུ། །ར༷་གྱིས་ཐམས་ཅད་བསྲེགས་པར་བྱ། །དེ་ནི་མཚམས་ཀྱི་འཕྲིན་ལས་སོ། །མཎྜལ་འདོམ་གང་གྲུ་བཞིར་རྩིག །རྫ་ས་དུར་ཁྲོད་དག་ལས་ནི། །འཇིམ་པ་ཤིན་ཏུ་འཐག་པར་བྱ། །དུར་ཁྲོད་ཁྲག་གིས་སྐྱང་ནུལ་བྱ། །སྐུ་གསུང་ཐུགས་དང་ལྡན་བྱའི་ཕྱིར། །དངོས་གཞི་གསུམ་གྱིས་ཆག་ཆག་གདབ། །ཡེ་ཤེས་ལྔ་དང་ལྡན་བྱའི་ཕྱིར། །རིན་ཆེན་ལྔ་ཡིས་སྐྱང་ནུལ་བྱ། །སྲབ་འཐུག་ཚད་ནི་གླང་ཀོ་ཙམ་དུ་བྱ། །བཅུ་དྲུག་ལོན་པའི་གཟུགས་མ་ཡིས། །བཀལ་བྱས་ཚོན་སྐུད་རྣམ་ལྔ་ལ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །རྣམ་ལྔར་བྱིན་གྱིས་བརླབས་པ་ཡི། །གསང་བའི་ཐིག་ནི་མཁའ་ལ་གདགས། །ཚོན་སྐུད་གསར་ལས་བྱས་པ་ཡི། །དམ་ཚིག་དག་གི་ཐིག་རྣམས་གདབ། །དྲི་ཟ་གཤིན་རྗེ་ཀླུ་རྣམས་དང་། །གནོད་སྦྱིན་དག་གི་ཕྱོགས་རྣམས། །ཚང་ཐིག་ཟུར་ཐིག་གདབ་པར་བྱ། །རླུད་ལྷ་དབང་ལྡན་མེ་ལྷ་དང་། །སྲིན་མོ་དང་ནི་ཆུ་ལྷ་དང་། །ཕྱོགས་དང་ཟུར་ཐིག་གདབ་པར་བྱ། །ཆ་ནི་རྣམ་པ་བཞིར་བྱ་སྟེ། །བྱ་རོག་རྗེས་གཉིས་དོར་བར་བྱ། །དེ་ནས་ཐིག་ཆ་བཞི་རུ་གདབ། །ཆ་བརྒྱད་དག་ཏུ་གྱུར་པ་ལ། །ནང་གི་ཕྱོགས་སུ་བསྒོ་བར་བྱ། ཁྲར་ནས་ཚང་ཐིག་ལྷོ་རུ་གདབ། །ལྷོ་ནས་ནུབ་ཏུ་ནུབ་ནས་བྱང་། །བྱང་ནས་ཤར་དུ་གདབ། །ལྷོ་ཤར་ནས་ལྷོ་ནུབ་ཏུ། །ལྷོ་ནུབ་ནས་ནི་ནུབ་བྱང་དུ། །བྱང་ནུབ་ནས་ནི་ནུབ་བྱང་ཤར་དུ། །དེ་ནས་ཤར་ལྷོ་མཚམས་སུ་གདབ། །དེ་ནི་བཅུ་དྲུག་ཨེ་ཡི་རང་བཞིན་ནོ། །ཐིག་རྐང་གཉིས་གཉིས་ཀུན་ལ་གདབ། །ཆེ་ཆུང་རེ་རེའི་བར་མཚམས་བཞག །མུ་ཁྱུད་ཟླུམ་པོ་བསྐོར་བ་ཡིས། །ཉི་ཤུ་བར་ནི་ཤེས་པར་བྱ། །ཟླ་གམ་དམར་པོ་ཨེ་དང་བཅས། །རྩ་གཅིག་པ་ཡི་ཚུལ་དུ་བྲི། །མཐིང་ནག་གྲུ་གསུམ་རང་བཞིན་ཡུམ་གྱི་དབྱིངས། །ཟངས་ལམ་དམར་པོ་རྡོ་རྗེ་ར་བར་བཅས། །ཟླ་གམ་དམར་པོ་དབང་གི་ཚུལ། །དཀར་པོའི་ཟླུམ་པོ་ཞི་བའི་ངང་། །ཕྱི་རིམ་ཐོད་པ་ཚར་གསུམ་དུར་ཁྲོད་གཞལ་ཡས་ཁང་དུ་ལྡན་པར་བྱ། །དེའི་ཕྱི་རིམ་སྒོ་ཁྱུད་རྟ་བབས་བཅས་པར་བྱ། །ཉི་ཤུ་རྩ་གཅིག་ཤེས་རབ་ཡུམ་གྱི་རང་བཞིན་ཏེ། །དྲག་པོའི་ཕུར་པ་ཉི་ཤུ་གཅིག །གཟས་པའི་མིང་དང་རུས་སུ་བཅའ། །ཉི་ཤུ་རྩ་གཅིག་བདུན་ཚོ་གསུམ། །ཟླ་གམ་དམར་པོ་གསུམ་ལ་དགོད། །དེ་ནི་བྱ་བའི་རིམ་པའོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། སྔོན་དུ་བྱ་བའི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་གསང་བའི་བདག་པོ་དེས་ཞུས་པ། བསྒྲུབ་པ་ལས་ཀྱི་ཁ་ཚར་ནི་ཇི་ལྟར་བྱ་བར་འགྱུར། ཚུལ་གང་ལྟར་བྱ། རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། དྲག་པོའི་གཟུགས་བརྙན་མངོན་བཞེངས་ནས། །ཕུར་པ་ལས་ཀྱི་ཁ་ཚར་བྱ། །བདག་ཉིད་ཀུ་མ་ར་བསྒོམ་ལ། །ཕུར་པ་གཞལ་ཡས་ཁང་དམིགས་ལ། །བཀྲ་ཤིས་མཚན་ལྡན་ཐོད་པ་རྣམ་བརྒྱལ་ནས་གཟིར་བར་བསམ། །འབྱུང་པོ་ཕལ་དག་སྨོས་ཅི་དགོས། །རང་དབང་མེད་པར་བརླག་པར་བསམ། །རྡོ་རྗེ་གུར་གྱིས་བསྐོར་བར་བསྒོམ། །དཀྱིལ་འཁོར་ལྷ་དང་དམ་ཅན་ཚོགས། །རྣལ་འབྱོར་ཕོ་མོ་ཚོགས་པ་རྣམས། །དེས་སྒྲིབ་མ་དག་དེ་དག་བྱ། །ཟླ་དང་ཞལ་ལ་ཉམས་པ་རྣམས། །དག་པར་བྱ་ཕྱིར་བཤགས་བྱང་བྱ། །དཔལ་ཆེན་མཁའ་འགྲོ་གསང་བ་ཡི། །སྣོད་མིན་གསང་བའི་སྒོ་བཅད་དེ། །བདག་ཉིད་སྔགས་པ་ཚུལ་ལྡན་གྱིས། །བརྡ་དང་སྔགས་ཀྱིས་སྒོ་དབྱེའོ། །བདུད་དང་རྣལ་འབྱོར་ཆ་དབྱེའི་ཕྱིར། །དུར་ཁྲོད་རྟགས་ཀྱིས་གདབ་པར་བྱ། །བྱིན་བརླབས་ནུས་མཐུ་ལྡན་གྱུར་པས། །བྱིན་གྱིས་བརླབས་པ་ཚུལ་བཞིན་བྱ། །རིགས་ལྔ་བྱིན་གྱིས་བརླབས་པའི་ཕྱིར། །བདག་དང་དཀྱིལ་འཁོར་རྫས་རྣམས་གསུམ། །ལྷ་ཉིད་དུ་ནི་བརླབ་པར་བྱ། །བདག་ཉིད་ལུང་སྲོག་ལྡན་པའི་ཕྱིར། །ཕྱིན་ཆད་མི་ཉམས་དམ་བཅའ་འོ། །དཀྱིལ་འཁོར་མཁའ་འགྲོ་དམ་ཅན་ཚོགས། །རྫས་དང་ཏིང་འཛིན་གཟུགས་ཀྱིས་ནི། །ཐུགས་དམ་བསྐང་བའི་ལས་རྣམས་བྱ། །དམ་ཅན་བསྟེན་པའི་བསྟེན་རྫས་དང་། །སྒྲུབ་པའི་རྫས་དང་མཆོད་པའི་རྫས། །དྲག་པོ་སྔགས་ཀྱི་སྔགས་རྫས་དང་། །དྲག་པོ་སྔགས་ཀྱི་ཆས་གོས་གསུམ། །ཚང་བར་བསོགས་ན་ནུས་མཐུ་ལྡན། །གསང་བ་པའི་བདག་པོ་དེ་ནི་མངོན་དུ་བྱ་བའི་ཁ་ཚར་རོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། །ལས་ཀྱི་ཁ་ཚར་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། རྡོ་རྗེ་འདུས་པ་ཆེན་པོ། རྣལ་འབྱོར་བསྐྱེད་པའི་རིམ་པ་ཇི་ལྟར་བྱ། ཐབས་ནི་ཇི་ལྟ་བུ་ཞེས་ཞུས་པས། རྡོ་རྗེ་འདུས་པས་གསུངས་པ། སྔོན་དུ་བྱ་བའི་ལས་རྫོགས་ནས། །བསྐྱེད་པའི་རིམ་པ་འདི་ལྟར་བྱ། །རྡོ་རྗེ་རང་བཞིན་འདུས་མ་བྱས། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། །རྣམ་པར་མི་རྟོག་རྟོག་ལས་འདས། །དང་པོའི་དོན་དུ་བསྒོམ་པར་བྱ། །ཆོས་ཀྱི་སྐུ་ཡི་དོན་རྟགས་སོ། །ཆོས་ཉིད་ངང་གིས་ཁྲོ། །ཐུགས་རྗེ་ཤུགས་ཀྱི་ཁྲོ། །མཚན་མ་ཁྲོ་བོར་བཅས་དང་བཅོས། །ཚོལ་ག་གཉིས་བའི་དོན་གསལ་བ། །རང་བཞིན་མ་བཅོས་ངང་གིས་གསོལ། །ལོངས་སྤྱོད་རྫོགས་པའི་སྐུ་རྟགས་ལྡན། །ཞེ་སྡང་གི་རང་བཞིན་གྱིས་ཞེ་སྡང་གིས་ཞེ་སྡང་གཅོད་པ་སྟེ། དོན་གྱི་ཧུ༷་དང་རིག་པའོ་ཧུ༷། །ཧུ༷་གཉིས་སུ་ནི་ཤེས་པར་བྱ། །དོན་གྱི་ཧུ༷་ནི་ཆོས་ཉིད་དོ། །རྟགས་ནི་སེམས་ཉིད་ཧཱུཾ་དུ་ཤར། །ཚོལ་བ་གཉིས་པ་སྤྲུལ་སྐུའོ། །སྲོག་ནི་མི་འགྱུར་ཡེ་ཤེས་ཏེ། །འདི་ནི་ཐམས་ཅད་གཅོད་དང་ལྡན། གོ་རྒྱུ་རིམ་པ་རིམ་པར་ཤར། །ཆོས་ཉིད་སྟོང་པའི་བསྲེགས་སྦྱངས་ལས། །དབང་ཆེན་རིམ་པ་རིམ་པར་ཤར། །སྣ་ཚོགས་སྒྱུ༷་ལས་གཞལ་ཡས་ཁང་། །རིམཔབཞིནདུབསྐྱེདཔར་བྱ། །སྒྱུ༷། རིག་པ་རྩལ་གྱི་ཁྱད་པར་ལས། །ཕྱོགས་སྐྱོང་གདན་རྣམསརངབཞིནཤར། །ཐབས་དང་ཤེས་རབ་ཉི་ཟླ་ལ། །མ་ཆགས་པདྨའི་གདན་དུ་ཤར། །སངས་རྒྱས་པ་ཡི་ཨེ་ལ་གནས། །རིག་པའི་ཡེ་ཤེས་མཚོན་པའི་ཕྱིར། །རྩ་བའི་རྣལ་པར་ཤེས་པ་ཉིད། །ཧུ༷་ཉིད་ལས་ནི་ཀུ་མ་ར། །མཚན་མའི་རྟོག་པ་མ་སྤངས་དག །ཆོས་ཀྱི་སྐུ་དང་ལྡན་པའི་རྟགས། །གཡས་ཀྱི་ཞལ་མདོག་དཀར་བ་ཡིན། །སྤྲུལ་པའི་སྐུ་དང་ལྡན་པའི་རྟགས། །གཡོན་གྱི་ཞལ་མདོག་དམར་བ་ཡིན། །ལོངས་སྤྱོད་རྫོགས་པའི་སྐུ་དང་ལྡན་པའི་རྟགས། །དབུས་ཀྱི་ཞལ་མདོག་མཐིང་ཁ་ནི། །རྣམ་ཐར་སྒོ་གསུམ་དབུ་སྒྲ་ཁམ་ནག་གྱེན་དུ་འབར། །སྤྱན་དགུ་ཡེ་ཤེས་དགུ་དང་ལྡན། ཁྲངས་དྲུག་སྟོང་པ་དྲུག་དང་ལྡན། །སྙན་དྲུག་ཕ་རོལ་ཕྱིན་པ་དྲུག་དང་ལྡན། །ཞལ་གསུམ་ལྗགས་དང་བཅས་པ་ནི། །སྤྲུལ་པའི་སྐུ་གསུམ་རྣམ་པར་སྒྲོགས། །ཕྱག་དྲུག་ཐབས་ཀྱི་སྤྱོད་པ་དྲུག །ཞབས་བཞི་འཕྲིན་ལས་བཞི་ཡི་ཚུལ། །ཉོན་མོངས་མ་སྤངས་དུར་ཁྲོད་ཆས་བརྒྱད་ལྡན། །དུག་གསུམ་མ་སྤངས་སྐུ་གསུང་ཐུགས་ལྡན་ཕྱིར། །ཐོད་པ་ཚར་གསུམ་སེ་རལ་ཁ་རུ་བཅིང་། །མེ་རི་མེ་དཔུང་ཀུན་ལས་གཏམས། །དོན་དམ་མ་སྤངས་ལྷུན་གྱིས་གྲུབ་པའི་ཕྱིར། །ཡེ་ཤེས་སེམས་དཔའ་སྙིང་ལ་ངེས་པར་གནས། །སྐྱེ་མེད་ནམ་མཁའི་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མ་འགགས་འཁོར་ལོ་རྒྱས་འདེབས་གསལ། །སྟིབྷ་ཙཀྲ་ཧ་ན་ཧ་ན་ཧུ༷་ཕཊ།ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཐབས་དང་ལ། །ཀུན་ཀྱང་ཡབ་ཀྱི་ཆ་འཛིན་པ། །བསྙེན་བསྒྲུབ་རྣམ་གསུམ་རིམ་པ་ལ། །སྐབས་སྐབས་སྒྱུར་ཞིང་བསྒོམ་པར་བྱ། །སྤྲུལ་པ་སྐུ་ཡི་རྟགས་འཛིན་ནོ། །རྡོ་རྗེ་འདུས་པ་ཆེན་པོས་དེ་སྐད་ཅེས་གསུངས་པས། གསང་བའི་བདག་པོ་ལ་སོགས་པ་ཐམས་ཅད་བསྐྱེད་པའི་རིམ་པ་དང་ལྡན་པར་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུས་ལས། ཏིང་ངེ་འཛིན་བསྒོམ་པའི་རིམ་པ་བསྟན་པའི་ལེའུ་སྟེ་བཅོ་ལྔ་བའོ།། །།དེ་ནས་གསང་བའི་བདག་པོས་ཞུས་པ། སྤྱན་དྲང་མཆོད་པའི་དོན་ནི་གང་། །ཚུལ་དང་རིག་པ་ཇི་ལྟར་བྱ། །ཞེས་གསོལ་བ་དང་། །རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། །གསང་བ་བའི་བདག་པོ་ཉོན་ཅིག །དོན་དམ་ངང་ལ་བྱོན་དང་མ་བྱོན་ཡེ་ནས་གཉིས་སུ་མེད། །མཆོད་དང་མཆོད་བྱ་གང་ཡང་མེད། །གདུལ་བྱ་རྣམས་ཀྱི་དོན་དུ་ནི། །འཇིག་རྟེན་པ་དང་ཚུལ་བསྟུན་ཕྱིར། །སྤྱན་དྲང་མཆོད་པའི་རིམ་པ་ཡོད། །ཆོས་ཉིད་མཉམ་པའི་ངང་ཉིད་ལ། །ཏིང་ངེ་འཛིན་གྱི་བྱེ་བྲག་གིས། །རང་གི་ཏིང་འཛིན་རྩལ་གྱུར་ཕྱིར། །སྙན་གསན་དབབ་དང་སྤྱན་དྲང་དགོས། །མི་དམིགས་སྟོང་བའི་ངང་ཉིད་ལས། །བསྐུལ་དང་བཅས་སུ་བཅས་པ་ཡིས། །ཆོས་ཀྱི་སྐུ་ལས་གཟུགས་སྐུར་བཞེངས། །རྒྱན་དང་ཆ་ལུགས་ལོངས་སྤྱོད་རྫོགས། །རང་བཞིན་དཀྱིལ་འཁོར་རྣམ་གསུམ་ཤར། །ནམ་མཁའ་དག་ལ་སྐར་ཆེན་ཤརབབཞིན། །མསྐྱེསཔ་ལས་ཆོ་འཕྲུལ་ཤར། །བཛྲ་ས་མན་ཛ། གང་ནས་སྤྱན་དྲང་གང་དུ་བྱ། །གང་ཞིག་སྤྱན་དྲང་གང་ལ་དམིགས། །དྲངས་པའི་དགོངས་ཆེན་གང་དག་བྱ། །དྲང་བའི་ཐབས་ནི་བསྐུལ་དང་སྔགས། །རིག་པའི་ཆོ་འཕྲུལ་ཆེན་པོ་ཡིས། །འོག་མིན་ཆེན་པོའི་གནས་དག་ནས། །ཏིང་འཛིན་གཟུགས་བརྙན་དཀྱིལ་འཁོར་དུ། །བདག་ཉིད་ལ་སོགས་དཀྱིལ་འཁོར་གསུམ། །ཏིང་འཛིན་སྦྱང་དང་བྱིན་བརླབ་བསྡུ། །དབང་དང་དངོས་གྲུབ་བླང་ཕྱིར་རོ། །ཨེ་རྒྱ་ཧི་བྷ་ག་བ་ན་མ་ཧྭ་ཀ་རུ་ཁེ་ཀ་ཧུ༷། ཛ་ཧུ༷་བ༷་ཧོ། ཕྱག་རྒྱ་བཞི་ཡིས་དགུག་གཞུག་བྱ། །བར་སྣང་ནམ་མཁའ་དག་ལ་དམིགས། །དཀྱིལ་འཁོར་གསུམ་ལ་ཕྱག་བཙལ་བས། །གཉིས་སུ་མེད་པར་མཇལ་བར་བསམ། །སྐུ་གསུང་ཐུགས་ཡོན་ཏན་ལས། །རང་རང་གནས་སུ་གཉིས་མེད་ཐིམ། །དཀྱིལ་འཁོར་རྣམ་གསུམ་ལག་གནས་པས། །འཕོ་འགྱུར་མེད་པར་གསལ་བར་བསྒོམ། །ཡེ་ཤེས་ལྔ་ཡིས་རང་དབང་བསྐུར། །སྐུ་གསུང་ཐུགས་དང་ཡེ་ནས་ལྡན། །སྤྱན་དྲངས་པ་ཡི་རིམ་པའོ། །གནས་སུ་སྟོབ་ཕྱིར་མཆོད་པ་ནི། །ཕྱི་ནང་གསང་བ་གསུམ་ཤེས། །ཕྱི་ནང་མཆོད་པ་རྣམ་ལྔ་སྟེ། །ལྷ་མོ་ལྔ་རུ་བྱིན་བརླབས་པ། །དཀྱིལ་འཁོར་ཀུན་ལ་རྒྱ་པར་འབུལ། །གསང་པའི་ལྷ་མོ་ལྔ་དང་ནི། །སྣང་སྲིད་ཀུན་ཏུ་བཟང་པོ་ཡིས། །ནང་གི་ཤེས་པར་བྱ་བའོ། །མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་བསྒྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་དབུལ། །བཟའ་དང་བཅའ་དང་བ་་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀྱི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ནི་ཆོས་ཉིད་རོལ། །ཀི་ལི་ཀི་ལ་ཡ་ཁུ་ཧི། །དུག་གསུམ་མཆོད་པ་བསྟབས་མཆོད་བྱ། །སྦྱོར་དང་སྦྱོར་པའི་མཆོད་པ་བྱ། །རང་རང་རྩ་བའི་སྙིང་པོ་ལ། །བྱི་ཏ་ཨ་མྲི་བཏགས་པས་མཆོད། །དེ་སྐད་ཅེས་གསུང་པས་ཐམས་ཅད་མཉེས་པར་འགྱུར་རོ། །འཁོར་རྣམས་ཐམས་ཅད་དགྱེས་ནས་བཅོམ་ལྡན་འདས་ལ་བསྟོད་པ། ཧུ༷་ཨོ་ཨོ་སྒེག་པོ་དཔའ་བོ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་མངོན་པ་དང་། །གཤིན་རྗེ་རྔམ་དང་ཞི་བ་ལ་སོགས་པ་ཡི། །སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ། །རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྒེག་འདྲ། །གདུག་ཚོགས་ཞལ་དུ་རྡུབ་པས་རྔམ་རྔམ་འདྲ། །ཞལ་གཡས་དཀར་ལ་བཞད་པས་ཞི་ཞི་འདྲ། །ཞལ་གཡོན་དམར་ལ་གདངས་པས་རྔམ་རྔམ་འདྲ། །ཞལ་དབུས་སྔོ་ལ་མཐིང་བས་ཁྲོ་ཁྲོ་འདྲ། །དེ་འདྲའི་ཁྲོ་བོ་འཇིགས་པའི་ཚུལ་བསྟན་པ། །རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས། །རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་གནས་སུ་འདྲེན། །ཡེ་ཤེས་མེ་དཔུང་ཁམས་གསུམ་འཁོར་བ་བསྲེག །ཁ་ཊ༷་རྩེ་གསུམ་དུག་གསུམ་རྩ་ད་ནས་གཅོད། །རི་རབ་ཕུར་བུས་ཁམས་གསུམ་དབང་དུ་སྡུད། །དུར་ཁྲོད་རྒྱན་གྱིས་དཔལ་ཆེན་ཆས་སུ་བརྒྱན། །དེ་འདྲའི་ཁྲོ་བོ་འཇིགས་པའི་ཚུལ་བསྟན་པ། །ཚེ་མཆོག་ཁྲོ་རྒྱལ་ཉིད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པས་མཉེས་པར་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། སྤྱན་དྲངས་པ་དང་མཆོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གསང་བའི་བདག་པོས་ཡང་ཞུས་པ། རྡོ་རྗེ་འདུས་པ་ཆེན་པོས། དྲག་པོ་ལས་ཀྱི་ཁ་ཚར་ཇི་ལྟར་བྱ། །བསྒྲལ་བའི་ཐབས་ནི་ཇི་ལྟ་བུ། །ཞེས་ཞུས་པས། རྡོ་རྗེ་འདུས་པས་གསུངས་པ། གསང་བ་བའི་བདག་པོ་ཉོན་ཅིག །དྲག་པོ་ལས་ཀྱི་ཁ་ཚར་འདི། །མཚན་མ་དང་ནི་བཟླས་བརྗོད་དང་། །ཏིང་འཛིན་ཕོ་ཉ་རྣམས་ཀྱིས་སོ། །ཐབས་ནི་ཏིང་ངེ་འཛིན་དང་མངོན་འབྱུང་གཉིས་ཀྱིས་བསྒྲལ། །མཚན་མའི་རྟེན་ནི་ལིང་ག་ལ། །དཀྱིལ་འཁོར་ཆེན་པོ་ལ་བསྟེན་ནས། །བསྒྲལ་བའི་དཀྱིལ་འཁོར་ཆེན་པོ་ནི། །དུག་གསུམ་བམ་རིམ་གསུམ་བརྩེགས་ལ། །ཟ་་བྱེད་ཞལ་དང་མདའ་གཞུ་བཅས། །རྡོ་རྗེ་དབྱུག་ཐོ་རལ་གྲི་དང་། །མཚོན་ཆ་ལྔ་ཡིས་ཀུན་ལ་གཏང་། །ཉི་ཤུ་རྩ་བརྒྱད་རྩང་གིས་བསྐོར། །མེ་ལྷ་སྲིན་པོ་གནས་པའི་ཕྱོགས་སུ་བརྩིག །བདག་གི་དབང་དུ་གྱུར་དང་རླག་པའི་ཕྱིར། །རང་གི་ཕྱོགས་སུ་གཞུག་པར་བྱ། །དམིགས་པའི་བྱ་ཐབས་གོང་དེ་བཞིན། །འཇིག་རྟེན་པ་དང་ཚུལ་བསྟན་ཕྱིར། །མ་ཉེས་དག་གི་དཔང་ཡང་གཟུགས། །དམ་ཉམས་ཉེས་པའི་བགྲང་ལུང་བྱ། །དེ་ནས་བསྐུལ་བ་ལས་ཀྱི་ཕོ་ཉ་གཏང་། །ཏིང་འཛིན་སྔགས་དང་ཕོ་ཉ་གསུམ། །རེ་རེ་ལ་ཡང་གསུམ་གསུམ་མོ། །དང་པོར་བདག་ཉིད་རྩ་བ་བསྐུལ། །བདག་ཉིད་ཤིན་ཏུ་གསལ་བ་ལས། །སྟོང་གསུམ་གཞལ་ཡས་ཁང་གྱུར་ལས། །ཕོ་ཉ་ཁ་སྐོང་རྫོགས་པར་བྱ། །བདག་ནིད་ལས་ཀྱི་སྤྲུལ་པ་འཕྲོས། །རྒྱ་ཤོག་དག་ནི་རླུད་ཁྱེར་བཞིན། །རང་དབང་མེད་པར་འོང་བར་བསམ། །བཛྲ་ཀི་ལི་ཀི་ལ་ཡ་ཛ་ཧུ༷་བ༷་ཧོ། བཛྲ་ཨ༷་གུ་ཤ་ཛ་ཛ། སེམས་བསྐྱེད་མཆོད་དང་ལྡན་པས་དགུག །སྟོང་གསུམ་ཁྲོ་བོ་ལས་སྤྲུལ་བ། ཁྲོ་བོ་ཁྲོ་མོ་བསམ་མི་ཁྱབ། །བསྐུལ་བའི་ཕོ་ཉ་དྲག་ཏུ་བསྐུལ། ཁྲ་ཐབས་སྤྲུལ་པ་མགོ་བརྙན་ཚོགས། །རེ་རེ་ལ་ཡང་བསམ་མི་ཁྱབ། །རྒྱ་གྲོག་གློངས་པའི་ཚང་བཞིན་དུ། །རང་དབང་མེད་པར་བཀུག་པར་བསམ། ་༑་ན་དུང་གི་ཁྱི་མོ་བཞི། །བདེ་བར་གཤེགས་པའི་སྤྲུལ་པ་སྟེ། །ཕྱོགས་བཞི་ནས་ནི་བཀུག་ནས་སུ། །རེ་རེ་ལ་ནི་འཁོར་ནི་འབུམ་ཕྲག་སྟེ། །རང་དབང་མེད་པ་ཁུགས་པར་བསམ། །བདག་ཉིད་ཆེན་མོ་ལ་སོགས་པའི། །ས་བརྒྱད་ནོན་པའི་སེམས་མ་དང་། །ཡེ་ཤེས་བཞི་ཡི་སྤྲུལ་པ་བཞི། །འཁོར་ནི་མ་མོ་འབུམ་གྱིས་བསྒོར། །གཡོག་དང་ཡང་གཡོག་བཅས་པ་ཡིས། །རང་དབང་མེད་པར་བཀུག་པར་བསམ ཚ་བའི་མ་མོ་བཅུ་གཉིས་ནི། །མཚོ་བརྒྱད་དག་ལ་གནས་བཅས་ཤིང་། །དབང་ཕྱུག་མ་ཡི་ཕོ་ཉ་སྟེ། །ལས་རྣམས་ཀུན་ལ་བརྒྱུག་པར་བྱེད། །ཉི་ཟེར་དག་ནི་གཟིངས་པ་བཞིན། །རང་དབང་མེད་པར་འགུགས་པར་བསམ། །དམིགས་པའི་རྟེན་ལ་ཨ་བེ་ཤ་ཡས་དབབ། །ཏིང་འཛིན་ཡིད་ལ་མངོན་སུམ་དུ། །སྡུག་བསྔལ་ཉམས་སུ་མྱོང་བསམ་ལ། ་་ས་ཀར་རྒྱལ་པོ་ལག་ཐོགས་ལ། །ཞིང་བཅུ་དག་གི་བགྲང་ལུང་བྱ། ཁུ་གསུམ་དག་ཏུ་མི་གཞུག་ཏུ། །ཁྱོད་ནི་དུག་གསུམ་དག་ཏུ་མི་གཞུག་ཏེ། ཁྱོད་ནི་དུག་གསུམ་དབང་ལ་སྐྱེས། །མཚོན་ཆའི་ར་བར་མི་གཞུག་ཏུ། ཁྱོད་ནི་ལས་ངན་དུས་ཟད་ཡིན། །ཟ་བྱེད་ཞལ་གྱིས་མི་བསྐོར་དུ། ཁྱོད་ཀྱིས་ཆོས་བསྐོར་གཉན་པོ་བཤིག །ཏིལ་གྱི་ཕུག་མ་མི་གདིང་དུ། ཁྱེད་ནི་ཉོན་མོངས་དབང་ལས་སྐྱེས། །ཚེར་མའི་དོང་དུ་མི་གཞུག་ཏུ། ཁྱོད་ཀྱི་ང་རྒྱལ་ཚེར་མས་རྣོ། །རེ་བའི་ཐུམ་པོར་མི་གཞུག་ཏུ། ཁྱོད་ནི་འདོད་ཆགས་དབང་ལས་སྐྱེས། །སྔོན་དམར་བྱད་དུ་མི་གཞུག་ཏུ། ཁྱོད་ནི་ཞེ་སྡང་དབང་གིས་སྐྱེས། །ལྕགས་ཐག་ནག་པོས་མི་གདགས་སུ། །ཁྱོད་ནི་ལས་ངན་རྒྱུན་ཆད་ཡིན། །ཀི་ལི་ཀི་ལ་ཡ་སྟི་རི་མུག་ཏ་ནི་མ་ར་ཡ་ཕཊ། ཅེས་ཉུངས་ཀར་རྒྱལ་པོ་བྲབ་པོ། །གུ་གུལ་ནག་པོའི་དུད་པ་གཏང་། །དེས་ནི་འགོ་བའི་ལྷ་ཐམས་ཅད་ཕྲལ་ནས་བདག་གི་དབང་དུ་གྱུར་པར་བྱའོ། །དེ་ནས་འཛབ་དགོངས་ཀྱི་རིམ་པ་ལ་འཛུག་པར་བྱ་སྟེ། །བསྙེན་པ་དང་ཉེ་བའི་བསྙེན་པ་གཉིས་ནི་བདག་ཉིད་ཚགས་སུ་གཞུག་པའོ། །བསྒྲུབ་པའི་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་བྱ་བའོ། །བསྒྲུབ་པ་ཆེན་པོ་འདིའི་དུས་སུ། །གུ་ཡ་བཛྲ་འདུས་པ་ནི། །ལྷ་རྣམས་ཐམས་ཅད་དྲག་༄༅ པོ་ལས་ལ་བསྐུལ། །ཕྱག་རྒྱ་བཞི་ནི་བཏགས་པ་ཡིས། སྤྲུལ་པའི་ཕོ་ཉ་མང་བཀྱེ་ནས། །གྲོག་ཚང་དེ་ནི་ཀློག་པ་བཞིན། །རང་དབང་མེད་པར་ཁུགས་པར་བསམ། །གུ་ཡ་བཛྲ་བཅུ་པ་བཟླས་པ་ཡིས། །རེ་རེ་ལ་ནི་སྤྲུལ་པ་བསམ་མི་ཁྱབ། །གང་ཡིན་དེ་ནི་དགུག་པར་བསམ། །སྐབས་སྐབས་ཕོ་ཉ་དྲག་ཏུ་བསྐུལ། །ནི་ཛ་དག་གིས་བརྡུངས་བར་བྱ། །སྦྱར་བའི་གུ་གུལ་དག་གིས་བདུག །དེ་ནི་དང་པོའི་དོན་དུ་ཤེས་པར་བྱ། ཟབ་མོ་དག་གི་སྔགས་བདུན་དང། །དམ་ཅན་དག་ནི་བདུན་དུ་སྦྱར། །བསྐུལ་བའི་ཕོ་ཉ་བདུན་དུ་སྡེབ། །གནད་ལ་བབ་པའི་ཚིག་ཏུ་སྡེ། །རང་གི་བསྐུལ་ཚིག་བདུན་དུ་སྦྱར། །མཐུན་པའི་རྫས་ནི་བདུན་དུ་རྒྱུག །ཀུན་ཀྱང་རང་དབང་མེད་པ་སྲ །རྒྱལ་པོ་དག་གིས་བཀའ་སྩལ་བཞིན། །རང་དབང་མེད་པར་འགྲོ་བར་བསམ། །ཧོར་མོ་དག་གིས་བྱ་འདེད་བཞིན། །གར་ཡང་འགྲོ་བའི་དབང་མེད་པར། །དམིགས་པའི་རྟེན་ལ་དབབ་པར་བྱ། །མ་ཁུགས་བར་དུ་བསྐྱར་ཞིང་བཟླས། །གཉིས་པའི་དོན་དུ་ཤེས་པར་བྱ། །ལས་ལ་རྒྱུག་པའི་ཉི་ཤུ་གཅིག །སྐོར་ཚོགས་ཉི་ཤུ་གཅིག་ཏུ་བཟླས། །རང་གི་ཚིག་གི་བསྐུལ་དྲུག་དང་། །ཕོ་ཉ་ཁ་ཚར་དྲུག་ཏུ་གཏང་། །དགོངས་པའི་ཏིང་འཛིན་དྲུག་ཏུ་དགྱེ། །བསྐུལ་བའི་སྔགསནིཉིཤུགཅིག །ཀིལིཀིལི་ཉི་ཤུ་གཅིག །ཁྲག་ཟོར་དག་ནི་ཉུངས་ཟོར་དང་། །དུགཟོརམཚོནཟོརགཏོར་ཟོར་དང་། །དམ་ཆུ་ཁྲག་དང་བསྲེས་པའི་རྫས། །བཞིའམ་ཉི་ཤུ་རྩ་གཅིག་རྒྱུག །རྒྱ་ཤོག་དག་ལ་སེར་ཆེན་འབབ་པའམ། །སྐར་མདའ་ལམ་དུ་ཞུགས་བའི་ཚུལ་དུ་བཟླས། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །ཚངས་པའི་ཚེ་དང་ལྡན་པ་ཅིག་ཀྱང་ཞག་ཉི་ཤུ་རྩ་གཅིག་ན་འཆི་བར་འགྱུར་རོ། །མངོན་དུ་ཕྱུང་སྟེ་བསྒྲལ་བར་བྱ། །གསལ་བ་གསུམ་དང་ཡང་དག་ལྡན། །དྲོད་ཚད་གསུམ་གྱིས་ངེས་པར་ཟིན། །རྣམ་གསུམ་ཨ་ཡི་རང་བཞིན་ལ། །ཁྲུས་ལུང་རྣམ་གསུམ་རྫོགས་བྱས་ལ། །ཚེ་ལུང་ངེས་པའི་བློ་གྲོས་བྱ། །བསྒྲལ་བའི་གནས་དང་དགོས་ཆེད་དང་། །བྱ་བའི་ཐབས་དང་བསྒྲལ་ཚུལ་ལོ། །གནས་ནི་གང་དང་གང་ཞེ་ན། །ཀུན་གཞི་ཡིད་དང་རྣམ་ཤེས་གཉིས། །སྙིང་ལ་ངེས་པར་གདབ་པར་བྱ། །རྣམ་ཤེས་དྲུག་དང་དབང་པོ་དྲུག །བཅུ་གཉིས་གནས་སུ་གདབ་པར་བྱ། །ཕུང་པོ་བཞི་ལ་གདབ་པའི་ཕྱིར། །ཡན་ལག་བཞི་ལ་གདབ་པར་བྱ། །སྐྱེ་བརྒྱུད་གཉིས་ནི་གཅད་པ་དང་། །རྟེན་པའི་བཞི་ནི་བསྒྲལ་བའི་ཕྱིར། །སྤྱི་བོ་རྐང་མཐིལ་བཅོ་ལྔ་སྲང་ལ་གདབ། །དགོངས་པའི་དོན་རྣི། །གནས་ནི་ཉི་ཤུ་རྩ་གཅིག་དང་སྦྱར་ནས། །ཡེ་ཤེས་ཉི་ཤུ་རྩ་གཅིག་ཚུལ་དུ་བསྒྲལ། །བསྒྲལ་བའི་ཐབས་ནི་གང་ཞེ་ན། །གབ་པའི་སྡོམ་པ་གཟུང་བ་དང་། །གཟིར་གནོན་དྲག་པོས་བརྡུང་བ་དང་། །དམ་ཅན་གནད་ལ་དབབ་པ་དང་། །རྩ་བས་ཁམས་གསུམ་བསྒྲལ་བ་དང་། །ཐུན་ཟོར་ལས་ཀྱི་བྱ་བ་དང་། །སྔགས་དྲུག་མཇུག་ལ་གདགས་པ་དང་། །བསྒྲལ་ནས་མཆོད་པར་བསྡབ་པ་དང་། ཚེ་མདངས་ཕྲོགས་ལ་བདག་གིར་བྱ་བའོ། །བསྒྲལ་བའི་ཚུལ་ནི་གང་ཞེ་ན། །ཉི་ཤུ་རྩ་གཅིག་ཚོ་བཞིར་གདབ། །ཀུན་ཀྱང་ཐུགས་ཀྱི་སྤྲུལ་ལ་སྟེ། །ཆ་འཛིན་ཉི་ཤུ་རྩ་གཅིག་གོ །ཀུན་ཀྱང་གཅེར་བུ་རལ་པ་ཅན། །སྟོད་ནི་ཞལ་གཅིག་ཕྱག་གཉིས་ཕུར་བུ་འདྲིལ། །ལྟེ་བ་མན་ཆད་ཕུར་པར་སྣང་། །སྐར་མདའ་ལམ་དུ་ཞུགས་པ་བཞིན། །གཅིག་ལ་བཏབ་པས་ཀུན་ལ་ཐེབས། །མདའ་ཐུན་བརྒྱད་ནི་དུས་བཞིར་རྒྱུག །ཨོ་ལ༷་ཧྲུ༷་ལ༷། སྟ༷་པ་ནན་མོ་ཧ་བྷ་ཏ་ཡ། བྷ་ག་བན། ཧྲི་ཀྲི་བི་ཀྲི། །ཐྲི་བཛྲ་ཧུ༷ཀར་ཧུ༷་ཧུ༷་ཕཊ། བཛྲ་ཀི་ལི་ཀི་ལི་ཡ། ཀི་ལ་ཡ། ཛ་ཧུ༷་བ༷་ཧོ། སརྦ་བིག་ནན། བཛྲ་ཀི་ལི་ཀི་ལི་ཡ། ཧུ༷་ཕཊ་ཕཊ། བཛྲ་ཧུ༷་ཀ་ར་ཧུ༷་ཕཊ། ཧུ༷་ཀ་ར་ཧུ༷། ཨ་ཨ་ཨ། ཧུ༷་པ་ར་བིད་ཏ་ན་ཧུ༷་ཕཊ། ཚིནདྷ་ཚིནདྷ་ཧུ༷་ཕཊ། སྒྲིན་སྒྲིན་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། བྷན་དྷ་བྷན་དྷ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཏ་མ་ཏ་བཛྲ། ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་ཕཊ །མུ་རུ་མུ་རུ་བཛྲ། ཀ་ཏ་ཀ་ཏེ་བཛྲ། ཛ་ཡེ་བིཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏ། མ་ར་ས་ན་པྲ་མར་དྷནི་ཡེ་ཧུ༷་ཕཊ །སརྦ་ཨ་ན་ཡ་ཧུ༷་ཕཊ །ཏབྱ་ཐ་ཏབྱ་ཐ་ཧུ༷་ཕཊ། ཧུ༷་མ་མ་པ་ཤི་ཀུ་རུ་མ་ཏམ་ཉ་ཀ་ར་ཨི་ནན། དྷ་ཏི་མ་མ་ཀརྨ་གྲི་ཀྲ། ཀ་རེ་ཡ། སྙུ་ཡ་མན་ཏྲ་འདི་རྣམས་ནི། ལས་ཀྱི་སྙིང་པོ་ཡང་ཡིན། འདེབས་པའི་སྙིང་པོ་ཡང་ཡིན། ཐུགས་ཀྱི་སྙིང་པོ་ཡང་ཡིན། གཟིར་བའི་སྙིང་པོ་ཡང་ཡིན། སྲེགས་པའི་སྙིང་པོ་ཡང་ཡིན། རྒྱུན་གྱི་སྙིང་པོ་ཡང་ཡིན། ལས་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་ནོ། །ཀྭ་ལི་ཀི་ལ་ཡ་ཉི་ཤུ་རྩ་གཅིག །རི་རབ་ཆེན་པོ་གསུམ་གྱི་གོང་དུ་གཟིར་བར་བྱ། །ཀི་ལ་ཡ་བཅོ་བརྒྱད་གསོ་བ་གསུམ་དང་ལྡན་པར་བྱའོ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །མཚོན་ཆ་ལྔ་ཡིས་རྒྱ་གྲམ་གཏུབ། །གསང་བའི་མཁའ་དབྱིངས་དག་པ་མུ །ཡབ་རྣམས་ཀྱི་ནི་རྡོ་རྗེ་ཡིས། །གཉིས་སུ་མེད་པར་བརྡུང་བར་བྱ། །ཁ་ཐ༷་ཁ་ཐ༷་ཁ་ཐ༷་ཁ་ཐ༷་ཁ་ཐ༷། ཧུ༷་ཧུ༷་ཧུ༷་ཧུ༷ཧུ༷། ཕཊ་ཕཊ་ཕཊ་ཕཊ་ཕཊ །བཛྲ་ཡག་ཤ་ཀྲོདྷ་ཁ་ཧི་ཁ་ཧི་ཁ་ཧི་ཁ་ཧི་ཁ་ཧི། ཧ་ཧ་ཧ་ཧ་ཧ། ཧུ༷་ཧུ༷་ཧུ༷་ཧུ༷་ཧྭ༷། ཕཊ་ཕཊ་ཕཊ་ཕཊ་ཕཊ། སྨོན་ལམ་དྲག་པོས་གཉིས་མེད་དང་དུ་བསྒྲལ། །ཐམས་ཅད་ཐིག་ལེ་གཅིག་གི་ངང་། བསྒྲལ་དང་མ་བསྒྲལ་གཉིས་སུ་མེད། །བདག་དང་སེམས་ཅན་ཐ་མི་དད། །བསྒྲལ་བ་འབའ་ཞིག་སྙིང་རྗེའི་མཆོག །དེ་སྐད་ཅེས་གསུངས་པས། འཁོར་རྣམས་ཐམས་ཅད་བརྒྱལ་བར་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། མངོན་དུ་བསྒྲལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་སྨྲས་པ། རྡོ་རྗེ་འདུས་པ་ཆེན་པོ། དྲག་པོ་ཧོམ་ནི་ཇི་ལྟར་བྱ། །བསྒྲལ་བའི་ཐབས་ནི་གང་གིས་བྱ། །གསང་བ་བའི་བདག་པོ་ཉོན་ཅིག །ལས་ཀྱིས་མནར་བའི་དུས་ངན་འདི། །མངོན་དུ་བྱུང་སྟེ་བསྲེག་པར་བྱ། །བྱ་བའི་ཐབས་ནི་རྣམ་གསུམ་སྟེ། །ཆོས་ཉིད་རང་བཞིན་ཧོམ་ལས་ནི། །ཡེ་ཤེས་ཆེན་པོའི་ཧོམ་དང་ལས། །ཐུགས་རྗེས་མངོན་དུ་ཕྱུང་དང་གསུམ། །འདི་ཡིས་དོན་རྣམས་རྫོགས་པར་འགྱུར། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ཀུན་བཟང་མཁའ་ཀློང་ཧོམ་ཁུང་དུ། །ཀུན་ཏུ་བཟང་པོའི་མེ་སྦར་བ། །རྟོགས་པའི་བག་ཆགས་མ་ལུས་བསྲེགས། །འབྱུང་ཆེན་ལྔ་ཡི་མཆོད་པ་འབུལ། །ཡེ་ནས་མ་སྐྱེས་ངང་དུ་བསྒྲལ། །ར༷། ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །ཕུང་པོ་ལྔ་པོ་ཧོམ་ཁུང་དུ། །རྣམ་ཤེས་བརྒྱད་ཀྱི་མེ་སྦར་བས། །ཡེ་ཤེས་ལྔ་ཡི་སྒྲོན་མ་གསལ། །ཁམས་དང་སྐྱེ་མཆེད་མཆོད་པར་འབུལ། །གཟུང་འཛིན་རྟོག་པ་མ་ལུས་སྲེག །དུག་ལྡང་གཟུང་འཛིན་རྩ་བ་གཅོད། །ར༷། ཐུགས་རྗེ་མངོན་དུ་ཕྱུང་བ་ནི། །དཀྱིལ་འཁོར་བྱ་ཐབས་རྫས་དང་ནི། །མཆོད་པ་དང་ནི་བྲོ་རྣམས་སོ། །གནས་ཀྱི་དཀྱིལ་འཁོར་ཆེན་པོ་དེར། །འབྲུབ་ཁུང་ཤུ་ལམ་དགོས་སུ་བྱེད། །དགོས་སུ་བྱེད་ན་དཀྱིལ་འཁོར་བང་རིམ་སུམ་བརྩེགས་ལ། །ཕྱི་རོལ་བར་ཁྱམས་སྒོ་དང་བཅས་པར་བྲི། །སྨེ་ཤིང་གདུག་པའི་ཤིང་རྣམས་ལ། །མགོ་མཇུག་མ་ནོར་དབུས་སུ་གཟུགས། །གཟས་པ་གང་ཡིན་དམིགས་པ་བྱ། །གྲོ་ག་ཤིང་ཤུན་དག་ལ་ནི། །མིང་བྱངཉིཤུརྩགཅིགབྲི། །ལྕགས་ཐག་ནག་པོ་དག་ལ་རྒྱུ། །ཧོམ་གྱི་རྩེ་ལ་བསྐོར་ལ་བཞག །མཆོད་པ་དག་གི་མཆོད་རྫས་ནི། །ཕྱི་ནང་གསང་བ་གསུམ་ཡང་བསོགས། ཁྲ་ཆེན་དང་ནི་རུས་ཆེན་དང་། །ཏིལ་དང་མོན་སྲན་གྲེའུ་དང་། །ཚིལ་ཆེན་དང་ནི་མར་ནག་དང་། །ཁྲག་སྣ་རྣམ་པ་སྣ་ཚོགས་དང་། །སྐྱེར་པའི་མདའ་དང་མཚན་མར་བཅས། །དགང་གཟར་བླུག་གཟར་ཚོགས་པ་ལ། །དྲག་པོའི་དབྱིབས་སུ་འོག་མ་དག་ནི་སོར་བཞི་ལ། །གོང་མ་དག་ནི་སོར་གཉིས་སོ། །དཀྱིལ་དུ་ཧུ༷་མུ༷་དུ་བྲི། །སྔགས་པའི་ཆས་གོས་ནག་པོར་བྱ། །སྟོང་སུམ་ཁྲག་འཐུང་ལ་དམིགས་ལ། །བསྐུལ་བའི་ཕོ་ཉ་དྲག་ཏུ་གཏང་། །ནི་ཛ་སྔགས་ཀྱིས་དགུག་པར་བྱ། གཟས་པའི་ཧོམ་ལ་བསྟིམ་པར་བྱ། །རང་བཞིན་ཏིང་འཛིན་ཚུལ་བཞིན་བྱ། །མཆོད་པའི་ཁ་ཚར་རྫོགས་པར་མཆོད། །ར༷་ཞེས་བྱ་བའི་མེ་སྦར་བས། །གཟས་པའི་སྙིང་ན་སྡིག་པའི་རྭ་ནི། བཅོ་བརྒྱད་ནས་མེ་ལྕེ་དག་ནི་བཅོ་བརྒྱད་འབར། །རང་སྲོག་རང་གིས་སྲེག་པར་འགྱུར། །དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ཀྱི། །མེ་ཉིད་དུ་ནི་གྱུར་བསྒོམས་ལ། །སྟོང་གསུམཐམས་ཅད་མེའི་རང་བཞིན་དུ། །ཐམས་ཅད་ཐམས་ཅད་བསྲེག་པར་བྱ། །རང་བསྐུལ་དང་སྔགས་སྦྲག་ལ། །རྫས་བཅས་པ་མཆོད་པར་དབུལ་ར༷། །མེ་ལྷའི་དགྱེས་པ་སྤྱན་དྲངས་ལ། །བསྟོད་དང་མཆོད་པཚུལབཞིནབྱ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང་། །དམ་ཅན་ཚོགས་ལ་མཆོད་པ་བྱ། །གང་ཡིན་རྡུལ་དུ་བརླག་པར་བསམ། །སྨོན་ལམ་དྲག་པོའི་ནི་ཆོས་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བི་ར་ཛའི་དུས་ལ་བབ་པའོ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མ་ལུས་པར་ནི་ཞལ་དུ་བསྲེག །དཀྱིལ་འཁོར་ལྷ་ཚོགས་ཀྱི་བྱིན་གྱིས། །མ་ལུས་བར་ནི་ཞལ་དུ་བསྲེགས། །ར༷་རྫ་ལ་ར༷་ཞེས་བརླག་པར་བྱའོ། །འཕྲིན་ལས་རྣམ་བཞིའི་རྒྱུད་གཞན་བཞིན། །སྩོད་ལམ་རྣམ་བཞི་ཅི་བྱེད་ཀྱང་། །ཀུ་མར་ཡི་ངང་དུ་བསྒོམ། །རྟག་ཏུ་ནང་གུ་མཆོད་པ་གཏང་། །དེ་སྐད་ཅེས་གསུངས་པས ཐམས་ཅད་ཚིག་པར་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། དྲག་པོ་ཧོམ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་ཡང་ཞུས་པ། རྡོ་རྗེ་འདུས་པ་ཆེན་པོས་རྣལ་འབྱོར་དོན་ཆེད་དུ། །དབང་དང་དངོས་གྲུབ་ཇི་ལྟར་བུ། །དེ་སྐད་ཅེས་ནི་གསོལ་པ་ལས། །རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། ཀི་ལ་ཡ་ཡི་དགོངས་བ་ཡི། །དབང་ནི་རྣམ་པ་གསུམ་ཉིད་དོ། །ཕྱི་ནང་གསང་བ་གསུམ་དུ་བཤད། །ཕྱི་ནི་ཕན་པའི་དབང་བཅུ་སྟེ། །རྒྱུད་གཞན་དག་ལས་གསལ་བར་བཤད། །ནང་ནི་འདི་ལྟར་ཤེས་པར་གྱིས། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དེ་ནས་དག་པར་བྱ་ཕྱིར་ཁྲུས་གསུམ་བྱ། །ནན་ཏན་གདམས་ངག་ཚུལ་ཞིང་དབོག །བར་དུ་གཅོད་པའི་བགེགས་ཆེན་བསམ། །དེ་ནས་ཉན་པའི་དབང་བསྐུར་ཏེ། །ཉོན་ཅིག་བུ་ཁྱོད་རབ་ཏུ་ཉོན། །ཁྱོད་ཀྱི་རྣ་བའི་གཞལ་ཡས་སུ། །འཁོར་ལོ་རྩིབས་བརྒྱད་ཚུལ་བཞིན་བསྒོམ། །ཏྲ༷་ལས་རིན་ཆེན་དཀྱིལ་འཁོར་བསྒོམ། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །རིན་ཆེན་རིགས་ཀྱི་ལྷ་རྣམས་གསལ། །བསྒྲགས་དང་བསྐུར་བ་ཚུལ་བཞིན་བྱ། །རྡོ་རྗེ་གསང་བའི་གསང་སྔགས་འདི། །ཐེག་པ་ཀུན་ལས་མཉན་པར་བྱོས། །ལྕགས་ཀྱི་དཀྱིལ་འཁོར་ཆེན་པོ་སྲ །པདྨ་རིགས་ཀྱི་ལྷ་རྣམས་བསྒོམ། །སྙིང་གི་གོ་རུ་བསྒོམ་པ་སྲ །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བསྒོམ། །ཡན་ལག་ལྔ་ལ་འཕྲིན་ལས་ཉིད། །ཐབས་དང་ཤེས་རབ་ཟུང་ལྡན་པའི། །ཅང་ཏི་དག་གིས་དབང་ཡང་བསྐུར། །རྡོ་རྗེ་བསྲེགས་པའི་ཧོམ་གཟར་བསྐུར། །སྙིང་རྗེས་བསྒྲལ་བའི་དམ་ཚིག་གིས། །སྲས་མཆོག་འདེབས་པའི་དབང་ཡང་བསྐུར། །བྲན་དང་ཕོ་ཉ་དབང་སྡུད་ཕྱིར། །དམ་ཅན་བསྟེན་པའི་དབང་ཡང་བསྐུར། །སྐུ་གསུང་ཐུགས་དང་ལྡན་པའི་ཕྱིར། །ཀི་ལ་ཡ་ཡི་དབང་ཡང་བསྐུར། །རྡོ་རྗེ་གཟུགས་སུ་གྱུར་བྱའི་ཕྱིར། །མིང་གིས་ངེས་པའི་དབང་ཡང་བསྐུར། །རང་རང་རྫས་ནི་མཐུན། །རྡོ་རྗེ་སློབ་དཔོན་ཆེན་པོ་ནི། །ཡན་ལག་ལྔ་ལ་རིགས་ལྔ་བསྒོམ། །སྙིང་ཁར་བདག་པོ་ཀུན་ཀྱང་བསྒོམ། །དབང་གི་རྫས་རྣམས་མ་ལུས་པར། ཁེ་ཤ་གང་ཡིན་ལག་ཏུ་གཏད། །དེ་ནི་ནང་གི་དབང་རིམ་མོ། །གསང་བ་དག་གི་དབང་གསུམ་ནི། །ཁྲོ་མོ་འབར་བའི་བྷ་ག་སྲ །ཁྲོ་བོ་དག་གི་རྡོ་རྗེ་ཡིས། །གཉིས་སུ་མེད་པར་གྱུར་བྱ་སྟེ། །གསང་བའི་མཁའ་ལ་དངོས་གྲུབ་བླང་། །དམ་རྫས་ལྔ་ཡི་མཐུན་པར་བསྐུར། །རྩ་རྣམས་འཇུག་འདུལ་ལས་བྱ་སྟེ། །རླུད་རྣམས་སྤོར་བའི་གདགས་ངག་བྱིན། །ཡེ་ཤེས་རང་གནས་དབང་ཆེན་པོ། །རང་ལ་ཡོད་པའི་ཡེ་ཤེས་ཏེ། །ཡིན་པ་དག་ལ་ངོ་ཏི་སྤྲས། །ཐོད་པར་གྱུར་པས་དབང་ཞེས་བྱ། །དེས་ཐོབ་ཕྱིར་མི་ལྡོག་པའི་ཕྱིར། །མིང་དུ་ཡང་དག་བརྗོད་པ་ཡིན། །ཁམས་གསུམ་སྡུག་བསྔལ་ལས་གྲོལ་བས། །ཡོན་ཏན་ཉིད་དུ་བརྗོད་པ་ཡིན། །གསང་བ་པའི་བདག་པོ། དེ་ནི་དབང་དུ་ངེས་པར་ཤེས་པར་གྱིས། །དངོས་གྲུབ་དག་ནི་གང་ཞེ་ན། །ཐུན་མོང་དང་ནི་མཆོག་གཉིས་སོ། །མཆོག་ནི་ཧུ༷་གསུམ་དགོངས་པ་སྟེ། །དམ་རྫས་རག་ཏ་བསྲེས་པ་ཡིས། །ལན་སུམ་དུ་ནི་བསྟབ་པ་ཡི། །ཞལ་དབྱེ་བ་དང་ཞལ་དུ་གསོལ། །དགེས་པའི་ཚུལ་གྱིས་བཞད་པར་བསམ། །ལྷ་ཉིད་དུ་ནི་ངེས་པར་ཐོབ། །བདག་དང་གཉིས་སུ་མེད་གྱུར་ནས། །རིག་པ་མཆོག་གི་དངོས་གྲུབ་ཐོབ། །ཐོབ་དང་མ་ཐོབ་ཡེ་ནས་མེད། །དྲང་བའི་དོན་ཕྱིར་ཐོབ་ཚུལ་བསྟན། །རྟགས་དང་མཚན་མ་བསྟན་པ་དང་། །ཀི་ལ་ཡ་ཡི་དངོས་གྲུབ་གསོལ། །མཐུན་པས་མཐུན་པ་སྒྲོལ་ཕྱིར་རོ། །ཐུན་མོང་དག་གི་དངོས་གྱིབ་ནི། །འཇིག་རྟེན་པ་དང་ཚུལ་བསྟུན་ཕྱིར། །འདོད་ཡོན་ལྔ་ནི་རབ་བཤམས་ནས། །ཉི་ཤུ་རྩ་གཅིག་སྙིང་པོ་ཡིས། །ཞལ་ཟས་དགལ་བསྟིམ་སྟེ་བླང་། །བསྐུལ་བའི་ཚིག་དང་གླུ་རུ་བཅས། །སྤྱན་དྲངས་མཆོད་དང་བསྟིམ་པ་དང་། །གསུམ་གྱི་ཚུལ་གྱིས་སྦྱིན་པར་བྱ། །འཁོར་ན་གནས་པའི་དམ་ཅན་ཚོགས། །སྔགས་དང་ཚིག་ཏུ་བཅས་པ་ཡིས། །བྲན་གྱི་ཚུལ་དུ་སྟོར་བར་བསམ། ཁུབ་པ་ཐོབ་པའི་རིགས་འཛིན་ལ། །བྱིན་བརླབས་ནུས་མཐུ་ལྡན་གྱུར་བས། །མཚན་མ་རྫས་ཀྱི་དངོས་གྲུབ་བླང་། །ཉི་མའི་ཟེར་བཞིན་འོད་ལས་བྱུང་། །རོལ་པ་བདག་ཉིད་གཉིས་སུ་མེད། །ཐ་དད་མ་ཡིན་རྒྱུ་གཅིག་ཕྱིར། །ལྷ་ལ་ལྷ་ཉིད་རོལ་བར་བསམ། །དེ་ནི་དངོས་གྲུབ་རིམ་པའོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། དབང་དངོས་གྲུབ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གསང་བ་པའི་བདག་པོས། བྱང་ཆུབ་སེམས་ཀྱི་རང་བཞིན་ཇི་ལྟ་བུ། །རྣལ་འབྱོར་པས་ནི་ཇི་ལྟ་བུ། །ཞེས་གསོལ་པས། རྡོ་རྗེ་འདུས་པ་ཆེན་པོས་གསུངས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །གཅིག་ཏུ་ཡོད་ལ་བགྲང་དུ་མེད། །ཚིག་ཏུ་མཚོན་པའི་དངོས་པོ་བྲལ། །ཀུན་ལ་ཁྱབ་ལ་ངོ་བོ་མེད། །སྨྲས་པས་ཕེབས་པར་ག་ལ་འགྱུར། །རང་གི་མཚན་ཉིད་མ་བཅོས་དེ་བཞིན་ཉིད། །ནམ་མཁས་ཀྱང་ནི་མཚོན་དུ་མེད། །འདི་ཞེས་ངེས་པར་བསྟན་པ་དཀའ། །སྨྲར་མེད་པའི་ཚིག་མེད་པའོ། །ཚིག་ལམ་ཆད་པའོ། །ཀུན་གྱིརངབཞིནདུགྱུརཔའོ། །དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དོ། །ཐེག་པ་ཀུན་གྱིརངབཞིནནོ། །མཚོནཔའིདཔེགང་ཡང་མེད་པའོ། །བསྟན་ཅིང་བརྟག་པར་དཀའ་བ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ་བར་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པའོ། །ཐམས་ཅད་འབྱུང་བའི་གཞིའོ། །འབྱུང་ཁུངས་སོ། །རང་བཞིན་ནོ། །ཐ་སྙད་ཐམས་ཅད་ཀྱི་བདག་པོའོ ཆོས་ཐམས་ཅད་ནི་སེམས་སོ། །སེམས་ཀྱི་རང་བཞིན་མི་རྙེད་པའོ། །མཚོན་པའི་དཔེ་ཅུང་ཟས་བསྟན་ན་ནམ་མཁའ་དང་འདྲ་བའོ། །དཔག་བསམ་གྱི་ཤིང་བུ་དང་འདྲ་བའོ། །ས་གཞི་ལས་ཐམས་ཅད་འབྱུང་བ་དང་འདྲེའོ། །མེ་ལོང་གི་བཞིན་སྣ་ཚོགས་སྣང་བའོ། །རྒྱ་མཚོ་ཆེན་པོ་དང་འདྲ་བས་ཐམས་ཅད་འབྱུང་བའོ། །གསང་བ་བའི་བདག་པོ་དེ་ནི་རང་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་འདུས་པ་ཆེན་པོ་རྣལ་འབྱོར་བའི་དོན་ནི་ཇི་ལྟ་བུ་ཞེས་གསོལ་པས། བཅོལ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །རྟོག་པའི་རི་བོ་རྒྱ་བཅུ་ནི་བཅོས་པའི་ཚུལ་ལོ། །མཚན་མ་བསྒོམ་པ་ནི་དཀྲི་བའི་ཐབས་སོ ངེས་པར་ལྷ་ནི་གང་བསྒོམས་པ། །དེ་ནི་མུ་སྟེགས་རྟག་ལྟ་ཡིན། །མཚན་མས་མཚན་མ་གྲོལ་ཕྱིར་རོ། །ཀུན་ཏུ་འགྲོ་བའི་ཚོངས་སེམས་ལྷར། །ཤེས་རབ་རྣམ་གསུམ་སྒོ་ཡོས་ཚོལ། །ཚོལ་བས་སྒོ་དེ་རྙེད་པར་འགྱུར། །སྒྲོ་འདོགས་གསུམ་ནི་གཅད་པར་བྱ། །སེམས་ཀྱི་སེམས་བཙལ་སེམས་དེ་རྙེད། །སེམས་དེ་རྙེད་ན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་དོན་གཅིག་བརྟག །ཡེ་ཤེས་བཞི་ཡི་སྒོ་མོ་འཆར། །སྙོམས་འཇུག་བཞི་ལ་ངེས་པར་འཇུག །བཏང་སྙོམས་བཞི་ཡི་དྲོད་ཀྱིས་གླན། །ངོ་བོ་གཅིག་པའི་རྒྱུར་ཤར་བས། །ངེས་པར་གང་དག་སྐྱེད་པར་འགྱུར། །དུག་འགྱུར་རྩི་དང་གསེར་འགྱུར་བཞིན། །མ་སྤངས་གནས་སུ་དག་པར་རྟོགས། །ངེས་སྐྱེས་ཕྱིར་མི་ལྡོག་པའི་ཕྱིར། །རིགས་སུ་ངེས་པར་བསྟན་པ་ཡིན། །མིང་གི་སྒྲ་ལ་མི་བརྟན་པར། །བློ་ཡི་གཏིང་དུ་གོ་བར་བྱོས། །དེ་ལྟར་རྟོགས་པའི་རྣལ་འབྱོར་ནི། །ལུས་ནི་གང་ཟག་འཇིག་རྟེན་ཡིན། །སེམས་ནི་དངོས་པོ་སངས་རྒྱས་ཡིན། །དོན་དང་ཕྲད་པར་ང་ཡིས་བཤད། །གསང་བ་པའི་བདག་པོ་དེ་ནི་རྣལ་འབྱོར་བའི་རིམ་པའོ། །ལྟ་བས་ནམ་འཕངས་ཆོད་པར་གྱིས། །དམ་ཚིག་སོ་མཚམས་མཁར་བཞིན་བསྲུངས། །འཕྲིན་ལས་དུས་སུ་འབྲུག་ལྟར་རྒྱུག །སྤྱོད་པ་གླང་པོ་ཆུར་བཅུག་བཞིན། །ཅི་ལ་ཉམ་ང་མེད་པར་སྤྱོད། །ཏིང་འཛིན་རི་བོ་ཆེན་པོ་ལྟར། །གང་གི་དབང་དུ་མི་འགྱུར་བསྒོམ། །ཞེས་གསུངས་པར་གྱུར་ཏོ། །ཐམས་ཅད་ཡེ་ཤེས་སྐྱེས་པར་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་དང་རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་རིམ་པ་བསྟན་པའི་ལེའི་སྟེ་ཉི་ཤུ་པའོ། །རྫོགས་སོ།། །།བྱི་ཏོ་ཏ་མ་ལ་འབུམ་སྡེ་ལས། ཨོ་རྒྱན་གྱི་སློབ་དཔོན་ཐོད་འཕྲེང་གིས་སྡེབས་ནས་ལེའུ་ཉི་ཤུར་བཀོད་པའོ། །བོད་ཡུལ་མཁར་ཆེན་བཟའ་མཚོ་རྒྱལ་ལ་གཏད་པའོ། །དེས་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་གཏད་བའོ། །དེས་མི་ནུབ་དཔལ་གྱི་སྙིང་པོ་ལ། །དེས་ལོ་དཔལ་དབང་ཕྱུག་ལ། དེས་ང་འབྲེ་ཀླུའི་རྒྱལ་མཚན་ལ། དེས་ང་འབྲེ་གསལ་ལེ་ལ། །དེས་ལང་ལྷབ་བྱང་ཆུབ་རྡོ་རྗེ་ལ་དབང་རྟགས་སུ་གཅིག་ནས་གཅིག་ཏུ་བརྒྱུད་པའོ། །མོ་ཕྱི་ངོ་དགའ་རུ་སྣོད་ངན་པ་ལ་སྙིང་སྒོར་མི་བྱུང་མི་བསྟན་ནོ།། །། རྒྱ་གར་སྐད་དུ། བི་ཏོ་ཏ་མ་ལ་འགུ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། ཕུར་པ་གསང་བའི་རྒྱུད་ཅེས་བྱ་བ། བཅོམ་