Ngb-pt-0706-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

ཅིག་དབང་བསྐུར་རོ། །ཞེས་འཁོར་བ་སྒྲོལ་བའི་དབང་བསྐུར་རོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། །བསྒྲུབ་པ་གསུམ་གྱི་ལེའུ་སྟེ་བཞི་པའོ།། །།རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་རྫོགས་སཧོ།། །། ལྷ་མོ་གནས་མཁར་གྱི་རྒྱུད། ལྷ་མོ་གནས་མཁར་སྐལ་ཆེན་མ། །གྲུབ་པའི་རྣལ་འབྱོར་མར་བསྟན་མ། །ལྷ་ཆེན་ལྷ་མོ་གནས་མཁར་སྐལ་ཆེན་མ། །གྲུབ་པའི་རྣལ་འབྱོར་མར་བསྟན་མ། །ལྷ་ཆེན་དེ་ལ་གནས་པའི་ཚེ། །གངས་རིའི་བུ་མོས་ཡོངས་ཞུས་པ། །བླང་བར་བགྱི་བ་ཇི་ལྟ་བུ། །སྤང་བར་བགྱི་བ་ཇི་ལྷ་བུ། །མཚན་ཉིད་རྣམ་པ་དུ་ཞིག་མཆིས། །སྨད་པར་བགྱི་བ་དུ་ཞིག་གསུངས། །འཇིགས་བྱེད་ཀྱིས་ནི་ཚིག་གསུངས་བ། །ཨེ་མ་ལྷ་མོ་བློ་ཆེན་ཁྱོད། །སེམས་ཅན་ཀུན་ལ་ཕན་བྱེད་མ། །བཞིན་བཟང་ལས་ལ་མ་རྟོགས་པ། །བརྒྱ་བྱིན་སེར་སྐྱ་དགའ་བྱེད་དང་། །ཚངས་དང་ཁྱབ་འཇུག་དབང་ཆེན་གྱིས། །བདག་ལ་འདི་སྐད་ཚིག་མི་དྲིས། །ལྷ་མོ་ཁྱོད་ལ་ད་བཤད་ཀྱིས། །རྩེ་གཅིག་པ་ཡི་ཡིད་ཀྱིས་ཉོན། །བདག་གིས་བཤད་པ་གང་ཞེ་ན། །དུམ་བུ་གཅིག་དང་དུམ་བུ་གཉིས། །གསུམ་པ་དང་ནི་བཞི་པ་ལྔ་པ་དང་། །དྲུག་པ་དང་ནི་བདུན་པ་དང་། །དུམ་བུ་བརྒྱད་པར་རབ་ཏུ་གྲགས། །བྲམ་ཟེ་རྒྱལ་པོ་རྗེ་རིགས་དང་། །དམངས་རིགས་བུད་མེད་རིགས་མ་ངེས། །དཀར་དམར་དང་ནི་དཀར་སྔོ་དང་། །སྔོ་དང་དེ་བཞིན་སེར་སྐྱ་སྟེ། །ཐལ་བའི་མདོགདང་མདོག་སྡུག་དང་། ཁ་དོག་དྲུག་ཏུ་ཀུན་ཏུ་གྲགས། །ཉི་རིམ་དང་ནི་གླང་པོའི་རྒྱབ། །འཁོར་ལོ་དེ་བཞིན་བྱ་རོག་རྗེས། །དུང་སྔོ་བ་དང་དུང་གཉིས་དང་། །ཆགས་པ་དང་ནི་འཚམས་བྱེ་བ། །འདི་དག་ཐམས་ཅད་རབ་རྟགས་ཏེ། །ཀུན་ཏུ་བརྟགས་ནོས་སྦྱང་བ་བྱ། ཁེན་ཏུ་མཉམ་པའི་ས་ཕྱོགས་སམ། །སྙི་བའམ་ནི་ཡངས་པའི་སར། །སྔགས་ཀྱི་སྔགས་ཏེ་གནམ་དུ་བསྐྱོར། །ལྷུང་བའི་མཚན་ཉིད་རིག་པར་བྱ། ཁྲར་གྱི་ཕྱོགས་བལྟས་བདག་ཉིད་གསོད། །མེ་ཡི་ཕྱོགས་བལྟས་ཤིའུ་ཤུན་མེད། །ལྷོ་ཕྱོགས་ཁ་བལྟས་བྲམ་ཟེའི་མེད། །སྲིན་པོའི་ཕྱོགས་བལྟས་བན་ལང་རྟོལ། །ཆུ་ཡི་ཕྱོགས་བལྟས་རིགས་ངན་ཡིན། །རླུད་གི་ཕྱོགས་བལྟས་གསང་མི་ཐུབ། །བྱང་གི་ཕྱོགས་བལྟས་ཕྱུག་པོར་འགྱུར། །དབང་ལྡན་ཕྱོགས་བལྟས་སྔགས་སྒྲུབ་གཏེར། ཁྲར་ཏུ་བལྟས་ན་བདག་ཉིད་གསོད། །འོག་ཏུ་བལྟས་ན་རྐུན་པོ་མོད། །སྟེང་དུ་བལྟས་ན་བུད་མེད་གསོད། །ལྷོ་རུ་བལྟས་ན་རིགས་ངན་གསོད། །སྣོད་ཀྱི་མཚན་ཉིད་འདི་རྣམས་སོ། །དེ་ནས་གཞན་ཡང་བཤད་པར་བྱ་སྟེ། །དགེ་བར་སྤྲུལ་པའི་སྣོད་དག་ནི། །དུམ་བུ་གཅིག་པ་ས་ལ་དབང་། །གཉིས་པ་དེ་ནི་རྒྱལ་ཕྲན་འགྱུར། །གསུམ་པ་དེ་ནི་ཡང་ནོར་ལ་དབང་། །བཞི་པ་དེ་ནི་སྔགས་འགྲུབ་འགྱུར། །ལྔཔདེབཞིནམཆོགཀྱངའགྲུབ། །དྲུག་པ་དྲུག་དེ་ནི་སློང་པ་ཡིན། །བདུན་པ་དེ་ནི་བརྟུལ་ཞུགས་གསོད། །བརྒྱད་པ་ཡོངས་སུ་སྤང་བར་བྱ། །བུ་ག་གཅིག་པ་བྲམ་ཟེའི་རིགས། །གཉིས་པ་དེ་ནི་རྒྱལ་རིགས་ཏེ། །གསུམ་པ་རྗེའུ་རིགས་ཡིན་པས། །བཞི་པ་དེ་ནི་དམངས་རིགས་སོ། །བུ་ག་མེད་དང་མང་བ་ནི། །མཁས་པས་ཤིན་ཏུ་སྤང་པར་བྱ། །བོང་ཆུང་བ་དང་སྲབ་པ་དང་། །གང་དག་སེར་པོར་གྱུར་པ་ནི། །བུད་མེད་ཡིན་པར་ཤེས་པར་བྱ། །བུད་མེད་རང་དུ་རྨོས་པས་ན། །དེ་བས་རབ་ཏུ་སྤང་བར་བྱ། །རིགས་མ་ངེས་ཀྱང་སྤང་བར་བྱ། །སེར་སྐྱདངནིན་ རབདག །ཁ་དོག་སྣ་ཚོགས་སྤང་བར་བྱ། །དུང་མེད་པ་དང་དུང་གཉིས་དང་། །ལྷ་མོའི་སྤྲུལ་པས་མི་བླང་ངོ་། །དུང་སྔོ་བདག་ནི་སྡུག་བསྔལ་ཆེ། །བྱ་རོག་རྗེ་ནི་འཐབ་རྩོད་འགྱུར། །ཉི་རིམ་གྱིས་ནི་གསོད་འགྱུར་ཏེ། །གླང་པོའི་རྒྱབ་ནི་ནད་དུ་འགྱུར། །འདི་ལས་གཞན་ཡང་བཤད་བྱ་སྟེ། །གསང་པའི་གྲུབ་ཐོབ་མཚན་ཉིད་ནི། །ཡལ་ཀ་ཆེ་འཕྲ་མང་བའི་བདག །དཔག་བསམ་ཤིང་ནི་ཡོང་གྱུར་ན། །འདོད་པའི་འབྲས་བུ་ཐོབ་འགྱུར་ཏེ། །སྔགས་པས་དེ་ལས་ཐེ་ཙོམ་མེད། །དབུསན་ཤོང་བུ་བཞི་ཡོད་ན། །དེ་ནི་འདོད་པའི་བ་ཞེས་བྱ། །མདུན་ན་ཤོང་བུ་གཉིས་ཡོད་ན། །ཡིད་བཞིན་ནོར་བུ་ཞེས་བྱའོ། །འདི་འདྲའི་མཚན་ཉིད་ལྡན་པའི་སྣོད། །སུ་དག་རྟག་ཏུ་འཆང་བ་ནི། །ལོངས་སྤྱོད་ཐར་པ་ཐོབ་པར་འགྱུར། །དེ་ལ་ལྷ་མོ་ཐེ་ཚོམ་མེད། །དེ་ནས་རིགས་ནི་རྣམས་བཤད་དེ། །སྣོད་རྣམས་ཀྱི་ནི་བྱེ་བྲག་ཏུ། །དུང་དང་ཀུན་དང་མདའ་འདྲ་བའི། །སྣུམ་ལ་བལྟ་ན་སྡུག་པའི་ནི། །སྔགས་རྣམས་ཐམས་ཅད་གྲུབ་པ་སྟེ། །དབང་ཕྱུག་ཆེན་མོར་ཤེས་པར་བྱ། །ཐལ་བའི་མདོག་ལ་བོངས་ཀྱང་ཆེ། །པདྨ་དབྱིངས་ལ་པདྨས་བརྒྱན། །ཚངས་པའི་སྐུད་པ་གསང་བ་ཡོད། །དེ་ནི་ཚངས་མར་རིག་པར་བྱ། །སྦྲང་རྩི་སེར་སྐྱའི་མདོག་འདྲ་ལ། །ཞི་བའི་ཐིག་ལེས་རྣམ་པར་བརྒྱན། ཁྱབ་འཇུག་མ་ཡི་སྣོད་ཡིན་ཏེ། །རྟག་ཏུ་དགྲ་རྣམས་འཇོམས་པར་བྱེད། ཁ་དོག་དམར་ཞིང་ལྔ་པ་ལ། །པདྨ་དམར་པོས་བརྒྱན་པ་དང་། །ཟུམ་པ་ཤིན་ཏུ་སྣུམ་པ་ཡིས། །སྣོད་འདི་གཤོན་ནུ་མ་ཞེས་བྱ། །ཅུང་ཟད་སར་ཞིང་ཟགས། །གང་དག་རྡོ་རྗེའི་མཚན་ཡོད་པ། །འདི་འདྲའི་སྣོད་ཀྱི་མཚན་ཉིད་ནི། །དབང་ཕྱུག་མ་ཡི་རིགས་ཅན་ཡིན། །བྷ་གའི་མདོག་དབྱིབས་འདྲ་བ་ལ། །བར་དུ་མཁྲེགས་ཤིང་མུ་ཏིག་མདོག ་།་ཡི་དྲི་ངད་མནམ་པ་ནི། །སྣོད་འདི་ཕག་གདོང་མ་ཞེས་བྱ། །ཐལ་བའི་མདོག་ལ་བོང་ཆེ་སྟེ། །ཐིག་ལེ་དམར་པོ་རྣམ་པར་བརྒྱན། ཁྲ་་༢ཛག་པ་་ཡི་་་དྲི་མནམ་ན། །འཇིགས་བྱེད་མ་ཡི་སྣོད་ཅེས་བྱ། །སྣོད་ཀྱི་ཁྱད་པར་ཤེས་པར་བྱ། །སྔགས་པས་འདི་དག་རྟགས་བཅས་ན། །བདག་གི་བཀའནི་བཞིན་བཟང་མ། །དེ་ལ་བགེགས་ནི་མི་ཚུགས་ཏེ། །འདི་ལས་གཞན་ཡང་བཤད་བྱ་བ། །སྣོད་ཀྱི་དངོས་པོའི་ཁྱད་པར་ནི། །ཚངས་མ་བྲམ་ཟེ་བཅངས་པར་བྱ། །རྟག་ཏུ་དངོས་གྲུབ་སྦྱིན་པར་བྱ། །སྒྲུབ་པ་ཡི་ནི་དུས་དག་ཏུ། །དབང་ཕྱུག་ཆེན་མོ་བཅང་བར་བྱ། ཁྱབ་འཇུག་མ་ནི་སྦྱོར་ཀུན་ལ། །རྟག་ཏུ་ལས་རྣམས་འགྲུབ་པར་བྱེད། །རྒྱལ་རིགས་ཀྱི་ནི་གཞོན་ནུ་མ། །ཕ་རོལ་ཡུལ་ནི་རྣམ་པར་འཇོམས། །རྗེའུ་ངངཆེན་་་ངངངངངང་རིཇིབྱེངརགས་ན་དབང་ ་མ། །བླ་དང་ལྡན་པས་བཟླག་ཕྱར་བཅས། །གསད་དང་སྡང་དང་བསྐྲད་པའ་ཕྱར། །དམངས་རགས་ཀྱ་ན་ཕག་གདང་བཅས། །ལས་དང་ གས་རྣམས་ཐམས་ཅད་ལ། །འ གས་ ད་མས་ན་གྲུབ་པ་སྟེ།༷།རེ་བ་མེད་པའི་བདག་ཉིད་མ། །སྒྲུབ་པའི་ཁྱབ་པར་འདི་ཤེས་པས། །འདུད་པ་མེད་པར་བདག་བསམས་ཏེ། །རྟག་ཏུ་འདི་དག་སྤྱད་ཅིང་བཅང་། །གང་གི་དངོས་གྲུབ་སྐྱེ་བ་ཡི། །དེ་ནས་སྔགས་ནི་བཤད་པར་བྱ། །ཨཱོཾ་ན་མོ་བྷ་ཀྟ་ཝ་ཏི། མ་ཧྭ་བི་ར་པ་དུ་བ་ཡང་སྨ་ཤན་པ་སི་ནི། ཡི་དང་ཀ་ལ་མ་ན་ཡ་བྱ་ཤ་ཧུ༷་ཕཊ། སྭ་ཧྭ་ཐལ་བའམ། མེ་ཏོག་གམ། ཆུ་ལ་ལན་བརྒྱ་རྩ་བརྒྱད་ཀྱིས་བཏབ་སྟེ་སྣོད་ལ་གཏོར་ནས་བླང་བར་བྱའོ། །རྫོགས་སཧོ།། །།