Ngb-pt-0573-vol-06-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ། ཊ་དྲ་རྭ་ཏྭ་ཀླུ། ཊ་ཊ་ཐ་བྱ། རྣ་ཤཱ་ཊ། རྒྱ་གར་སྐད་དུ། སརྦ་ ་ལ་ ་དྷརྨ་དྷ་དུ། བད་སྐད་དུ། རང་བྱུང་ ས་ཆས་ ་ཐམས་ཅད་དྲང་ཤར་བའ་གླེགས་བམ། བཅོམ་ལྡན་འདས་ཀ་དག་སྨྲ་བསམ་བརྗོད་ཚིག་མཐའ་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་དམིགས་གཏད་དང་བྲལ་བའི་ཀློང་ན། མཚན་མ་ཡུལ་གཉིས་དང་བྲལ་བའི་གཞལ་ཡས་བཟོ་མིན་ཁ་དོག་དང་བྲལ་བའི་གདན་ཁྲི་ལ། ཞལ་ཕྱག་ཕྱོགས་གཞན་ལས་འདས་པའི་སྟོན་པ་ཀུན་ཏུ་བཟང་པོས། ཐུགས་རྗེ་སྣ་ཚོགས་སུ་འཕྲོད་པའི་རང་ཤེས་རིག་གི་མདངས་དགྲོད་ལ། འཁོར་འདས་གཉིས་སུ་མི་ཕྱེ་ཕྱེ་བ་མི་མངའ་བའི་དུས་སུ་བཀའ་སྩལ་པ། ཨ་རྨེ་ཨ། སྟོང་ཁྱབ་གསལ་རིག་བཟོད་པ་མེད། །སྣང་ཁྱབ་ལྷུག་པ་ཐལ་ལེ་བ། །མིང་མེད་ཡུལ་བྲལ་མ་འགག་ཅིང་། །གོ་འབྱེད་རང་འབྱུང་སྣང་གསལ་ཕྱེ། །རང་རྩལ་མ་རིག་གཞི་སྣང་འཐས། །སྟོང་ངོ་རང་བཞིན་གསལ་ཆར་ཞེན། །ཐུགས་རྗེ་སྣང་ཞུགས་འབྱུང་ལྔར་འཐས། ཁམས་གསུམ་རིགས་དྲུག་དུག་གསུམ་འཐུངས། །དེ་གྲོལ་ཀུངས་ཆེན་ལྟ་འདོད་ན། །སྣང་བ་བཀོད་པའི་ཕྱི་དབྱིངས་ནང་། །སྐུ་གསུམ་རྫོགས་ལྡན་ཚོམི་འོད་ཟེར། །འཕྲ་བསྙན་གསལ་འཚེར་དཀྱིལ་འཁོར་རྫོགས། ཁེལ་འཇའ་མེ་ལོང་ཉ་ཕྱིས་གསུམ། །དབང་བཞི་རྫོགས་པའི་དཔེ་རུ་བཞག །མུན་ནག་སྒོ་གསུམ་བྱ་བ་བཏང་། །ཨ་འ་ཤ་ས་མ་ཧ་བཟླས། །རྡོ་རྗེ་གདེངས་པ་མི་གཡོ་ཞིང་། །འབྱུང་བཞི་ཕྱི་ནང་རྟོག་རྩ་བཅད། །གདོད་མ་བཞི་ལ་ངང་བབ་ན། །གཡོ་མེད་ཀློང་དུ་དྲུག་ཅུ་བསྣལ། །སེམས་དང་ཡེ་ཤེས་རྩ་ལམ་སྒོ། །སོ་སོར་དབྱེ་ལ་གཅིག་ཏུ་བསྲེ། །ཆོས་སྐུ་རང་གྲལ་ཕྱག་རྒྱའི། །སྒྲོན་མ་རྣམ་བཞི་ལོངས་སྤྱོད་ཅིག །སྣང་བཞི་གདེང་བཞི་ས་ཟིན་ནས། ཁམས་གསུམ་མིག་མེད་ཡེ་རྫོགས་རྒྱས། །སྣང་དང་སྟོང་དང་དབྱེར་མེད་ཆོས། །འཁོར་འདས་ཆོས་ཚིག་དེར་ཟད་དོ། །རང་བྱུང་ཤོ་ལོག་གཉིས་པ་འདི། །ཚིག་དང་ཡི་གེར་མ་བྱུང་སྟེ། །མཁའ་ལ་འཇའ་ཟེར་བཞིན་དུ་འཁྱིལ། །བསྟན་པ་ཀུན་གྱིས་ཐོག་མའོ། །ཞེས་གསུངས་དགོངས་པའི་རྒྱུད། །རིན་པོ་ཆེས་བྲིས་ཏེ་མགུལ་དུ་བཅངས་པའི་མི་ནི་དྲན་སངས་རྒྱ་བའོ། །སྔགས་ཀྱི་སྲུངས་མས་བཀའ་འདི་སྲུངས་ལ། སྐལ་ལྡན་གྱི་བུ་ལ་གཏོད་ཅིག །པྱ་པྱ་པྱ། རྒྱ་ག་ཊ་ནྟྲ། ཀཨུ་ཅ་འ།། །།