Ngb-pt-0511-vol-06-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

དྲུག་དང་ཆ་བསྟུན་པར། །གང་ལ་གང་འཐད་གདམས་ངག་སྟོན། །ལྷ་སྐད་ཀླུ་སྐད་གནོད་སྦྱིན་སྐད། །གྲུལ་བུམ་སྐད་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར ཐམས་ཅད་སྐད་དུ་བདག་གི་ཆོས། །ཚིག་དང་ཡི་གེར་སྡེབས་ནས་སྟོན། །ལྷ་རྣམས་འདུན་པ་བསྐྱེད་པའི་ཕྱིར། །པི་ཝང་ཆེན་པོ་རབ་ཏུ་བསྣམས། །འཐབ་རྩོད་སྡུག་བསྔལ་ཞི་བའི་ཕྱིར། །མཚོན་ཆ་གོ་ཆ་རབ་ཏུ་བསྣམས། །མི་རྣམས་དད་པ་བསྐྱེད་པའི་ཕྱིར། །དཀེ་སློངང་ཀངསེཀ་ཤང་་་་ར་བུ་བསྣ་མས། །མ་་རིག་མུན་ང་་་བསལ་་བའི་ཕྱི་ར། །ཆོས་ཀྱི་པོ་་ཏི་རབ་ཏུ་བ་སྣམས། །བཀྲེས་སྐོམ་སྡུག་བསྔལ་ཞི་བྱའི་ཕྱིར། །རིན་ཆེན་སྒྲོམ་བུ་ཕྱག་ན་བསྣམས། །ཚ་གྲང་སྡུག་བསྔལ་ཞི་བྱའི་ཕྱིར། །མེ་ཆུའི་བསིལ་དྲོ་ཕྱག་ན་བསྣམས། །གང་འཐད་ཐེག་པ་དེ་ལ་བསྟན། །རྫོགས་པ་ཆེན་པོ་སྙིང་ཁྲིད་མན་ངག་གི་རྒྱུད། །སློབ་དཔོན་དགའ་རབ་རྡོ་རྗེས་ཡི་གེར་བཀོད་པ་རྫོགས་སོ།། །།རིན་པོ་ཆེ་གསེར་གྱི་རྒྱ་མདུད་ཅེས་བྱ་བ། རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ། དབྱིངས་ཀྱི་ཀུན་ཏུ་བཟང་པོ་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དེས། །དབྱིངས་ཀྱི་ཀུན་ཏུ་བཟང་པོ་ཞེས་བྱ་བ། ཀུན་གཞི་ལྷུན་གྱིས་གྲུབ་པའི་ཀློང་། །ཆོས་ཉིད་ཀྱི་ནམ་མཁའ་ཆེན་པོ། །ཆོས་ཀྱི་ཕོ་བྲང་། །བིཌརླ་ཞུན་མ་དང་ཕྱོགས་མཐུན་བ། ཙན་དན་དཀར་པོའི་དྲི་དང་། །གུ་གུལ་དཀར་པོའི་དྲི་དང་། །དཀར་གསུམ་རེང་བུའི་དྲི་དང་། །དྲི་ཞིམ་པོ་དེ་རྣམས་དང་ཕྱོགས་མཐུན་པའི་དྲི་ཞིམ་པོ་སྣ་ཚོགས་ཀྱིས་བརྒྱན་པ། གསེར་ལ་གཡུ་ཡིས་སྤྲས་པ་དང་ཕྱོགས་མཐུན་པའི་ཆོས་ཉིད་དག་པའི་གཞལ་ཡས་ཁང་ཆེན་པོ་དེ་ན། །དཔལ་ཀུན་ཏུ་བཟང་པོ་ཆོས་ཉིད་མཉམ་པའི་ངང་ལ་བཞུགས་པ་ལ། །དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས། །མོས་པ་ཆེན་པོ་སྔོན་དུ་བཏང་ནས། །སེམས་ཅན་གྱི་ཉོན་མོངས་པ་གཞོམ་པའི་ཕྱིར་བསྐོར་བ་བྱས་བརྐྱང་ཕྱག་འཚལ་ཏེ། །མདུན་དུ་བཞུག་ནས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སེམས་ཅན་དམྱལ་བའི་སྡུག་བསྔལ་ཧ་ལ་མི་བཟད་པ། །རྨི་ལམ་ལྟ་བུ་འཁྲུལ་པའི་སྣང་བ་ལ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་མི་བཟད་པ། །དངོས་མེད་དངོས་སུ་སྣང་བ་འདི། །ཐུགས་རྗེ་སྤྱན་གྱིས་གཟིགས་སུ་གསོལ། །ཅེས་ཞུས་ནས་ཡང་བརྐྱང་ཕྱག་འཚལ་ལོ། །རིན་པོ་ཆེ་གསེར་གྱི་རྒྱ་མདུད་ལས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེའི་ཚེ་དེའི་དུས་སུ། གསང་བའི་བདག་པོ་ཆེན་པོ་དེ།ཆོས་ཉིད་མཉམ་པའི་ངང་ལས་བཞེངས་ནས། ཆོས་ཀྱི་སྐུའི་ཕོ་བྲང་། ཆོས་ཉིད་དག་པའི་གཞལ་ཡས་ཁང་དེ་སྲ ཞབས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས། ཐུགས་རྗེ་ཆོས་བརྟགས་ཀྱི་ཕྱག་རྒྱ་མཛད་པ། སྐུ་རིན་པོ་ཆེ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག །ཕྱོགས་བཞི་མཚམས་བརྒྱད། སྟེང་འོག་རྣམས་སུ་སྲས་སོ། །གསལ་བ་ལྔ་ཡི་གེ་ཡེ་ཤེས་འཕང་བསྟོད་དོ། །སྐུ་གསལ་པའི་གཟི་བརྗིད་དང་ལྡན་པར་བཉུགས་སོ། །ཡང་དེའི་ཚེ་དེའི་དུས་སུ། དཔལ་རྡོ་རྗེ་འཛིན་པ་ཞེས་བྱ་བ་དེས། །བྱིན་གྱིས་བརླབས་ཀྱི་ཐུགས་ཀྱི་སྤྲུལ་པར་མཛད་ནས། གསང་བའི་བདག་པོ་དེ་མཉེས་པར་བྱ་བའི་ཕྱི། རིན་པོ་ཆེ་ཁྱད་པར་ཅན་བརྗོད་པས་མི་ལང་བ་དང་། མེ་ཏོག་ཁྱད་པར་ཅན་དབྱངས་དང་ལྡན་པ་དང་། ཁ་དོག་ཤིན་ཏུ་མཛེས་པ་རྣམས་དང་། ཙན་དན་དཀར་པོ་ལ་སོགས་པ་དྲི་ཞིམ་པོ་སྣ་ཚོགས་པ་དང་། །ཆོས་ཉིད་རང་སྣང་དོན་གྱི་མེ་ལོང་དུ། ཐུགས་ཀྱི་བྱིན་བརླབས་ཆེན་པོ་མཛད་ནས། མཆོད་པ་ཁྱད་པར་ཅན་བརྗོད་པས་མི་ལང་བ་དང་། ཐུགས་ཀྱི་སྤྲུལ་པ་རྣམས་ཀྱིས་མཛད། །བསྐོར་བ་བརྗོད་ཀྱིས་མི་ལང་བ་ཡང་མཛོད། རྐྱང་ཕྱག་བཙལ། ཞབས་སྤྱི་བོར་བླངས་ནས་འདི་སྐད་ཞུས་སོ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཁམས་གསུམ་འཁོར་བའི་སྡུག་བསྔལ་མི་བཟད་པ། གང་ལས་བྱུང་ཞིང་ཇི་ལྟར་འཁྲུལ་བ་ལགས། །སངས་རྒྱས་ཆེ་བའི་ཡོན་ཏན་ཐམས་ཅད་མ་འགགས་པ། ཇི་ལྟར་བྱུང་ཞིང་་གང་ལྟར་འཁྲུལ་བ་ལས། མྱ་ངན་འདས་པའི་བྱིན་བརླབས་འགག་མེད་བརྗོད་པས་མི་ལང་བས། གང་ལས་བྱུང་ཞིང་ཇི་ལྟར་འཆར་བ་ལགས། གསང་བའི་བདག་པོས་བསྟན་དུ་གསོལ། །ཞེས་ཞུས་སོ། །འཁོར་འདས་ཀྱི་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།ཡང་དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་དེས། གསལ་བ་རྣམ་པ་ལྔའི་འཕང་བསྟོད་དོ། །དཔལ་རྡོ་རྗེ་འཛིན་པས་ཞུས་པ་ལྟར་གཟིགས་ནས། གཟིགས་སྟངས་རྣམ་པ་གསུམ་བྱུང་སྟེ། དེ་ཡང་གསུམ་གང་ཞེ་ན། སེམས་ཅན་གྱི་སྡུག་བསྔལ་ལ་གཟིགས་པ་དང་གཅིག །སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལ་གཟིགས་པ་དང་གཉིས། མྱ་ངན་ལས་འདས་པའི་སྐུ་མཉམ་པ་ལ་བཞུགས་པ་གཟིགས་པ་དང་གསུམ། དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་དཔལ་ཀུན་ཏུ་བཟང་པོ་དེ་ཡིས། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་ལ། ཐུགས་རྗེའི་སྒུན་གྱིས་གཟིགས་ནས། །སྡུད་པའི་གསང་བདག་རྡོ་རྗེ་འཛིན་པ་ལ། །གསང་བ་བས་ཀྱང་ཆེ་གསང་བའི་རྒྱུད་འདི་གསུངས་ཏེ། རྒྱུད་གང་ཞེ་ན། རྒྱ་གར་སྐད་དུ། ཨུ་རུ་རད་ན་རྡོ་