Ngb-pt-0700-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། །ཧ་ཡོཏི་ར་ལ་ལི་ཏ་ཏནྟྲ། བོད་སྐད་དུ།༼འངདགོངགིརྒྱུད་ཀྱིལེའུ་ཞེདགུའིབརཧ་ཅང་འདྲ་བསའདིརམེད་ལེའུགོ་རིམམི་འདྲབ་དངརྒྱ་སྐད་སོགས་བ་ཡོད།༽ །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། །རབ་ཏུ་དྲག་པོ་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འབྱུང་པོ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ་འདི་གསུངས་སོ། །གང་གིས་རབ་ཏུ་དྲག་པོ་ཆེ འཇོམས་པ་གར་གྱི་དབང་ཕྱུག་གིས། །ཧྭ༷་གི་སྒྲ་ནི་རབ་ཏུ་སྒྲོགས། །དཔའ་བོ་དབང་ཕྱུག་གད་མོ་ཆེ། ཁྲར་གྱི་ཕྱོགས་སུ་ཁ་བལྷས་ཏེ། །དྲི་ཟ་འདུལ་བའི་ཕྱག་རྒྱ་ཆེ། ཁེན་ཏུ་འཇོམས་པ་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །དྲི་ཟ་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་དྲི་ཟ་འདུལ་བའི་སྒྲ། །ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས། །འཇིགས་པས་དྲི་ཟ་ཚོགས་རྣམས་འདར། །དྲི་ཟ་འདུལ་བའི་དབང་བསྐུར་ཐོག །གང་གི་དྲག་པོའི་ཏིང་འཛིན་གྱིས། །ཧྭ༷་ཞེས་རབ་ཏུ་སྒྲོགས་མཛད་དེ། །དྲི་ཟ་འདུལ་བར་མི་འགྱུར་ན། །དྲི་ཟ་ཉིད་ལ་ཐོག་ཕབ་སྟེ། །ཙ་ཀྲ་ཨོ་སྒྱུ༷་ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བརྙ་བསྟོ་ཧྲི་ཛ། གརྫ་གརྫ་ཧྲེ་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཁྱི་ཏིཇི་ཧྲི་ཛ། ཨིཎྜ་ཡེ། བརྙ་བརྙ་ཧྲི་ཛ། ཧྲི་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་རྒྱ་གྲི་ཝ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གིས་ལྷ་ཆེན་དྲི་ཟ་ཕོ། །དྲི་ཟ་མོ་དང་ཕྲུག་གུ་དང་། །དེ་བཞིན་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་བྲེད་པར་བསམ། །དཔའ་བོ་ཆེན་པོའི་ཐོག་ཆེན་འདིས། །དྲི་ཟ་མ་ལུས་བརྒྱལ་བར་འགྱུར། །འཁོར་ལོའི་ཐོག་ཐོག་ཨ་ལ་ལ། །རབ་ཏུ་འཇིགས་པའི་འཁོར་ལོ་ཡིས། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་དྲི་ཟ་སྲེག་པར་བྱེད། །དཀར་གདངས་འོད་ཀྱི་དྲི་ཟ་སྲེག །ཧ་ལ་བན་དྷའི་སྒྲ་བསྒྲགས་པས། །ཀུན་ཏུ་འཇིགས་ཏེ་སྲེག་པར་འགྱུར། །གསང་བ་ཆེན་པོ་བདེ་བ་ཆེ། །འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ། །འཁོར་ལོའི་ཐོག་གི་ཆར་པ་འབབ། ཁ་རླངས་དཀར་པོས་འཇིག་རྟེན་གང་། །དྲི་ཟའི་ཚོགས་ཆེན་ཆུང་མ་སྒྲོལ། །གད་རྒྱངས་བགད་པས་སྟོང་གསུམ་བསྲེག །ཧོ་ནི་འཇིགས་པ་ཀུན་དབང་སྒྱུར། །ལྕགས་ཕྱེ་ཟང་ཕྱེ་རྡོ་ཕྱེ་དང་། །་བར་བ་ཟངས་ཀྱི་ཕྱེ་ལ་སོགས། །མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ། །གསང་སྔགས་རྗེས་སུ་དྲན་པ་ཡིས། ཁྲར་ཕྱོགས་འཇིག་རྟེན་ཕྱོགས་སུ་གང་། །གང་གིས་སེར་པོར་བསྒྱུར་བྱས་ཏེ། །དེ་ནི་གསེར་ཐོག་འབབ་པར་འགྱུར། །དམར་པོ་ཁྲག་གི་ཟངས་ཐོག་འབབ། ཁྲོ་ཆུ་ཡིས་ནི་ཐོག་འབབ་འགྱུར། །རབ་ཏུ་ཁྲོ་བོའི་ཕྱག་རྒྱ་ཡིས། །འཁོར་ལོ་འབར་བ་བཅིངས་བྱས་ན། །ཕྱག་རྒྱའི་འོད་ལས་འཁོར་ལོ་འཕྲོས། །དྲི་ཟའི་ཚོགས་རྣམས་བརྒྱལ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། དྲག་པོ་གསང་བ་སྦྱོར་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འདི་སྐད་ཅེས་གསུངས་སོ། །མེ་ལྷ་འདུལ་བའི་རྣལ་འབྱོར་པས། །ཆོ་ག་ཡོངས་སུ་རྫོགས་བྱས་ཏེ། །གང་གིས་རབ་ཏུ་དྲག་པོ་ཆེ། །འཇོམས་བ་གར་གྱི་དབང་ཕྱུག་གིས། །ཧུ༷་གི་སྒྲ་ནི་རབ་ཏུ་སྒྲོགས། །དཔའ་བོ་དབང་ཕྱུག་གད་མོ་ཆེ། ཁྲར་ལྷོ་མཚམས་སུ་ཁ་བལྟས་ཏེ། །མེ་ལྷ་འདུལ་བའི་ཕྱག་རྒྱ་ཆེ། ཁེན་ཏུ་འཇོམས་པ་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །མེ་ལྷ་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་མེ་ལྷ་འདུལ་བའི་སྒྲ། །ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས། །འཇིགས་པས་མེ་ལྷའི་ཚོགས་རྣམས་འདར། །མེ་ལྷ་འདུལ་བའི་དབང་བསྐུར་ཐོབ། །གང་གིས་དྲག་པོའི་ཏིང་འཛིན་གྱིས། །ཧུ༷་གིས་རབ་ཏུ་སྒྲོག་མཛད་དེ། །མེ་ལྷ་འདུལ་བར་མི་འགྱུར་ན། །མེ་ལྷ་ཉིད་ལ་ཐོག་ཕབ་སྟེ། །ཙཀྲ་ཨོ་སྒྲུ༷་ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བསྟོ་བསྙོ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཇི་ཏིཁྱི་ཧྲི་ཛ། བརྙ་བརྙ་ཧྲི་ཛ། སྙི༷༷ པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གི་དབང་ཆེན་མེ་ལྷ་ཕོ། །མེ་ལྷ་མོ་དང་ཕྲུག་གུ་དང་། །དེ་བཞིན་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་བྲེད་པར་བསམ། །དཔའ་བོ་ཆེན་པོ་ཐོགས་ཆེན་འདིས། །མེ་ལྷ་མ་ལུས་བརྒྱལ་བར་འགྱུར། །འཁོར་ལོའི་ཐོག་ཐོག་ཨ་ལ་ལ། །རབ་ཏུ་འཇིགས་པའི་འཁོར་ལོ་ཡིས། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་མེ་ལྷ་སྲེག་པར་བྱེད། །དཀར་གདངས་འོད་ཀྱིས་མེ་ལྷ་སྲེག །ཧ་ལ་བན་དྷའི་སྒྲ་བསྒྲགས་པས། །ཀུན་ཏུ་འཇིགས་ཏེ་སྐྲག་པར་འགྱུར། །གསང་བ་ཆེན་པོ་བདེ་བ་ཆེ། །འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ། །འཁོར་ལོའི་ཐོག་གི་ཆར་བ་འབབ། །ཁ་རླངས་དཀར་སེར་འཇིག་རྟེན་གང་། །མེ་ལྷའི་ཚོགས་ཅན་ཆུང་མ་སྒྲོལ། །གད་རྒྱང་བགད་པས་སྟོང་གསུམ་སྲེག །ཧོ་ནི་འཇིགས་པས་ཀུན་དབང་སྒྱུར། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །འཁར་བ་གསེར་གྱི་ཕྱེ་ལ་སོགས། །མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ། །གསང་སྔགས་རྗེས་སུ་དྲན་པ་ཡིས། ཁྲར་ལྷོ་འཇིག་རྟེན་ཕྱོགས་སུ་གང་། །གང་གིས་སེར་པོར་བསྒྱུར་བྱས་ན། །དེ་ནི་གསེར་ཐོག་འབབ་པར་འགྱུར། །དམར་པོ་ཁྲག་གི་ཟངས་ཐོག་འབབ། །ཁྲོ་ཆུ་ཡིས་ནི་ཐོག་འབབ་འགྱུར། །རབ་ཏུ་ཁྲོས་པའི་ཕྱག་རྒྱ་ཡིས། །འཁོར་ལོ་འབར་བས་བཅིངས་བྱས་ནས། །ཕྱག་རྒྱའི་འོད་ལས་འཁོར་ལོ་འཕྲོས། །མེ་ལྷའི་ཚོགས་བཅས་བརྒྱལ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། ཁྲོ་བོ་མཚོན་ཆ་རྣམ་པར་འཇོམས་པ་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞི་བའི་ལས་ཀྱིས་མིའདུལབ། །གཤིནརྗེའདུལ་བའི་རྣལ་འབྱོར་པས། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །རྔམ་བརྗིད་ཕྱག་རྒྱ་ཆེན་པོ་བསྒྲུབ། །གང་གིས་རབ་ཏུ་གསང་བ་ཡི། །སྙིང་པོ་ཁྲོ་བོ་ཆེན་པོ་ནི། །མི་མཐུན་བགེགས་ཀྱི་སྡེ་འཇིགས་པ། །ཧེ་ཧེ་ཧེ་ཡི་རྔམ་ཐབས་ཅན། །གང་གིས་རབ་ཏུ་དྲག་པོ་ཆེ། །འཇོམས་པ་གར་གྱི་དབང་ཕྱུག་གིས །ཧུ༷་གི་སྒྲ་ནི་རབ་ཏུ་སྒྲོགས། །དཔའ་བོ་དབང་ཕྱུག་གད་མོ་ཆེ། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །གཤིན་རྗེ་འདུལ་བའི་ཕྱག་རྒྱ་ཆེ། །ཤིན་ཏུ་འཇོམས་པའི་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །གཤིན་རྗེ་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་གཤིན་རྗེ་འདུལ་བའི་སྒྲ། །ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས། །འཇིགས་པས་གཤིན་རྗེའི་ཚོགས་རྣམས་འདར། །གཤིན་རྗེ་འདུལ་བའི་དབང་བསྐུར་ཐོབ། །གང་གིས་དྲག་པོའི་ཏིང་འཛིན་གྱིས། །ཧུ༷་ཞེས་རབ་ཏུ་སྒྲོགས་མཛད་དེ། །གཤིན་རྗེ་འདུལ་བར་མི་འགྱུར་ན། །གཤིན་རྗེ་ཉིད་ལ་ཐོག་ཕབ་སྟེ། །ཙཀྲ་ཨོ་སྒྲུ༷་ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཧྲི་ཛ། བན་དྷ་བནྟྲ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཁྱི་ཏིགི་ཧྲི་ཛ། །ཡ་མ་ཡ་ཙ་མ་ར་ཛ། །བརྙ་བསྟོ་ཧྲི་ཛ། སྙི༷༷ པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གིས་ལྷ་ཆེན་གཤིན་རྗེ་ཕོ། །གཤིན་རྗེ་མོ་དང་ཕྲུག་གུ་དང་། །དེ་བཞིན་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་བྲེད་པར་བསམ། །དཔའ་བོ་ཆེན་པོའི་ཐོག་ཆེན འདིས། གཤིནརྗེའིམ ལུས་བརྒྱལ་བར་འགྱུར། །རིན་ཆེན་ཐོག་ཐོག་ཨ་ལ་ལ། །རབ་ཏུ་འཇིགས་པའི་འཁོར་ལོ་ཡིས། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་གཤིན་རྗེ་སྲེག་པར་བྱེད། །སྔོ་གདངས་འོད་ཀྱིས་གཤིན་རྗེ་སྲེག །ཧ་ལ་བན་དྷའི་སྒྲ་བསྒྲགས་པས། །ཀུན་ཏུ་འཇིགས་བྱེད་སྲེག་པར་བྱེད། །གསང་བ་ཆེན་པོ་བདེ་བ་ཆེ། །འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ། །རིན་ཆེན་ཐོག་གི་ཆར་པ་འབབ། ཁ་རླངས་སྔོན་པོས་ཇིག་རྟེན་གང་། །གཤིན་རྗེའི་ཚོགས་ཆེན་ཆུང་མ་སྒྲོལ། །གད་རྒྱང་བགད་པས་སྟོང་གསུམ་སྲེག །ཧོ་ནི་འཇིགས་པ་ཀུན་དབང་ཕྱུག །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །ལུབར་བ་གསེར་གྱི་ཕྱེ་ལ་སོགས། །མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ། །གསང་སྔགས་རྗེས་སུ་དྲན་པ་ཡིས། །ལྷོ་ཕྱོགས་འཇིག་རྟེན་ཁམས་སུ་གང་། །གང་གིས་སེར་པོར་བསྒྱུར་བྱས་ན། །དེ་ནི་གསེར་ཐོག་འབབ་བར་འགྱུར། །དམར་པོ་ཁྲག་གི་ཞགས་ཐོག་འབབས། ཁྲོ་ཆུ་ཡི་ནི་ཐོག་འབབ་འགྱུར། །རབ་ཏུ་ཁྲོ་བོའི་ཕྱག་རྒྱ་ཡིས། །རིན་ཆེན་འབར་བས་བཅིངས་བྱས་ན། །ཕྱག་རྒྱའི་འོད་ལས་རིན་ཆེན་འཕྲོས། །གཤིན་རྗེའི་ཚོགས་རྣམས་བརྒྱལ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། །དྲག་པོ་རབ་ཏུ་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་གསང་པ་ཡི། །སྙིང་པོ་ངེས་པར་རྫོགས་པ་ཡིས། །གསང་བ་དེ་ཉིད་བསྟན་བྱས་ཏེ། ཁམས་གསུམ་པོ་ཡང་དབང་དུ་འགྱུར། །སྲིན་པོ་འདུལ་བའི་ཆོ་ག་ནི། །གང་གིས་སྲིན་པོ་འདུལ་བའམ། །སྲིན་པོ་ཟིལ་གྱིས་གནོན་པའི་སར། །མཁས་པ་རབ་ཏུ་བསྒྲལ་བར་བརྩམས། །གང་གི་རབ་ཏུ་དྲག་པོ་ཆེ། །འཇོམས་པ་གར་གྱི་དབང་ཕྱུག་གིས། །ཧུ༷་གི་སྒྲ་ནི་རབ་ཏུ་སྒྲོགས། །དཔའ་བོ་དབང་ཕྱུག་གད་མོ་ཆེ། །ལྷོ་ནུབ་མཚམས་སུ་ཁ་བལྟས་ཏེ། །སྲིན་པོ་འདུལ་བའི་ཕྱག་རྒྱ་ཆེ། ཁེན་ཏུ་འཇོམས་པ་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །སྲིན་པོ་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་སྲིན་པོ་འདུལ་བའི་སྐུ། །ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས། །འཇིགས་པས་སྲིན་པོའི་ཚོགས་རྣམས་འདར། །སྲིན་པོ་འདུལ་བའི་དབང་བསྐུར་ཐོབ། །གང་གིས་དྲག་པོ་ཏིང་འཛིན་གྱིས། །ཧཱུཾ་ཞེས་རབ་ཏུ་སྒྲོགས་མཛད་དེ། །སྲིན་པོ་འདུལ་བར་མི་འགྱུར་ན། །སྲིན་པོ་ཉིད་ལ་ཐོག་ཕབ་སྟེ། །ཙཀྲ་སྭ་སྒྲུ༷་ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ།གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིགི་ཏིཛི་ཧྲི་ཛ། རཀྟ་རུ་རུ་སརྦ་ཛ། ཧྲི༷༷ པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧྲི་ཛ། གསང་སྔགས་འདི་ནི་དྲིན་ཙམ་གྱིས། །གང་གིས་ལྷ་ཆེན་སྲིན་པོ་ཕོ། །སྲིན་པོ་མོ་དང་ཕྲུག་གུ་དང་། །དེ་བཞིན་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་སྲེག་པར་བྱེད། །དཔའ་བོ་ཆེན་པོའི་ཐོག་ཆེན་འདིས། །སྲིན་པོ་མ་ལུས་བརྒྱལ་བར་འགྱུར། །རིན་ཆེན་ཐོག་ཏོག་ཨ་ལ་ལ། །རབ་ཏུ་འཇིགས་པའི་རིན་ཆེན་གྱི། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་སྲིན་པོ་སྲེག་པར་བྱེད། །དམར་སེར་འོད་ཀྱི་སྲིན་པོ་སྲེག །ཧ་ལ་བན་དྷའི་སྒྲ་སྒྲོགས་པས། །ཀུན་ཏུ་འཇིག་རྟེན་སྲེག་པར་འགྱུར། །གསང་བ་ཆེན་པོ་བདེ་བ་ཆེ། །འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ། །རིན་ཆེན་ཐོག་གི་ཆར་པ་འབབ། ཁ་རླངས་དམར་སར་འཇིག་རྟེན་གང་། །སྲིན་པོའི་ཚོགས་ཅན་ཆུང་མ་སྒྲོལ། །གད་རྒྱངས་བགད་པས་སྟོང་གསུམ་སྲེག །ཧོ་ནི་འཇིགས་པས་ཀུན་དབང་སྒྱུར། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །འཁར་པ་གསེར་གྱི་ཕྱེ་ལ་སོགས། །མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ། །གསང་སྔགས་རྗེས་སུ་དྲན་པ་ཡིས། །ལྷོ་ནུབ་འཇིག་རྟེན་ཁམས་སུ་གང་། །གང་གིས་སེར་པོར་བསྒྱུར་བྱས་ན། །དེ་ནི་གསེར་ཐོག་འབབ་པར་འགྱུར། །དམར་པོ་ཁྲག་གི་ཟངས་ཐོགས་འབབ། །ཁྲོ་ཆུ་ཡི་ནི་ཐོག་འབབ་འགྱུར། །རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས། །རིན་ཆེན་འབར་བ་བཅིངས་བྱས་ན། །ཕྱག་རྒྱའི་འོད་ལས་རིན་ཆེན་འཕྲོས། །སྲིན་པོའི་ཚོགས་རྣམས་བརྒྱལ་བར་འཀྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། འགུགས་པ་དྲག་པོ་རབ་ཏུ་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །དཔའ་བོ་ཆེན་པོ་མཐུར་ལྡན་པས། །གསང་བ་ཆེན་པོའི་ཡོངས་རྫོགས་པ། །རབ་ཏུ་དྲག་པོ་འགྱུར་གནས་སུ། །རང་གིས་ཕྱག་རྒྱ་ཆེན་པོ་སྒྲུབ། །ཧུ༷་ལས་སྐྱེས་པའི་ཧེ་རུ་ཀ །གར་གྱི་དབང་ཕྱུག་ཆེན་པོ་ཡིས། །བཞད་པའི་ཕྱག་རྒྱ་ལ་གནས་ན། །ལྷ་ཆེན་སྲེག་བྱེད་འདར་བའི་ཕྱིར། །སྦྲུལ་མགོ་བདུན་གྱི་ཕྱག་རྒྱ་ཅན། །ནུབ་ཀྱི་ཕྱོགས་སུ་ཁ་བལྷས་ཏེ། །ཀླུ་རྒྱལ་འདུལ་བའི་ཕྱག་རྒྱ་ཆེ། །ཤིན་ཏུ་འཇོམས་པའི་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །ཀླུ་རྒྱལ་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་ཀླུ་རྒྱལ་འདུལ་བའི་སྒྲ། །ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས། །འཇིགས་པས་ཀླུ་ཡི་ཚོགས་རྣམས་འདར། །ཀླུ་རྒྱལ་འདུལ་བའི་དབང་བསྐུར་ཐོབ། །གང་གིས་དྲག་པོའི་ཏིང་འཛིན་གྱིས། །ཧུ༷་ཞེས་རབ་ཏུ་སྒྲོགས་མཛད་དེ། །ཀླུ་རྒྱལ་འདུལ་བར་མི་འཀྱུར་ན། །ཀླུ་རྒྱལ་ཉིད་ལ་ཐོག་ཕབ་སྟེ །ཙཀྲ་ཧྲི་སྦྱུ༷། ཧ་ཡ་གྲི་ཝ། ནཱ་ག་པ་ཡ་ཧུ༷། སརྦ་ནཱ་ག་ར་ཙ་ཧུ༷། །ཧྲི་བརྙ་མུ་ཀ༷་ཀུ་མྲ །ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བནྟྲ་བརྙ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཇི་ཏིཀྟ་ཧྲི་ཛ། །བན་དྷ་བན་དྷ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གིས་ཀླུ་ཆེན་རྒྱལ་པོ་དང་། །ཀླུ་ཡི་རྒྱལ་མོ་ཕྲུག་གུ་དང་། །དེ་བཞིན་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་བྱེད་པར་བསམ། །དཔའ་བོ་ཆེན་པོའི་ཐོག་ཆེན་འདིས། །ཀླུ་རྒྱལ་མ་ལུས་དབང་དུ་འགྱུར། །རལ་གྲིའི་ཐོག་ཐོག་ཨ་ལ་ལ། །རབ་ཏུ་འཇོམས་པའི་རལ་གྲི་ཡིས། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་ཀླུ་རྒྱལ་སྲེག་པར་བྱེད། །དམར་གདངས་འོད་ཀྱི་ཀླུ་རྒྱལ་སྲེག །ཧ་ལ་བསྒྲོའི་སྒྲ་སྒྲོགས་པས། །ཀུན་ཏུ་འཇིག་རྟེན་སྲེག་པར་འགྱུར། །གསང་བ་ཆེན་པོ་བདེ་བ་ཆེ། །འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ། །རིན་ཆེན་ཏོག་གི་ཆར་པ་འབབ། །ཁ་རླངས་དམར་པོས་འཇིག་རྟེན་གང་། །ཀླུ་ཆེན་ཚོགས་ཆེན་ཆུང་མ་སྒྲོལ། །གད་རྒྱངས་བགད་པས་སྟོང་གསུམ་སྲེག །ཧོ་ནི་འཇིག་རྟེན་ཀུན་དབང་སྒྱུར། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །འཁར་པ་གསེར་གྱི་ཕྱེ་ལ་སོགས། །མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ། །གསང་སྔགས་རྗེས་སུ་དྲན་པ་ཡིས། །ནུབ་ཕྱོགས་འཇིག་རྟེན་ཁམས་སུ་གང་། །གང་གིས་སེར་པོར་བསྒྱུར་བྱས་ན། །དེ་ནི་གསེར་ཐོག་འབབ་པར་འགྱུར། །དམར་པོ་ཁྲག་གི་ཟངས་ཐོག་འབབ། ཁྲོ་བཅུ་ཡི་ནི་ཐོག་འབབ་འགྱུར། །རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས། །རལ་གྲི་འབར་བའི་བཅིངས་བྱས་ནས། །ཕྱག་རྒྱའི་འོད་ལས་རལ་གྲི་འཕྲོས། །ཀླུ་ཡི་ཚོགས་རྣམས་བརྒྱལ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། །རབ་ཏུ་གཡོ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འདི་སྐད་ཅེས་སུངས་སོ། །སྐུ་ཡི་འཁོར་ལོ་ཆེན་པོ་ནི། །འཇིགས་པས་འཇིགས་པའི་ཆ་ལུགས་ཅན། །ཧ་ལ་གསུང་གི་བདག་ཉིད་ཅན། །དུར་ཁྲོད་ཆེན་པོའི་དབུས་ན་བཞུགས། །ཀུན་ཏུ་འཇིགས་པ་ཆེན་པོ་ནི། །ཀླུ་དང་རླུང་ལྷ་ལྷ་བུའི་བདག །ཀུན་ཏུ་འཇིགས་པ་དྲག་པོ་ཆེ། །རྔམ་ཞིང་ག་་པའི་ཆ་ལུགས་ཅན། །གཟུགས་ཅན་ཀླུ་ཡི་གནས་དག་ཏུ། །གང་གིས་རབ་ཏུ་དྲག་པོ་ཆེ། །འཇོམས་པ་གར་གྱི་དབང་ཕྱུག་གིས། །ཧུ༷་གི་སྒྲ་ནི་རབ་ཏུ་སྒྲོགས། །དཔའ་བོ་དབང་ཕྱུག་གད་མོ་ཆེ། །ནུབ་བྱང་མཚམས་སུ་ཁ་བལྟས་ཏེ། །རླུང་ལྷ་འདུལ་བའི་ཕྱག་རྒྱ་ཆེ། །ཤིན་ཏུ་འཇོམས་པའི་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །རླུད་ལྷ་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་རླུ་་ལྷ་འདུལ་བའི་སྒྲ། །ཧ་ལ་དབང་དུ་སྒྲ་ཆེན་སྒྲོགས། །འཇིགས་པས་རླུང་ལྷའི་ཚོགས་རྣམས་འདར། །རླུད་ལྷ་འདུལ་བའི་དབང་བསྐུར་ཐོབ། །གང་གིས་དྲག་པོའི་ཏིང་འཛིན་གྱིས། །ཧུ༷་ཞེས་རབ་ཏུ་སྒྲོགས་མཛད་དེ། །རླུད་ལྷ་འདུལ་བར་མི་འགྱུར་ན། །རླུད་ལྷ་ཉིད་ལ་ཐོག་ཕབ་སྟེ། །ཙཀྲ་ཧྲི་སྒྱུ༷། པདྨ་ཏ་ཀྲིད་ཧ་ཡ་གྲི་ཝ་ཧྲི་ཛ། ཡ་མ་ཡེ་བཛྲ་ཧྲི་ཛ། ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བན་དྷ་བན་དྷ་ཧྲེ་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིགི་ཏིགི་ཧྲི་ཛ། བརྙ་བརྙ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གི་ལྷ་ཆེན་རླུད་ལྷ་ཕོ། །རླུ་་ལྷ་མོ་དང་ཕྲུག་གུ་དང་། །དེ་བཞིན་འཁོར་དང་བཅས་པ་རྣམས།ཀུན་ཏུ་འཇིགས་ནས་བྲེད་པར་བསམ། །དཔའ་བོ་ཆེན་པོའི་ཐོག་ཆེན་འདིས། །རླུད་ལྷ་མ་ལུས་བརྒྱལ་བར་འགྱུར། །རལ་གྲིའི་ཐོག་ཐོག་ཨ་ལ་ལ། །རབ་ཏུ་འཇིགས་པའི་རལ་གྲི་ཡིས། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་རླུད་ལྷ་སྲེག་པར་བྱེད། །ལྗང་གདངས་འོད་ཀྱིས་རླུད་ལྷ་སྲེག །ཧ་ལ་བན་དྷའི་སྒྲ་སྒྲོགས་པས། །ཀུན་ཏུ་འཇིགས་ཏེ་སྲེག་པར་འགྱུར། །གསང་བ་ཆེན་པོ་བདེ་བ་ཆེ། །འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ། །རལ་གྲི་ཐོག་གི་ཆར་པ་བབ། ཁ་རླངས་དམར་ལྗང་འཇིག་རྟེན་གང་། །རླུད་ལྷའི་ཚོགས་ཆེན་ཆུང་མ་སྒྲོལ། །གད་རྒྱངས་བགད་པས་སྟོང་གསུམ་སྲེག །ཧོ་ནི་འཇིགས་པས་ཀུན་དབང་སྒྱུར། །ལྕགས་ཕྱེ་ཟང་འཔྱེ་རྡོ་ཕྱེ་དང་། །ལུབར་བ་གསེར་གྱི་ཕྱེ་ལ་སོགས། །མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ། །གསང་སྔགས་རྗེས་སུ་དྲན་པ་ཡིས། །ནུབ་བྱང་མཚམས་སུ་འཇིག་རྟེ་གང་། །གང་གིས་སེར་པོར་བསྒྱུར་བྱས་ན། །དེ་ནི་གསེར་ཐོག་འབབ་པར་འགྱུར། །དམར་པོ་ཁྲག་གི་ཟངས་ཐོག་འབབ། ཁྲོ་ཆུ་ཡི་ནི་ཐོག་འབབ་འགྱུར། །རབ་ཏུ་ཁྲོ་བོའི་ཕྱག་རྒྱ་ཡིས། །རལ་གྲི་འབར་བ་བཅིངས་བྱས་ནས། །ཕྱག་རྒྱའི་འོད་ལས་རལ་གྲི་ཕྲོ། །རླུད་ལྷའི་ཚོགས་རྣམས་བརྒྱལ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། གནོད་སྦྱིན་དྲག་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འདི་སྐད་ཅེས་གསུངས་སོ། །དཔའ་བོ་གར་གྱི་དབང་ཕྱུག་གིས། །གང་དམིགས་འཁོར་ལོ་བསྒོམས་ནས་ནི། །དཔལ་ལྡན་དྲག་པོ་ཆེན་པོའི་བདག །རབ་ཏུ་གནས་པའི་གནས་དག་ཏུ། །སྲི་ལ་བདུན་གྱི་སྦྱོར་བ་ཡིས། །དྲག་པོའི་འཁོར་ལོ་ཆེན་པོ་སྒྲུབ། །གང་གིས་རབ་ཏུ་དྲག་པོ་ཆེ། །འཇོམས་པ་གར་གྱི་དབང་ཕྱུག་གིས། །ཧུ༷་གི་སྒྲ་ནི་རབ་ཏུ་སྒྲོགས། །དཔའ་བོ་དབང་ཕྱུག་གད་མོ་ཆེ། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །གནོད་སྤྱིན་འདུལ་བའི་ཕྱག་རྒྱ་ཆེ། ཁེན་ཏུ་འཇོམས་པ་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །གནོད་སྤྱིན་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་གནོད་སྤྱིན་འདུལ་བའི་སྒྲ། །ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས། །འཇིགས་པས་གནོད་སྤྱིན་ཚོགས་རྣམས་འདར། །གནོད་སྤྱིན་འདུལ་བའི་དབང་བསྐུར་བྱ། །གང་གིས་དྲག་པོའི་ཏིང་འཛིན་གྱིས། །ཧུ༷་ཞེས་རབ་ཏུ་སྒྲོགས་མཛད་དེ། །གནོད་སྤྱིན་འདུལ་བར་མི་འགྱུར་ན། །གནོད་སྤྱིན་ཉིད་ལ་ཐོག་ཕབ་སྟེ །ཙཀྲ་ཧ་སྒྱུ༷། ཧ་ཡ་གྲི་ཝ་སྒྱུ༷། མ་ཧྭ་ཙཎྜ་སྒྱུ༷། ཀུ་རུ་ཀུ་རུ་ཧུ༷། མ་ཧྭ་ར་ཏྲི་བ་ཡ་ཧུ༷། །ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། བ་ཙ་པ་ཙ་ཧྲི་ཛ། བནྟྲ་བནྟྲ་ཧྲི་ཛ། གརྫ་གརྫ་ཧྲི་ཛ།ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིསྒྱི་ཏིགི་ཧྲི་ཛ། བརྙ་བརྙ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གིས་ལྷ་ཆེན་གནོད་སྦྱིན་ཕོ། །གནོད་སྤྱིན་མོ་དང་ཕྲུག་གུ་དང་། །དེ་བཞིན་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་བྲེད་པར་བསམ། །དཔའ་བོ་ཆེན་པོ་ཐོག་ཆེན་འདིས། །གནོད་སྤྱིན་མ་ལུས་བརྒྱལ་བར་འགྱུར། །རྒྱ་གྲམ་ཐོག་ཐོག་ཨ་ལ་ལ། །རབ་ཏུ་འཇིགས་པའི་ཁྲོ་བོ་ཡིས། །དྲག་པོ་ཆེན་པོ་ཀུན་ཏུ་ཏུ། །ས་ཡི་བདག་པོ་གང་ཡིན་པ། །ངེས་པར་བླངས་བའི་ཆོ་ག་བྱས། །རུ་ལུ་གཡབ་མོ་བྱས་ནས་ནི། །གང་གིས་རབ་ཏུ་དྲག་པོ་ཆེ། །འཇོམས་པ་གར་གྱི་དབང་ཕྱུག་གིས། །ཧུ༷་གི་སྒྲ་ནི་རབ་ཏུ་སྒྲོགས། །དཔའ་བོ་དབང་ཕྱུག་གད་མོ་ཆེ། །བྱང་ཤར་མཚམས་སུ་ཁ་བལྟས་ཏེ། །འབྱུང་པོ་འདུལ་བའི་ཕྱག་རྒྱ་ཆེ། ཁེན་ཏུ་འཇོམས་པ་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །འབྱུང་པོ་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་འབྱུང་པོ་འདུལ་བའི་སྒྲ། །ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས། །འཇིགས་པ་ཆེན་པོའི་ཚོགས་རྣམས་འདུལ། །འབྱུང་པོ་འདུལ་བའི་དབང་བསྐུར་ཐོབ། །གང་གིས་དྲག་པོའི་ཏིང་འཛིན་གྱིས། །ཧུ༷་ཞེས་རབ་ཏུ་སྒྲོག་མཛད་དེ། །འབྱུང་པོ་འདུལ་བར་མི་འགྱུར་ན། །འབྱུང་པོ་ཉིད་ལ་ཐོག་ཕབ་སྟེ། །ཙཀྲ་ཧ་སྒྱུ༷། ཧྲི་པདྨ་ཏ་ཀྲིད་ཧ་ཡ་གྲི་ཝ་ཧྲི་ཛ། པདྨ་བནྟྲ་ཧྲི་ཛ། ཤོ་རི་ཧ་རི་ཛ། ཧུ་ལུ་ཧྲི་ཛ། ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ།པ་ཙ་པ་ཙ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིགི་ཏི་གི་ཧྲི་ཛ། བསྟོ་བནྟྲ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གིས་ལྷ་ཆེན་འབྱུང་པོ་ཕོ། །འབྱུང་པོ་མོ་དང་ཕྲུག་གུ་དང་། དེ་བཞིན་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་བྲེད་པར་བསམ། །དཔའ་བོ་ཆེན་པོ་ཐོག་ཆེན་འདིས། །འབྱུང་པོ་མ་ལུས་བརྒྱལ་བར་འགྱུར། །རྒྱ་གྲམ་ཐོག་ཐོག་ཨ་ལ་ལ། །རབ་ཏུ་འཇིགས་པའི་འཁོར་ལོ་ཡིས། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་འབྱུང་པོ་སྲེག་པར་བྱས། ལྗང་གདངས་འོད་ཀྱིས་འབྱུང་པོ་སྲེག །ཧ་ལ་བན་དྷའི་སྒྲ་བསྒྲགས་པས། །ཀུན་ཏུ་འཇིགས་རྟེན་སྲེག་པར་བྱེད། །གསང་བ་ཆེན་པོ་བདེ་བ་ཆེ། །འབྱུང་བ་ཆེན་པོ་ཀུན་ཀྱང་སྒྲོལ། །རྒྱ་གྲམ་ཐོག་གི་ཆར་པ་འབབ། ཁ་རླངས་ལྗང་ཁུས་འཇིག་རྟེན་གང་། །འབྱུང་པོའི་ཚོགས་ཆེན་ཆུང་མ་སྒྲོལ། །གད་རྒྱངས་བགད་པས་སྟོང་གསུམ་སྲེག །ཧོ་ནི་འཇིགས་པ་ཀུན་དབང་སྒྱུར། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །འཁར་བ་གསེར་གྱི་ཕྱེ་ལ་སོགས། །མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ། །གསང་སྔགས་རྗེས་སུ་དྲན་པ་ཡིས། །བྱང་ཤར་འཇིག་རྟེན་ཁམས་སུ་གང་། །གང་གིས་སེར་པོར་བགྱུར་བྱས་ཏེ། །དེ་ནི་གསེར་ཐོག་འབབ་པར་འགྱུར། །དམར་པོ་ཁྲག་གི་ཟངས་ཐོག་འབབ། །ཁྲོ་བཅུ་ཡི་ནི་ཐོག་འབབ་འགྱུར། །རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས། །རྒྱ་གྲམ་འབར་བས་བཅིངས་བྱས་ན། །ཕྱག་རྒྱའི་འོད་ལས་རྒྱ་གྲམ་འཕྲོས། །འབྱུང་པོའི་ཚོགས་ནི་བརྒྱལ་པར་གྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། སྣང་བ་དྲག་པོ་རྣམ་པར་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འདི་སྐད་ཅེས་གསུངས་སོ། །དྲག་པོའི་ཕྱག་རྒྱ་ཆེན་པོ་ཡི། །མཁས་པ་ཡིས་ནི་བསྒོམ་པར་བྱ། །གང་གིས་འཇོམས་པ་ཆེན་པོ་དག །རབ་ཏུ་འདུལ་བར་བྱ་བ་ནི། །གང་གིས་རབ་ཏུ་དྲག་པོ་ཆེ། །འཇོམས་པ་གར་གྱི་དབང་ཕྱུག་གིས། །ཧྭ༷་གི་སྒྲ་ནི་རབ་ཏུ་སྒྲོགས། །དཔའ་བོ་དབང་ཕྱུག་གད་མོ་ཆེ། །སྟེང་གི་ཕྱོགས་སུ་ཁ་བལྟས་ཏེ། །ཉི་ཟླ་འདུལ་བའི་ཕྱག་རྒྱ་ཆེ། ཁེན་ཏུ་འཇོམས་པ་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །ཉི་ཟླ་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་ཉི་ཟླ་འདུལ་བའི་སྒྲ། །ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས། །འཇིགས་པས་ཉི་ཟླའི་ཚོགས་རྣམས་འདར། །ཉི་ཟླ་འདུལ་པའི་དབང་བསྐུར་ཐོབ། །གང་གིས་དྲག་པོའི་ཏིང་འཛིན་གྱིས། །ཧུ༷་ཞེས་རབ་ཏུ་སྒྲོགས་མཛད་དེ། ཉི་ཟླ་འདུལ་བར་མི་འགྱུར་ན། །ཉི་ཟླ་ཉིད་ལ་ཐོག་ཕབ་སྟེ། །ཙཀྲ་ཧུ༷་སྒྱུ༷། ཧྲི་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ༷། ཀུ་ཀུ་ར་ཙ་ཁ་ལོཁི་ཧྲི་ཛ། ཙནྟྲ་ཡེ་ཧྲི་ཛ། སྲུརུ་ཡེ་ཧྲི་ཛ། ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བནྟྲ་བརྙ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིགི་ཏིཛི་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གིས་ལྷ་ཆེན་ཉི་ཟླ་ཕོ། །ཉི་ཟླ་མོ་དང་ཕྲུག་གུ་དང་། །དེ་བཞིན་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་བྲེད་པར་བསམ། །དཔའ་བོ་ཆེན་པོ་ཐོག་ཆེན་འདིས། །ཉི་ཟླ་མ་ལུས་བརྒྱལ་བར་འགྱུར། །རྡོ་རྗེའི་ཐོག་ཐོག་ཨ་ལ་ལ། །རབ་ཏུ་འཇོམས་པའི་རྡོ་རྗེ་ཡིས། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་ཉི་ཟླ་སྲེག་པར་བྱེད། །སྔོ་མདངས་འོད་ཀྱིས་འཇིག་རྟེན་ཉི་ཟླ་སྲེག །ཧ་ལ་བསྒྲོའི་སྒྲ་བསྒྲགས་པས། །ཀུན་ཏུ་འཇིག་རྟེན་སྲེག་པར་འགྱུར། །གསང་བ་ཆེན་པོ་བདེ་བ་ཆེ། །འབྱུང་པོ་ཀུན་ཀྱང་རབ་ཏུ་སྒྲོལ། །རྡོ་རྗེ་ཐོག་གི་ཆར་པ་འབབ། །ཁ་རླངས་སྔོན་པོས་འཇིག་རྟེན་གང་། །ཉི་ཟླའི་ཚོགས་ཅན་ཆུང་མ་སྒྲོལ། །གད་རྒྱངས་བགད་པས་སྟོང་གསུམ་སྲེག །ཧོ་ནི་འཇིག་རྟེན་ཀུན་དབང་གྱུར། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །འཁར་བ་གསེར་གྱི་ཕྱེ་ལ་སོགས། །མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ། །གསང་སྔགས་རྗེས་སུ་དྲན་པ་ཡིས། །སྟེང་ཕྱོགས་འཇིག་རྟེན་ཁམས་སུ་གང་། །གང་གིས་སེར་པོར་བསྒྱུར་བྱས་ན། །དེ་ནི་གསེར་ཐོག་འབབ་པར་འགྱུར། །དམར་པོ་ཁྲག་གི་ཟངས་ཐོག་འབབ། ཁྲོ་ཆུ་ཡིས་ནི་འབབ་པར་འགྱུར། །རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས། རྡོ་རྗེ་འབར་བ་བཅིང་བྱས་ན། །ཕྱག་རྒྱའི་འོད་ལས་རྡོ་རྗེ་འཕྲོས། །ཉི་ཟླའི་ཚོགས་རྣམས་བརྒྱལ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། །རྟེན་པ་དྲག་པོ་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འདི་སྐད་ཅེས་གསུངས་སོ། །གང་གིས་དཔའ་བོ་དབང་གི་རྒྱལ། །གདུག་པ་མ་ལུས་ཀུན་སྒྲོལ་བ། །དེ་ཡི་སྐུ་མཆོག་རབ་ཏུ་སྒོམ། །གསང་བ་ཆེན་པོའི་བདག་ཉིད་ཅན། །རྔམ་པའི་སྐུ་རུ་གནས་ནས་ནི། །ཆོ་འཕྲུལ་རྔམ་པའི་ཧེ་སྒྲ་འདོན། །གང་གིས་རབ་ཏུ་དྲག་པོ་ཆེ། །འཇོམས་པ་གར་གྱི་དབང་ཕྱུག་གི །ཧུ༷་གི་སྒྲ་ནི་རབ་ཏུ་སྒྲོགས། །དཔའ་བོ་དབང་ཕྱུག་གད་མོ་ཆེ། །འོག་གི་ཕྱོགས་སུ་ཁ་བལྟས་ཏེ། །ས་བདག་འདུལ་བའི་ཕྱག་རྒྱ་ཆེ། །ཤིན་ཏུ་འཇོམས་པ་རབ་ཏུ་ལྡན། །གཟི་ལྡན་མ་དང་གཉིས་མེད་ལས། །ས་བདག་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་ས་བདག་འདུལ་བའི་སྒྲ། །ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས། །འཇིགས་པས་ས་བདག་ཚོགས་རྣམས་འདས། །ས་བདག་འདུལ་བའི་དབང་བསྐུར་ཐོབ། །གང་གིས་དྲག་པོའི་ཏིང་འཛིན་གྱིས། །ཧུ༷་ཞེས་རབ་ཏུ་སྒྲོགས་མཛད་དེ། །ས་བདག་འདུལ་བར་མི་འགྱུར་ན། །ས་བདག་ཉིད་ལ་ཐོག་ཕབ་སྟེ། །ཙཀྲ་ཧུ༷་སྦྱུ༷། ཧྲི་པདྨ་ཏ་ཀྲིད་ཧ་ཡ་གྲི་ཝ་ཧྲི་ཛ་ཛ། ཧྲི་ར་ཨ་ཏི་པ་ཏ་ཡེ་དརྙ་ཀུ་རུ་ཧུ༷། ཧ་ན་ཧ་ན་ཧྲེ་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བརྙ་བནྟྲ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིགི་ཏིགི་ཧྲི་ཛ། བརྙ་བནྟྲ་སྒྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གིས་ལྷ་ཆེན་ས་བདག་ཕོ། །ས་བདག་མོ་དང་ཕྲུག་གུ་དང་། །དེ་བཞིན་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་བྲེད་པར་བསམ། །དཔའ་བོ་ཆེན་པོ་ཐོག་ཆེན་འདིས། །ས་བདག་མོ་ནི་བརྒྱལ་བར་འགྱུར། །རྡོ་རྗེ་ཐོག་ཐོག་ཨ་ལ་ལ། །རབ་ཏུ་འཇིགས་པའི་རྡོ་རྗེ་ཡིས། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་ས་བདག་སྲེག་པར་བྱེད། །གནག་མདངས་འོད་ཀྱིས་ས་བདག་སྲེག །ཧ་ལ་བསྟོའི་སྒྲ་བསྒྲགས་པས། །ཀུན་ཏུ་འཇིག་རྟེན་སྲེག་པར་བྱེད། །གསང་བ་ཆེན་པོ་བདེ་བ་ཆེ། །འབྱུང་པོ་ཀུན་ཀྱང་རབ་ཏུ་སྒྲོལ། །རྡོ་རྗེ་ཐོག་གི་ཆར་པ་ཕབ། ཁ་རླངས་ནག་པོ་འཇིག་རྟེན་གང་། །ས་བདག་ཚོགས་ཆེན་ཆུང་མ་སྒྲོལ། །གད་རྒྱངས་བགད་པས་སྟོང་གསུམ་སྲེག །ཧོ་ནི་འཇིགས་བས་ཀུན་དབང་སྒྱུར། །ལྕག་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །འཁར་བ་གསེར་གྱི་ཕྱེ་ལ་སོགས། །མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ། །གསང་སྔགས་རྗེས་སུ་དྲན་པ་ཡིས། །འོག་ཕྱོགས་འཇིག་རྟེན་ཁམས་སུ་གང་། །གང་གིས་སེར་པོར་བསྒྱུར་བྱས་ན། །དེ་ནི་གསེར་ཐོག་འབབ་པར་འགྱུར། །དམར་པོ་ཁྲག་གི་ཟངས་ཐོག་འབབ། །ཁྲོ་ཆུ་ཡིས་ནི་ཐོག་འབབ་འགྱུར། །རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས། །རྡོ་རྗེ་འབར་བ་བཅིང་བྱས་ན། །ཕྱག་རྒྱའི་འོད་ལས་རྡོ་རྗེ་འཕྲོས། །ས་བདག་ཚོགས་རྣམས་བརྒྱལ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། འདོད་ཆགས་ངེས་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །དཔའ་བོ་བཞད་པ་ཆེན་པོ་ཡིས། །འཁོར་ལོ་ཆེན་པོར་གནས་ནས་ཀྱང་། །མ་མོ་དང་ནི་སྲིན་མོ་དང་། །རོ་ལངས་ལ་སོགས་ཀུན་གྱི་ལས། །འདུལ་བྱེད་འཁོར་ལོ་ཆེན་པོའི་ཕྱིར། །དེ་དག་འདུལ་བའི་ཆོ་ག་ནི། །གང་གིས་རབ་ཏུ་དྲག་པོ་ཆེ། །འཇོམས་པ་གར་གྱི་དབང་ཕྱུག་གིས། །ཧུ༷་གི་སྒྲ་ནི་རབ་ཏུ་བསྒྲགས། །དཔའ་བོ་དབང་ཕྱུག་གད་རྒྱང་ཅན། །ཕྱོགས་མཚམས་ཀུན་ཏུ་ལྟ་བྱས་ཏེ། །འདོད་ཆགས་ཅན་འདུལ་ཕྱག་རྒྱ་ཆེ། ཁེན་ཏུ་འཇོམས་པའི་ཆ་ལུགས་ཅན། །གཟི་ལྡན་མ་དང་གཉིས་མེད་ལས། །མ་སྲིང་འདུལ་བའི་སྐུ་ཡིས་གང་། །ཀུན་ནི་མ་སྲིན་འདུལ་བའི་སྒྲ། །ཧ་ལ་ཧྲི་ཡི་སྒྲ་ཡང་སྒྲོགས། །འཇིགས་པས་མ་མོ་སྲིན་མོ་འདར། །མ་མོ་འདུལ་བའི་དབང་བསྐུར་ཐོབ། །གང་གིས་དྲག་པོའི་ཏིང་འཛིན་གྱིས། །ཧུ༷་ཞེས་རབ་ཏུ་སྒྲོགས་མཛད་དེ། །མ་མོ་སྲིན་མོ་རོ་ལངས་མ། །ཞི་བས་འདུལ་བར་མི་འགྱུར་ན། །དེ་ཉིད་གསང་བའི་ཐོག་གིས་གསང་། ཁ་ཊ༷་ཁ་ཛ་ལ་སྦྱུ༷། ཏྲི་ཤཱ་ལ་ཛ་ལ་བྷ༷། ཏིཀྟ་ཛ་ལ་སྦྱུ༷། རག་མོ་ཛ་ལ་སརྦ་སྦྱུ༷། །མ་མ་བུ༷་ཏི་ཛ་སྒྱུ༷། མ་མ་ཤ་ཏ་པ་ཛ་སྦྱུ༷། ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲེ་ཛ། པ་ཙ་པ་ཙ་ཧྲི་ཛ། བརྙ་བརྙ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཛི་ཏིགི་ཧྲི་ཛ། བནྟྲ་བརྙི་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གི་མ་མོ་སྲིན་མོ་དང་། །རོ་ལངས་འཁོར་དང་བཅས་པ་རྣམས། །ཀུན་ཏུ་འཇིགས་ནས་བྲེད་པར་འགྱུར། །དཔའ་བོ་ཆེན་པོ་ཐོག་ཆེན་འདིས། །མ་མོ་ཆེན་མོ་རོ་ལངས་བརྒྱལ། ཁ་ཊ༷་ཐོག་ཐོག་ཨ་ལ་ལ། །འཇིགས་པ་ཁ་ཊ༷་ལ་སོགས་པ། །དྲག་པོ་ཆེན་པོ་ཀུན་ཏུ་འཇོམས། །རབ་ཏུ་མ་མོ་སྲེག་པར་བྱེད། །དམར་སྨུག་འོད་ཀྱིས་མ་མོ་སྲེག །རྫས་ཀྱི་ཐོག་གིས་གསོད་པར་བྱེད། །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་གནམ་ལྕགས་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །གང་གིས་དྲག་པོ་ཆེན་པོའི་སྐུས། །རབས་ཆད་ནག་པོའི་ཐོད་པའི་ནང་། །གནམ་ལྕགས་རབ་ཏུ་འབར་བ་དག །འབི་ས་དང་ནི་བཅས་པ་ཡིས། །བཅོ་ལྔའི་དུས་སུ་དབབ་པར་བྱ། །ནམ་མཁའི་ཡི་དགས་དྲག་པོ་བཀོལ། །བྱང་ལྷ་ནོར་བུའི་འགྲམ་དུ་ཕྱིན། །འཕང་དང་སྟེགས་པའི་སྦྱོར་བ་བྱ། །ཕྱོགས་སུ་དྲག་པོ་གང་འགྲོ་བ། །མཁས་པས་ཡོངས་སུ་བརྟག་ནས་ནི། །འབར་བ་རྡིམ་པ་དང་བཅས་ཏེ། །གང་གིས་སྲེག་ཅིང་བརླག་བར་བྱ། །གསང་མཆོག་གཟི་བྱིན་ཆེན་པོ་ཡིས། །མི་ཁྲག་ཀུ་ཀུ་བ་ར་དང་། །དྲི་ན་མ་ཡའི་དུད་བར་བཅས། །བརྒྱད་གཉིས་པོ་གང་ལ་གང་ལ་འདོད་བཀོལ། །གང་གི་གནས་སུ་ལས་བྱས་ན། །དེ་ཚེ་སྐད་ཅིག་ཙམ་ན་འབབ། །མཁས་པས་དུར་དྷའི་དུམ་བུ་དང་། །སྲི་ ལ་བར་བཅས་གནམ་ལྕགས་དང་། །ཀུ་ར་བ་ནི་ཟང་ཐོག་འབེབས། །དེ་ལ་སོགས་པ་གྲུབ་པར་འགྱུར། །རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། གསང་བ་ཐོག་འབེབས་ཀྱི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ན་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། དྲག་པོ་བཅུད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །གང་གིས་རྟ་མཆོག་ཕྱག་རྒྱ་ཆེ། །རོལ་པའི་རྫུ་འཕྲུལ་མཁས་པ་ཡིས། །གསང་བ་གསུང་གི་རྫུ་འཕྲུལ་ནི། །ཕོ་ཉ་ལ་སོགས་ཀུན་གྱིས་སྤྲོས། །བདག་ཉིད་ཕྱག་རྒྱ་ཆེན་པོའི་བྱིན་བརླབས་ཀྱིས། །སྟོང་གསུམ་འཇིག་རྟེན་ཤེས་རབ་འོད་ཀྱིས་བཀང་། །འགྲོ་དྲུག་གནས་ནས་བྱང་ཆུབ་སེམས་ཀུན་ཏེ། །གང་གིས་དབུས་སུ་ཡང་དག་གནས་པར་འགྱུར། །དཔའ་བོ་རྡོ་རྗེས་འགྲོ་དྲུག་ལུས་ངན་གང་། །རྡོ་རྗེ་གསང་ཆེན་ནམ་མཁའི་ཕྱག་རྒྱ་ཡིས། །སྤྱི་བོའི་རྐྱང་མཐིལ་གནས་སུ་རབ་ཏུ་གང་། །དེ་ནས་རེངས་འགྱུར་གང་གིས་སྦྱོར་བ་ཡིན། །བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ཆེན་པོ་ཡིས། །རབ་ཏུ་གང་གྱུར་འདོད་པ་རྡོ་རྗེ་བཞིན། །གང་གིས་གཡོ་བ་མི་གཡོ་བ། །ཐམས་ཅད་ཅི་འདོད་དབང་སྒྱུར་དེ་ཚེ་དེས། །ཡོན་ཏན་སྟོབས་བཅུ་དངོས་གྲུབ་དམ་པ་ཐོབ། །གསང་ཆེན་དོན་དམ་བཞུགས་པའི་གསང་བའི་རྟེན། །རང་འབྱུང་དཔའ་བོ་འགྲོ་བའི་འོས་སུ་འགྱུར། །ཞེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། །རང་བྱུང་དངོས་གྲུབ་ཀྱི་ལེའུ་སྟེ་ལྔ་བཅུ་རྩ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་ཀྱི་བདག་པོ་དཔལ་པདྨ་གར་གྱི་དབང་ཕྱུག་གིས།ཟབ་མོ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །གང་གིས་རྟག་ཏུ་རིག་པ་འཛིན། །གསང་བ་རིགས་ཀྱི་དངོས་གྲུབ་ཆེ། །གྲུབ་པ་ཕྱག་རྒྱའི་དམ་ཚིག་ཉིད། །རྡོ་རྗེའི་གླུ་ནི་གསང་བ་ཆེ། །ཆོས་ཀྱི་དུང་ཆེན་རབ་ཏུ་བཟང་། །ཞི་བ་དགའ་བ་ཀུན་གྱི་གནས། །གསང་ཆེན་བདེ་བའི་བཅུད་འབེབ་པ། །རྡོ་རྗེ་བཅུད་ཀྱི་དམ་པ་འཛིན། །གསང་ཆེན་བདུད་ཀྱི་དམ་པའོ། །ས་བོན་ལས་ནི་ས་བོན་སྤྲོས། །ས་བོན་སྙིང་པོའི་ཕྱག་རྒྱ་འཛིན། །གང་གི་ཕུལ་དུ་བྱུང་བ་ནི། །ཀླུ་ཡི་དམ་ཚིག་ཆེན་པོ་སྟེ། །རྟགས་ཆེན་དམ་པ་འགྲུབ་པར་བྱེད། །ཨོ་པདྨ་མ་ཧྭ་ཤི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རི་ཛ། །གང་གིས་གསང་བ་ཆེན་པོ་འདི། །ས་བོན་དམ་པ་གསང་བ་ཆེ། །དམ་ཚིག་གསང་བ་རྡོ་རྗེ་ཡིས། །བདེ་བ་ཐམས་ཅད་མཆོག་ཏུ་འགྱུར། །ཡིད་འོང་གནས་སུ་ཕྱག་རྒྱ་ཆེ། །དཔའ་བོ་དབང་ཆེན་རབ་གནས་ན། །དྲག་པོ་ཆེན་པོ་བདུད་ཆེན་པོ། །མཐུ་རྩལ་སྡེ་ཡང་འཇོམས་པར་བྱེད། །ཨོ་རུ་ལུ་རུ་ལུ་ཧྲི་ཛ། བརྙ་བསྙོ་ཧྲི་ཛ། པ་ཤ་པ་ཤ་ཧྲི་ཛ། སྤྲོ་ཊ་ཡ་སྤྲོ་ཊ་ཡ་ཧྲི་ཛ། ཀུ་རུ་ཀུ་རུ་ཧྲི་ཛ། ཏྲི་ཤ་ཀུ་རུ་ཏྲི་ཤ་ཀུ་རུ་ཧྲི་ཛ། ལྷུན་གྲུབ་ཕྱག་རྒྱ་ཆེན་པོ་ནི། །གང་གིས་རབ་ཏུ་འབར་བ་ཡིས། །འཕྲོ་བ་ཕྱག་རྒྱ་དམ་པ་སྟེ། །གསང་བ་ལུས་ནི་འཛིན་པར་བྱེད། ཅེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རབ་ཏུ་འཇོམས་པའི་ལེའུ་སྟེ་ལྔབཅུ་རྩ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། ལྷུན་གྲུབ་གསང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །རྟག་ཏུ་བདག་ཉིད་གསང་བའི་དམ། །ཡི་གེ་ས་བོན་ལས་སྤྲུལ་པའི། །འཁོར་ལོ་གོ་ཆ་བླ་ན་མེད། །ཆོས་ཀྱི་དོན་རྣམས་སྟོན་པའོ། །ཀྱེ་ཧོ་མ་རུངས་འཇིགས་པ་ཅན། །ཐུགས་རྗེས་ཐུགས་རྗེས་ཁྱབ་པའི་བདག །ཡོངས་སུ་དག་ཅིང་ཀུན་ཏུ་གཟིགས། །མ་སྐྱེས་དབྱིངས་ལས་ཅིང་ཡང་འབྱུང་། །མཚན་མ་ཀུན་བྲལ་གསང་བའི་བདག །དེ་ཉིད་ཆོ་གའི་དམ་པ་སྟེ། །བརྗོད་པ་སྔགས་རྣམས་ཀུན་གྱི་བདག །ཁྲོ་བོ་རོ་ལངས་ཀུན་གྱི་རྗེ། །དགའ་བའི་ཕྱག་རྒྱ་ཆེ་མཆོག་ནི། །སྣང་ངོ་ཀུན་ཏུ་རབ་ཏུ་ལྡིར། །མཚན་མེད་ཀུན་ངང་གཡོ་འགུལ་མེད། །དམ་པའི་ཡོན་ཏན་སྣ་ཚོགས་བདག །གསང་སྔགས་འདི་ནི་ཕྱག་རྒྱ་ཆེ། །ཨོ་པདྨ་ཤི་ཧེ་རུ་ཀ་ཧུ༷། ཨེ་ཨ་ར་ལི་ཧྲི་ཛ། ཨོ་ཨུ༷༷ཧུ༷། བྱང་ཆུབ་སེམས་ནི་བདེ་བའི་མཆོག །སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ལུས་ཅན་ཤུགས་དྲག་མི་སྙེམས་མ། །བརྗིད་པའི་ཕྱག་རྒྱ་དམ་པའི་བདག །རྟགས་ལྡན་ས་བོན་རབ་འབར་བའི། །དེ་ཉིད་གསང་བ་མཆོག་གི་རྒྱ། །ཨོ། རབ་ཏུ་འབར་བའི་གཟི་ཆེན་ལྡན། ཁྲོ་བོ་ཕྱག་རྒྱ་ཉེ་བར་འཛིན། །གསུང་གི་རིགས་རྣམས་ཀུན་གྱི་གཙོ། །གང་ཕྱིར་སྣ་ཚོགས་རབ་ཏུ་འབར། །ཁྲོ་བོ་ཤུགས་ཀྱི་སྦྱོར་བ་ཡིས། །སྦྱོར་བ་དངོས་གྲུབ་གསང་བ་འཛིན། །ཅེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། ཉེ་བར་བཀོད་པའི་ལེའུ་སྟེ་ལྔ་བཅུ་རྩ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། །གསང་བ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འདི་སྐད་ཅེས་གསུངས་སོ། །མཆོག་གི་ཕྱག་རྒྱ་མཉམ་སྦྱོར་བས། །རབ་ཏུ་གསང་བའི་གནས་དག་ཏུ། །བརྗོད་པ་སྔགས་རྣམས་ཀུན་གྱི་བདག ཁ་ཊ༷་སྦྱོར་བ་སྦྱོར་བ་ཆེ། །གསང་བ་ཀུན་གྱི་ཕྱག་རྒྱ་ནི། །ཕྱག་རྒྱ་འདི་ལ་རབ་ཏུ་གནས། །རབ་ཏུ་དྲག་པོའི་བདུད་ཀྱི་སྡེ། །མ་ལུས་འཇིགས་པར་བྱེད་པ་ཡིན། །རམ་བུ་པ་ཡི་ཕྱག་རྒྱ་ནི། །ཕྱག་རྒྱ་གསང་བའི་དམ་པ་སྟེ། །བདུད་དང་བགེགས་ཀྱི་སྡེ་འཇིགས་པ། །ཕྱག་རྒྱ་འདི་ལ་རབ་ཏུ་གནས། །ལུང་བསྟན་དངོས་གྲུབ་ཕྱག་རྒྱ་ནི། །གསང་བ་མཆོག་ནི་གསུམ་ལས་བྱུང་། །སྟེང་གི་ཕྱག་རྒྱ་ཆེན་པོ་སྟེ། ཁྲོ་བོའི་དཔུང་ཡང་འཇིགས་པར་བྱེད། །རྡོ་རྗེ་བསྟན་པ་ཕྱག་རྒྱ་ཆེ། །ལུས་མེད་ཕྱག་རྒྱ་བརྟན་པོ་སྟེ། །སངས་རྒྱས་ཀུན་གྱི་གསང་བ་ནི། །ཕྱག་རྒྱའི་མཆོག་ནི་འདི་ལས་བྱུང་། །ཧྲི་ཡི་དཀྱིལ་འཁོར་གསང་བ་ནི། །ལས་ཀྱི་ཕྱག་རྒྱ་དག་ལ་གནས། །བླ་མེད་ཡོན་ཏན་ཐམས་ཅད་ཀུན། །ཕྱག་རྒྱ་འདི་ཡིས་ཐོབ་པར་བྱེད། །ཀུན་ཏུ་གཡོས་པ་མེད་པ་ཡི། །རེག་པའི་ཕྱག་རྒྱ་བདེ་བའི་མཆོག །བདེ་བ་སྣ་ཚོགས་ཀུན་འབྱུང་བའི། །ཕྱག་རྒྱ་འདི་ནི་རྒྱ་ཆེན་ཡིན། །ཏྲ༷་གྱི་ཕྱག་རྒྱ་རབ་གསལ་བ། །གསང་བའི་སྐུར་ནི་རབ་ཏུ་གནས། །གང་གིས་ཕྱོགས་བཅུ་དུས་གསུམ་གྱི། །བསྟན་པ་རྒྱས་པ་ཐམས་ཅད་བྱེད། །འཁོར་ལོ་འཁོར་དང་རབ་ཏུ་འཇིགས། །ཕྱག་རྒྱ་གསང་བའི་དམ་པ་བསྟན། །གང་གིས་བདུད་ཀྱི་སྡེར་བཅས་པ། །མ་ལུས་ཀུན་ཏུ་འཇོམས་པར་བྱེད། །རྣལ་འབྱོར་གསང་བའི་དམ་པ་ནི། །རྣལ་འབྱོར་པས་ནི་བསྟན་པར་བྱ། །གསང་ཆེན་ཕྱག་རྒྱ་འདི་ཡིས་ནི། །བདུད་ཀྱི་སྡེ་དཔུང་འཇིགས་པར་བྱེད། །སྙི༷༷ཡི་དཀྱིལ་འཁོར་ཆེན་པོ་ནི། །རབ་ཏུ་འབར་བའི་ཕྱག་རྒྱ་ཅན། །གང་གིས་རིག་པ་འཛིན་བཅས་པས། །མཆོག་འགྲུབ་གསང་བའི་དམ་པ་གྲུབ། །བདག་ཉིད་འདོད་པ་ཀུན་འབྱུང་བའི། །རྟགས་ཆེན་རབ་ཏུ་གསང་བ་ཆེ། །དེ་བཞིན་ཆོ་ག་བཞིན་གནས་ན། །སྙི་ཡི་དཀྱིལ་འཁོར་རབ་ཏུ་སྦྱོར། །ཀུན་རྒྱལ་འཁོར་ལོ་དམ་པ་སྟེ། །མཁས་པས་ཀུན་ཏུ་གསང་བ་ཆེ། །རྟགས་ཆེན་འདོད་པ་གསང་བ་ཆེ། །དམ་པ་མཆོག་ནི་འདི་ཡིས་གྲུབ། །རོལ་མོ་ཆེན་པོ་རབ་ཏུ་སྤྲོ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། སྦྱོར་བ་མཆོག་གི་ལེའུ་སྟེ་ལྔ་བཅུ་རྩ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་དྲག་པོའི་ངེས་པར་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །གདུག་པར་གྱུར་པ་ཐམས་ཅད་ཀུན། །རབ་ཏུ་གཤད་པར་བྱ་བ་ནི། །དུར་ཁྲོད་དང་ནི་ཤིང་དྲུང་དང་། །ལམ་ཆེན་མདོ་དང་གྲོག་གླེ་ལ། ཁང་པ་གྲུ་གསུམ་བྱས་ནས་ནི། །གང་གིས་ཁྲག་དང་དྲི་ཆུ་དང་། །དུར་ཁྲོད་སོལ་བ་བཙན་དུག་བཅས། །ཉི་མ་ཡོལ་ནས་བསྲེག་བྱས་ཏེ། །གང་གིས་གནས་སུ་བྱུག་པར་བྱ། དཔའ་བོ་དབང་ཆེན་གཏུམ་པ་ཡིས། །འཁོར་ལོ་མཆོད་པ་སྔོན་དུ་རྫོགས། །གདུག་པའི་མིང་དང་གཟུགས་སུ་ལྡན། །རྐང་རྗེས་ཁྲག་དང་དྲེ་ཆུ་དང་། །དུར་ཁྲོད་སོལ་བ་ལས་བསྒོས་པ། །མཁས་པ་ཡིས་ནི་གཟུགས་བཅས་ཏེ། །སྙིང་ཁར་གང་ཡིན་མིང་རུས་གཞུག ཁ་སྦྱོར་རབ་ཏུ་སྦྱོར་བ་ཡི། །གཟུགས་རྣམས་ཀུན་ཏུ་ཕུར་བུ་དགྲམ། །དུས་ཀུན་ཏུ་ནི་རང་ལྷ་མཆོད། །ཁྲོ་བོ་ཚོགས་ཆེན་ཐམས་ཅད་ཀུན། །རབ་ཏུ་སྤྲོས་ཏེ་བྱིན་གྱིས་བརླབ། །མཁས་པ་གང་གིས་སྦྱོར་བ་ཡིས། །ཀུན་ཏུ་འོད་ཟེར་སྤྲོ་བྱས་ཏེ། །གདུག་པ་སྙིང་ནས་བཟུང་ནས་ནི། །དམིགས་པ་ལ་ནི་དགུག་ཅིང་བསྟིམ། །མ་ཉམས་གསང་སྔགས་བཟླས་པར་བྱ། །ཨོ་པཟློ་མཧྭ་ཤི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རི། ཛ་བྷ་ལ་བ་ཏི་ཤོ་རི་ཁ། ཀུ་རུ་ར་ཛ་མུ་རི་སྒྲི། ཨང་ཀུ་ཤ་ཡ། ཨུ་ཀར་ཥ་ཡ་ཧྲི་ཛ་ཛ། དབང་ཕྱུག་འཇིག་རྟེན་བཅས་བ་ཀུན། །གསང་སྔགས་འདི་ནི་དྲན་ཙམ་གྱིས། །སྐྲག་ཅིང་རབ་ཏུ་འདར་འགྱུར་ཏེ། །ཡུད་ཙམ་གྱི་ནི་འགུག་པར་འགྱུར། །གཞན་ཡང་ཡང་དག་བཤད་བྱ་བ། ཁྲར་ལྷོ་མཚམས་ཀྱི་སྦྱོར་བ་ཡིས། །གང་ཡིན་གདུག་པར་གྱུར་པ་ཀུན། །མ་ལུས་འཆིང་བའི་ཆོ་ག་ནི། །གང་གིས་དཔའ་པོ་དབང་ཆེན་གྱིས། །མི་ཐོད་གྱོན་ཞིང་རྒྱུད་འཕྲེང་ཐོག །སྣ་ལྔ་བསྐུས་པའི་ཞགས་པས་བསྡམས། །གདུག་པ་སྔོན་འགྲོའི་ཆོ་ག་ཡིས། །ལེགས་བསྡམས་དྲག་པོའི་གསང་སྔགས་བཟླས། །ཨོ་པདྨ་ཤི་ཧེ་རུ་ཀ །པད་ཀྲོ་དྷི་ཤྭ་རི་ཧུ༷། པ་ཤ་ཡ་པ་ཤ་ཡ། པོ་ཊ་ཀུ་རུ་བརྙ་བསྟོ་ཧྲི་ཛ་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །ཀུན་ཏུ་འགྲོ་བར་བྱེད་པ་ཡིས། །དབང་ཕྱུག་ཆེན་པོ་ལ་སོགས་པ། །མ་ལུས་མྱུར་དུ་འཆི་བར་བྱེད། །ཅེས་པ་འདི་ནི་གསང་བ་ཆེན་པོ་རྡོ་རྗེ་ས་འཆིང་བའི་དམ་ཚིག་ཆེན་པོའོ། །གཞན་ཡང་ཡང་དག་བཤད་བྱ་བ། །དྲན་པར་གྱུར་པའི་སྦྱོར་བ་ཡིས རེངས་པའི་ལས་ཀྱི་ཆོ་ག་ནི། །བདག་ཉིད་གསུང་གི་ཧེ་རུ་ཀ །གང་ཞིག་ཁུང་བུ་གྲུ་གསུམ་ནང་། །གང་ཞིག་རབ་ཏུ་གཞག་པར་བྱ། །སྤྱི་བོ་ནས་ནི་རྐང་བའི་བར། །དྲག་པོ་སྒྱུར་ལྡན་སྣོད་གཞག་སྟེ། །ཡང་དག་ཆོ་གའི་སྦྱོར་བ་ཡི། །ལྕི་བའི་རྫས་ལ་གསང་སྔགས་བཟླས། ཁེངས་ནས་རབ་ཏུ་གནས་པར་བྱ། །ཨོ་པདྨ་ཤི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རི་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །དབང་ཕྱུག་གཟི་བརྗིད་ཆེན་པོ་དང་། །རྡོ་རྗེ་ཅན་ཡང་རེགས་པ་དང་། །ཀུན་ཏུ་གཡོ་བ་མེད་པར་འགྱུར། །ཞེས་པ་འདི་ནི་བདུད་རྣམས་ཐམས་ཅད་རེངས་པར་བྱེད་པའི་དམ་ཚིག་ཆེན་པོའོ། །གཞན་ཡང་ཡང་དག་བཤད་བྱ་བ། །མཁས་པས་ལས་ཀྱི་ཕྱག་རྒྱ་ནི། །གང་གིས་སྦྱོར་བའི་ལས་བྱ་བ། །ཀུན་ཏུ་སྨྲ་བ་དབྱུང་བར་བྱ། །སྙིང་པོའི་འོད་ཟེར་སྦྱོར་བ་ཡིས། །རང་འབྱུང་སྨྲ་བའི་ས་བོན་དབྱུང་། །སྨྲ་བའི་རྟེན་ལ་བསྟིམ་པར་བྱ། །ཀ་ར་ཏི་ལ་སོགས་པ་ཡིས། །བཀྲལ་དང་འཁོར་ལོ་གཞག་པར་བྱ། །ངག་གི་དབང་ཕྱུག་སྟེང་དུ་སྒོམ། །དབང་ཆེན་སྐུ་ནི་རབ་ཏུ་འཕྲོ། །དེ་ཡི་ལུས་ལ་ཞུགས་པར་བྱ། །ཨོ་པདྨ་མཧྭ་ཤི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རི་ཛ། སྟ༷་པ་ཀུ་རུ་ནན། གསང་སྔགས་འདི་ནི་དྲན་ཙམ་གྱི། །གང་གིས་འཁོར་ལོ་དབང་ཐོབ་པའང་། །རབ་ཏུ་སྨྲ་བ་ཉམས་པར་འགྱུར། །གཞན་དུ་འགྱུར་བ་སྨོས་ཅི་དགོས། །ཞེས་པ་འདི་ནི་ངག་རྣམ་པར་གནོན་པའི་དམ་ཚིག་ཆེན་པོའོ། །གཞན་ཡང་ཡང་དག་བཤད་བྱ་བ། །གནས་ནས་བསྐྲད་པའི་ཆོ་ག་ནི། །དཔའ་པོ་རབ་ཏུ་འཇིགས་པ་ཡི། །ས་བོན་ལས་བྱུང་རྔ་མོ་ནི། །རླུད་གི་དཀྱིལ་འཁོར་སྟེང་དུ་བཞག །གང་གི་དགུག་པའི་ཆོ་ག་ཡིས། །དེ་ནི་དེ་ཡི་སྟེང་གནས་པས། །བདག་ལ་འབྱུང་བའི་ཁྲོ་བོའི་ཚོགས། །དཔག་ཏུ་མེད་པ་སྤྲུལ་བྱས་ཏེ། །གང་གིས་དཔའ་བོ་གཞན་དུ་སྤྲོད། །དཔལ་ལྡན་ཆེན་པོ་གསང་བ་ཆེ། །འཇིགས་བྱེད་གར་གྱི་དབང་ཕྱུག་གི །ཆོ་ག་སྦྱོར་བ་དམ་པ་ཡིས། །གང་དམིགས་ལས་ཀུན་འགྲུབ་པར་འགྱུར། །ཨོ་པདྨ་ཤི་ཧེ་རུ་ཀ །པདྨ་ཀྲོ་དྷ་ཤྭ་རི་ཛ། །ཨུ་ཙ་ཏ་ཡ་ཨུ་ཙ་ཏ་ཡ། མ་ཧྭ་ཨུ་ཙ་ཏ་ཡ་ཧྲི་ཛ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གི་དཔའ་བོ་བསྟན་པའི་བདག །མྱུར་དུ་གཞན་དུ་འགྲོ་བར་འགྱུར། །གཞན་པར་འགྱུར་བ་སྨོས་ཅི་དགོས། །ཞེས་པ་འདི་ནི་རྡོ་རྗེ་གསང་བའི་དམ་ཚིག་ཆེན་པོའོ། །གཞན་ཡང་ཡང་དག་བཤད་བྱ་བ། །འཐབ་པར་བྱ་བའི་ཆོ་ག་ནི། །མི་མཐུན་ལུས་ལ་གཟུགས་བྱས་ཏེ། །གང་ཞིག་དབང་ཆེན་རྡོ་རྗེ་ཡིས། །ལས་འགྲུབ་འཁོར་ལོ་ཆེན་པོ་བསམ། ཁྲོ་བོའི་ཚོགས་དང་ལྷན་ཅིག་ཏུ། །གཡུལ་འགྱེད་སྦྱོར་བ་བརྩོན་བྱས་ན། །རང་གིས་དམ་ཚིག་ཆེན་པོ་འགྲུབ། །ཨོ་པདྨ་ཤི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རི་ཛ་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །གང་གིས་ཤིན་ཏུ་ཞི་བ་ལ། ཁྲོས་ཏེ་རབ་ཏུ་འཐབ་པར་གྱུར། །གཡུལ་འགྱེད་པ་ཡང་བརྩོན་པར་འགྱུར། །ཞེས་པ་འདི་ནི་འཐབ་པར་བྱེད་པའི་དམ་ཚིག་ཆེན་པོའོ། །གཞན་ཡང་ཡང་དག་བཤད་བྱ་བ། །གང་གིས་གསད་པའི་ཆོ་ག་ནི། །ལས་ཀྱི་འཁོར་ལོའི་སྦྱོར་བ་ཡིས། ཁེན་ཏུ་སྤྲོ་བར་རབ་བྱས་ཏེ། །དབང་ཆེན་གསད་པ་འགྲུབ་པ་ཡིས། །ཆོ་གའི་སྦྱོར་བས་རབ་ཏུ་འགྲུབ། །གདུག་པའི་རྫས་རྣམས་ཐམས་ཅད་ཀུན། །རང་གི་ལག་ཏུ་བསྒྲུབ་བར་བྱ། །གང་ཡིན་མིང་གི་དབུས་ན་གནས། །དེ་ནི་སྲོག་རྩའི་དབུས་ན་གནས། །དེ་ནི་མྱུར་དུར་གསད་པར་བྱ། །རབ་ཏུ་འཕྲོ་བའི་ཕྱག་རྒྱ་ཅན། །ལྟེ་བའི་དབུས་ན་གནས་པ་ཡི། །རང་འབྱུང་ས་བོན་བཤིག་པར་བྱ། །གང་ཡིན་དཔའི་བོ་ཆེན་པོ་དང་། །དེ་བཞིན་རོ་ལངས་ལ་སོགས་པས། །ཟ་ཞིང་ལྷུ་གཟུགས་འབྲལ་བར་བྱེད། །ཨོ་པདྨ་ཤི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རི་ཛ། །ཆེ་གེ་མོ་ནཱ་ར་ཡ་བཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། པ་ཤ་ཡ་པ་ཤ་པ་ཡ། ཧྲི་ད་མྱ་ར་ཡ། ཚིསྟོ་ཚིསྟོ་ཧུ༷་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས། །ཚངས་པ་ཆེན་པོ་ངབང་ཆེན་དང་། །དེ་བཞིན་གཐོན་ནའང་འཆི་བར་འགྱུར། །གཞན་པར་འཀྱུར་པ་སྨོས་ཅི་དགོས། །ཞེས་པ་འདི་ནི་གསད་བའི་དམ་ཚིག་ཆེན་པོའོ། །གཞན་ཡང་ཡང་དག་བཤད་བྱ་བ། །རབ་ཏུ་གསང་བའི་ཆོ་ག་རི། །།དྲེ་་་སྐྲུ་ཧཱུཾ་དས་ཇིག་སྟི།། ་།ཇོ་རྡོ་ལྔ་བའི་ཆུ་མིག་སྟུ། །སྩོས་ཏེ་ཤི་བའི་ཐོད་པའི་ནང་། །བཅུག་སྟེ་མནན་པའི་ཆོ་ག་ནི། །དྲི་ཟ་འདུལ་བའི་སྐུ་ཡིས་བྱ། །དྷི་རི་བ་ཡི་ཉི་མ་ལ། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་སྟི། །སྣྲུབཛི་པའི་ཟློད་པཇི་།མི་ང་ཧཱུཾས་གསྒོག་ །དེའི་ཆུའི་ནང་ད་ག་ཞག་པར་བྱ། །མུ་ན་ཤི་ལིའི་ཉི་མ་ལ། །ནུབ་ཕྱོགས་ཆུ་ཡི་ལས་བྱའོ། །བ་ཡི་ཤ་ཡི་ཉི་མ་ལ། །བྱང་དུ་བལྟ་བར་བྱས་པའོ། །གུ་མ་རི་དང་པ་རི་ཤ། །དེ་་་བ་༷་་པརི་བར།།་ར་ལྗོ་ལ་སོསྒོཇོ་རྨིས་རྒྱིའོ། །གནས་་དེར་གང་གིས་ཕྱིན་པའི་ཚེ། །དང་པོར་མཉེས་པའི་ལས་བྱ་སྟེ། །གཉིས་པ་ལ་ནི་གནས་པར་བྱ། །གསུམ་པ་གསོ་བའི་ཆོ་ག་སྟེ། །བཞི་པ་རང་གི་ཕྱོགས་སྒྱུའོ་། །།ཟློས་ཧཱུཾ་ཟློདི་རྣི་།མནན་་པའི་ལསྐྲུ་ཀྱི་དམ་ཚིག་ཆེན་།པོའོ། །གང་གིས་རབ་ཏུ་སྤྲོས་དང་བྲལ། །དེ་ལས་བྱུང་བ་བདག་ཉིད་ཀྱིས། །འདོད་པ་ཐམས་ཅད་རབ་ཏུ་གནས། །རྡོ་རྗེ་བདུད་རྩི་ཉིད་ཀྱང་བྱུང་། །གང་གིས་གང་དང་རྒིང་དག་སྐྱིརྣི། །རྨོན་ཏན་དམ་པ་རྙུན་གྱི་རྒིཏེར། །མ་ལུས་རྒྱལ་བ་འབྱུང་བའི་བདག །ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ། །སྣ་ཚོགས་པ་ཉིད་ཡང་དག་སྐུ། །ཞེས་པ་འདི་ནི་རྒྱས་པ་གསང་བའི་ལས་ཀྱི་དམ་ཚིག་ཆེན་པོའོ། །གང་འདིར་གསང་བ་དམ་པ་ཡིས། །ཉོན་མོངས་གཡུལ་ནི་ཟློག་པར་བྱེད། །གསང་བ་རབ་ཏུ་འབྱེད་བྱེད་མ། །མ་ལུས་བདག་ཉིད་ཕྱག་རྒྱ་ཆེ། །གཏུམ་པོར་གནས་པ་ཙམ་གྱིས་ནི། །གང་དབང་འགུགས་པར་ཐེ་ཙོམ་མེད། །ཅེས་པ་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ལས་གསང་བའི་ཡང་གསང་བའི་དམ་ཚིག་ཆེན་པོའོ། ཁྲོ་བོ་རྟ་མཆོག་རོལ་པ་ལས། ཐམས་ཅད་གསང་བ་སྣ་ཚོགས་རྨད་དུ་བྱུང་བའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། །ཟབ་མོ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འདི་སྐད་ཅེས་གསུངས་སོ། །དབང་ཐོབ་དམ་ཚིག་ལྡན་པ་དང་། །གང་ཡང་དཔའ་བོའི་ཏིང་འཛིན་གྱིས། །དང་པོའི་ལས་ལ་དབང་ཐོབ་ནས། །འཕྲ་མོ་རབ་ཏུ་འབར་བ་བརྩམས། །དཔལ་ལྡན་གར་གྱི་དབང་ཕྱུག་ཆེ། །ཤིན་ཏུ་དྲག་ཅིང་གཟི་བྱིན་ལྡན། །འོད་ཆེན་འཁོར་ལོའི་སྦྱོར་བ་ཡིས། །མངོན་སངས་རྒྱས་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། གསང་བ་མཛོད་ཅེས་བྱ་བའི་ཏིང་ངེ་ཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཕྱག་རྒྱ་བཀའ་ཡི་འཁོར་ལོ་ཡིས། །ཉི་མ་དང་ནི་ཟླ་བ་སྒོམ། །གང་གི་རབ་ཏུ་གསང་བ་ཡིས། །སྦྱོར་བ་དམ་པའང་འགྲུབ་པར་འགྱུར། །གར་མཆོག་གསང་བ་བླ་ན་མེད། །དབང་ཕྱུག་ཀུན་ནི་རབ་ཏུ་འདྲེན། །པདྨ་གསང་བ་བླ་ན་མེད། །བཀྲ་ཤིས་འཁོར་ལོ་བདེ་དང་ལྡན། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། འཇོམས་པ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །གསང་ཆེན་རབ་ཏུ་འབར་བ་ནི། །སྐྱེ་གནས་དབུས་ན་ཡང་གནས་པ། །འཁོར་ལོ་སྣ་ཚོགས་འབར་འདྲ་བ། །དབང་ཕྱུག་འཁོར་ལོའི་ཆོ་ག་བཞིན། །ཨེ་མ་འོ་རྨད་དུ་བྱུང་བ་ཡིས། །འཁོར་ལོ་གོ་ཆ་ཆེན་པོ་ཡིས། །རྣལ་འབྱོར་མཆོག་ནི་བྱེད་པ་ཡིན། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། །བདེ་བ་ཆེན་པོ་རབ་ཏུ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཀུན་ངམ་དྲན་པའི་བརྟེན་དབུས་ན། །མ་ཆགས་འཁོར་ལོ་ཡང་དག་ལྡན། །ཆགས་བྲལ་སྙིང་པོ་ཐུགས་ཀྱི་མཆོག །རྟོག་བྲལ་སྣང་དང་མུན་པ་མིན། །བློ་མཆོག་དོན་མཆོག་རབ་སྨྲ་བ། །སྣ་ཚོགས་ཅན་དོན་རབ་ཏུ་གསང་། །དོན་བྲལ་བླ་མེད་གནས་སུ་སྒྲོལ། །ཐམས་ཅད་གསང་བའི་བདག་ཉིད་མཆོག །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། །འདོད་ཆགས་ཆེན་པོ་ངེས་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ངོ་མཚར་དོན་བྱུང་བདག་ཉིད་ཅན། འཁོར་ལོའི་སྦྱོར་བ་ཆེན་པོ་ཡིས། །ལེགས་སྦྱར་གཟི་ལྡན་གཞལ་ཡས་དབུས། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྤྲོ། །གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །བདུད་རྩི་ཆུ་བོ་གསང་བའི་དབྱིངས། །འཁོར་ལོ་དཔའ་བོ་གོ་ཆ་མེད། །སྐྱོབ་པ་བདེ་བ་ཆེན་པོ་ཡིན། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། གཉིས་སུ་མེད་པ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འདི་སྐད་ཅེས་གསུང་སོ། །དཔལ་ལྡན་གསང་བ་འཛིན་གང་ཞིག །དབང་ཕྱུག་གཞོན་ནུ་ཀུན་གྱི་བདག །རབ་ཏུ་དྲག་པོ་བདེ་ཆེན་གྱིས། །ཀུན་ཏུ་འབྱོར་བ་དམ་པ་ཐོབ། །རྣལ་འབྱོར་དབང་ཕྱུག་ཁ་ལོ་སྒྱུར། །འགྲོ་དང་འདུག་པ་་རྒྱུན་བཅད་དེ། །དཔའ་བོ་དེ་ཉིད་གསུམ་ལ་གནས། །བླ་མེད་དབྱིངས་སུ་མངོན་པར་འགྲུབ། །ཅེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།ལེའུ་སྟེ་ལྔ་བཅུ་རྩ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། འདུས་པའི་འཁོར་ཐམས་ཅད་ལ་བཀའ་སྩལ་བ། ཀྱེ་འདུས་པ་ཐོབ་པར་བྱ་བ་ཐོབ་པ་ལེགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། འདུས་པ་ཆེན་པོའི་འཁོར་རྣམས་ཀྱིས་གསོལ་བ། གར་གྱི་དབང་ཕྱུག་ཅེས་བྱ་བ་གང་ལགས། བཀའ་སྩལ་པ། །འདུས་པ་ཆེན་པོའི་ཚོགས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གར་གྱི་དབང་ཕྱུག་ཅེས་བྱ་བ་ནི། གང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ། །གསོལ་བ། ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་གང་། ཆོས་ཉིད་ཅེས་བྱ་བ་ནི་གང་ལགས། བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས། ཆོས་རྣམས་ཤེས་བྱ་བ་ནི། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་སོ། །ཆོས་ཉིད་ཅེས་བྱ་བ་ནི། སྐྱེ་བ་དང་། འགག་པ་དང་། གཉིས་ཀྱི་རྣམ་པ་དང་བྲལ་ཞིང་། གཅིག་གི་རྣམ་པ་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་དང་། ཆོས་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ལའམ། འོན་ཏེ་དེ་ཉིད་ལགས་ཤེ་ན་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས། ཅི་ཆོས་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ཉིད་ཡིན་སྙམ་མམ།བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས། །གལ་ཏེ་ཆོས་རྣམས་ལས་གཞན་པ་ཞིག་ཆོས་ཉིད་ཡིན་སྙམ་མམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་བ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱང་མ་ཡིན་ལ། ཆོས་རྣམས་ལས་གཞན་པ་ཡང་མ་ཡིན་ནོ། །འདི་ནི་ཆོས་རྣམས་ལ་ཡང་གང་གིས་ལེགས་པར་ཡོངས་སུ་བརྟག་ན། ཆོས་དང་། ཆོས་མ་ཡིན་པ་དང་། སྐྱེ་བ་དང་། འགག་པ་མི་དམིགས། ཡོད་པ་མི་དམིགས། མེད་པ་མི་དམིགས། མཐའ་མི་དམིགས། དབུས་མི་དམིགས། ཁ་དོག་མི་དམིགས། དབྱིབས་མི་དམིགས།རྣམ་པར་རིག་པ་མི་དམིགས་པ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །གང་ལ་སྟོང་པ་དང་། མི་སྟོང་པ་མི་དམིགས། བདག་དང་། སྲོག་དང། གསོ་བ་ལ་སོགས་པ་མི་དམིགས་པ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །འདུས་པ་ཆེན་པོའི་ཚོགས། དེ་ལྟ་བས་ན་ཆོས་ཐམས་ཅད་ལ་མཚན་མར་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། །གང་ལ་མཚན་མར་འཛིན་པ་དེ་ནི་མཚན་མ་རགས་པའམ། །ཕྲ་བ་ཡང་རུང་སྟེ། དེ་ལ་གནས་ན་རྟོག་པའི་དྲ་བར་གནས་སོ། །དེའི་ཕྱིར་རྟོག་པ་དང་བྲལ་བ་རིང་དུ་སྤངས་སོ། །དེའི་ཕྱིར་མཚན་མའི་མཐའ་ལ་གནས་པའོ། །དེའི་ཕྱིར་འཁོར་བ་ན་འཁོར་བར་འགྱུར་རོ། །དེའི་ཕྱིར་འཁོར་བའི་སྡུག་བསྔལ་ཐམས་ཅད་ཉམས་སུ་མྱོང་ངོ་། །དེའི་ཕྱིར་ན་ཆོས་ཐམས་ཅད་ལ་མཚན་མས་འཛིན་པར་མ་བྱེད་ཅིག །མཚན་མར་མ་བཟུང་ན་ནི་མཚན་མ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་ཐོབ་པར་འགྱུར་རོ། །དེའི་ཕྱིར་འཁོར་བའི་ཉེས་པ་ཐམས་ཅད་སྤངས་པར་འགྱུར་རོ། །འདུས་པ་ཆེན་པོའི་ཚོགས། །དེ་བས་ན་འདས་པའི་སངས་རྒྱས་རྣམ་པར་སྣང་བྱེད་ཅེས་བྱ་བས་ཀྱང་ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས་སོ། །གང་ཞིག་གིས་ནི་ཆོས་རྣམས་མེད་ཅིང་མི་གནས་པ། །གནས་མེད་གནས་པར་མཐོང་བ་དེ་ནི་འཁོར་བ་པ། །ལོག་རྟོག་དགྲ་དང་ལྡན་པར་རྟག་ཏུ་བརྩོན་རར་གནས། །འགྲོ་བའི་ཐབས་གཞན་དག་ནི་རིང་དུ་སྤངས་པ་ཡིན། འདུས་པ་ཆེན་པོའི་ཚོགས། སྔོན་བྱུང་བའི་སངས་རྒྱས་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བས་ཀྱང་འདི་སྐད་ཅེས་གསུངས་སོ། །དངོས་ལ་ཆོས་རྣམས་དགོས་པ་མེད། །མིང་ཚིག་ཡི་གེ་ཀུན་དང་བྲལ། །རྟོག་པའི་ཉེས་པ་ཐམས་ཅད་སྤངས། །ཞེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས། དེ་བས་ན་སྔོན་གྱི་སངས་རྒྱས་གཞན་དཔག་ཏུ་མེད་ཅིང་བགྲང་བ་ལ་འདས་པ་རྣམས་ཀྱིས་ཀྱང་། ཚིགས་སུ་བཅད་པ་དཔག་ཏུ་མེད་ཅིང་བགྲང་པ་ལས་འདས་པ་རྣམས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། མཚན་མ་མེད་པའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབངཕྱུག་གིས། ཁྲོ་བོ་སྤྱིན་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །གང་དག་སྣང་བ་མ་ལུས་པ། །རབ་ཏུ་ཞི་བར་བྱེད་པ་ཡི། །ཆོ་ག་དམ་པ་འདི་དག་ནི། གསང་བ་ཀུན་ཏུ་རབ་ཏུ་གནས། །སྲོག་གི་བདག་ཉིད་ཅི་བཞིན་དུ། །གང་གིས་འདོད་པ་ཀུན་འབྱུང་བ། །དེ་ནི་རབ་ཏུ་གནས་པར་འགྱུར། །སྒྱུ་མ་གསང་བའི་བདག་ཉིད་ཅན། ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་གསང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཀྱེ་མ་རབ་ཏུ་གསང་བ་ཆེ། །གང་ཕྱིར་གསང་བ་ཀུན་གྱི་བདག །འདོད་པ་ཀུན་ནི་མ་ལུས་པ། །ཐོགས་པ་མེད་པར་འགྱུར་བ་སྟེ། །གང་ཞིག་ཁ་ལོ་སྒྱུར་དབང་པོ། །སྐུ་གསུང་ཐུགས་ནི་རྫོགས་པ་ཆེ། །དམ་པ་ཀུན་གྱི་གསང་བ་ནི། །བདག་ཉིད་དུ་ནི་རྟག་ཏུ་གནས། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས། རོལ་པ་རྨད་དུ་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཀུན་དམ་འཁོར་ལོ་སྒྱུར་དབང་པོ། །རབ་ཏུ་གསང་བ་དམ་པ་ཆེ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས། །གཞན་པ་གསང་བ་བླ་ན་མེད། །གང་འདིར་ཡོན་ཏན་ཀུན་གྱི་གཏེར། །མ་ལུས་བསམ་གྱིས་མི་ཁྱབ་འགྱུར། །གང་འདི་བཅངས་པ་ཙམ་གྱིས་ནི། །དཔག་མེད་དངོས་གྲུབ་དམ་པ་འབྱུང་། །དེ་ལས་རྟག་ཏུ་ཕན་འགྱུར་པའི། །འདའ་དཀའ་ཡོན་ཏན་སྨོས་ཅི་དགོས། །སྐྱོབ་པ་དུས་གསུམ་བདེ་བ་ཆེ། །གསང་ཆེན་ཆོས་ནི་ཀུན་ཏུ་འབྱུང་། །གང་གིས་རབ་ཏུ་གསང་བ་འདི། །ཐོས་པ་ཉོན་མོངས་སྲེག་པར་བྱེད། །གང་ལ་གང་གིས་སྦྱོར་བ་ཡིས། །སེམས་བསྐྱེད་བསོད་ནམས་ཅི་ཐོབ་པ། །དེས་ནི་རྟག་ཏུ་བདེ་བ་ཐོབ །བླ་ན་བླ་ན་མེད་མཆོག་གིས། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །གང་ཚེ་འདི་ལ་རབ་ཏུ་གནས། །གཞན་འགྱུར་ཡོན་ཏན་སྨོས་ཅི་དགོས། །གང་དུ་མཐོང་བར་འགྱུར་ན་ཡང་། །བརྒྱ་སྦྱིན་གཙུག་གི་ནོར་བུ་བཞིན། །རབ་ཏུ་བླང་བར་བྱ་བ་ཡིན། །དབེན་པ་དང་ནི་འདུལ་བ་ཡིས། །གང་འདི་འཛིན་པར་བྱེད་པ་ནི། །མཁས་པ་རྣམས་ཀྱིས་བསྟོད་པའི་གནས། །གང་ཚེ་གསང་ལ་མི་དད་ཅིང་། །འདི་ཡི་ལམ་དུ་འཇུག་མི་བྱེད། །དེ་ནི་རྟག་ཏུ་དམ་པ་དང་། །གང་ཞིག་ཕྲད་པ་མ་ཡིན་ནོ། །གང་