Ngb-pt-0473-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། རཏྣ་པྲ་ཏི་པ༷་ཏན་ཏྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་སྒྲོན་མ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་གསང་བདག་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཐོག་མ་མེད་པའི་དུས་ཉིད་ན་མ་བྱུང་མ་སྐྱེས་མཉམ་པའི་ངང་། ཆོས་དབྱིངས་མཉམ་པའི་གནས་ན། སྙིང་པོ་རང་བྱུང་གི་སྟོན་པ་ལ་རང་བཞིན་གནས་པའི་འཁོར་དང། རངབཞིནའོདཀྱིའཁོར་དང་། རང་བཞིན་སྣང་བའི་འཁོར་དང་། སྣང་ཚུལ་རིག་པའི་བསྟན་པ་ལ་བཀོད་དོ། །ཡང་དེའི་ཚེ་གསལ་བ་ཕྱི་ནང་མེད་པའི་གནས། རིག་པའི་རྒྱལ་པོའི་སྟོན་པ་ལ་འཁོར་གཉིས་ཀྱིས་བསྐོར་ཏེ། རླུད་རྣམ་པ་གཉིས་འགྱུ་བའི་དུས་སུ་མུན་སྣང་རྒྱབ་གྱེས་པའི་བསྟན་པ་ལ་བཀོད་དོ། །དེའི་ཚེ་དེའི་དུས་ན་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་དུས་ན། བཅོམ་ལྡན་འདས་གསང་བདག་ཆེན་པོ་ལ་འཁོར་གསུམ་གྱིས་བསྐོར་ནས་བསྟན་པ་གསུམ་གྱི་དོན་ལ་བཀོད་དོ། །དེ་ནས་འཁོར་གྱི་ནང་ནས་སེམས་དཔའ་རྡོ་རྗེ་དེས། སྟོན་པའི་སྤྱན་སྔར་འདུག་ནས་རྒྱུད་ཞུ་བའི་ཚིག་འདི་སྐད་ཅེས་གསུངས་སོ། །རྒྱུ་དང་འབྲས་བུའི་ཆོས་ལ་ལ་བཟླ་བའོ། །ཁྱད་པར་དོན་གྱི་རང་བཞིན་ཇི་ལྟ་བུ། །ཞེས་གསོལ་བ་དང་། སྟོན་པ་གསང་བདག་ཆེན་པོ་དེས། །འཁོར་གྱི་ནང་ནས་སེམས་དཔའ་རྡོ་རྗེ་ལ། །མ་བྱུང་མ་སྐྱེས་སྔོན་རོལ་ན། །མིང་མེད་ཤེས་མེད་མཉམ་པ་ལས། །སྣང་བ་གསུམ་གྱི་དཀྱིལ་འཁོར་ནས། །བདེ་གཤེགས་གསུམ་གྱིས་སྐུར་སྣང་ནས། །འདོད་པའི་འབྲས་བུ་འཆར་བའི་དོན། །ཁྱད་པར་དོན་གྱི་རང་བཞིན་འདི་གསུངས་སོ། །རྒྱུད་ཅེས་བྱ་བའི་རྣམ་གྲངས་བསྟན་པ་ནི། །དངོས་པོ་ལྔ་དང་ལྡན་ཚད་བརྒྱད། །ངེས་ཚིག་དགོངས་གཞི་དབྱེ་བའི་དོན། །འཐུན་པའི་དཔེ་ཡི་དོན་རྣམས་བསྟན་པའོ། །མ་གཡོས་མཉམ་པའི་རང་བཞིན་ནི། །སྙིང་པོ་ཉིད་ལས་མ་གཡོས་པ་མེད། །མ་རྟོགས་རྟོགས་པའི་ཐ་སྙད་མེད། ཁུ་ལས་མ་བྱུང་རྐྱེན་དང་བྲལ། །མི་ཟད་གཏེར་གྱི་མཛོད་ཆེན་པོ། །ཡོན་ཏན་འབྱུང་བའི་རིན་པོ་ཆེ། །སངས་རྒྱས་སེམས་ཅན་ཀུན་གྱི་གཞི། །མིང་མ་ཐོགས་ཀྱི་སྟོང་ཆེན་པོ། ཁུགས་ནས་བྱུང་ནས་རིམ་བརྒྱུད་པ། །སྣང་བ་གསུམ་གྱི་རང་བཞིན་ལས། །སྟོན་པ་གསུམ་གྱི་ངོ་བོར་ཤར། །སྐུ་གསུང་ཐུགས་རྗེའི་བྱིན་རླབས་ལ། །མོས་པའི་འབྲས་བུ་སོ་སོར་སྣང་། །འདོད་པའི་བསམ་པའི་རེ་བ་སྐོང་། །ཡིད་གསུམ་འཁོར་ལོའི་རིམ་པ་ལས། །གསལ་བའི་རྣམ་པ་གཅིག་ཏུ་ཤར། །གསལ་བའི་འོད་ལས་ཁ་དོག་ལྔ། །མེད་ལས་ཡོད་བཟུང་རྒྱུ་དེ་ལ། །རིགས་དྲུག་སེམས་ཅན་དེ་ལས་བྱུང་། །སྟོན་པའི་ཐུགས་རྗེའི་བྱིན་རླབས་ཀྱིས། །མོས་པ་ཐ་དད་དྲང་བའི་ཕྱིར། །ཐབས་ཀྱི་བྱེ་བྲག་བསམ་མི་ཁྱབ། ཁུ་དང་འབྲས་བུའི་ཆོས་རྣམས་ནི། །གདུལ་བྱ་དྲང་བའི་ཐབས་སུ་བསྟན། །དབང་དང་དམ་ཚིག་སྡོམ་པ་དང་། །ལྟ་སྤྱོད་སྒོམ་པ་འབྲས་བུར་བཅས། །སྙིང་པོ་རྟོགས་པའི་ཐབས་སུ་བསྟན། །འཁྲུལ་པའི་ངོ་བོ་བཀྲོལ་ནས་ནི། །ཆོས་ཉིད་མ་དང་ངོ་སྤྲད་དོ། །འགྱུ་བ་མེད་ན་སྒོམ་མི་དགོས། །བློ་དང་བྲལ་ནས་ཡང་དག་ཉིད། །དྲན་པའི་རྣམ་པ་མི་སྐྱེ་ཞིང་། །མ་བསྒོམས་སྙིང་པོ་འཆར་བའི་དོན། །གང་སྣང་ཡུལ་འཇུག་མི་བྱ། འཛིན་དང་བྲལ་བའི་ངོ་བོ་ཉིད། །ཆགས་དང་བྲལ་བའི་རང་བཞིན་གནས། །རང་གནས་སྙིངཔོདེབཞིནཉིད། །རྩོལསྒྲུབ་འདོད་པས་རྟོགས་མི་འགྱུར། ཁྲེས་མེད་གསལ་བའི་ངོ་བོ་ཉིད། །རྣམ་རྟོག་འཁྲུལ་པརངབཞིནཞི། །ཡིདགཉིས་ཐེ་ཚོམ་ཀུན་དང་བྲལ། །ཡི་གེ་མེད་པའི་གསུང་གིས་ནི། །གསང་བདག་ཆེན་པོ་དགོངས་པ་སྟོན། །འཁྲུལ་མེད་སྙིང་པོ་གོམས་ཤིང་རྟོགས། །སྟོང་ཉིད་ཡེ་ཤེས་ངོ་སྤྲད་པས། །རིན་ཆེན་རང་སྣང་གཞག་པར་བྱ། །ཐེག་པ་མཆོག་གི་དོན་འཛིན་ཅིང་། ཁུ་མེད་ཆེ་བའི་དོན་མཆོག་གོ། །སྙིང་པོ་མཐའ་བྲལ་དཀྱིལ་འཁོར་འདིར། །ཞེ་འདོད་མེད་པར་འཇུག་ན་བདེ། །དང་པོ་གནས་ལུགས་གཏན་ལ་དབབ། །གཉིས་པ་འཁྲུལ་པ་རྩད་ནས་བཅད། །གསུམ་པ་ལྡོག་ཐབས་ཉམས་སུ་བླང་། །བཞི་པ་མ་བུ་ངོ་སྤྲད་དོ། །སྙིང་པོ་ཉིད་ཀྱི་ཡེ་ཤེས་དེ། །སྒྲ་ཡི་དོན་ལ་གཞག་པར་བྱ། །ཕྱི་རོལ་ཡུལ་ལ་མི་འཇུག་ན། །དྲན་པའི་སེམས་མེད་འགྱུ་བ་བྲལ། །སྟོང་པའི་ངང་ལ་སོར་གཞག་པ། །ནམ་མཁའ་ལྟ་བུར་བཅོས་པ་མེད། །སྙིང་པོ་ཉིད་ལ་ཅོག་འཇོག་གོ། །དབང་པོ་ངོ་ལ་གང་སྣང་བ། །དབྱེ་བསལ་མེད་པར་ཤེས་པར་བྱ། །རྣམ་གསུམ་སྟོན་པ་མ་ལུས་པའི། །ཐུགས་ལས་བྱུང་བའི་མན་ངག་བ་། །སྐལ་ལྡན་རྣལ་འབྱོར་རྟོགས་པའི་མཆོག །རང་སྣང་མ་བཅོས་བདེ་བ་ཉིད། །རང་བྱུང་ལྷུན་གྲུབ་ཡེ་ཤེས་ཀློང་། །ཆོས་ཉིད་རང་གསལ་ངང་ལ་གནས། །སྤྲོས་བྲལ་དོན་གྱི་ཐེག་པ་ལ། །འགྱུ་མེད་སྙིང་པོ་ཉིད་དུ་གནས། །མ་བཅོས་མཉམ་ཉིད་ཡེ་ཤེས་ཀློང་། །རྣམ་རྟོག་དྲན་པའི་སེམས་དང་བྲལ། །འཁྲུལ་བའི་འཛིན་པ་ས་བཀྲོལ་ལ། །སྙིང་པོ་འདོད་པ་མེད་པར་གཞག །རྣམ་རྟོག་འཁྲུལ་བའི་དྲི་མ་བྲལ། །ཅི་ཡང་མ་ཡིན་དངོས་གཞི་མེད། །རང་ལུགས་ཡེ་ཤེས་ཉིད་ལ་གནས། །དུས་གསུམ་སངས་རྒྱས་དགོངས་པའོ། །ཐ་མལ་ཤེས་པ་འདི་ཉིད་ལ། །འགྱུ་བ་མེད་ན་དེ་ཉིད་ཡིན། །དྲན་པའི་སེམས་ལ་དོན་མི་གནས། །ལུས་ངག་ཡིད་གསུམ་རྩོལ་དང་བྲལ། །དྲང་བའི་ཆོས་ལ་སེམས་མི་སྐྱེ། །ཐེག་པ་ཆེ་ལ་ཡིད་མི་འགྱུ། །བླ་མ་གང་གི་སྙིང་ལྟར་གཟུང་། །མོས་པས་རང་གི་བྱ་བ་བཏང་། །རིན་ཆེན་སྒྲོན་མའི་ངོ་བོ་འདི། །སྲོག་དང་བྲལ་བའི་ཁ་བཞིན་བསྡམ། །ཞེས་གསུངས་སོ། །རིན་པོ་ཆེ་སྒྲོན་མའི་རྒྱུད་ལས། གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །སྟོན་པ་གསང་བདག་ཆེན་པོ་ལ། །དངོས་པོ་ཇི་ལྟར་གནས་པའི་དོན། །དེ་ཡི་ངོ་བོ་ཇི་ལྟར་ལགས། །ཞེས་གསོལ་པས། སྟོན་པ་གསང་བདག་ཆེན་པོ་དེས། །རང་བཞིན་ལྷུན་གྲུབ་དོན་བསྟན་པ། །མ་བྱུང་མ་སྐྱེས་སྔོན་རོལ་ན། །མིང་མེད་མཉམ་པ་ཆེན་པོའི་དོན། ཁྲེས་མེད་རྟོགས་མེད་མཛོད་ཆེན་པོ། །སྙིང་པོ་ཉིད་ཀྱི་རང་བཞིན་ལ། །མ་རིག་ཡེ་ཤེས་གཉིས་མི་མངའ། །ཞབྲུལ་དང་མ་འཁྲུལ་གང་ཡང་མེད། །འཁྲུལ་རྟོག་བག་ཆགས་སྣ་ཚོགས་དང་། །ཡེ་ཤེས་རང་སྣང་ངོ་བོ་གཉིས། །རང་བྱུང་ཉིད་ལ་དབྱེ་བ་མེད། །དངོས་པོ་ཉིད་ལ་ངོ་བོ་བྲལ། །སྙིང་པོ་ཉིད་ཀྱིརངབཞིནལ། །ཐོགམ་མེད་ཅིང་ཐ་མ་བྲལ། །བླང་དོར་མེད་པའི་མཉམ་པའོ། །དགེ་མི་དགེ་ཡི་སེམས་དང་བྲལ། །མཐའ་དབུས་མི་མངའ་ཕྱོགས་རིས་མེད། །ཇི་བཞིན་ཉིད་ལས་མ་གཡོས་ཀྱང་། །འོད་ཀྱི་རང་བཞིན་གསལ་བར་སྣང་། །ཐམས་ཅད་རྩ་བ་བྱང་ཆུབ་སེམས། །མི་ཟད་བྱུང་བའི་མཛོད་ཆེན་པོ། །རང་བཞིན་མ་བཅོས་ལྷུན་གྱིས་གྲུབ། །ངོ་བོ་ཅི་ཡང་མ་ཡིན་ལས། །མཚན་ཉིད་ཐ་དད་བསམ་མི་ཁྱབ། །དངོས་མེད་སྟོང་པའི་སེམས་ཉིད་ལ། །ཆོས་ཉིད་ཆོས་ཅན་མི་འབྱེད་པས། །གཉིས་མེད་སྙིང་པོ་བདེན་པའི་དོན། །བདེན་བརྫུན་ཞབྲུལ་པའི་མཐའ་མི་འཛིན། །སྙིང་པོའི་དོན་ལ་ཞེ་འདོད་མེད། །བསམ་མེད་རིན་ཆེན་སྒྲོན་མ་འདི། །མ་བཅོས་མ་མཛད་བྱང་ཆུབ་སེམས། །ཐམས་ཅད་རྩ་བ་བྱང་ཆུབ་སེམས། །ངོ་བོ་མ་གྲུབ་ནམ་མཁའ་བཞིན། ཁུ་ལས་མ་བྱུང་སྙིང་པོ་ལ། །ནམ་ཡང་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་སེམས་ཅན་ངོ་བོ་གཅིག །ངོ་བོ་མེད་པའི་བྱང་ཆུབ་སེམས། །སྣང་དང་སྟོང་པའི་མཐའ་མི་གནས། །རྟག་དང་ཆད་པ་ལས་གྲོལ་བ། །རིགས་དྲུག་སེམས་ཀྱི་འཁྲུལ་པ་དང་། །རྒྱལ་བའི་ཡེ་ཤེས་དགོངས་པ་གཉིས། །བྱང་ཆུབ་སེམས་ཀྱི་ངོ་བོར་མཉམ། །མ་བྱུང་མ་སྐྱེས་བར་དོ་ན། །སེམས་ཀྱི་ངོ་བོ་ཇི་ལྟར་གནས། །མཁའ་དང་འཇའ་ཚོན་ཚུལ་དུ་གནས། །ཇི་བཞིན་མ་བཅོས་མ་བསླད་པ། །རང་བྱུང་སྙིང་པོ་ཀུན་གྱི་གཞི། །མ་བཅོས་སྙིང་པོ་ཀུན་གྱི་བདག །རང་གནས་བྱང་ཆུབ་ཀུན་གྱི་གཞི། །རྟོག་ཞབྲུལ་མེད་པའི་ངང་ལ་གནས། །མ་ཕྱེ་མི་ཕྱེད་སྟོང་ཆེན་པོ། །འགྲོ་འོང་མེད་པའི་གནས་ཆེན་པོ། །ཤེས་མེད་རྟོག་མེད་འགྱུ་བ་མེད། །མྱོང་རིག་མེད་པའི་དངོས་གཞི་ཅན། །གང་ནས་མ་བྱུང་བཙལ་མི་བྱ། །ཅིར་ཡང་མི་སྣང་དམིགས་སུ་མེད། །དངོས་མེད་སྙིང་པོའི་རང་བཞིན་ཅན། །བྱ་མེད་ཆགས་མེད་བདེ་བའི་ངང་། །རྐྱེན་མེད་འགྱུར་མེད་སྒྲིབ་པ་མེད། །རང་ལུས་རང་གནས་མ་བཅོས་སེམས། །ཇི་བཞིན་ཀུན་འབྱུང་འཆར་བའི་སྒོ། །སྙིང་པོ་བྱ་བྲལ་གཏེར་གྱི་མཛོད། །མི་འགྱུར་རང་བཞིན་བདེ་བ་ཆེ། །ཞེས་གསུངས་སོ། །རིན་པོ་ཆེ་སྒྲོན་མ་ལས། གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །སྟོན་པ་གསང་བདག་ཆེན་པོ་ལ། །གནས་ལུགས་རང་བཞིན་དེ་ལྟར་གནས་པ་ལ། །འགྲོ་དྲུག་སེམས་ཅན་ཇི་ལྟར་འཁྲུལ། །འཁྲུལ་པའི་ངོ་བོ་ཇི་ལྟར་ལགས། །ཞབྲུལ་པའི་ལུགས་ནི་ཇི་ལྟར་འཁྲུལ། །གསང་བདག་ཆེན་པོས། སེམས་དཔའ་རྡོ་རྗེ་ལ་གསོལ་བ། །གནས་ལུགས་རང་བཞིན་མཉམ་པ་ལས། །མ་རྟོགས་མ་ཤེས་ཤུགས་ལས་འཁྲུལ། །མེད་ལ་ཡོད་འཛིན་འཁྲུལ་པ་ལས། །སྟོང་པའི་ངང་ལས་འགྱུ་བའི་རླུད་། །གཞི་དང་རྐྱེན་དང་འགལ་བ་གསུམ། །རང་ངོ་མ་ཤེས་མ་རྟོགས་པས། ཁུ་བའི་རླུད་ལས་རིག་པ་ཤར། །ཡིན་མིན་མཉམ་པའི་ངང་དུ་མྱོང་། །སེམས་ཡིན་མཉམ་པའི་འདོད་པ་སྐྱེས། །འདོད་པས་གསལ་བ་ཉམས་སུ་མྱོང་། །གསལ་བ་ཁ་དོག་ལྔ་རུ་སྣང་། །འོད་ཀྱི་དངོས་པོ་རྐྱེན་དུ་སྣང་། །མེད་ལ་ཡོད་གཟུང་དེ་ལས་སུ། །རིགས་དྲུག་སེམས་ཅན་དག་ཏུ་ལྒབྲུལ། །སྙིང་པོ་རང་ངོ་མ་ཤེས་པ། །དམུས་ལོང་མདུན་ན་གཟུགས་སྣང་འདྲ། །མེད་ཀྱང་ལོག་པར་སྣང་བ་སྟེ། །གངས་ལ་སེར་པོ་འཛིན་པ་འདྲ། །ཀུན་གཞི་རྣམ་ཤེས་གཞི་བྱས་ནས། །ཚོགས་བདུན་ཤེས་པའི་རྩལ་དུ་སྣང་། །རང་ངོ་མ་ཤེས་མ་རིག་པ། །རྒན་མོ་ལོང་མའི་མིག་དང་འདྲ། །ང་དང་བདག་གི་ངོ་བོར་མྱོང་། །གཟུང་འཛིན་ཕྱི་ནང་གཉིས་སུ་གཟུང་། །ཁམས་གསུམ་སྡུག་བསྔལ་ཉམས་སུ་མྱོང་། ཁེང་གི་ཕྲིན་བཞིན་སྡུག་བསྔལ་མྱོང་། །རང་ངོ་མ་ཤེས་སྒྲིབ་པ་བྱུང་། །རང་ལས་གཞན་ཚོལ་གོལ་ས་བྱུང་། །ལས་དང་ཤེས་བྱའི་སྒྲིབ་པ་དང་། །དོན་མེད་ཚིག་གིས་གོལ་བ་དང་། །རྣམ་རྟོག་ལྟ་བས་གོལ་བ་དང་། །སྤང་བླང་སྤྱོད་པས་གོལ་བ་དང་། །སྒོམ་ཆགས་ཉམས་ཀྱི་གོལ་ས་ཡིན། །སྙིང་པོ་དེ་ཉིད་རྟོགས་མི་འགྱུར། །རྩོལ་བའི་ཆོས་ལ་མཐར་ཕྱུང་ནས། །འཇིག་རྟེན་རྒྱུ་འབྲས་བློ་ཡི་ཆོས། ཁུགས་ཡིས་སྤང་བྱ་ཡིན་པའོ། །འདོད་པའི་མཐའ་ལ་ཞེན་པ་དང་། །སྣང་བ་ཡུལ་གྱིས་རྐྱེན་བྱས་པས། །ཡང་དག་དོན་གྱི་ངོ་མི་ཤེས། །གཟུང་བའི་ཞབྲུལ་པས་ལོག་པར་མཐོང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། །དུག་གསུམ་ནད་ཀྱིས་གཟེར་བ་ལ། །ནད་ཀྱི་རྒྱུ་རྐྱེན་མ་ཤེས་ན། །ཡུན་རིང་འཁོར་བའི་གནས་སུ་སྡུག །ཅེས་གསུངས་སོ། །རིན་པོ་ཆེ་སྒྲོན་མ་ལས། འཁྲུལ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །སྟོན་པ་གསང་བདག་ཆེན་པོ་ལ། །འཁྲུལ་བ་ལྡོག་ཐབས་མན་ངག་ནི། །དབང་བསྐུར་བྱིན་རླབས་འབྲས་བུ་ནི། །ཐབས་ཀྱི་བྱེ་བྲག་ཡན་ལག་གང་། །ཞེས་གསོལ་བ་དང་། སྟོན་པ་གསང་བདག་ཆེན་པོ་དེས། །དབང་བསྐུར་རང་བཞིན་དོན་བསྟན་པ། །དབང་གི་ངོ་བོ་དབྱེ་བ་དང་། །བསྐུར་ཐབས་བྱིན་རླབས་འབྲས་བུར་བཅས། །མ་སྐྱེས་སྐྱེ་བ་མེད་པའི་དབང་། །མཚན་མའི་དྲི་མ་མེད་པ་ཉིད། །སྙིང་པོ་མངོན་དུ་བསྟན་དུ་མེད། །ཅི་ཡང་མ་ཡིན་དམིགས་སུ་མེད། །ལྷ་དབང་ལུས་ལ་བསྐུར་བ་དང་། །ཆོས་དབང་སེམས་ལ་བསྐུར་ལུགས་ནི། །ལྷ་དབང་ལུས་ལ་བསྐུར་ལུགས་ནི། །གནས་ལྔ་དག་ཏུ་བུམ་པའི་དབངབསྐུར་བ། །ཕུང་པོ་ལྔ་དང་ཉོན་མོངས་ལྔ། །ལྷ་དང་ཡེ་ཤེས་དག་ཏུ་དབང་བསྐུར་རོ། །རྫས་དབང་ལྕེ་ལ་བསྐུར་བ་ནི། །གནས་དང་རྫས་དང་གསང་བསྐུར་བའོ། །ཐབས་དང་ཤེས་རབ་དབང་བསྐུར་ནི། །གཉིས་སུ་མེད་པར་ཉམས་ཀྱིས་བསྐུར་བའོ། །དབང་བསྐུར་བྱིན་བརླབས་དྲི་མ་དག་པ་ནི། །ལུས་ངག་སེམས་ཀྱི་དྲི་མ་དག །འབྲས་བུར་བདེ་བར་གཤེགས་པའི་གནས། །ཆོས་དང་སེམས་ལ་བསྐུར་བ་ནི། ཁོ༑ས་མེད་སྙིང་པོ་བུམ་པའི་དབང་། །གཏན་དུ་མེད་པའི་གསང་བའི་དབང་། །ཉམས་སུ་མྱོང་བ་ཡེ་ཤེས་དབང་། །ཞེ་འདོད་བྲལ་བ་བརྡའི་དབང་ངོ་། །དབང་བཞི་བསྐུར་བས་དྲི་མ་དག ཁྲེས་བྱའི་དྲི་མ་དག་པ་དང་། །བློ་ཡི་དྲི་མ་དག་པ་དང་། །ཡིད་གཉིས་དྲི་མ་དག་པ་དང་། །ཕྱི་ནང་ཡོངས་སུ་དག་པའོ། །སྟོང་པའི་ངང་གསང་བུམ་པའི་དབང་། །གསལ་ལ་བརྗོད་མེད་གསངབའི་དབང་། ། གསང་བ་ཉམས་མྱོང་ཤེས་རབ་དང་། །ཉམས་ལ་མ་ཞེན་བརྡ་ཡི་དབང་། །དབང་བཞི་བསྐུར་བས་དྲི་མ་དག །ལྷན་ཅིག་སྐྱེས་དང་ཀུན་ཏུ་བཏགས། །སྨྲ་བརྗོད་ཚིག་དང་ཞེན་པ་གྲོལ། །བསྐུར་བས་བྱིན་རླབས་འབྲས་བུ་ནི། །སྐུ་གསུམ་འབྲས་བུ་ཐོབ་པའི་དོན། །གསང་སྟོང་གཉིས་མེད་བུམ་པའི་དབང་། །གསལ་ཀྱང་བརྗོད་མེད་གསང་བའི་དབང་། །གཉིས་མེད་ཉམས་མྱོང་ཤེས་རབ་དབང་། །ཉམས་ལ་མ་ཞེན་བརྡ་ཡི་དབང་། །དབང་བསྐུར་དྲི་མ་དག་ལུགས་ནི། །ལས་དང་ཉོན་མོངས་ཤེས་བྱ་དག །འབྲས་བུ་ངོ་བོར་ཉིད་ཀྱི་སྐུ། །རིན་པོ་ཆེ་སྒྲོན་མ་ལས། དབང་བསྐུར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །སྟོན་པ་གསང་བདག་ཆེན་པོ་ལ། །སྡོམ་པ་བསྲུང་མཚམས་དམ་ཚིག་རྣམས། །ཁྱད་པར་བྱེ་བྲག་ཇི་ལྟར་ལགས། །སྟོན་པ་གསང་བདག་ཆེན་པོ་དེ། །དམ་ཚིག་སྡོམ་པ་བསྲུང་མཚམས་ནི། །ལ་ལ་ཉིས་བརྒྱ་ལྔ་བཅུ་བསྲུང་། །ལ་ལ་སྡོམ་པ་ཉི་ཤུ་བསྲུང་། ། བྱ་བའི་རྒྱུད་ཀྱི་དམ་ཚིག་ནི། །རྩ་བ་ཡན་ལག་གཉིས་སྡོམ་བརྒྱད། །རྣལ་འབྱོར་རྒྱུད་ཀྱི་དམ་ཚིག་ནི། །རྩ་བ་ཡན་ལག་གཉིས་སྡོམ་བཅུ། །རྣལ་འབྱོར་ཆེན་པོའི་དམ་ཚིག་ནི། །གཉིས་སྡོམ་ཉི་ཤུ་རྩ་བརྒྱད་དོ། །རྫོགས་པ་ཨ་ནུ་ཡོ་ག་ནི། །དམིགས་པ་བཞི་ཡི་དམ་ཚིག་བསྲུང་། རྫོགས་པ་ཨ་ཏིའི་དམ་ཚིག་ནི། །རྩ་བ་གཅིག་ལ་ཡན་ལག་གཉིས། །བྱང་ཆུབ་སེམས་ཀྱི་དམ་ཚིག་ནི། །རྟོགས་པའི་ངང་ལས་མི་འདའ་ཞིང་། །འཁྲུལ་རྟོག་རྐྱེན་ཁར་མ་ཤོར་ན། རྩ་བའི་དམ་ཚིག་ཆེན་པོ་ཡིན། །འདོད་ཞེན་མཐའ་ཡི་མ་གོས་ན། །ལྷ་བའི་དམ་ཚིག་ཆེན་པོ་ཡིན། །ཡིད་ཀྱི་འགྱུ་བས་མ་བསླད་ན། །སྒོམ་པའི་དམ་ཚིག་ཆེན་པོ་ཡིན། །ལུས་ངག་བྱ་བ་ཐོངས་པ་ན། །སྤྱོད་པའི་དམ་ཚིག་ཆེན་པོ་ཡིན། །བར་དོར་ཤེས་བཞིན་གསལ་བ་ན། །འབྲས་བུའི་དམ་ཚིག་ཆེན་པོ་ཡིན། །སློབ་དཔོན་དག་གི་དམ་ཚིག་ནི། །སྣོད་ལྡན་སློབ་མ་དག་ལ་ནི། །མན་ངག་གབ་སྦས་མི་བྱེད་པར། །འཁྲིགས་སྡེབས་འཛུར་བཅད་དམ་ཚིག་ཡིན། །འོག་རུས་འགེན་ཚིག་བྱེད་པ་ལ། །བཀའ་རྒྱ་བསྟན་ཅིང་བཀའ་གསང་ཐུབ། །གབ་འཁྲིགས་མི་སྡེབ་དམ་ཚིག་ཡིན། །བཀའ་ལས་མི་འདའི་དམ་ཚིག་ཅན། ། །མཆོག་དང་ཐུན་མོང་དངོས་གྲུབ་འདི། །ཚེ་འདི་རང་ལ་འོང་བར་འགྱུར། །སྣོད་དང་མི་ལྡན་གང་ཟག་ལ། ། ཟས་ནོར་ཕྱི་ལྟས་མན་ངག་སྤེལ། །གབ་འཁྲིགས་སྡེབས་ནས་སྤེལ་བ་ན། །ཆོས་སྐྱོང་མཁའ་འགྲོ་རྣམས་ཀྱིས་སུ། །ཡིད་དང་མི་མཐུན་སྡུག་བསྔལ་རྣམས། །ཚེ་འདི་རང་ལ་སྨིན་ནས་འོང་། །ནམ་ཞིག་ལུས་སེམས་འབྲལ་བའི་ཚེ། །དབུགས་མ་ཆད་པར་མཁའ་འགྲོ་ཡིས། ཁྲ་ཁྲག་སྔོན་དུ་ཟ་བ་ཡིན། དེ་ནས་རྡོ་རྗེ་དམྱལ་བར་འགྲོ། །སྣོད་དང་ལྡན་པའི་སློབ་མ་ཡིས། །སློབ་དཔོན་གསུངས་པའི་བཀའ་མི་གཅིག །སློབ་དཔོན་གསུངས་པའི་བཀའ་གཅག་ན། །ཁམས་གསུམ་སེམས་ཅན་བསད་དང་མཅོས། །བསྐལ་པ་སྟོང་གི་སངས་རྒྱས་པས། །རྡོ་རྗེ་སློབ་དཔོན་གཅིག་པུ་གཉན། །སྙིང་དང་དཔྲལ་གྱི་མིག་ལྟར་ཟུངས། །སངས་རྒྱས་སྟོང་ལ་མཆོད་པ་བས། །རྡོ་རྗེ་སློབ་དཔོན་གཅིག་མཆོད་འཕགས། །རྒྱུད་འཆད་དབང་བསྐུར་མན་ངག་སྟེར། །ཡོན་ཏན་གསུམ་ལྡན་སློབ་དཔོན་ནི། །སྟོང་གསུམ་བཙལ་ཡང་ཅི་འགའ་ཙམ། །སྲོག་ལ་བབ་ཀྱང་འཁོར་བར་བྱ། །ཞེས་གསུངས་སོ། །རིན་པོ་ཆེ་སྒྲོན་མ་ལས། །དམ་ཚིག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །སྟོན་པ་གསང་བདག་ཆེན་པོ་ལ། །ཆོས་རྣམས་གོ་འབྱེད་བར་དོ་ཇི་ལྟར་ལགས། །སྟོན་པ་གསང་བདག་ཆེན་པོ་དེས། །བར་དོའི་མཚན་ཉིད་དོན་བསྟན་པ། །རང་བཞིན་ཐོག་མའི་བར་དོ་སྲ །སངས་རྒྱས་སེམས་ཅན་གཉིས་སུ་བཙལ། །རང་བཞིན་རླུང་གི་བར་དོ་སྲ །རླུང་འགྱུ་གཉིས་ཀྱི་གཞི་ཡང་བཙལ། །ཟེར་གྱི་ཤེས་པ་ཕྲ་མོ་སྐྱེས་པ་ལས། །རིག་པར་སྐྱེ་བའི་གཞི་ཡང་བཙལ། །ཡན་ལག་རིག་པའི་བར་དོ་སྲ །ཡར་སྒོ་མར་སྒོའི་གཞི་ཡང་བཙལ། །སྣང་བ་གསུམ་གྱི་བར་རྡོ་སྲ །སྐུ་གསུམ་འབྱུང་བའི་གཞི་ཡང་བཙལ། །ཁ་དོག་ལྔ་ཡི་བར་དོ་སྲ །གཟུགས་བརྙན་འོད་ཀྱི་གཞི་ཡང་བཙལ། །འོད་གཟུགས་དག་གི་བར་དོ་མྲ །རིགས་དྲུག་ཞབྲུལ་པའི་གཞི་ཡང་བཙལ ཐོས་བསམ་ཤེས་པའི་བར་དོ་སྲ །ཡར་གྱི་ཞབྲུལ་ལུགས་རྩད་ཡང་གཅད། །མར་གྱི་གདམས་ངག་བར་དོ་སྲ །ལྡོག་ཐབས་རྣམ་གསུམ་ཉམས་སུ་བླང་། །སྐྱེ་ཤི་སྲིད་པའི་བར་དོ་སྲ །སྙིང་པོ་ཀློང་ནས་འཆར་བའོ། །ཞེས་གསུངས་སོ། །རིན་པོ་ཆེ་སྒྲོན་མ་ལས། །བར་དོ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །སྟོན་པ་གསང་བདག་ཆེན་པོ་ལ། །ཆོས་རྣམས་གཟུགས་བརྙན་ཚུལ་དུ་སྣང་། །མེ་ལོང་གསུམ་དུ་ངོ་སྤྲད་པ། །གང་དུ་ངོ་སྤྲད་ཇི་ལྟར་ལགས། །སྟོན་པ་གསང་བདག་ཆེན་པོ་དེས། །མེ་ལོང་རྣམ་གསུམ་ངོ་སྤྲད་པ། །ཀུན་གཞི་སེམས་ཀྱི་མེ་ལོང་དང་། །རིག་པ་གསལ་བའི་མེ་ལོང་དང་། །ཆོས་ཀྱི་དབྱིངས་ཀྱི་མེ་ལོང་ངོ་། །གསལ་དངས་ཆོས་ཀྱི་མེ་ལོང་དུ། །སྣང་བའི་དངོས་པོ་ངོ་ཡང་སྤྲད། །སྤྲད་པས་སྣང་སྟེ་རང་བཞིན་མེད། །རིག་པ་གསལ་བ་མེ་ལོང་དུ། །ཞབྲུལ་རྟོག་བག་ཆགས་ངོ་ཡང་སྤྲད། །སྤྲད་པས་མེད་སྣང་གཟུགས་བརྙན་འདྲ། །ཀུན་གཞི་སེམས་ཀྱི་མེ་ལོང་དུ། །བདེ་བར་གཤེགས་པའི་དགོངས་པ་སྤྲད། །སྤྲད་པས་མེད་ལ་ཡོད་སྣང་ཡིན། །ཐམས་ཅད་གཟུགས་བརྙན་ཚུལ་དུ་སྣང་། །སྣང་བ་དེ་ལ་རྒྱ་རྣམས་རང་སར་བཏབ། །ཅེས་གསུངས་སོ། །རིན་པོ་ཆེ་སྒྲོན་མ་ལས། མེ་ལོང་གསུམ་དུ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། སྟོན་པ་གསང་བདག་ཆེན་པོ་ལ། །ཐེག་པའི་དོན་རྣམས་རྟོགས་བྱའི་ཕྱིར། །འཇུག་སྒོ་ལ་སོགས་ཇི་ལྟར་ལགས། །སྟོན་པ་གསང་བདག་ཆེན་པོ་དེས། །ཐེག་པ་རྣམས་ཀྱི་དོན་བསྟན་ན། །མཚན་ཉིད་ཐེག་པའི་འདོད་ལུགས་ནི། །བདེན་གཉིས་རྟེན་འབྲེལ་བདེན་པ་བཞི། །རང་རང་སོ་སོའི་སྒོ་ནས་འཇུག །ཡུལ་སེམསགཉིས་སུ་སྣང་བ་ལ། །སེམས་ནི་བདག་དང་བྲལ་བར་ལྟ། །ཡུལ་ནི་ཕྲ་རབ་རྡུལ་དུ་འདོད། །ཡུལ་གྱི་རྒྱུ་ནི་སྟོང་པ་ལ། །སེམས་ནི་རྣམ་པར་རིག་བྱེད་འདོད། །ཡུལ་གྱི་རྣམ་པ་སེམས་སུ་འདོད། །སེམས་ནི་རང་རིག་གསལ་བར་འདོད། །ཡུལ་གྱི་རྣམ་པ་བརྫུན་པ་ལ། །སེམས་ནི་རིག་པ་བདེན་པར་འདོད། །བདེན་པ་གཉིས་སུ་ཕྱེ་ནས་ཡང་། །ཡུལ་ནི་ཀུན་རྫོབ་ཙམ་དུ་སྣང་། །སེམས་ནི་སྟོན་པ་རང་བཞིན་མེད། །སྲུང་བའི་ཁྲིམས་ཀྱི་འདོད་པ་ནི། །རྩ་བ་བཞི་ལས་ཡན་ལག་ནི། །ཉིས་བརྒྱ་ལྔ་བཅུ་དག་ཏུ་སྲུང་། །རྩ་བ་གསུམ་ལས་ཡན་ལག་ནི། །སྡོམ་པ་ཉི་ཤུ་ཐམ་པ་སྲུང་། །སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་། །འཚོ་བའི་ཡོ་བྱད་བཅུ་གསུམ་སྤྱོད། །རྫུ་འཕྲུལ་མི་མཐུན་ཡ་མ་ཟུང་། །ཕ་རོལ་ཕྱིན་པ་དྲུག་ཏུ་སྤྱོད། །ཀེང་རུས་རྩོལ་བ་དབང་པོ་འགེགས། །ལུགས་བཟློག་མཐུན་དང་མི་མཐུན་སྒོམ། །མཉམ་གཞག་རྗེས་ཐོབ་སྒོམ་པ་དང་། །ལ་ལ་རྟོག་པ་མེད་པར་སྒོམ། །དགྲ་བཅོམ་བསེ་རུ་ལྟ་བུ་དང་། །ལྷ་གནས་དག་ཏུ་སྐྱེ་བར་འདོད། །ཕྱི་རྒྱུད་སྔགས་ཀྱི་འདོད་པ་ནི། །དག་པ་གསུམ་དང་གཉིས་སུ་འདོད། །ཕྱག་རྒྱ་རྣམ་བཞི་འཇུག་པའི་སྒོ། །རིགས་གསུམ་ལྷ་ཡི་དཀྱིལ་འཁོར་དང་། །དག་པ་ཆོས་ཉིད་ལྟ་བའོ། །རིགས་བཞི་ལྷ་ཡི་དཀྱིལ་འཁོར་དང་། །སྐྱེ་འགག་མེད་པར་ལྟ་བའོ། །རིགས་ལྔ་ལྷ་ཡི་དཀྱིལ་འཁོར་དང་། །སྐྱེ་འགག་མེད་པར་ལྟ་བའོ། །རྩ་བ་ལྔ་གསུམ་ཡན་ལག་ནི། །བདུན་བདུན་དག་ཏུ་ཕྱེ་ནས་སྲུང་། །འཕྲིན་ལས་བཞི་དང་ཆོ་འཕྲུལ་བཞི། །ཡན་ལག་བཅུ་གཅིག་རིམ་པ་དང་། །བྱང་ཆུབ་རྣམ་ལྔ་རིམ་གྱིས་སྒོམ། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སྐྱེ། །བསྐྱེད་རྫོགས་རྣམ་གསུམ་འདོད་པ་ནི །ཏིང་འཛིན་གསུམ་དང་ཡེ་ཤེས་དབྱིངས། །བཀའ་ཚོམས་ཆེན་པོ་བཞི་ནས་འཇུག །སྣང་སྟོང་གཉིས་མེད་ལྟ་བ་དང་། །རྒྱུ་འབྲས་གཉིས་སུ་ལྟ་བ་དང་། །ཞེ་འདོད་མེད་པར་ལྷ་བའོ། །རྩ་བ་གསུམ་དང་ཡན་ལག་ལྔ། །དམིགས་པ་བཞི་དང་བྱང་ཆུབ་སེམས། །སྦྱོར་སྒྲོལ་རྫོགས་ལོངས་མ་བཅོས་སྤྱོད། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོར་སྒོམ་པའོ། །ཆོ་གའི་ཡན་ལག་རྣམ་གསུམ་གྱིས། །དམ་ཚིག་ཡེ་ཤེས་གཉིས་མེད་སྒོམ། །འགྲ་་ས་གསུམ་གྱིས་ལམ་གདམ་ཞིང་། །སྐྱོན་ཅན་གསུམ་གྱི་འཕྲང་བསལ་ནས། །དྲན་པའི་རྟོག་པ་བྲལ་བ་སྒོམ། །དབྱིངས་གཅིག་ཡེ་ཤེས་གཅིག་གྲུབ་དགག །སྐུ་ལྔ་ཡེ་ཤེས་ལྔ་གྲུབ་དང་། །སྐུ་གཅིག་ཡེ་ཤེས་གཅིག་ཏུ་གྲུབ། ཅེས་གསུངས་སོ། །རིན་པོ་ཆེ་སྒྲོན་མ་ལས། ཐེག་པའི་འདོད་གཞུང་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །སྟོན་པ་གསང་བདག་ཆེན་པོ་ལ། །རིན་ཆེན་སྒྲོན་མ་ཐུགས་ཀྱི་བཅུད། །དགོངས་པའི་ལ་བཟླ་ཇི་ལྟར་ལགས། །སྟོན་པ་གསང་བདག་ཆེན་པོ་དེས། །ལྟ་སྤྱོད་སྒོམ་དང་འབྲས་བུ་བཞི། །སངས་རྒྱས་དགོངས་པ་ལ་བཟླའོ། །གཏན་ཚིགས་ཚད་མ་གསུམ་གྱིས་ནི། །དེ་ཉིད་རྟོགས་པའི་ཐབས་སུ་བསྟན། །ཚིག་དང་མིང་གིས་འདོད་པ་རྣམས། །ལྟ་མེད་སྤྱད་མེད་སྒོམ་མེད་པའི། །ཐོབ་མེད་དོན་གྱི་ངང་དུ་ལ་བཟླའོ། །ཡ་ཐོག་གནད་དང་མ་ཐོག་གནད། །འཁྲུལ་རྩད་གཅད་ཅིང་ཉམས་སུ་བླང་། །སྙིང་པོའི་གནས་ལུགས་བཞི་ཡི་འཕྲང་། །སངས་རྒྱས་སེམས་ཅན་ལ་བཟླའོ། །མཚན་ཉིད་རྣམ་གསུམ་ངོ་སྤྲད་འཕྲང་། །ཕྱི་ནང་གསང་གསུམ་ལ་བཟླའོ། །ལྡོག་ཐབས་རིམ་པ་གདམ་ངག་འཕྲང་། །འགྱུ་ལུགས་དུས་མཚམས་ལ་བཟླའོ། །སྙིང་པོའི་ཐེག་གཅིག་སྒྲོན་མ་འདི། །ཀུན་བརྟགས་རིམ་དགུ་ལ་བཟླའོ། །ཞེ་འདོད་བྲལ་བ་ལྟ་བའི་མཆོག །ཡིད་ཀྱི་འགྱུ་མེད་སྒོམ་པའི་ཀློང་། །རང་ལུགས་མ་བཅོས་སྤྱོད་པའི་རྐྱེན། །རེ་བ་མེད་པའི་འབྲས་བུའི་དོན། །འཁྲུལ་རྩད་ཆོད་ན་ལྟ་བ་ཅི། །དུས་གསུམ་མི་འགྲོ་སྒོམ་པ་གང་། །སྙིང་པོ་མངོན་གྱུར་སྒོམ་མི་དགོས། །ལྡོག་ཐབས་མ་ཤེས་མུན་པ་འཇལ། །སྙིང་པོ་ཤེས་མེད་གསལ་བ་འདི། །དངོས་དང་དངོས་མེད་གང་ཡང་མེད། །རིག་པ་མེད་ལས་ཇི་ལྟར་སྐྱེ། །སྒོམ་དུ་མེད་ལ་ཅི་ཞིག་སྒོམ། །བརྗོད་དུ་མེད་ལ་ཇི་ལྟར་བཤད། །སྙིང་པོའི་རང་བཞིན་མཐོང་བ་མེད། །རྒྱུད་ཆད་མདོ་འདོན་སྔགས་ཟློས་དང་། །མཆོད་བྱེད་ཕྱག་འཚལ་སྨོན་ལམ་འདེབས། །གཞན་གྱི་དོན་དུ་སྤྲོ་བར་བྱ། །དོན་དུ་འཛིན་ན་འཁྲུལ་པ་ཡིན། །ལུས་ངག་བྱ་གཏང་དགོངས་པ་ལ། །ཡིད་གདུང་མ་བྱེད་བདེ་བར་ཞོག །ཡིད་དྲན་མི་འགྱུ་མི་སྐྱེ་ན། །ཕྱི་ནང་འཁྲུལ་པ་མ་ལུས་ཀུན། །མཚོན་ཆ་ཆེན་པོ་གཅིག་གིས་གཅོད། །དབུས་མཐའ་མེད་པའི་དོན་དམ་ཉིད། །བརྗོད་དུ་མེད་པས་ཚིག་ལས་འདས། །མཚན་མ་མེད་པའི་སྟོང་ཆེན་པོ། །འགྱུར་མེད་མ་བཅོས་ཀུན་གྱི་ལམ། །ཞེ་འདོད་མེད་པ་ཐིག་ལེའི་ཀློང་། །སྒྲོ་སྐུར་གཉིས་བྲལ་ཡང་དག་ཉིད། །ཡེ་སྟོང་ཡེ་མེད་མིང་དང་བྲལ། །རྒྱུ་རྐྱེན་མེད་པའི་སྙིང་པོ་ཉིད། །ཀུན་ཁྱབ་རྒྱ་མ་ཆད་པའི་ངང་། །མི་ཟད་གཏེར་གྱི་མཛོད་ཆེན་པོ། །སྙིང་པོའི་དོན་ནི་བསྟན་དུ་མེད། །ཅིར་ཡང་མ་མཐོང་ལྟ་བ་ལ། །རྩལ་གྱི་ཡན་ལག་ལྟ་བ་རྣམས། །སོ་སོར་སྣང་ཡང་གཅིག་ལས་མེད། །མ་སྐྱེས་བཅོས་མེད་ནམ་མཁའ་འདྲ། །དབྱིབས་དང་ཁ་དོག་མ་གྲུབ་པས། །འདི་འདྲ་མཚོན་མེད་བྱང་ཆུབ་སེམས། །ལུས་ངག་ཡིད་གསུམ་འབད་པ་བྲལ། །བྱ་མེད་སྤྱོད་མཆོག་ངང་དུ་སྤྱད། །འཁྲུལ་རྟོག་མེད་པའི་ངང་ལ་སྤྱོད། །སྐྱེས་དང་སྐྱེ་མེད་གཉིས་མེད་སྤྱོད། །མི་འགྱུ་མི་དམིགས་རང་གསལ་སྒོམ། །འགྲོ་མེད་ཡེངས་མེད་ངང་ལ་སྒོམ། །རིག་པའི་དྲན་པ་མི་སྐྱེ་སྒོམ་པའོ། །གཞག་མེད་རང་སར་གཞག་པ་ནི། །སྒོམ་དུ་མེད་པའི་སྒོམ་པ་ཡིན། །གཞན་ནས་ཐོབ་མེད་འབྲས་བུའི་མཆོག །རྒྱུ་རྐྱེན་མེད་པ་ཆོས་ཀྱི་སྐུ། །ནམ་མཁའི་མཐའ་དང་མཉམ་པའི་མཆོག །རྨད་བྱུང་རིན་པོ་ཆེ་ཡི་གཏེར། །ཆོས་སྐུའི་རང་བཞིན་སྐུ་ལ་ཁྱབ། །ཆོས་སྐུའི་མཚན་ཉིད་ཐམས་ཅད་མཁྱེན། །ཆོས་སྐུའི་རང་བཞིན་བསྟན་དུ་མེད། །འཁྲུལ་པའི་ཞེན་པ་གྲོལ་བའི་ཚེ། །བདག་དང་གཞན་དུ་ཡོད་མ་ཡིན། །ལོག་པའི་རྒྱུད་ལས་གྲོལ་བ་ན། །བདེ་བ་ཆེན་པོ་དོན་གྱི་མཆོག །སྙིང་པོའི་དོན་ནི་གཅིག་པ་ཉིད། །མ་བཅོས་དོན་ལ་གོས་པ་མེད། །འཁྲུལ་པའི་སྐྱོན་གྱིས་རྟོགས་པ་དཀའ། །ལྡོག་པའི་ཐབས་ཀྱི་མན་ངག་གིས། །གང་ལ་གང་སྐྱེས་ཐད་ཀར་གསལ། །སྙིང་པོའི་རྩ་བ་མཚོན་དུ་མེད། །འཁྲུལ་པའི་རྣམ་པ་རང་གྲོལ་སངས། །མ་བུ་ངོ་ཕྲད་རྟོགས་པའི་མཆོག །ཆོས་རྣམས་གང་ཡང་མཐོང་བ་མེད། །འཁྲུལ་རྟོག་རྣམ་པ་ཅིར་ཡང་སྣང་། །མཁས་པ་དེ་ཡིས་གྲོལ་བར་འགྱུར། །ཡིད་རྟོག་བག་ཆགས་འཆད་པར་འགྱུར། ཡིད་ལ་མི་བྱེད་བྱ་བ་བཏང་། །ལུས་ངག་འབད་པ་གང་ཡང་མིན། །སྙིང་པོ་རང་བཞིན་མངོན་གྱུར་ན། །རྣམ་ཤེས་གྲོང་ལ་འཇུག་པ་མིན། །འཁོར་བ་སྙིང་པོ་རྟོགས་པས་ནོན། །བདེན་པའི་དོན་མཐོང་སྐྱེས་བུ་ནི། །འོད་གསལ་སྟོང་པའི་ངང་ལ་གསལ། །མཉམ་གཞག་རྗེས་ཐོབ་མེད་པའི་ངང་། །སྙིང་པོ་ཡེ་ཤེས་ཉིད་དུ་གསལ། །སྣང་བའི་ཕྱི་རྒྱ་ཆོད་པ་ནི། །དབང་པོ་རང་ཡན་ཉིད་དུ་བདེ། །ཞེས་གསུངས་སོ། །རིན་པོ་ཆེ་སྒྲོན་མ་ལས། །དབྱེར་མེད་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །སྟོན་པ་གསང་བདག་ཆེན་པོ་ལ། །གསལ་བྱེད་རིན་ཆེན་སྒྲོན་མ་འདི། །འགྲོ་བའི་དོན་དུ་ཇི་ལྟར་འབྱུང་། །ཞེས་གསོལ་པས། སྟོན་པ་གསང་བདག་ཆེན་པོ་དེས། །སྐུ་གསུམ་འགྲོ་བའི་དོན་བསྟན་པ། །ཆོས་ཀྱི་སྐུ་ཡིས་འདུལ་བ་དང་། །ལོངས་སྦྱོད་རྫོགས་སྐུས་འདུལ་བ་དང་། །སྤྲུལ་པ་སྐུ་ཡིས་འདུལ་བའོ། །ཆོས་ཀྱི་སྐུ་ཡིས་འདུལ་བ་ནི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས། །རང་རྒྱུད་འབྲེལ་བའི་འཁོར་རྣམས་འདུལ། །ལོངས་སྤྱོད་རྫོགས་པས་འདུལ་བ་ནི། །ཕྱི་ནང་གསང་བ་གསུམ་ལས་ནི། །དོན་གྱིས་གཅིག་པའི་འཁོར་རྣམས་འདུལ། །སྤྲུལ་པ་སྐུ་ཡིས་འདུལ་བ་ནི། །ཕྱི་འཁོར་ནང་འཁོར་གསུམ་ལས་ནི། །འདོད་པས་བསྡུས་པའི་འཁོར་རྣམས་འདུལ། །དེ་ནས་སེམས་དཔའ་རྡོ་རྗེ་དེས། །གསང་བདག་ཆེན་པོ་ལ་གསོལ་བ། །སྐུ་གསུམ་གྱི་རྒྱུ་ནི་གང་ལགས། རིགས་ཀྱི་བུ་ཆོས་སྐུ་ནི་ཀུན་གཞི་རྣམ་ཤེས་ལས་འབྱུང་། ལོངས་སྐུ་ནི་ཡིད་ཀྱི་རྣམ་ཤེས་ལས་འབྱུང་། སྤྲུལ་སྐུ་ནི་སྒོ་ལྔའི་རྣམ་ཤེས་ལས་འབྱུང་། ཡང་གསོལ་བ། སྐུ་གསུམ་གྱི་རང་བཞིན་གང་གསུངས་པ། ཆོས་སྐུ་ནི་སྟོང་པ་ཉིད་དོ། །ལོངས་སྐུ་ནི་མི་གཡོ་བའོ། །སྤྲུལ་སྐུ་ནི་རྒྱུན་དུ་འབྱུང་བའོ། །ཡང་གསོལ་བ། སྐུ་གསུམ་གྱི་མཚན་ཉིད་ནི་གང་། གསུངས་པ། ཆོས་སྐུ་ནམ་མཁའ་ལྟ་བུའོ། །ལོངས་སྐུ་འཇའ་ཚོན་ལྟ་བུའོ། །སྤྲུལ་སྐུ་ཆུ་ཟླ་ལྟ་བུའོ། །ཡང་གསོལ་བ། སྐུ་གསུམ་གྱི་བཞུགས་གནས་ནི་གང་། གསུངས་པ། ཆོས་ཀྱི་སྐུའི་བཞུགས་པའི་གནས་ནི་དབྱིངས་རྣམ་པར་དག་པའི་མཁའོ། །ལོངས་སྐུའི་བཞུགས་པའི་གནས་ནི་འོག་མིན་གྱི་གནས་ན་བཞུགས་སོ། །སྤྲུལ་པ་སྐུའི་བཞུགས་པའི་གནས་ནི་འཛམ་བུའི་གླིང་ན་བཞུགས་པའོ། །ཡང་གསོལ་བ། སྐུ་གསུམ་གྱི་གཞི་ནི་གང་ལགས།གསུངས་པ། ཆོས་ཀྱི་སྐུའི་གཞི་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ལོངས་སྐུའི་གཞི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྤྲུལ་པ་སྐུའི་གཞི་ནི་སོ་སོར་རྟོག་པ་དང་བྱ་བ་ནན་ཏན་ནོ། །ཡང་གསོལ་པ། སྐུ་གསུམ་གྱི་ཞིང་ཁམས་ནི་གང་། གསུངས་པ། ཆོས་སྐུའི་ཞིང་ཁམས་ནི་ནམ་མཁའ་གར་ཁྱབ་པ་ཚུད་ཆད་དོ། །ལོངས་སྐུའི་ཞིང་ཁམས་ནི་འོག་མིན་གནས་ཐམས་ཅད་དོ། །སྤྲུལ་སྐུའི་ཞིང་ཁམས་ནི་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱའོ། །ཡང་གསོལ་བ། སྐུ་གསུམ་གྱི་བསྟན་པ་ནི་གང་། གསུངས་པ། ཆོས་སྐུའི་བསྟན་པ་ནི་ནང་གི་བསྐྱེད་རྫོགས་རྣམ་གསུམ་མོ། །ལོངས་སྐུའི་བསྟན་པ་ནི་ཕྱི་རྒྱུད་སྡེ་གསུམ་མོ། །སྤྲུལ་སྐུའི་བསྟན་པ་ནི་མཚན་ཉིད་སྡེ་གསུམ་མོ། །གསོལ་པ། སྐུ་གསུམ་གྱི་བཤད་ལུགས་ནི་གང་། གསུངས་པ། ཆོས་སྐུ་བྱིན་གྱིས་བརླབས་ཀྱིས་བཤད། ལོངས་སྐུ་རང་གི་ངོ་བོས་བཤད། །སྤྲུལ་སྐུ་ཚིག་སྡེབ་སྦྱོར་ལེགས་པས་བཤད། གསོལ་པ། སྐུ་གསུམ་གྱི་བརྒྱུད་པ་ནི་གང་། གསུངས་པ། ཆོས་སྐུ་དགོངས་པས་བརྒྱུད། ལོངས་སྐུ་རིགས་པས་བརྒྱུད། སྤྲུལ་སྐུ་རྣ་བ་ནས་རྣ་བར་བརྒྱུད། གསོལ་བ། སྐུ་གསུམ་གྱི་སྡུད་པ་པོ་གང་། གསུངས་པ། ཆོས་སྐུའི་བསྟན་པ་རྡོ་རྗེ་སེམས་དཔས་བསྡུས། ལོངས་སྐུའི་བསྟན་པ་ཕྱག་ན་རྡོ་རྗེ་བསྡུས། སྤྲུལ་སྐུའི་བསྟན་པ་ཀུན་དགའ་བོས་བསྡུས་པའོ། །གསོལ་པ། རིན་ཆེན་སྒྲོན་མའི་ཐེག་པ་ནི་སྐུ་གསུམ་གྱི་གསུངས་པ་ལགས་སམ་མ་ལགས། གསོལ་པ། གང་གིས་གསུངས་པ། ང་ཉིད་ཀྱིས་གསུངས་སོ། །གསོལ་པ། གང་གི་དོན་དུ་གསུངས་པ། མི་དང་ལྷའི་དོན་དུའོ། །གསོལ་པ། ཅིའི་ཕྱིར་གསུངས་པ། ནད་པ་ལྟ་བུའི་སེམས་ཅན་གྱི་ཕྱིར་རོ། །གསོལ་བ། ནད་ཀྱི་རྒྱུ་ནི་གང་། རྐྱེན་ནི་ཅི། ངོ་བོ་ནི་གང་། གསུངས་པ། རྒྱུ་མ་རིག་པ། རྐྱེན་འགྱུ་བ། ངོ་བོ་རིག་པའོ། །གསོལ་པ། སྨན་པའི་མཆིས་སམ། གསུངས་པ། ཐབས་ནི་མཆིས་སོ། །བླ་མའི་གདམ་ངག་དང་། ཚད་མ་གསུམ་དང་ལྡན་ན་ནི་སྨན་པའི་ཐབས་སོ། །ཞེས་གསུངས་སོ། །རིན་པོ་ཆེ་སྒྲོན་མ་ལས། སྐུ་གསུམ་གྱི་དྲིས་ལན་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས།སྟོན་པ་གསང་བདག་ཆེན་པོ་ལ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད། །རིན་ཆེན་གསལ་བའི་ཐེག་པ་འདི། །འགྲོ་བའི་དོན་དུ་ཇི་ལྟར་འབྱུང་། །འགྲོ་བའི་སྟོན་པ་གང་གིས་བྱེད། །ཅེས་གསོལ་པ་བསྟན་པ་འབྱུང་བའི་དུས་བསྟན་པ། །ལྷ་གནས་གསུམ་དུ་དར་གྱུར་ནས། །འཛམ་གླིང་མི་ཡི་ཞིང་དག་ཏུ། །ཡང་སྤྲུལ་ཐ་མའི་བསྟན་པ་འབྱུང་། །ཞེས་གསུངས་ནས། ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་མཐུས། སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷ་དེ་བ་བཟང་སྐྱོང་ལ་བུ་གཅིག་སྐྱེས་པས། བུ་དེ་གཞན་དང་མི་འདྲ་བ་ཞིག་བྱུང་ནས་བསམ་གཏན་གྱི་བུ་ཁང་བརྩིག་པ་དང། མཆོད་པའི་ལས་བྱེད་པ་དང་།བསམ་གཏན་སྒོམ་པ་བྱེད་པ་ཞིག་བྱུང་ནས། ལྷ་རྣམས་རབ་ཏུ་དགའ་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྲུས་ཆབ་གསོལ་ནས་བཏགས་པ། རབ་དགའ་སྙིང་པོ་ཞེས་བྱ་བར་བཏགས་སོ། །དེ་ནས་ལྷའི་བུ་དེ་ཉལ་བའི་རྨི་ལམ་ན། མཆོད་རྟེན་ཁྲི་འཕང་དགུ་པ་གཅིག་ལ་སྲོག་སྙིང་རྩེ་དགུ་པ་གཅིག་ལ་འཛེགས་ཤིང་རྨི། བུམ་པ་འཁྱིལ་བའི་ནང་དུ་འདུག་པ་རྨི། གསེར་གྱི་རལ་གྲི་གཅིག་ཐོགས་ཀྱི་རྨི། སྙིང་ཁར་ཉི་ཟླ་ཕྲུགས་གཅིག་ཤར་བ་རྨི། ནམ་མཁའི་མཐོངས་སུ་བལྟས་ཤིང་རྨི། རྒྱ་མཚོ་ཆེན་པོ་གཅིག་ཧུབ་ཀྱི་འཐུངས་ཤིང་རྨི་བས། དེ་ནས་ནམ་མཁའ་ན་མར་ལ་སྒྲ་གཅིག་བྱུང་ནས། ལྷའི་བུ་ཁྱོད། དུས་གསུམ་སངས་རྒྱས་ཐུགས་ཀྱི་སྲས། །ཐེག་པའི་སྙིང་པོ་ཐུགས་ཀྱི་བཅུད། །བསྟན་པའི་བཅུད་འཛིན་ཐེག་པའི་མཆོག །སྐལ་ལྡན་འགྲོ་བའི་དོན་ཆེད་དུ། །མཐའི་མུན་པ་བསལ་ནས་ནི། །རྣམ་གྲོལ་འབྲས་བུ་ཐོབ་པར་མཛོད། །ཅེས་ལུང་བསྟན་ཏོ། །དེ་ནས་ལྷའི་བུས། གསང་བདག་ཆེན་པོ་ལ་ཞུས་པ། རྣམ་དག་དྲི་མ་དང་བྲལ་བའི། །བྱམས་མགོན་ཐུགས་རྗེས་ཆེན་པོ་ཁྱོད། །འགྲོ་བ་རྣམས་ལ་མ་བཞིན་བརྩེ། །ཀུན་མཁྱེན་ཁྱོད་ཀྱི་སྤྱན་སྔར་འདུད། །དུས་འདིར་ཐུགས་རྗེས་སྐྱབ་ཏུ་གསོལ། །ཞེས་ཞུས་པས་གསང་བདག་ཆེན་པོས། །རབ་དགའ་སྙིང་པོ་ལ་གསོལ་བ། །དུས་གསུམ་སངས་རྒྱས་ཐུགས་ཀྱི་བཅུད། །རིན་ཆེན་སྒྲོན་མ་ཐབས་ལྡན་པས། །གུ་ལང་གཟེར་བཟོའི་དོན་ཆེད་དུ། །ལྷུན་གྲུབ་འབྲས་བུ་ཐོབ་པར་མཛོད། །ཅེས་གསུངས་སོ། །དེ་ནས་རབ་དགའ་སྙིང་པོས་འོད་གསལ་གནས་སུ། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །མ་བཅོས་སྐྱེ་འགག་མེད་པའི་དོན། །དེ་དོན་བདག་གིས་མ་རིག་པས། །ཀུན་མཁྱེན་ཁྱོད་ཀྱིས་བསྟན་དུ་གསོལ། །ཅེས་གསོལ་པ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ནམ་མཁའ་རྡོ་རྗེ་ཨ་དང་གསུམ། །གཏིང་ལྟར་མི་གསལ་རིན་པོ་ཆེ། །སྤྲིན་དང་མུན་པ་ལིང་ཐོག་གི །དེ་དོན་མཐོང་བ་ཤིན་ཏུ་དཀའ། ཞེས་གསུངས་སོ། །དེ་ནས་རབ་དགའ་སྙིང་པོས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་སྔར་ཕྱིན་ནས། ལྷའི་དབང་པོ་ཡང་དག་པའི་དོན་དུ་ཇི་ལྟ་བུ། གསོལ་པ། བསྟན་དུ་མེད་པའོ། །ལྷའི་དབང་པོ་བསྟན་དུ་མེད་པའི་དོན་ནི་ཇི་ལྟ་བུ། གསོལ་པ། ནམ་མཁའ་ལྟ་བུའོ། །གསོལ་པ། ནམ་མཁའི་དོན་ཇི་ལྟ་བུ། གསུངས་པ།མ་བཅོས། མ་བྱུང་། མ་སྐྱེས་པའོ། །དེ་ནས་རྣམ་པར་དག་པའི་ཞིང་ཁམས་ན་སངས་རྒྱས་རྡོ་རྗེ་འཆང་ཞེས་བྱ་བ་དང་། རིན་པོ་ཆེ་སྣང་བའི་ཞིང་ཁམས་ན་སངས་རྒྱས་རིན་ཆེན་ཞབས་ཞེས་བྱ་བ་དང་། འོད་སྣང་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། གྲུབ་པ་རྣམ་དག་ཅེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་གྲུབ་པར་སྣང་བ་ཞེས་བྱ་བ་དང་། སྟུག་པོ་བཀོད་པའི་ཞིང་ཁམས་ན་སངས་རྒྱས་གཙུག་ཕུད་ཅན་ཞེས་བྱ་བ་དང་། སྐར་མ་བཀྲམ་པའི་ཞིང་ཁམས་ན་སངས་རྒྱས་བསམ་གྱིས་མི་ཁྱབ་པ་དང་། འདས་པའི་སངས་རྒྱས་དང་། མ་འོངས་པའི་སངས་རྒྱས་དང་། ད་ལྟར་གྱི་སངས་རྒྱས་དང་། གསང་བདག་ཆེན་པོ་དང་། ཀུན་ཏུ་བཟང་པོ་དང་། རྣམ་པར་སྣང་མཛད་དང་། བཅོམ་ལྡན་འདས་ལ་སོགས་པ་རྣམས་མགྲིན་གཅིག་ཏུ་བྱིན་གྱིས་བརླབས་ནས། ཐེག་པའི་སྙིང་པོ་ཐུགས་ཀྱི་བབ། །རིན་ཆེན་སྒྲོན་མ་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་བསྟན་པ་ཤར། །ཅེས་གསུངས་སོ། །དེ་ནས་ལྷའི་དབང་པོ་ལ་སོགས་པས་ཁྲུས་ཆབ་གསོལ་ནས། ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས། །སྙིང་པོ་རང་བཞིན་ཆོས་ཀྱི་སྐུ། །ཀུན་མཁྱེན་དྲི་མ་དང་བྲལ་བས། །འགྲོ་བའི་བསམ་བཞིན་རེ་བ་སྐོང་། །ལྷ་རྣམས་དག་པར་ཁྲུས་གསོལ་ནས། །ཉོན་མོངས་སྒྲིབ་པ་ཀུན་བྱང་ནས། །འགྲོ་བ་མོས་པ་དྲང་བའི་ཕྱིར། །སྟོན་པའི་སྒྲོན་མར་དབང་བསྐུར་བས། །མ་རིག་མུན་པ་དང་བྲལ་བྱེད། །དེ་སྐད་གསོལ་པ་དང་། རབ་དགའ་སྙིང་པོ་དེ། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །སྐད་ཅིག་ཉིད་ལ་གསལ་བར་སྣང་། །དེ་སྐད་ཅེས་གསོལ་ཏོ། །རང་བྱུང་ཀུན་མཁྱེན་མེ་ལོང་ཉིད། །མཁའ་འདྲ་ཡེ་ཤེས་ལྷུན་གྱིས་གྲུབ། །མཉམ་ཉིད་ཡེ་ཤེས་བརྡལ་བའི་ཀློང་། །སྐལ་ལྡན་མོས་པའི་རེ་བ་སྐོང་། །འགྲོ་བིའ་མུན་སེལ་དོན་དུ་འགྲོ། །ཞེས་གསུངས་སོ། །རིན་པོ་ཆེ་སྒྲོན་མ་ལས། ཡང་སྤྲུལ་སྟོན་པར་འབྱུང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །རབ་དགའ་སྙིང་པོ་ལ་རྒྱུད་ཡོངས་སུ་གཏད་པ་འདི་གསུངས་སོ། །དགོངས་པའི་དོན་འཛིན་སྐྱེས་བུ་ལ། ཁུ།ད་ཀྱི་རྒྱལ་པོ་འདི་གཏད་དོ། །ཡོན་ཏན་མ་ལུས་ཀུན་འབྱུང་བའི། །ཡིད་བཞིན་རིན་པོ་ཆེ་ཡི་རྒྱུད། །སྣོད་ལྡན་རེ་བ་སྐོང་བའི་མཆོག །རྨོངས་པའི་མུན་པ་སེལ་བ་ཡི། །སྣང་གསལ་ཡེ་ཤེས་སྒྲོན་མའི་རྒྱུད། །དགོངསཔགཅིགནསགཅིག་བརྒྱུད་པའི། ཁུད་ཀྱི་རྐྱལ་པོ་འདིགཏད་དོ། །ནམ་མཁའ་དང་མཉམ་སྙིང་པོའི་རྒྱུད། །གསལ་བའི་གོ་བྱེད་ཉི་ཟླའི་རྒྱུད། །རྒྱུད་ཀྱི་རྒྱལ་པོ་འདི་གཏད་དོ། །རྒྱུད་ལ་མ་གཡོས་རྒྱ་མཚོའི་འཇིངས། །རྒྱུད་ཀྱི་རྒྱལ་པོ་འདི་གཏད་དོ། །འཛམ་གླིང་དབུས་ཀྱི་སྙིང་པོ་སྲ །རིན་ཆེན་ལྟ་བུའི་གང་ཟག་ལ། །རྒྱུད་ཀྱི་རྒྱལ་པོ་བཤད་ཅིང་གདམས། ཤེས་རབ་སྙིང་རྗེ་ལྡན་པ་ཡིན། །ངེས་པའི་ཡིད་ཆེས་སྐྱེས་པ་ལ། །སྙིང་པོ་མཆོག་གི་དོན་ཉིད་བསྟན། །ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །སྙིང་པོ་ཉིད་ཀྱི་སྒྲ་འགྱུར་བས། །འབྱུང་བའི་མཚན་མའི་དབྱིངས་སུ་སྦ། །དེ་ནས་རྒྱུད་ཀྱི་རྒྱལ་པོ་འདི། །རིགས་བཟང་ལྟ་སྤྱོད་འབྲེལ་བ་ཡི། །སྣོད་ལྡན་དོན་དུ་འབྱུང་བར་འགྱུར། །ནམ་ཞིག་དུས་ཀྱི་ཐ་མ་ལ། །བཀའ་རྒྱུད་དོན་ལ་མཁས་གསལ་བའི། །རིགས་ཅན་འབྲེལ་བར་འབྱུང་བའོ། །དེ་ཡི་དུས་ཀྱི་གང་ཟག་རྣམས། །རྒྱལ་པོ་བླུན་པོ་གདུག་པ་དང་། །རིགས་ངན་ཕྲ་མ་ཅན་གྱི་སར། །སྒྲུབ་པ་འདི་ཡི་དུས་མིན་པས། །སྙིང་པོ་འབྱུང་བའི་དབྱིངས་སུ་འགྲོ། །གསལ་བ་འོད་དང་ནུབ་པ་འབྱུང་། །རྒྱལ་པོས་བླ་ཡི་ཁྲིམས་མ་ཐུག །བློན་པོ་བཀའ་གསང་གཉེར་མ་ཐུབ། །ཉན་ཐོས་འདུལ་བའི་ཁྲིམས་མ་ཐུག །བཙུན་མོས་རང་གི་ལུས་མ་ཐུབ། །འབྱུང་བས་མཚན་མའི་རྟགས་མ་ཐུབ། །དེ་ཡི་དུས་སུ་བསྟན་པ་ཡི། །ཉི་ཟླའི་འོད་ལྟར་གསལ་གྱུར་ན། །བསྟན་པའི་སྙིང་པོ་དར་བར་འབྱུང་། ། སྣོད་ལྡན་དག་ཀྱང་འབྱུང་བར་འགྱུར། །ཞེས་གསུངས་སོ། །རིན་པོ་ཆེ་སྒྲོན་མའི་རྒྱུད་ལས། རྒྱུད་གཏད་པ་དང་ལུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།རིན་པོ་ཆེ་སྒྲོན་མ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །།སློབ་དཔོན་བི་མ་ལ་མི་ཏྲ་དང་། ལོ་ཙྭ་བ་གཉག་ཀུ་མྱ་རས་རྒྱལ་པོ་ཡོན་མཆོད་ཀྱི་དོན་དུ་དབུ་ཚལ་གསེར་ཁང་དུ་བསྒྱུར་བའོ། །ཆོས་སྐོར་མདའ་འུག་འདོད་པ་དང་། །རྒྱལ་པོ་གྲོང་སྤྲང་བྱེད་པ་དང་། །ཆོས་གོས་འོག་ཏུ་གྲི་འཛུགས་དང་། ། ཆེ་ བཙུན་དུག་ལ་སྤྱོད་པའི་ཚེ། །ཉི་ཟླའི་འོད་ལྟར་འབྱུང་བར་འགྱུར།། །།རྒྱ་གར་སྐད་དུ། ཙིསྟ་པ་ཐི་ཀ་མ་ཧྭ་ཀོ་ཤ་ནཱ་མ། བོད་སྐད་དུ། སེམས་ཕྱོགས་ཆེན་པོའི་མཇོད་ཅེས་བྱ་བ། ཐོག་མ་ཐུགས་རྗེ་ཆེན་པོ་རིན་ཆེན་གསལ་བའི་སྦུབས་ན་བཞུགས་ཙམ་ན། ས་བོན་ནི་སྨིན་ལ་