Ngb-pt-0443-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ་བོ་དྷི་ཙིསྟ་མ་ཧྭ་སན་དྷི་ཁ་ས་མེ་ཨ་ལང་ཀ་ར་ཏན་ཏྲ་རྭ་ཛ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་མཁའ་མཉམ་ཀློང་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གསང་བའི་ལོངས་སྤྱོད་མངའ་མཛད་ཅིང་མི་ཕྱེད་པ་ཆེན་པོ། ཆོས་ཐམས་ཅད་དང་གཉིས་སུ་མེད་པར་བཞུགས་པ། ནམ་མཁའི་མཐའ་ཀླས་པར་ལོངས་སྦྱོད་པ། སྐུ་གསུང་ཐུགས་ཀྱི་གསང་བ་རྡོ་རྗེ་ལྟར་རྣམ་པར་བསྐྱིངས་པ། ཁམས་གསུམ་པ་བདེ་བ་ཆེན་པོའི་ཀློང་དུ་ཤར་བར་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་ཅིང་བྱིན་རླབས་ཟད་པ་མི་མངའ་བའི་དབང་ཕྱུག །འགྲོ་བ་ཉོན་མོངས་པ་རྒྱུ་འབྲས་ཀྱི་ཡེ་ཤེས་ཆེན་པོར་སྤྱོར་བ། ནམ་མཁའི་དབྱིངས་ལ་མངའ་མཛད་པའི་ཐབས་མངའ་བའི་རྒྱལ་པོ། འཇིག་རྟེན་ཉི་མ་ཤར་བའི་མ་རིག་པའི་མུན་པ་སེལ་བ། ཡེ་ཤེས་ཀྱི་ཉི་མས་ཀུན་ལ་ཐུགས་རྗེ་ཆེན་པོས་བརྡལ་བ། དེ་བཞིན་ཉིད་ཀྱི་ནམ་མཁའ་ཆེན་པོས་འཇོག་པ་དེས། འོག་མིན་ཆོས་དབྱིངས་གཞལ་ཡས་ཁང་། །ཡེ་ཤེས་རིན་ཆེན་ལས་བྱུང་བ། །ནམ་མཁའི་མཐའ་དང་མཉམ་པའི་གནས། །ཡེ་ཤེས་རང་བྱུང་རང་སྣང་བས། །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །ཐམས་ཅད་ཐིག་ལེར་འདུས་པའི་ཕྱིར། །བུམ་པ་འཁྱིལ་བ་ལྟ་བུར་གནས། །རང་བྱུང་ཉི་ཟླ་འོད་འབར་ཞིང་། །ཆེ་བའི་རིན་ཆེན་གདན་གྱིས་བཏེག །རྟ་བབས་དྲིལ་བུ་བ་དན་དང་། །འཕན་དང་རྔ་ཡབ་དྲ་ཕྱེད་དང་། །རྩིག་པ་ལྷ་དང་ལྷ་མོར་ལྡན། །མ་རིག་མུན་པ་དབྱིངས་སེལ་བ། །ཉི་ཟླའི་འོད་ཟེར་གྲངས་མེད་འཕྲོ། །ཡེ་ཤེས་བར་བའི་གཞལ་ཡས་ན། །འགྱུར་བ་མེད་པའི་ལྷུན་དུ་བཞུགས། །ནམ་མཁའ་དང་ནི་མཉམ་པའི་གནས། །མཁའ་མཉམ་ཀློང་ལ་རྟག་ཞུགས་པས། །ནམ་མཁའི་མཐའ་ལ་ལོངས་སྤྱོད་ཅིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །རྣམ་པར་སྣང་མཛད་མི་བསྐྱོད་པ། །རིན་ཆེན་འབྱུང་དང་སྣང་མཐའ་ཡས། །དོན་ཡོད་གྲུབ་པ་རིམ་བཞིན་ཏུ། །འབྱུང་ཆེན་ཀློང་དུ་མཉམ་པར་བཞུགས། །གཞན་ཡང་གསང་བདག་རྡོ་རྗེ་འཆང་། །སེམས་དཔའ་སེམས་མ་རྡུལ་སྙེད་དང་། ཁྲོ་བོ་ཁྲོ་མོ་མཁའ་མཉམ་དང་། ཁམས་གསུམ་མཐའ་ཡས་སྐྱེ་བོ་དང་། །གྲངས་མེད་རྡུལ་ཕྲན་དང་མཉམ་པ། །ཆོས་ཀྱི་དབྱིངས་དང་མཉམ་པར་བཞུགས་། །རྡོ་རྗེ་འཆང་ཆེན་གསང་བ་འཆང་། །ཀུན་དང་མཉམ་ཉིད་མཉམ་པའི་སྐུ། །བདེ་ཆེན་ཆོས་དབྱིངས་མཉམ་སྦྱོར་བ། །ཐིག་ལེའི་སྐྱེ་མེད་ཀློང་དུ་མཉམ། །འགྱུར་བ་མེད་པའི་ཆོས་ཀྱི་སྐུ། །ཐིག་ལེ་གཅིག་གི་རང་བཞིན་པས། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །སྐུ་གསུང་ལྔ་སོགས་རྣམ་གྲངས་ཀྱང་། །བདེ་ཆེན་སེམས་ཉིད་ཀློང་གི་ངང་། །སྐུ་དང་གསུང་ཐུགས་ཟབ་མོ་ཡང་། །སྤྲོས་པ་མེད་པའི་ཐིག་ལེར་གཅིག ་།སྟོན་པ་དཔག་མེད་རྒྱས་པ་ཡང་། །གནས་ནི་དེ་བཞིན་དབྱིངས་ཉིད་ངང་། །འཁོར་ནི་གྲངས་མེད་རྡུལ་སྙེད་དང་། །དུས་ནི་དབྱིངས་ཉིད་རང་སྣང་ངང་། །སྡུད་པ་དབྱིངས་འདུས་བདེ་ཆེན་ངང་། །བསྟན་པ་ཁྱབ་གདལ་རྫོགས་པའི་ངང་། །སྟོང་ཆེན་རབ་འབྱམ་མཁའ་མཉམ་ཀློང་། །ཞུགས་པ་མེད་པས་སླར་མི་ལྡོག །དེ་ཕྱིར་སྟོན་པ་གནས་དུས་ང་། །བཤད་པའི་ཆོས་ང་ཉན་པ་ང་། །ང་ལས་ང་སྣང་ང་འགག་མེད། །ངས་བྱས་ངར་འདུས་ང་ལ་རོལ ཨེ་མའོ། རང་བྱུང་འོད་གསལ་མ་བྱས་དེ་བཞིན་དབྱིངས་ཉིད་བཅོས་མེད་སྙིང་པོ་ང་། །གདོད་ནས་བསྒྲིབས་མེད་དགེ་སྡིག་ལས་ཀྱིས་བཅོས་མེད་བདག་ཉིད་རྫོགས་ཆེན་ཀློང་། །མཉམ་དང་མི་མཉམ་རང་བྱུང་དག་པ་ཆོས་དབྱིངས་ཡེ་ཤེས་མཁའ་མཉམ་ཀློང་། །གང་ཡང་མ་ཡིན་གང་དུའང་མ་འགག་པ་བདེ་ཆེན་ཀུན་གཞི་ཟབ་མོའི་ཀློང་། །ཧོ་བྱང་ཆུབ་ཀྱི་སེམས་མལ། འ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བདག་སྟོབས་པོ་ཆེ། །སྙིང་པོ་བྱང་ཆུབ་དཔལ་ལྡན་སྐུ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་སེམས་དཔའ་ལ། །པདྨའི་སྤྱིན་ལྡན་དངས་པས་ཞུས། །གཙོ་བོ་རྡོ་རྗེ་འཛིན་རྒྱལ་པོ། །དཔག་ཏུ་མེད་པའི་རྡོ་རྗེ་འཆང་། །གསང་བའི་ཡང་གསང་སེམས་ཉིད་ང་། །ཆོས་སྐུ་བརྗོད་བྲལ་དབྱིངས་ཉིད་ཀློང་། །འོད་གསལ་ཐིག་ལེ་ཀུན་ལ་སྙོམས། །ཐིག་ལེ་དྲུག་ལྡན་དབྱིངས་ན་བཞུགས། །ཆེ་བ་ལྔ་ལྡན་སྤགས་པའི་སྐུ། །ངེས་པ་གཅིག་ལས་འདའ་བ་མེད། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །བདེ་མིན་སྡུག་མིན་བླང་དོར་མེད། །སྐྱེ་མེད་འགག་མེད་རྟག་ཆད་མེད། ཁ་དོག་དབྱིབས་མེད་སྤྲོས་ལས་འདས། །དེ་ཕྱིར་ཀྱི་ཀྱི་བཅོམ་ལྡན་འདས། །ཡི་གེ་མེད་པའི་རྒྱུད་འདི་གསུངས། །སྐྱེ་འགག་མེད་པའི་དོན་འདི་རྩོལ། །རིག་པའི་རང་བྱུང་ཀློང་འདི་སྟོན། །རང་བྱུང་ཀློང་ཆེན་དོན་དགྲོལ་མཛོད། །ཅི་ཕྱིར་རང་བྱུང་དག་པའི་མཁའ།༡ །ཅི་ཕྱིར་སེམས་ཀྱི་ཀློང་ཆེན་ཤར།༢ །གང་ཕྱིར་བསླབ་ཏུ་མེད་གསུངས་ཅི།༣ །གང་ཕྱིར་སྐྱེ་ཤི་འདུ་འབྲལ་མེད།་ །ཅི་ཕྱིར་བགྲོད་རྩོལ་ཡེ་ནས་མེད།༥ །ཐེག་པའི་རྒྱལ་པོ་ཆོ་ག་གང་།༦ །ཡེ་སངས་རྒྱས་པའི་ཀློང་འདི་གང་།༧ །སངས་རྒྱས་སེམས་ཅན་ཇི་ལྟར་གཅིག་ །མཁའ་མཉམ་གནས་པའི་ཚུལ་འདི་ལྟར།༩ །དཔེ་དང་ཚུལ་གྱི་ཚད་མ་གང་།༡༠ །རྟོག་དང་སྒྲིབ་པ་ཇི་ལྟར་བལྟ།༡༡ ཁྱབ་པ་ཆེན་པོའི་ཚད་ཅི་ལགས།༡༢ །འབྲས་བུ་ཡོད་མེད་ཚུལ་ཇི་ལྟ།༡༣ །དེ་ཡི་༡༤མཚན་ཉིད་སྣང་༡༥ཚུལ་ཅི། །ནམ་མཁའི་མཐའ་དང་མཉམ་སྦྱོར་བས། །འགྲོ་བ་སྐྱོབ་པའི་ཚུལ་ཉིད་ཅི།༡༦ །སྐལ་ལྡན་བསྟན་པའི་གནས་འདི་ཅི།༡་ །འཇུག་པའི་ལམ་ཚུལ་ཇི་ལྟར་བདེ།༡༨ །ཐབས་ལ་དགག་སྒྲུབ་ཇི་ལྟ་བུ། །སྤྱོད་དང་དམ་ཚིག་ཁྱད་པར་ཅི། ཁོགོས་རབ་སྦྱོར་བའི་ཚུལ་ཇི་ལྟར། །མཐར་ཕྱིན་གནས་པའི་མན་ངག་དུ། །ཡེ་ཤེས་ཉི་མ་བཅོམ་ལྡན་འདས། །རང་བྱུང་ཐིག་ལེ་བཅོམ་ལྡན་འདས། །རང་བྱུང་རྒྱལ་བའི་བཅོམ་ལྡན་འདས། ཁུསྨྱུ་མེད་རྐྱེན་བྲལ་བཅོམ་ལྡན་འདས། །རྩོལ་བའི་ཆུ་བོ་འཇོམས་པའི་མཆོག །གདོད་ནས་དག་པ་དེ་བཞིན་གཤེགས། །ནམ་མཁའི་མཐའ་རབ་ལ་འབྱོར་བ། །ཡིད་བཞིན་ནོར་བུ་ཀུན་འཆང་བ། །དཔག་མེད་ནམ་མཁའ་རྒྱས་པའི་མཛོད། །འཆིང་གྲོལ་མེད་པས་ཡེ་སངས་རྒྱས། །ཆེ་བའི་ཆེ་བ་ཀུན་ལ་ཁྱབ། །བསྒོམ་དུ་མེད་དེ་ཐིག་ལེའི་དོན། །བརྗོད་དུ་མེད་པས་ཚིག་དང་བྲལ། །སྟོང་ཆེན་ཉིད་པས་སྟོང་རྟོག་བྲལ། །ནམ་མཁའ་རང་བྱུང་རྟག་པའི་སྐུ། །ཀུན་གྱི་ཐུགས་རྗེ་ཁྱབ་བའི་ཕྱིར། །འདོད་ཆགས་ནམ་མཁའ་མཉམ་སྦྱོར་བས། །མཐའ་དང་བྲལ་བས་དབུ་མའི་ལམ། །ཀུན་བྱེད་སངས་རྒྱས་ཀུན་གྱི་མཆོག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཀུན་འདུས་བྱ་བྲལ་རྫོགས་པའི་ཀློང་། །བསྡུ་མཛད་ཁྱབ་མཛད་ནད་སེལ་བ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཀུན་གྱི་བདག་པོ་རྨད་དུ་བྱུང་། །རྡོ་རྗེ་ཉི་ཆེན་འབར་བ་ལྟར། །ཀུན་ལ་སྣང་བས་སྤོང་ལེན་མེད། །ནམ་མཁའ་རྒྱས་པའི་མཐའ་དང་མཚུངས། །བསྟན་པའི་འབྱུང་གནས་རྫོགས་པའི་ལུང་། །མཁའ་ལྟར་ཁྱབ་ཅིང་ཀུན་ལ་བཞུགས། །སྐྱེ་མེད་ཡེ་ཤེས་རྡོ་རྗེ་སེམས། །ཆོས་སྐུ་ཀློང་ཡངས་པདྨའི་ངང་། །དུས་གསུམ་དུས་མེད་དུས་ཀྱི་དབྱིངས། །ཀུན་ཏུ་བཟང་པོ་ཆོས་ཉིད་ངང་། །དབྱེ་བསལ་བླང་དོར་མེད་པའི་ས། །སྐུ་ནི་ཁམས་གསུམ་ཀུན་ལ་ཁྱབ། །གསུང་ནི་ནམ་མཁའི་ཁམས་སུ་སྦྱོར། །ཐུགས་ནི་རྣམ་པ་ཀུན་མཁྱེན་ཉིད། །ཡོན་ཏན་འཕྲིན་ལས་ཀུན་ལ་སྣང་། །ཡང་རབ་སྦྱངས་མཐའ་འདིར་རྫོགས་ཕྱིར། །བདེ་ཆེན་ཀློང་གི་རྒྱུད་གསུངས་ཏེ། །མཐར་ཐུག་མེད་པའི་འགྲོ་གང་དག །བྱ་བྲལ་ལམ་ལ་གནས་མཛད་རིགས། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །རྒྱུད་ཀྱི་སྙིང་པོ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་སྐད་གསོལ་པ་གནས་གྱུར་ཏེ། །རྡོ་རྗེ་འཆང་ཆེན་ཆོས་ཀྱི་སྐུ། །རྡོ་རྗེ་སེམས་དཔའ་དཔལ་དང་ལྡན། །རྒྱལ་བ་ཀུན་གྱི་སངས་རྒྱས་སྐུ། །ནམ་མཁའི་མཐའ་དང་མཉམ་སྦྱོར་བས། ཁམས་གསུམ་འགྲོ་བ་མ་ལུས་ཀུན། །སྙིང་པོར་རང་བྱུང་མ་རྟོགས་ཕྱིར། །མཐའ་ཐུག་མེད་པའི་མུན་པར་འཁྱམས། །དེ་རྟོགས་བྱ་ཕྱིར་ལེགས་པར་བཤད། །ལེགས་སོ་རང་བྱུང་སེམས་དཔའ་ལེགས། །རྒྱུད་ཀྱི་དོན་བསྡུས་སྙིང་པོ་ལེགས། །མི་འགལ་དོན་དང་འཐུན་པ་ལེགས། །དེ་ཕྱིར་ངེས་པར་ལེགས་སོ་ལེགས། །ཀུན་གྱི་རྒྱུ་རྐྱེན་ལྔ་བྱུང་བ། །དེ་ཉིད་རང་བྱུང་བདག་ཉིད་ཆེ། །བདག་ཉིད་རང་བྱུང་ཡིན་པའི་ཕྱིར། །དེ་ཕྱིར་གཞན་མེད་རང་བྱུང་ངོ་། །སྐྱེ་དང་རྟེན་དང་སྨིན་སྡུད་གཡོ། །དབང་པོ་ཡུལ་དང་གཟུང་འཛིན་འཐས། །རྟོགས་པ་ནམ་མཁའ་མཉམ་སྦྱོར་བ། །རང་ལས་རང་བྱུང་དག་པའི་ཀློང་། །བདེ་དང་སྡུག་བསྔལ་བཏང་སྙོམས་དང་། །གཡོ་མེད་རྟག་ཆད་ཁམས་གསུམ་དང་། །རིགས་དྲུག་རྒྱུད་ལྔ་སྐྱེ་བ་བཞི། །རང་ཉིད་སྣང་བས་རང་བྱུང་ཉིད། །ཚད་མེད་བཞི་དང་བསྡུ་བ་དང་། །ལས་དང་ས་དང་ཕ་རོལ་ཕྱིན། །བསམ་གཏན་ཚད་མེད་བྱང་ཆུབ་ཕྱོགས། །རང་བྱུང་སེམས་ཉིད་དག་པའི་ཀློང་། །ཆགས་སྡང་ལྔ་དང་འདོད་ཡོན་ལྔ། ཁམས་དང་འདུ་བྱེད་ལ་སོགས་པ། །མ་འདྲེས་རང་མཚན་སོ་སོ་ཡང་། །རང་བྱུང་ཀུན་བྱེད་བྱང་ཆུབ་སེམས། །ལུགས་དང་ལུགས་མིན་ཚུལ་གྱུར་པས། །ཕྱིན་ནང་གཉིས་སུ་སློས་འཁྲུལ་བཟུང་། །འབྲས་བུ་གཉིས་ཐོབ་སྣང་མེད་ཀློང་། །ཀློང་ལས་ལྷག་པའི་དོན་གཞན་མེད། །གཞི་རྟོགས་གཞི་བཞུགས་འབྲས་ཐོབ་སྟེ། །བདག་དོན་གྲུབ་པས་མྱ་ངན་འདས། །འགགས་ཕྱིར་ཐར་པ་རོ་བྲལ་ཡང་། །རང་བྱུང་མཁའ་མཉམ་ཀློང་དུ་གཅིག །གཉིས་རྟོགས་ལམ་ལྔ་ས་བཅུ་ཡིས། །ཕ་རོལ་ཕྱིན་དྲུག་བཅུར་ལྡན་པས། །མཐར་ཐུག་མེད་པར་བགྲོད་བཙལ་ཡང་། །རང་བྱུང་ཉིད་ལ་ཐམས་ཅད་འདུས། །དཀའ་ཐུབ་ཉིད་ཀྱིས་ལུས་གདུངས་ཤིང་། །མཐོ་དམན་གཙང་སྨྲེའི་ཚུལ་བཟུང་ནས། །མ་ལུས་གསུམ་འདོད་དོན་དུ་ཉམས། །དེ་ཉིད་མཁའ་མཉམ་ཀློང་གི་ངང་། །གཉིས་བཞུགས་རྗེས་འཐུན་ཚུལ་འཛིན་ཅིང་། །ལྟ་སྤྱོད་གཉིས་ཀ་བྱེ་བྲག་སྤྱོད། །ཕྲ་མེན་གནས་སྤྱོད་རི་བཞི་འཛིན། །རྟོག་པས་ཕྱེ་ཡང་རང་བྱུང་ངང་། །མཚན་མའི་ཆོ་ག་ལྔ་ཡི་ཚུལ། །འོག་མིན་སངས་རྒྱས་གཟུགས་སུ་ལྡང་། །དེ་ཉིད་རྟོག་པའི་གཟུགས་ཡིན་ཏེ། །རང་བྱུང་སེམས་ཉིད་ཀློང་གི་སྐུ། ཁམས་དང་འདུ་བྱེད་རང་གི་ལྷ། །མ་སྐྱེས་ངང་ལ་ཁྲོ་ཞིང་སྐྱེས། །ངང་ཉིད་རང་བྱུང་སེམས་ལས་མེད། །དབྱིངས་ལས་ཡེ་ཤེས་སྐུར་ལྡང་བ། །མཁའ་ལ་གཟའ་སྐར་བཀྲམ་བའི་ཚུལ། །དོན་དུ་གཉིས་མེད་གཅིག་གི་ངང་། །དེ་ཉིད་རང་བྱུང་བྱང་ཆུབ་སེམས། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་། །བཅུ་གཉིས་སྡེ་གསུམ་རྒྱུད་གསུམ་སོགས། །གྲངས་ལས་འདས་པས་ཅིར་བརྟགས་ཀྱང་། །རང་བྱུང་དག་པའི་ཀློང་དུ་འདུས། །མཁའ་མཉམ་ཀློང་དང་མཉམ་སྦྱོར་བས། །ནམ་མཁའ་རྒྱུ་རྐྱེན་མེད་པ་ལྟར། །སེམས་ལ་གདོད་ནས་རྒྱུ་རྐྱེན་མེད། །མ་སྐྱེས་མི་དམིགས་ཅིར་མི་དགོས། །རང་བྱུང་དག་པའི་སྙིང་པོ་ལ། ་།གས་དང་ཕྱེད་བྱས་རང་བཞིན་ཉིད། །སྒྲོ་སྐུར་དག་པས་མཉམ་པའི་ངང་། །དེ་ལྟར་མི་འཛིན་མཐའ་ལ་འདས། །སྣང་མེད་མ་བཙལ་ཆོས་དབྱིངས་ནི། །མ་བཙལ་གཞག་པས་འབྲས་བུ་ཡིན། །བཙལ་ན་ཚི་ཆད་དོན་མེད་ཕྱིར། །མཁའ་མཉམ་འབྲས་བུ་ག་ལ་འགྲུབ། །གང་ཕྱིར་རང་བྱུང་བྱང་ཆུབ་ནི། ཁ་དོག་མ་ཡིན་དབྱིབས་མ་ཡིན། །སྣང་བ་མེད་པའི་སྙིང་པོ་སྟེ། །གཉིས་མེད་བཙལ་བྲལ་བྱང་ཆུབ་ཡིན། །བརྟག་མེད་རང་བྱུང་སྙིང་པོ་ལ། །ཇི་ལྟར་བརྟགས་པས་དོན་དང་འགལ། །རྟོག་མེད་རང་བྱུང་དོན་རྟོགས་པས། །ལམ་ལྔ་ས་བཅུ་བགྲོད་མི་དགོས། །ཇི་སྙེད་ཏིང་འཛིན་འབུམ་ཕྲག་དང་། །ཞི་གནས་ལྷག་མཐོང་འབྱུང་འཇུག་གིས། །བསྐལ་པ་གྲངས་མེད་བཙལ་གྱུར་ཀྱང་། །རང་ལས་འབྱུང་གིས་གཞན་དུ་མིན། །བཙལ་དུ་མེད་པའི་སྙིང་པོ་ལ། །འཛིན་རྩོལ་མེད་པའི་སེམས་ཀྱིས་གནས། །བྱ་བྱེད་མེད་པའི་ཆོས་ཉིད་ལ། །རང་བྱུང་བཙལ་མེད་དབྱིངས་ཀྱི་གནས། །རང་བྱུང་རང་གིས་རང་དམིགས་པས། །དམིགས་སུ་མེད་པའི་སྙིང་པོ་ནི། །བཙལ་དུ་མེད་པར་རང་ལས་བྱུང་། །བརྟག་ཏུ་མེད་དེ་ཡུལ་དང་བྲལ། །བསྒོམ་དུ་མེད་དེ་ཆོས་དབྱིངས་ཀློང་། །བསྒྲུབ་ཏུ་མེད་དེ་ཡེ་སངས་རྒྱས། །སྤོང་དང་སྦྱོང་དང་འབྱེད་དང་སློབ། །དག་དང་དབང་བྱེད་སྤོང་ལེན་མེད། །དེ་ཉིད་རྟོགས་པའི་རྒྱུན་འབྲངས་ནས། །གདོད་ནས་བྱང་ཆུབ་ག་ལ་ཡིན། །ཡེ་མཐོང་བྱས་ཟིན་བཀོད་པ་ཟིན། ཁུ།བ་ཟིན་ཡེ་སངས་རྒྱས་ཟིན་པས། །བསྒྲུབ་བཅིང་བཙལ་དུ་ཡེ་ནས་མེད། །རང་བྱུང་དག་པས་མཐོང་ཆ་ཟད། །དེ་ཡང་འཛིན་པའི་ཆོས་ཉིད་ཡིན། །འཛིན་མེད་ཆོས་ཀྱི་སྙིང་པོ་ལ། །ཆོས་ཀྱི་སྒོ་མོར་བརྡར་བརྟགས་ཀྱང་། །ཆོས་ཀྱི་ཕུང་པོ་ཟད་མཐའ་མེད། །རྟོག་པའི་འདུ་ཤེས་གང་སྐྱེས་ཀྱང་། །མཁའ་མཉམ་ཀློང་དུ་ཡེ་གཅིག་སྟེ། །བཟང་ངན་བླང་དོར་ཡེ་བྲལ་ནས། །བཅོས་འཛིན་མེད་དེ་ཡེ་ཤེས་ཀློང་། ཁྱུང་གིས་གར་འཕུར་ནམ་མཁའི་དབྱིངས། །ཉ་ཡིས་གར་འཕྱོས་རྒྱ་མཚོའི་འཇིངས། །རྟོག་པ་ཅི་སྐྱེ་ཆོས་ཀྱི་དབྱིངས། །སེམས་ཀྱིས་གར་བལྟས་ཡེ་ཤེས་ཀློང་། །མཁའ་མཉམ་དབྱིངས་ལས་འདའ་བ་མེད། །རྒྱལ་བའི་ཡོན་ཏན་རྨད་བྱུང་བ། །ཀུན་ཀྱང་རང་བྱུང་དག་པའི་དབྱིངས། །ཞིང་ཁམས་མཐའ་ཡས་རྡུལ་སྙེད་ནས། །དཔག་ཏུ་མེད་པའི་རྒྱལ་བ་རྣམས། །དེ་བཞིན་ཉིད་ལ་གནས་མཛད་པ། །རང་བྱུང་སེམས་ཉིད་ཀློང་གི་ངང་། །མཚན་དང་དཔེ་བྱད་འོད་འབར་བ། །ཚོགས་གཉིས་རྫོགས་པའི་རྒྱལ་བ་རྣམས། །རྟོག་དང་གདུལ་བྱའི་དབང་གིས་སྣང་། །ཀུན་ཀྱང་སྙིང་པོ་རང་ལ་གནས། །ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས། །གང་ཕྱིར་རྒྱལ་བ་དེ་རྣམས་ནི། །སྐུ་གསུང་ཐུགས་སོ་ཡོན་ཏན་དང་། །འཕྲིན་ལས་སྟོབས་དང་མི་འཇིག་དང་། །སྨོན་ལམ་དབང་མཁྱེན་གྲངས་ལས་འདས། །ནམ་མཁའི་ཁམས་དང་མཉམ་སྦྱོར་བས། །འབྲས་བུ་གྲངས་མེད་རྩོལ་བ་མེད། །དེ་ཕྱིར་མཁའ་མཉམ་དེ་བཞིན་གཤེགས། །རང་བྱུང་དག་པའི་དབྱིངས་ཉིད་ཡིན། །གང་ཕྱིར་མཐར་ཐུག་མེད་པ་ཡང་། །རང་བྱུང་དབྱིངས་ལས་གར་མ་ཡིན། །རྒྱུ་དང་རྐྱེན་གྱིས་བསླད་པ་མེད། །རང་བྱུང་ཡེ་ཤེས་བརྗོད་དང་བྲལ། །མི་གནས་ཡེ་ཤེས་བདེ་ཆེན་པོ། །ཡེ་ཤེས་ཉིད་པས་གདོད་བཙལ་མེད། །ཀུན་མཁྱེན་ཉིད་པས་བསྒྲིབས་དང་བྲལ། །རང་བྱུང་ཉིད་པས་གཞན་པ་མེད། །མཉམ་ཉིད་མཁའ་ལྟར་གནས་པའི་དོན། །ཐིག་ལེ་གཅིག་པས་སྤྲོ་བསྡུ་བྲལ། །སྐྱེ་ཤི་མེད་པས་རྟག་ཆེན་པོ། །ཟླུམས་དང་ཆ་ཤས་མེད་པ་དང་། །ཀུན་ཏུ་བརྡལ་དང་མ་ནོར་དང་། །མ་བཅོས་གཅིག་གི་ངང་གནས་པས། །ཐིག་ལེ་ཆེན་པོ་མཉམ་ཉིད་ཀློང་། །མཁའ་ལ་ཉི་མ་འབུམ་བརྡལ་ཞིང་། །འཁོར་བའི་མུན་པ་དུས་གཅིག་འཇོམས། །ཀུན་གསལ་མེ་ལོང་འོད་པོ་ཆེ། །རང་ལས་རང་གསལ་རང་གི་ངང་། ཁྱབ་བརྡལ་རྡོ་རྗེ་སེམས་དཔའི་མཆོག །ཟླ་བ་དྲི་མེད་ཞལ་མངའ་ཞིང་། །ནམ་མཁའ་ཀློང་ཡངས་ཀུན་གྱི་བླ། །འདི་ནི་རང་བྱུང་ཡེ་ཤེས་ཏེ། །ཀུན་བཟང་རྡོ་རྗེ་སེམས་དཔས་བཤད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །རང་བྱུང་གི་ཡེ་ཤེས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སེམས་ཀྱི་ཀློང་ཆེན་ཀུན་ཏུ་རྒྱས། །སེལ་མེད་པ་དང་ཟབ་པ་དང་། །རྒྱ་ཆེན་རླབས་ལྡན་འཁྲུག་པ་མེད། །མ་བཅོས་དག་པས་ཀློང་གི་དོན། །སྣ་ཚོགས་ཉིད་ཕྱིར་དེ་སེམས་ཉིད། །འདོད་དང་སྡང་རྨོངས་མཐོང་ཕྲག་དོག །སེམས་ཉིད་དག་ཕྱིར་སྤང་བ་མེད། །མི་སྡུག་བྱམས་དང་འབྱེད་པ་དང་། །དམའ་དང་ཡངས་སེམས་བླང་ས་མེད། །དབང་པོ་ལྔ་ཡི་སྤྱོད་ཡུལ་ལ། །མཁའ་མཉམ་ཀློང་ཆེན་མཉམ་སྦྱོར་བས། །བདག་ཉིད་ནམ་མཁའི་སྤྱོད་ཡུལ་ལ། །ཅི་ལའང་ཆགས་ཤིང་ལེན་པ་མེད། །མཐོ་དང་ཡངས་དང་ཀུན་འབྱུང་དང་། །རྟོག་པར་དཀའ་དང་བླང་གྱུར་དང་། །རྟོག་མེད་ཀུན་ཁྱབ་དེ་ཉིད་ཕྱིར། །ནམ་མཁའ་འབྱུང་བའི་རྒྱལ་པོ་ཡིན། །དེ་བཞིན་སེམས་ཉིད་རང་བྱང་སྟེ། །དེ་ལྟར་སྣང་ཕྱིར་ཐིག་ལེ་གཅིག །དཔེ་དོན་འདྲ་ཕྱིར་དོན་ལའང་འཐུན། །དེ་ཡང་རང་རྒྱུང་སེམས་ཉིད་ཡིན། །སྲ་དང་མི་ཤིགས་བསྐྱེད་པ་དང་། །བཟང་ངན་མེད་དང་རྟེན་པའི་ཕྱིར། །ས་ནི་འབྱུང་བའི་སྐྱེད་གཞི་ཡིན། །དེ་ཉིད་རྟོག་ཡིན་སེམས་ཉིད་ཀློང་། །དེ་བཞིན་སེམས་ཉིད་དེ་བཞིནཉིད། །དེཉིདའབྱུང་བ་ཆེན་པོར་བཤད། །སྡུད་དང་རླབས་དང་ཟབ་འབྱུང་དང་། །ལན་ཚྭ་རོ་གཅིག་ཇི་བཞིནདུ། །སེམས་ཉིད་དེ་དང་འདྲར་མཚུངས་ཏེ། ཁྱབ་བདག་འཆང་ཆེན་དཔའ་བོས་བཤད། །སྨིན་དང་སྲེག་དང་དྲོ་བ་དང་། །ངོ་བོ་མེད་ལ་དོན་བྱེད་ནུས། །དེ་ཡང་རང་བྱུང་ཆེན་པོ་ཡིན། །དེ་ཉིད་ཀུན་བྱེད་བྱང་ཆུབ་སེམས། །བསྐྱེད་དང་འཐོར་ཡེང་ཀུན་གྱི་རྟེན། །ཐོགས་མེད་མགྱོགས་པར་རྒྱུག་པ་ལྟར། །རང་རྒྱུང་སེམས་ཀྱང་དེ་བཞིན་ཏེ། །དེ་ཉིད་བྱང་ཆུབ་སེམས་ཉིད་ཀློང་། །གྲོལ་དང་མ་གྲོལ་ལ་སོགས་པ། །གཉིས་སུ་རྟོག་པ་ཐམས་ཅད་མཐའ། །མཐའ་བྲལ་དབུས་མའང་དེ་བཞིན་ཏེ། །དབུས་ཡོད་མཐའ་ཡས་དེ་བཞིན་འབྱུང་། །སེམས་ཀྱི་ཀློང་ལས་ཅི་ཡང་སྣང་། །མཉམ་ཉིད་ངང་ལས་འདོད་དགུར་བསྒྱུར། །མ་བཅོས་མ་ཡེངས་གནས་པ་གསུམ། །དེ་ཉིད་རྣམ་པར་རྟོག་པ་ཡིན། །གང་ཡང་མ་ཡིན་དེ་བཞིན་ཉིད། །ཇི་སྲིད་མཚན་མ་གཡོ་བ་ཀུན། །རང་བྱུང་སེམས་ཀྱི་ཀློང་བརྡལ་བས། །ཡེ་ཤེས་ཉིད་ལ་ཉིད་སྤྱོད་དེ། །བཅོས་པ་མེད་དེ་ཡེ་ཤེས་ཀློང་། །དམྱལ་བའི་སྡུག་བསྔལ་ཅི་མཐོང་ཡང་། །ཡེ་ཤེས་རོལ་བ་ཉིད་ཡིན་ན། །བདེ་སྡུག་མཚན་མ་ཅི་བྱུང་ཡང་། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཐམས་ཅད་སྣང་ན་སྣང་དུ་ཟད། །ཡེ་ཤེས་རོལ་བ་མ་འགགས་པའོ། །ཀུན་ཀྱང་སྟོང་ན་སྟོང་དུ་ཟད། །རྟག་པའི་ངོ་བོ་ཡེ་ནས་མེད། །རྟག་ན་རྟག་སྟེ་ཆོས་ཀྱི་དབྱིངས། །འགྱུར་བ་མེད་པའི་ལྷུན་ལ་གནས། །ཆད་ན་ཆད་དེ་ཆད་དང་བྲལ། །བྱང་ཆུབ་ཉིད་དེ་ལོག་རྒྱུན་ཆད། །ཀུན་ཀྱང་རང་བ་ཁོ་ཡེ་ཤེས་ཀློང་། །ཀློང་ལས་མ་བྱུང་ཆོས་མེད་ཅིང་། །ཀློང་ཉིད་མ་ཡིན་གཅིག་ཀྱང་མེད། །ཀློང་དུ་མ་འདུས་གང་ཡང་མེད། དེ་ཕྱིར་རང་བྱུང་བཅོས་མེད་ཀློང་། །ཀློང་གིས་ཀློང་གི་དོན་རྟོགས་པས། །ཀློང་ལ་སྐྱེ་ཤི་འདུ་འབྲལ་མེད། །ཀློང་ལ་ཡེངས་མེད་བསྒོམ་པའང་མེད། །ཀློང་ལ་བགྲོད་མེད་བཙལ་དུ་མེད། །མ་བཅོས་བྱང་ཆུབ་སྙིང་པོ་ལ། །གང་ལྟར་བརྟགསཔསཚིགགིམཐའ། །མཐར་རྟོག་མཐའ་སྟེ་དབུས་འཛིན་མཐའ། །དེ་ལྟར་བརྟགས་པས་དབུས་མི་རྙེད། །དབུས་འདོད་མཐའ་དང་བྲལ་མི་སྲིད། །མཐའ་དབུས་ཀློང་དུ་ངེས་པར་འདུས། །སེམས་ཀྱིས་སེམས་ཚོལ་ཅི་ཞིག་རྙེད། །སེམས་དེ་རྙེད་ན་འཁྲུལ་པའི་ལམ། །འཁྲུལ་པར་མཐོང་ཉིད་འཁྲུལ་པ་སྟེ། །མ་འཁྲུལ་པ་ཡང་འཁྲུལ་པའི་ཆོས། །ངེས་པར་ཀློང་གི་དོན་བརྟགས་ན། །འཁྲུལ་རྒྱུ་མེད་པས་འཁྲུལ་པ་མེད། །སེམས་ལ་དམིགས་མེད་སྤྱད་དུ་མེད། །དབུས་ལ་མི་གནས་མཐའ་མི་སྤོང་། །མི་རྟོག་མི་གནས་ཅིར་མི་བསམ མི་བསམ་མི་འབྲང་ངང་གིས་ཞི། །སེམས་ཀྱི་ཀློང་ལ་བདག་གཞན་མེད། །ཏིང་འཛིན་ཀློང་ལ་ཡེངས་པ་མེད། །སྩོད་པའི་ཀློང་ལ་སྤང་བླང་མེད། །མཉམ་ཉིད་ཀློང་ལ་ཆེ་ཆུང་མེད། །ཐིག་ལེའི་ཀློང་ལ་སྤྲོ་བསྡུ་མེད། །ལྟ་བའི་ཀློང་ལ་གཟའ་གཏད་མེད། །འཕྲིན་ལས་ཀློང་ལ་བྱ་བཙལ་མེད། །རྟོགས་པའི་ཀློང་ལ་གཟུང་འཛིན་མེད། །ཀུན་ཀྱང་ཡེ་ཤེས་ཆེན་པོའི་ཀློང་། །ཀློང་ཡངས་ནམ་མཁའི་རང་བཞིན་ལ། །སྤྲུལ་པའི་ཆོ་འཕྲུལ་གང་བྱུང་བ། །དེ་ཉིད་ཡེ་ཤེས་ཆེན་པོར་རྟོགས། །ལྟ་བའི་ངོ་བོ་བརྗོད་དུ་མེད། །ཏིང་འཛིན་གསལ་ལ་ཡེངས་པ་མེད། །སྤྱོད་པ་འཛིན་དང་ཆགས་པ་མེད། །དེ་ལྟར་སུས་རྟོགས་སངས་རྒྱས་ཡིན། །འགྲོ་དྲུག་སངས་རྒྱས་ཡིན་པར་ངེས། །རང་སེམས་བཙལ་མེད་ཆོས་སྐུར་ངེས། །ཐམས་ཅད་བདག་ཉིད་ཆེན་པོར་ངེས། །ངེས་པ་རྙེད་ནས་འགྱུར་མི་སྲིད། །ག་་ཕྱིར་བདེ་ཆེན་མྱོང་འདོད་པས། །མ་བཅོས་མ་བརྟགས་མ་ཡེངས་པ། །གསལ་བ་བཞི་ལྡན་རྣལ་འབྱོར་པས། །གཞག་པའི་ཐབས་སུ་ཤེས་པར་བྱ། །བྱུང་ཚོར་རྟོག་པ་རྐུན་བུ་དང་། །ཆེད་དུ་བྱས་དང་ཤུགས་ལས་བྱུང་། །རང་ལས་བྱུང་སྟེ་ངོ་བོ་སྟོང་། །བྱུང་ཚོར་ཚོར་བ་གདེང་གིས་ཞི། །བསམ་དུ་མེད་པའི་རང་བཞིན་ནི། །བསམ་པས་ཅི་བསམ་རྟོག་པའི་རྒྱུན། །བསམ་དུ་མེད་དང་གཞན་མེད་དང་། །འགལ་ཕྱིར་ཅི་ཡང་མི་བསམ་མོ། །སོམས་ཤིག་བསམས་པ་མ་བྱེད་ཅིག །མ་ཆགས་པ་ལ་ཆགས་པ་མེད། །ཆགས་པ་ལ་ཡང་ཆགས་པ་མེད། །ཆུ་ལ་རི་མོ་བྲིས་པ་ལྟར། །གསལ་བར་བྱུང་ཡང་དམིགས་དང་བྲལ། །སངས་རྒྱས་མ་ལུས་ཀུན་འདུས་པས། །མཐའ་ཐུག་མེད་པའི་ཆོས་བསྟན་ནས། །སོ་སོར་འཚམ་པ་འདུལ་མོད་ཀྱང་། །ངེས་པའི་དོན་ལ་གཅིག་ལས་མེད། །མཁའ་མཉམ་ཀློང་དུ་ཀུན་འདུས་པས། །གཉིས་པར་བསམ་པ་ཡེ་ནས་མེད། །གཅིག་ཏུ་བསམ་དུ་མེད་པ་ཉིད། །མི་བསམ་པ་ཉིད་བསམ་པའི་མཐའ། །ཡི་གེ་མེད་པའི་རྒྱུད་ལས་ནི། །ཇི་ལྟར་འཐུན་པ་དེ་ལྟར་གྲགས། ཁ་དོག་རིགས་བརྒྱུད་ཀུན་བྲལ་བ། །ཡི་གེའི་མཐའ་རུ་ཅི་སྟེ་རུང་། །གང་ཞིག་མེད་པ་ཉིད་ཡོད་ཅེས། །བྱིས་བ་སྒྲོ་སྐུར་གཉིས་ཀར་འདོད། །ཡེ་ཤེས་མཐའ་བྲལ་སྟོང་ཉིད་ལ། །ཡོད་དམ་མེད་ཅེས་ཅི་བྱར་ཡོད། །སྒོམ་ཞེས་དམིགས་འཇོམས་ཆགས་སེམས་ལ། །བྲལ་འདོད་ཆགས་པ་སྤོང་ཉིད་ཆགས། །མ་ཆགས་པ་ཉིད་ཆགས་ཡིན་ན། །ཆགས་པ་བཙལ་བས་གཏིང་མི་རྙེད། །གཏིང་མཐའ་མེད་པའི་ནམ་མཁའ་ལ། །དམིགས་འཛིན་སྒོམ་འདོད་བྱིས་པའི་ལས། །ཆེད་བྱས་བྱང་ཆུབ་ཐོབ་འདོད་པས། །རྒྱ་མཚོའི་ཐིགས་པ་བགྲང་བ་འདྲ། །ཡོད་པས་མ་ཡིན་མེད་པས་མིན། །གཉིས་ཀས་ཀྱང་ནི་མ་ཡིན་ཏེ། །མཐའ་མེད་འཛིན་བྲལ་སྙིང་པོ་ཡིས། །བྱང་ཆུབ་ཆོས་ཀྱི་དབྱིངས་ཉིད་མཐོང་། །དེ་བཞིན་མ་བཅོས་མཉམ་ཉིད་ཡང་། །གང་ལྟར་མཐོང་བ་དེ་ལྟར་ཡིན། །གང་ཕྱིར་བརྟགས་ན་དེ་མིན་ཏེ། །གཉིས་ཀ་རྟོག་པ་ཉིད་ཀྱི་མཐའ། །དབུས་མཐའ་མེད་པའི་སེམས་ཉིད་ལ། །དེ་ལྟར་འདོད་པས་འཁྲུལ་པའི་ལམ། །དགག་པའང་དེ་ལྟར་ཡིན་ཤེས་པས། །འདི་ལྟར་ཅི་ཡང་མི་གཟུང་ངོ་། །གང་ཕྱིར་མཁྱེན་ལྡན་དམ་པ་ཡིས། །ངེས་པའི་ཀློང་འདི་མཐོང་མ་ཐག །ལུང་ཐོབ་རྒྱལ་སྲས་དམ་པ་སྟེ། །སྨྲ་བའི་སེང་གེ་རྒོལ་བ་འཇོམས། །བདུད་བཞི་ཆོམས་ཀྱིས་ད་མ་རྩོལ། །དངོས་གྲུབ་ཐོབ་ཀྱི་ད་མ་རྩོལ། །བདུད་རྩི་འཐུངས་ཀྱིས་ད་མ་སློབ། །ཀུན་བཟང་རིག་པའི་སྤྱོད་ཡུལ་ལས། །དམན་པའི་སྤྱོད་ཡུལ་ག་ལ་ཡིན། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུ་ཆེན་པོ་ལས། སེམས་ཀྱི་ཀློང་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ་། །བྱང་ཆུབ་ཀྱི་ནི་བསླབ་པ་སྟེ། །བསླབ་ཏུ་མེད་པའི་བསླབ་པ་དེ། །བསླབ་པར་ངེས་པ་ཉིད་ཡིན་ནོ། །བསླབ་ཅིང་གོམས་པ་མེད་པ་ནི། །རང་བྱུང་མ་བཅོས་སེམས་ཉིད་ཡིན། །འདི་ནི་ཀུན་བྱེད་རྒྱལ་པོ་སྟེ། །ངེས་པར་འདི་ཞེས་བསྟན་དུ་མེད། །མེད་པར་བསྟན་དམིགས་བཅིངས་བྱེད་པ། །མ་བཅིངས་བཅིངས་པའི་མདུད་པས་བསྡམ། །བཙལ་ཞིང་བསླད་པས་སླར་ཞིང་དམ། །བཅིངས་མེད་གྲོལ་མེད་ཡེ་ནས་གནས། །འགྲོ་བས་དུག་ཏུ་ཀུན་བརྟགས་ཏེ། །ཡེ་ནས་དེ་བཞིན་བདུད་རྩིར་གནས། །དེ་ཉིད་སེམས་ཉིད་དམ་པ་སྟེ། ཁྱབ་པར་གནས་པའི་སོ་དང་བྲལ། །སེམས་ལ་སྐྱེ་ཤི་གདོད་ནས་མེད། །སེམས་ལ་དམིགས་སུ་ཡེ་ནས་མེད། །སེམས་ལ་རིགས་བརྒྱུད་ཡེ་ནས་མེད། །སེམས་ལ་ཁ་དོག་ཡེ་ནས་མེད། །སེམས་ལ་མཚོན་དུ་ཡེ་ནས་མེད། །སེམས་ལ་བརྗོད་པའི་ཐ་སྙད་མེད། །སེམས་ལ་གནས་དང་གཟའ་གཏད་མེད། །སེམས་ལ་འཕོ་ཞིང་འཀྱུར་བ་མེད། །སེམས་ལ་སེམས་ཀྱིས་བརྟག་ཏུ་མེད། །སེམས་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །སེམས་ལ་ལྟུང་སྒྲིབ་གོལ་ས་མེད། །སེམས་ལ་དགེ་དང་སྡིག་བ་མེད། །ཡོད་པ་གདགས་པ་མེད་བཞིན་དུ། །མེད་པ་ཉིད་ཀྱང་ཡོང་མ་ཡིན། །རྟག་པ་མེད་ཅིང་ཆད་པའང་མེད། །སེམས་ལ་བགྲོད་པ་ཡེ་ནས་མེད། སེམས་ལ་སེམས་ཀྱིས་བསྒོམ་དུ་མེད། །སེམས་ལ་གཞག་བ་མེད་པའང་མེད། །སེམས་ལ་རྒྱུ་རྐྱེན་ཡེ་ནས་མེད། །ནམ་མཁའ་རྒྱས་པའི་མཐའ་བཞིན་དུ། །གདོད་ནས་མ་ཁྱབ་མེད་པར་གནས། །བསླབ་པ་མེད་པས་བསླབ་ཏུ་མེད། །སངས་རྒྱས་མེད་དེ་ཆོས་ཀྱང་མེད། །དགེ་འདུན་ཡང་ནི་དེ་བཞིན་ཏེ། །ལམ་དང་ས་དང་ཚད་ཀྱང་མེད། །མེད་པ་མ་ཡིན་སྙིང་པོའི་དོན། །འདི་ནི་ཐོག་མ་ཐ་མ་མེད། །གྲོལ་བ་རང་བྱུང་ཞི་བའི་ལམ། །རེ་དོག་མེད་པས་འདབ་ཆགས་ཉིད། །མཁའ་ལ་ཐོགས་པ་མེད་བཞིན་ནོ། །བསྐལ་པ་ཀུན་གྱི་སྔོན་རོལ་དུ། །ང་ཉིད་གཅིག་པུ་སྔོན་དུ་བྱུང་། །ང་མེད་པ་ཡི་སྔོན་རོལ་ན། །དུས་གསུམ་སངས་རྒྱས་མིང་ཡང་མེད། །ང་མེད་པ་ཡི་སྔོན་རོལ་ན། ཁམས་གསུམ་རྒྱུད་དྲུག་ཡེ་ནས་མེད། །ང་མེད་པ་ཡི་སྔོན་རོལ་ན། །འབྱུང་བ་ལྔ་པོ་ཡེ་ནས་མེད། །ང་མེད་པ་ཡི་སྔོན་རོལ་ན། །བརྟགས་པའི་མཚན་མ་ཡེ་ནས་མེད། །ང་མེད་པ་ཡི་སྔོན་རོལ་ན། །མཐོ་རིག་ངན་སོང་ཡེ་ནས་མེད། །ང་མེད་པ་ཡི་སྔོན་རོལ་ན། །བྱད་པར་མ་ལུས་ཀུན་མེད་པའོ། །དེ་ཕྱིར་ང་ཉིད་པུ་གཅིག་སྟེ། །ང་ལ་གོམས་པས་བསླབ་པ་རྫོགས། །མཐར་ཐུག་མེད་པས་མགྱོགས་བགྲོད་ཀྱང་། །ཆོས་ཀྱི་དབྱིངས་ལས་གར་མ་ཕྱིན། །བསྐལ་བའི་མེ་རི་འབར་བ་ཡིས། ཁམས་གསུམ་ཕྱོགས་བཅུ་ཀུན་བསྲེགས་ཀྱང་ང་ལ་བསྲེགས་དང་ཚིག་པ་མེད། །དེ་ཉིད་བྱང་ཆུབ་སྙིང་པོའི་སྐུ། །བསྐལ་བའི་ཆུབ་འཁྲུག་ཀུན་བཀྲུས་ཀྱང་། །ང་ཡི་ལྗགས་ཀྱི་མཐའ་མ་རླན། །དུས་གསུམ་སངས་རྒྱས་སྲསཔོཔ། །དུསགཅིགལྟོབརགསོལ་ན་ཡང་། །མཉམ་ཉིད་དབྱིངས་ལ་མི་གཡོ་བས། །འགྲངས་བསྒྲིབ་མེད་པ་ང་ཡི་ལྟོ། ཁམས་གསུམ་རྒྱུད་དྲུག་ཀློང་ན་ཉལ། །དུག་ལྔ་དུག་གསུམ་ལྷོ་ན་འཕྱོ། །ཐེག་པའི་བྱེ་བྲག་གཅིག་ཏུ་རྫོགས། །ཀུན་ཀྱང་ཡེ་ཤེས་གསལ་བའི་ངང་། །སྨྲ་བའི་སེང་གེ་རི་དགས་རྒྱལ། །ཟིལ་གནོན་གཅིག་པུ་རང་བྱུང་བ། །ཐེག་པའི་སྤྱི་གཅོད་མཁའ་ལྟར་ཡངས། །ཡེ་སངས་རྒྱས་སོ་བཙལ་དུ་མེད། །ཉི་མའི་སྙིང་པོར་རང་གནས་པ། །འོད་ལ་བཙལ་བ་མི་དགོས་ལྟར། །བསླབ་པ་གཅིག་པའི་དོན་རིག་ན། །བསླབ་པ་མ་ལུས་གཅིག་ལ་རྫོགས། །ཡང་དག་སངས་རྒྱས་ལམ་རིག་པས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཆེན་པོ་རྣམས། །གང་ཕྱིར་སངས་རྒྱས་ལམ་ཡིན་པས། །དེ་དག་འདོད་པའི་སྐྱེས་བུ་ཡིས། །རང་བྱུང་བྱང་ཆུབ་ཆེན་པོ་ལ། །ཀུན་ལ་སྦུབས་དང་ལྟས་ངན་བརླག །མི་འབྱེད་མཐོ་དམན་རྟོག་པ་མེད། །གང་ཕྱིར་ཞབྲུལ་པའི་དུག་ལྔ་ནི། །ཡེ་ནས་ཡེ་ཤེས་རང་སྣང་བས། །ཉི་མའི་དཀྱིལ་ན་མུན་སྟོང་བཞིན། །འཁྲུལ་དང་མ་འཁྲུལ་གཉིས་ཀ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །གང་ཕྱིར་སྐུ་གསུམ་ངོ་བོའི་ཕྱིར། །དབང་དུ་མེད་དེ་ཉིད་ཀྱི་དབྱིངས། །ཡེ་ནས་ཆོས་དབྱིངས་དམ་པ་ཉིད། །རང་བྱུང་དབྱིངས་ཀྱི་རོལ་པ་ཡིས། །འདོད་ཡོན་ནམ་མཁའ་མཉམ་སྦྱོར་བས། །རང་ལས་བྱུང་བའི་ལོངས་སྤྱོད་ལ། །རང་གི་རོལ་པ་ཅིར་ཡང་མཛད། །ཡེ་ཤེས་དབྱིངས་ལ་ཆགས་པ་དང་། །ཐུགས་རྗེ་དབྱིངས་ལ་ཆགས་པ་དང་། །ཏིང་འཛིན་རླུད་དུ་ཆགས་པ་ནི། །ཆགས་མེད་ཆགས་པ་དམ་པ་ཡིན། །རྟོག་པའི་དྲ་བ་འཇོམས་པ་དང་། །མ་རིག་པ་ཉིད་རིག་པར་འཇོམས། །ཆེད་འཇོམས་མཉམ་པའང་བཅོས་བྱས་ནས། །ཞི་བ་ཆེན་པོའི་ངང་ལ་གནས། །ང་དང་བདག་ཏུ་མི་འབྱེད་ཅིང་། །ཆོས་དབྱིངས་ཡེ་ཤེས་མི་འབྱེད་ལ། །མཉམ་གཞག་ཡུལ་དུ་མི་འབྱེད་པ། །ཀླུངས་སུ་ཞུགས་པ་དམ་ཚིག་ཡིན། །ལྟ་བ་མངོན་པར་མཐོ་བ་དང་། །ཏིང་འཛིན་ཡེངས་མེད་ཀླུང་གནས་དང་། །རྣམ་རྟོག་རི་བོས་མི་བསྐྱོད་པ། །ཡེ་ཤེས་གདེང་དང་ལྡན་པ་ཡིན། །ཆོས་དབྱིངས་གཟུང་འཛིན་མེད་པ་དང་། །ལྟ་བ་ཕྱོགས་རིགས་ལས་འདས་པ། །ཏིང་འཛིན་རྣམ་རྟོག་མི་ཆུད་པ། །འདི་ནི་ཐེག་ཆེན་ཕྲག་དོག་གོ །རིག་པ་ཀླུང་ལས་མ་ཡེངས་ཤིང་། །ཡེ་ཤེས་དབྱིངས་ལས་མ་ཡེངས་ལ། །ཀུན་ཀྱང་མཉམ་པར་མ་ཡེངས་ན། །ཆོས་ཀྱི་ཀླུང་ལ་གནས་པ་ཡིན། །སེམས་ཉིད་ཆོས་སྐུ་ཡིན་པ་དང་། །མྱོང་ཚོར་སྒོ་གསུམ་ཀུན་ལོངས་སྤྱོད། །ངེས་ལ་དོན་མེད་སྤྲུལ་བའི་ཕྱིར། །ཀུ་ཀྱང་སྐུ་གསུམ་ལས་མི་འདའ། །དེ་ཕྱིར་གང་ལ་དེ་བསླབས་པ། །བསླབ་པའི་སྒོ་ནི་མཐའ་ཡས་པ ངེས་པར་འདིར་འདུས་ངེས་པ་སྟེ། །དེ་ལ་ངེས་པར་བསླབ་པར་བྱ། །གང་ཕྱིར་བསླབ་པའི་མཐའ་གསུངས་པ། །གཅིགལདུསགཅིགཀུནརྫོགས་པས། །བསླབ་མཐའ་རྡུལ་དང་གྲངས་མཉམ་པ། །འདིར་འདུས་རྫོགས་པ་ངོ་མཚར་ཆེ། །ཐེག་པའི་བྲལ་ཐབས་ཆ་མཉམ་པ། །ངེས་པར་ཐིག་ལེ་གཅིག་བསྡུས་ལ། །གཅིག་གི་དོན་ལ་གང་གནས་པ། །ཐོས་པ་བསམ་པ་འདིར་མི་དགོས། །ཡེ་ནས་ལྷག་པའི་དམ་ཚིག་ལ། །མ་སྐྱེས་པ་དང་མི་གནས་དང་། །གདོད་ནས་འདར་མེད་རང་བཞིན་ལ། །དམ་ཚིག་གྲངས་ཀྱིས་བསྲུང་དང་བྲལ། །བརྒྱད་ཁྲི་བཞི་སྟོང་ཀུན་བསྟན་ཡང་། །ཡེ་ནས་མཁའ་མཉམ་ཀློང་འདིར་གཅིག །ཐིག་ལེ་གཅིག་ལ་གང་གནས་པ། །ཡེ་ནས་གཅིག་པས་འཐུན་བསྡེབས་ལ། །རང་སེམས་ཆོས་དབྱིངས་མངག་མཁས་པ། །མཐའ་ཡས་ཀུན་ལ་དེ་མཁས་པས། །རྩ་བ་ཆོས་དབྱིངས་འདིར་འདུས་པས། །ཚིག་ལ་མཁས་པར་བྱ་མི་དགོས། །མངོན་སུམ་མཐོང་མེད་མཐོང་བའི་མིག །ཐོས་པ་མི་རིགས་སྙད་དང་བྲལ། །འདི་ལྟར་མཁས་པའི་རྣལ་འབྱོར་ལ། །ལྟ་བ་གཟའ་གཏད་གདོད་ནས་བྲལ། །བསྒོམ་དུ་མེད་པའི་ཆོས་དབྱིངས་ལ། །སྒོམ་དང་མི་སྒོམ་ཐ་དད་མེད། །ཡེ་ནས་མ་བཅོས་སྙིང་པོ་ལ། །སྒོམ་པ་འཁྲུལ་ཏེ་ལོག་པའི་ལམ། །ནམ་མཁའ་མཐའ་ཡས་སྤྱོད་པ་ལ། །སྤྱད་དང་མི་སྦྱད་རིས་མེད་དེ། །ཐོགས་ཆགས་མེད་དེ་རྟོག་ང་འི་ལས། །དོར་དང་མི་དོར་འཛིན་པ་འཁྲུལ། །ཡེ་ནས་ཆེ་བཙན་བདག་གྱུར་ཅིག །ང་ལས་མ་བྱུང་མེད་པ་དང་། །རང་གིས་རང་ལ་དབང་སྒྱུར་བས། །རིམ་པ་དབང་གི་བགྲོད་དང་བྲལ། །དམིགས་དང་ཤེས་བྱ་བསྒྲུབ་པའི་དོན། །རང་བྱུང་སེམས་ཉིད་རང་ཤར་བས། །བསྒྲུབ་ཅིང་བཙལ་བ་གདོད་ནས་མེད། །དེ་ཕྱིར་དོན་གྲུབ་མན་ངག་འཁྲུལ། །ཡེ་ནས་ཐིག་ལེའི་རང་བཞིན་ལ། །སྤྲོས་པ་མེད་ཅིང་བསྡུ་བ་མེད། །གཅིག་ཏུ་འཛིན་པའང་འཁྲུལ་པའི་ལམ། །དེ་ཕྱིར་དགོས་པ་འདི་ལ་མེད། །རིག་པ་མཚན་མར་མ་འབྲངས་པས། །རང་བྱུང་ཡེ་ཤེས་གནས་སུ་རྫོགས། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །བསླབ་ཏུ་མེད་པའི་ལེའུ་སྟེ་ལྔ་པའོ།། ༣ །།དེ་ནས་གཞན་ཡང་བཤད་བྱ་བ། །སྐྱེ་ཤི་འདུ་འབྲལ་མེད་པའི་དོན། །རང་བྱུང་རྟོག་བྲལ་ཡེ་ཤེས་ལ། །ལྟ་འདོད་རྟོག་པ་འཁྲུལ་པའི་ལམ། །གདོད་ནས་རྒྱུ་དང་རྐྱེན་མེད་པས། །ཐམས་ཅད་སྐྱེ་ཤི་སྣང་བ་མེད། །གདོད་ནས་མེད་པའི་ཆོས་འདི་ལ། །ཡོད་དང་མེད་ཅེས་ཅི་བྱར་ཡོད། །སྐྱེ་བ་མེད་པའི་ཆོས་ཉིད་ལ། །སྐྱེ་ཞེས་སྟོན་པ་འཁྲུལ་པའི་ལམ། །གདོད་ནས་མ་སྐྱེས་སྙིང་པོ་ལ། །སྐྱེས་པའི་ངོ་བོ་ཇི་ལྟར་འགྲུབ། །མ་སྐྱེས་པ་ཉིད་དེས་མཚོན་ཡང་། །དེ་ལྟར་དེ་ཉིད་མཐའ་ཡིན་ཏེ། །ངེས་པའི་དོན་ལ་གང་གནས་པ། །མ་སྐྱེས་པ་ཡི་སྙིང་པོ་ལ། །སྐྱེ་བ་མེད་པས་འགགས་པའང་མེད། །དེར་སྣང་དེ་ཉིད་སྙིང་པོ་ལ། །དགག་དང་མི་དགག་རྟོག་པའི་ལམ། །མཁའ་ལ་བྱ་ལམཚུལབཞིནདུ། །སྐྱེསདང་མ་སྐྱེས་འགག་པ་མེད། །མ་བཅོས་མ་ནོར་ཆོས་ཀྱི་དབྱིངས། །མཉམ་ཉིད་ཆོས་སྐུ་ཐ་སྙད་བྲལ། །བསྟན་པ་དེ་ཀུན་ཐ་སྙད་ཡིན། །སྐྱེ་ཤི་འཁྲུལ་འཁྲུལ་འཁོར་བའི་ལམ། །དེ་དག་གཉིས་པར་དབྱེར་མེད་པར། །གདོད་ནས་སྐྱེ་ཤི་མེད་པའི་ཐུགས། །འཛམ་བུ་གསེར་གླིང་ཇི་བཞིན་ནོ། །རང་བྱུང་རྨད་གྲགས་སྙིང་པོ་ནི། །རྒྱལ་བ་ཀུན་གྱི་རྗེ་བཙུན་པས། །ཡོངས་ལ་སྙོམས་པའི་ཐུགས་རྗེ་འབྱུང་། །མཁའ་ལ་ཉི་མ་འབུམ་བརྡལ་བཞིན། །རང་བྱུང་ཐུགས་རྗེ་བྱིན་རླབས་ཀྱིས། །རང་བཞིན་འདུལ་དང་ཐུགས་རྗེས་འདུལ། །ཐབས་དང་དྲག་ཤུལ་ཉིད་དག་གིས། །གཅིག་ཀྱང་ཡལ་བར་དོར་མི་མཛད། །ཟླ་བ་སྐྱེ་འབྲི་མེད་པ་ལ། །འཁྲུལ་པས་སྐྱེ་འབྲིར་མཐོང་བ་ལྟར། །མ་སྐྱེས་སྙིང་པོ་བྱང་ཆུབ་ལ། །སྐྱེ་ཤིར་འདོགས་པ་གློ་བུར་ཡིན། །མ་རྟོག་ལོག་རྟོགས་ཕྱོགས་རྟོགས་པ། །ཡང་དག་མ་རྟོགས་སེམས་ཅན་ལ། །ཐབས་ཀྱིས་འདོད་དགུར་གྱུར་པའི་དཔལ། །དེ་ཡང་རང་བྱུང་སེམས་ཉིད་ཡིན། །ནམ་མཁའ་ཡངས་པའི་མཚན་ཉིད་ལ། །ཆོ་འཕྲུལ་མཚན་མ་ཅི་སྣང་ཡང་། །འགག་པ་མེད་པར་འབྱུང་མོད་ཀྱི། །དེ་ཉིད་ནམ་མཁའི་རང་བཞིན་ཡིན། །འབབ་ཆུ་ལུ་མ་ལྟེང་ཀ་དང་། །མཚོ་དང་ཆུ་མིག་ལ་སོགས་པ། །ཆུ་དང་གཤེར་བར་བྱེ་བྲག་མེད། །གཟུགས་དང་རྒྱུན་དང་བུམ་པ་དང་། །མི་མཐུན་བྱེད་བྲག་མཐའ་ཡས་པ། །འདོད་དགུར་སྤྱོད་ཅིང་འདོད་དགུར་བསྒྱུར། །དེ་ཉིད་གསེར་དུ་གཅིག་པ་ལྟར། །སྐྱེ་ཤི་འདུ་འབྲལ་དགེ་སྡིག་དང་། །ཆགས་དང་མ་ཆགས་བླང་དང་དོར། །ཡོད་མེད་རྟག་ཆད་ལ་སོགས་པ། །རང་བྱུང་ཡེ་ཤེས་ཉིད་དུ་གཅིག །མཁའ་མཉམ་ཀློང་གི་དཀྱིལ་འཁོར་ལ། །སྐྱེ་ཤི་མཚན་མ་གདོད་ནས་དག །གང་ཞིག་དག་པར་རོལ་བ་ནི། །ནམ་མཁའ་དག་ལ་འཁྲུལ་འདོད་འདྲ། །སྐྱེ་ཤི་སྤངས་ནས་མེད་འདོད་པ། །གཟུགས་འགགས་ནས་ནི་གྲིབ་འཚོར་འདྲ། །སྐྱེ་ཤི་མེད་པ་ཉིད་རྟོགས་ན། །སྐྱེ་ཤིའི་རྟོག་པ་སྨོས་ཅི་དགོས། །བདེ་སྡུག་ཁྱད་པར་གང་བྱུང་བ སོ་སོར་སྣང་བ་མའི་གག་གོ །རང་བྱུང་ཡེ་ཤེས་ཆེན་པོ་ཡིན། །དེ་ལས་གཞན་པ་ཡོད་མ་ཡིན། །ཐེག་པའི་བྱེ་བྲག་ཅིར་བསྟན་པ། །སོ་སོར་དོན་དྲུག་བྱ་བ་མེད། །དེ་ཀུན་རྫོགས་ཆེན་ངང་ཡིན་པས། །མཁའ་མཉམ་ཀློང་དུ་ངེས་པར་འདུས། །རང་བྱུང་ཆོས་དབྱིངས་ནམ་མཁའ་ལ། །རྣམ་རྟོག་རྡུལ་གྱིས་གོས་པ་མེད། །སྐྱོན་ཉིད་ཡོན་ཏན་ཆེན་པོ་ལ། །གཡོ་མཚན་བྱང་ཆུབ་ཆེན་པོར་འགྱུར། །ཇི་ལྟར་པདྨ་དམར་པོ་ལ། །འདམ་སྐྱེས་ཉེས་པ་གདོད་ནས་དག །འཇམ་དང་ལེགས་དང་མདོག་གསལ་དང་། །བསིལ་དང་མི་སྙེད་རིང་དུ་འཚོ། །དེ་ཉིད་ཡོན་ཏན་དེ་ལས་བྱུང་། །རྣམ་རྟོག་ཡེ་ཤེས་ཆོས་ཉིད་ལ། །ཆོས་ཉིད་དགག་པར་ག་ལ་འགྱུར། །བསམ་གྱིས་མི་ཁྱབ་ཆོས་འདི་ལ། །བསམ་པས་མཐའ་ཐུག་ག་ལ་འབྱུང་། །སྐྱེ་ཤི་ཉིད་ཀྱང་ཆོས་ཉིད་ཀློང་། །སྡུག་བསྔལ་ཉིད་ཀྱང་བྱང་ཆུབ་ལམ། །བྱུང་ཚོར་མ་བཅོས་བདལ་བའི་དབྱིངས། །ཉོན་མོངས་ལྔ་ཡང་ཡེ་ཤེས་ཀློང་། ཁམས་གསུམ་ཡེ་ནས་ཆོས་དབྱིངས་སུ། །འགྲོ་དྲུག་རྒྱལ་བའི་སྲས་པོར་ཤར། ཁྲར་མེད་ནུབ་མེད་དེ་བཞིན་ཉིད། །དེ་ཉིད་རང་བྱུང་རོལ་པར་གཅིག །དེ་ལྟར་ངེས་པ་ཅི་ཞེ་ན། །བསམ་གྱིས་མི་ཁྱབ་དབྱིངས་ཤེས་པས། །དེ་ལ་མཚོན་དུ་རུང་མོད་ཀྱི། །བསམ་མི་ཁྱབ་ལ་བསམས་པས་ཕྱིན། །ཀུན་བཞི་ནམ་མཁའི་དཀྱིལ་འཁོར་ནི། །རང་བྱུང་འོད་ཀྱི་དཀྱིལ་འཁོར་འཕྲོ། །འགྲོ་དྲུག་བྱང་ཆུབ་སྙིང་པོར་སྒྲལ། །འཁོར་བ་གདོད་ནས་དག་པར་སྦྱངས། །གང་ལྟར་སྣང་བ་ཡེ་ཤེས་རོལ། །ཇི་ལྟར་སྣང་བ་ཀུན་བཟང་ཉིད། །མི་ཆགས་མི་དགོས་བདེ་བ་ཆེ། །འདི་ནི་བྱང་ཆུབ་སེམས་ཀྱི་ལུང་། །རིང་དུ་བཙལ་བས་ཅི་ཞིག་རྙེད། །རྙེད་དུ་མེད་པའི་ཆོས་དབྱིངས་ལ། །བྱང་ཆུབ་སྙིང་པོར་དེ་མ་ཐག །བཙལ་བས་རང་བྱུང་རང་ལ་ཐུག །རང་གསལ་ཡེ་ཤེས་གཞལ་ཡས་སུ། །ཉི་མ་འབུམ་གྱི་འོད་གསལ་བས། །མ་རིག་འཁོར་བ་གདོད་ནས་མེད། །དེ་ཡང་རང་བྱུང་དག་པ་ཡིན། །གདོད་ནས་རྟག་པ་ཆེན་པོ་ལ། །སྐྱེ་ཤི་གཉིས་སུ་གང་གིས་བཏགས། །ཡེ་ནས་སྟོང་ཆེན་མཆོག་ཉིད་ལ། །སྟོང་ཉིད་སྨྲ་བའང་གོལ་བའི་ལམ། །གདོད་ནས་རང་བྱུང་ཡེ་ཤེས་ལ། །རྒྱུ་དང་རྐྱེན་དུ་སུ་ཡིས་བཏགས། །དོན་ཉིད་རང་བྱུང་སྐྱེ་ཤི་མེད། །འདུ་འབྲལ་མེད་པར་མ་རྟོགས་པར། །ལོག་རྟོག་ཚིག་གིས་བཙན་ཐབས་ཀྱིས། །སྐྱེ་ཤི་མེད་པར་སྒྲོ་བཏགས་ཏེ། །ལོག་རྟོག་སྒྲ་ཕྱིར་བློ་འབྲངས་པས། །དགེ་སྡིག་གདོད་ནས་མེད་ཅེས་སྨྲ། །སྐུར་འདེབས་དམྱལ་བ་ཆེན་པོར་ལྷུང་། །གང་ཞིག་བླང་དོར་མེད་པར་སྤྱོད། །དེ་ཉིད་བླང་དོར་ཆེན་པོ་སྟེ། །ཆེད་དུ་བྱས་པས་བླང་དོར་བས། །ལོག་པར་ལྟུང་བའི་གགས་ཆེན་ཡིན། །གང་ཞིག་དེ་ཉིད་དོན་རྟོགས་པས། །ལོག་སྤྱོད་བྱང་ཆུབ་ལམ་དུ་འགྱུར། །ཟིན་པས་རྩོལ་བའི་རི་བོ་འཇོམས། །བདུད་ཀྱི་སྤྱོད་པའང་བྱང་ཆུབ་ན། །གཞན་ལྟ་སྨོས་པ་ཅི་ཞིག་དགོས། །བླང་དང་དོར་བ་རྟོགས་པ་ཉིད། །གང་ལྟར་སྤྱོད་ཀྱང་ཡ་མི་ང་། །དགེ་དང་སྡིག་པར་མི་འབྱེད་དེ། །མཉམ་ཉིད་སྙིང་པོར་ཡེ་གཅིག་ཕྱིར། །མཉམ་པར་མ་གཞག་མ་ཡེངས་ལ། །ཏིང་འཛིན་མཚན་མར་བཏགས་པ་ཟད། །ཏིང་འཛིན་མཉམ་པའི་ངང་ཉིད་ལ། །ཕ་རོལ་ཕྱིན་བཅུ་དུས་གཅིག་རྫོགས། །ས་བཅུ་བགྲོད་མེད་དུས་གཅིག་རྫོགས། །གང་ལའང་མི་གནས་དེ་བཞིན་ཉིད། །སྟོང་པའི་སྟོང་པ་འདུ་ཤེས་སྤངས། །རྟོག་པའི་དུ་ཤེས་ཀུན་བྲལ་བས། །མ་ཡེངས་མཉམ་པར་གཞག་པའི་ངང་། །འདུ་ཤེས་བྲལ་བའི་དབྱིངས་ལ་རྫོགས། །སྒོམ་བྲལ་གསལ་ཡང་རྣམ་རྟོག་མེད། །མཚོན་པའི་ཚིག་བྲལ་མཉམ་པའི་གཏེར། །ཅི་ཡང་མ་ཡིན་ཀུན་ཀྱང་ཡིན། །བསམ་དང་བྲལ་ལོ་དམིགས་སུ་མེད། །བྱ་བྲལ་རིག་པ་མཆོག་གི་ཀློང་། །ཆོས་ཉིད་མ་བཅོས་ཡུལ་བྲལ་བས། །ཆོས་དང་ཆོས་ཅན་གདགས་སུ་མེད། །མཉམ་ཉིད་རིག་པ་བདེ་བའི་ཀླུང་། །གཉིས་མེད་ཡེ་༄༅། ཁྲེས་ཅིར་མི་གནས། །སྟོང་པའི་འདུ་ཤེས་དམན་པའི་སེམས། །རང་བྱུང་རྩོལ་བྲལ་ལྷུན་གྲུབ་ལ། །མཆོག་བྲལ་ཉིད་དུ་མཚོན་དང་བྲལ། །བསམ་བྲལ་རིག་པ་ཅིར་མི་དགོངས། །དུས་ཚད་གཅིག་ལ་འོད་འབར་ལུང་། །མ་སྐྱེས་དབྱིངས་ལ་འཆི་བ་མེད། །འདུ་འབྲལ་མེད་པ་དབྱིངས་ཀྱི་ངང་། །སྟོང་པའི་སྟོང་པ་མཐའ་དབུས་མེད། །ཡེ་ཤེས་ཉི་མ་དུས་གཅིག་འཆར། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །སྐྱེ་ཤི་མེད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བགྲོད་བྲལ་ཡེ་ཤེས་མཆོག་གི་ལམ། །ལམ་དང་ལམ་གྱི་གོལ་ས་ཡིས། །རྩོལ་བྲལ་རིག་པ་དོན་ལ་སྤྱོར། །དོན་ཚུལ་དཔེ་ཡིས་མཉམ་སྦྱར་ནས། །མཁའ་མཉམ་ཀློང་གི་དོན་ལ་འཇུག །ཕྱི་ནང་སྣོད་བཅུད་ཆོས་ཀྱི་སྐུ། །རང་བྱུང་རིག་པ་མཆོག་གི་ཀློང་། །བྱ་བྲལ་གཟའ་བའི་ཡུལ་ལ་ས་འདས། །རང་བྱུང་རིག་པ་མཆོག་གི་ལམ། །མཚོན་བྲལ་ཉམས་ལྡན་ཡེ་ཤེས་ནི། །ནམ་མཁའི་མཐའ་ལས་ལོངས་སྤྱོད་ཅིང་། ཁམས་གསུམ་གསང་བའི་ཐར་ལམ་དུ། །འགྲོ་འོང་མེད་པའི་ཡེ་ཤེས་གསལ། །རིམ་པས་མ་ཡིན་དུས་གཅིག་གནས། །སྤྲོ་མེད་བསྡུ་མེད་དེ་བཞིན་ཉིད། །ཕྱི་ནང་མེད་དེ་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་གསལ་བའི་འོད། །ནམ་མཁའ་ཁྱབ་པའི་དུས་གཅིག་བདལ། །རང་གསལ་རྒྱལ་པོའི་ངོ་བོ་གསུམ། །སྐུ་གསུམ་རང་འཆར་རིག་པའི་རྩལ། །ཡེ་གནས་པ་དང་རྟོགས་པའི་དོན། །དོན་གྱི་ལམ་དུ་ཤེས་པར་བྱ། །དོན་ནི་མ་ནོར་དབུ་མའི་ལམ། །ཇི་བཞིན་ཀླུང་དུ་ཞུགས་པ་རྟོགས། །བརྟགས་ན་རིག་པ་གསལ་བའི་བརྟགས། །ཅིར་ཡང་གསལ་ལ་གང་ཡང་མེད། །རང་བྱུང་འོད་གསལ་མཉམ་པར་ཟད། །མཚན་མའི་ཐ་སྙད་ཡུལ་ལས་འདས། །དམིགས་བྲལ་དབུ་མ་དྲང་པོའི་ལམ། །ཕྱོགས་བྲལ་ནམ་མཁའ་རྒྱས་པའི་མཐའ། །གསལ་ལ་དམིགས་འཇུག་བྲལ་བའི་ལུང་། །སྒྲོ་མེད་སྐུར་བྲལ་རིག་པའི་ཀློང་། །བྱ་བྲལ་རྫོགས་༼པ༽དོན་གྱི་ལུང་། །རིག་པ་གསལ་བའི་ཉམས་དང་ལྡན། །བརྗོད་མེད་མ་བརྗོད་དག་པ་ལས། །བརྗོད་པའི་སྒྲ་ཡིས་འཁོར་ལོ་ཅན། །བརྗོད་པའི་མཚན་མའི་ཁྱད་པར་གྱིས། །བརྗོད་མེད་རིག་པ་གཏན་ལ་འབེབས། །བརྗོད་མེད་བརྗོད་པའི་དོན་ཡིན་ཡང་། །བརྗོད་མེད་བརྗོད་པས་གཏན་ལ་འབེབས། །བརྗོད་མེད་ཆོས་དབྱིངས་ལམ་རྟོགས་ན། །བརྗོད་དང་མི་བརྗོད་ཀུན་དང་བྲལ། །བརྗོད་པ་རྒྱལ་པོ་གསུང་མཆོག་ལ། །དགག་དང་བསྒྲུབ་པར་འཛིན་མི་བྱེད། །བརྗོད་པས་བརྗོད་མེད་རྟོགས་པའི་ཚུལ། །པྲ་ཀྲི་གསལ་བར་ཤེས་པར་བྱ། །བརྗོད་མེད་བརྗོད་པའི་ཞབྲུལ་ཚིག་གིས། །ཇི་བཞིན་རིག་པ་མ་མཚོན་ན། །རང་གསལ་ཡེ་ཤེས་མཆོག་གི་སྒོ། །རྟོག་མེད་ཐབས་ཀྱི་ལམ་དང་བྲལ། །ལུང་དང་བླ་མའི་མན་ངག་གིས། །ཇི་བཞིན་རིག་པའི་མཐུ་མེད་པར། །རང་རྟོགས་ལོག་པའི་སྒྲ་ཚིག་གིས། །གསང་བ་སྤྱོད་པ་ཕུང་བའི་རྒྱུད། །ལོང་བས་ལོང་བ་ཁྲིད་པ་ལྟར། །ལོག་པའི་གཡང་ས་ཆེན་པོར་ལྷུང་། །འཇིག་རྟེན་བཅས་ཀར་འགྱུར་བ་དང་། །གསང་བ་འཇིག་པའི་རྒྱུ་རུ་འགྱུར། །ཇི་བཞིན་མ་ཡིན་བསླད་པ་ཡིན། །ཡང་དག་ངེས་པའི་དོན་མི་མཐོང་། །འདྲེས་པའི་ཐེག་པར་གྱུར་བའི་མཐུས། །འཇིག་རྟེན་ཕྲ་མེན་ཐེག་པར་འགྱུར། །རྫོགས་ཆེན་མ་བཅོས་དོན་དང་འགལ། །འགྱུར་མེད་གསང་བའི་དོན་ལས་ཉམས། །རིག་པ་རང་གསལ་ཀླུང་དང་ཕྲལ། །རྣམ་རྟོག་རྩོལ་བའི་ལྕགས་ཀྱིས་བསྡམས། །ཇི་ལྟར་མར་མེ་གསལ་བ་བཞིན། །འཛིན་མེད་རྐྱེན་བྲལ་སྟོབས་ཀྱིས་་འཇུག །འབབ་ཆུ་ལྟ་བུའི་མན་ངག་གིས། །ཇི་ལྟར་གནས་པ་དེ་ལྟར་གཞག །རིན་ཆེན་ས་གཞི་འབར་བ་ལྟར། །ཀུན་ཀྱང་དེ་བཞིན་ཉིད་དུ་གསལ། །པདྨ་དམར་པོ་ལྟ་བུ་ཡི། །དེ་ལྟ་ཉིད་ནི་ཆགས་དང་བྲལ། །ཀ་ལ་པིང་ཀ་ཇི་བཞིན་དུ། །གདོད་ནས་མ་སྦྱངས་ཅིག་ཅར་རྫོགས། །མ་བཅོས་གསེར་གྱི་རང་བཞིན་ལྟར། །ཀུན་ཀྱང་རང་གསལ་གཅིག་ཏུ་གནས། །ཉི་མའི་སྙིང་པོ་ཇི་བཞིན་དུ། །ཐུགས་རྗེ་འགྲོ་འོང་མེད་པར་བརྡལ། །རྒྱ་མཚོ་ཆེན་པོའི་རྦ་རླབས་ལྟར། །ཅིར་ཡང་སྣང་ཞིང་ཉིད་དུ་འདུས། །ནོར་བུ་རིན་ཆེན་འབར་བ་ལྟར། །གདོད་ནས་དཔག་མེད་ལྷུན་གྱིས་རྫོགས། ཁེལ་ལྟར་དག་པའིརངབཞིནལ། །ཇིལྷར་བལྟས་པ་དེ་ལྟར་སྣང་། །མི་འགྱུར་ནག་པོའི་རང་བཞིན་ལ། །ཆོས་དབྱིངས་མ་བཅོས་རྐྱེན་དང་བྲལ། །ལན་ཚྭ་ལྡན་པའི་རྒྱ་མཚོ་ལྟར། །ཡེ་ཤེས་རྣམ་གྲོལ་རོ་དང་ལྡན། །ནམ་མཁའ་རྒྱ་ཆེན་ཇི་བཞིན་དུ། །བཅོས་མེད་ཡེ་གསལ་ཉིད་དུ་གནས། །བྱ་བྱེད་མེད་པའི་ཚུལ་གྱིས་སུ། །རང་གསལ་རིག་པའི་དོན་ལ་འཇུག །འབྱུང་འཇུག་མེད་པའི་རྣལ་འབྱོར་གྱིས། །ཇི་ལྟར་མཉམ་པ་ཉིད་དུ་གསལ། །ཡུལ་སེམས་གཉིས་མེད་ཐུག་ཕྲད་ལུང་། །མ་བརྟགས་རང་གསལ་འོད་པོ་ཆེ། །བརྟགས་ན་མཉམ་པའི་དོན་དང་འགལ། །རི་བོ་མེས་བསྲེགས་མན་ངག་གིས། །མཉམ་ཉིད་རོལ་བའི་ཞིང་དུ་བལྟ། །ཙན་དན་ནགས་ཚལ་མན་ངག་གིས། །ཀུན་ཀྱང་རང་གསལ་མི་གཡོའི་ལུང་། །ཆུ་དྲག་ལྟ་བུའི་མན་ངག་གིས། །གཡེང་དང་དྲུག་པོའི་དོན་དུ་གསུངས། །དྲན་མེད་རིག་པའི་མན་ངག་ནི། །མ་བཅོས་རང་གསལ་གཞག་པས་གོ །ཡུལ་མེད་རང་གསལ་མཆོག་གི་ཀློང་། །འབྱུང་འཇུག་མེད་པའི་ཐབས་ཀྱིས་གོ །རང་བྱུང་མ་བཅོས་རྫོགས་ཆེན་ལ། །ཀུན་རྟོག་བརྟགས་པ་གྲུབ་མ་གྲུབ། །མཚན་མའི་ཚིག་གི་ཁྱད་པར་ལས། །དོན་ལ་རྟོགས་པ་རྟག་ཆད་ལམ། །རང་བྱུང་བྱང་ཆུབ་སེམས་ཉིད་ནི། །ཀུན་བརྟགས་ཉིད་དུ་སྣང་མོད་ཀྱིས། །ཡེ་ཤེས་ཉིད་ཕྱིར་མཐའ་དང་བྲལ། །མ་གྲུབ་སྙིང་མའི་སྙིང་པོ་ལྷར། །གནས་ཀྱང་ཞབྲུལ་པའི་ངོ་བོ་སྣང་། །འཁོར་བ་བློ་བུར་ཉིད་ཡིན་ན། །མྱ་ངན་འདསཔདེབཞིནཏེ། །ཐུགཔ་མེད་པར་འགྱུར་བ་དང་། །མུ་སྟེགས་བློ་བུར་ཆད་པར་ལྟུང་། །གང་འཛིན་དེ་ཉིད་ལྟུང་བའི་རྒྱུ། །འཛིན་བྲལ་ལྟུང་མེད་འཇིགས་དང་བྲལ། །ཕྱོགས་བྲལ་ཆོས་ལ་ཕྱོགས་འཛིན་པ། །རང་བྱུང་ཕྱོགས་མེད་ཉིད་དང་འགལ། །ཀུན་བརྟགས་དངོས་ལ་མ་གྲུབ་ན། །འཁོར་བའི་སེམས་ཅན་ཅི་ལས་འབྱུང་། །ཐམས་ཅད་འཁོར་བ་དོང་སྤྲུགས་ལས། །བསྟན་པའི་ཆོས་ཀྱི་གང་ལ་དགོས། །འཁོར་བ་རང་གསལ་ལྷུན་གྲུབ་ལ། །དགག་སྒྲུབ་མཁའ་ལ་མཐོས་འཇལ་འདྲ། །དངོས་ལ་མ་གྲུབ་ད་ལྟ་ཡོད། །ཐ་མ་སྟོང་པ་ཉིད་ལྟ་ཞེས། །མཐར་འཛིན་ལོང་བ་གྲོང་ཁྱེར་པ། །མུ་སྟེགས་ཆད་པའི་ཁབ་ཡིན་ནོ། །རང་གསལ་གཞན་གསལ་གཉིས་ཀ་མཐའ། །མཁྱེན་པས་དབུས་ལའང་གནས་མི་འགྱུར། །རང་གསལ་རང་འཛིན མཐའ་ཡིན་ལ། །གཞན་གསལ་གཞན་བྱུང་རྒྱུ་རྐྱེན་མཐའ། །དེ་དག་མ་རབས་བྱིས་བའི་སེམས། །དེ་ཡི་རང་བྱུང་དོན་མི་མཐོང་ བཙལ་བས་བྱང་ཆུབ་སེམས་མི་རྙེད། །མ་བཙལ་བས་ཀྱང་དེ་བཞིན་མིན། །བཙལ་དང་མ་བཙལ་དབུ་མའི་ལམ། །ཡེ་ཤེས་འོད་གསལ་གྲུབ་པར་འགྲུབ། །ཕྱོགས་བྲལ་མཉམ་པའི་ཆོས་དབྱིངས་ལ། །བདག་གཞན་ལས་དང་རྒྱུ་རྐྱེན་གྱིས། །བཙལ་ཡང་མི་རྙེད་ལོང་བ་ཡིས། །ཟས་འདོད་རྡོ་དང་ཕྲད་པའི་ཚུལ། །ཅིར་སྣང་རང་བྱུང་སེམས་ཉིད་ལ། །བདེན་བཞི་སྤོང་ལེན་ཚུལ་བཟུང་ནས། །རིམ་པས་རང་དོན་ཐོབ་བྱས་པས། །གྲུབ་ཐོབ་ཀྱི་ཡི་སེམས་དང་འདྲ། །རྟེན་འབྲེལ་འགག་པའི་ཚུལ་གྱིས་ནི། །ཀུན་བཟང་སེམས་ཉིད་རོལ་བ་ལ། །བཀག་པས་རང་སའི་འབྲས་ཐོབ་པ། །དཔའ་མིན་གཡུལ་དུ་གནས་དང་མ་ས། །བདེན་གཉིས་ཚུལ་བཟུང་སྦྱོད་པ་ཡིས། །ས་བཅུ་བགྲོད་ནས་འབྲས་ཐོབ་པ། །ཐམས་ཅད་སྒྱུ་མ་ཉིད་འཛིན་པ། །རྨི་ལམ་སྤྱོད་ཡུལ་ནུས་དང་འདྲ། །ཡེ་ནས་རིག་པའི་ཆོས་དབྱིངས་ལ། །དག་དང་མ་དག་ཚུལ་བཟུང་ན། །མཐོ་དམན་གྲུབ་པའི་རིམ་པ་ཡིས། །དོན་ལ་འདོད་པའི་ཚུལ་བཟུང་ནི། །ལོང་བ་རྒྱལ་སར་གཞག་དང་མཚུངས། །གཉིས་འཛིན་རིག་པའི་ཁྱད་པར་གྱིས། །གཉིས་མེད་རྒྱལ་བའི་ཡེ་ཤེསལ། །གཉིས་ཀྱིས་འབྲས་བུ་གྲུབ་འདོད་པ། །ཕྲ་མེན་པ་ཡི་ཚུལ་དང་མཅོས། །ཡེ་ནས་རིག་པ་ཀ་དག་ལ། །སྤོང་ལེན་ཕྱག་རྒྱ་ཆ་གཉིས་པ། །བསྒྲུབས་པས་འབྲས་བུ་ཐོབ་འདོད་པ། །ཆུ་དང་འོ་མ་འདྲེས་མཚུངས་འདྲ། །བདེ་མཉམ་ཐབས་དང་ཤེས་རབ་ཀྱིས། །རིག་པའི་ཏིང་འཛིན་ཉིད་སྦྱངས་ན། །ཡབ་ཡུམ་རོལ་པས་དོན་འདོད་པས། །འཇིག་རྟེན་དབང་པོ་བདེ་དང་མཚུངས། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་ཀྱིས། །ཡེ་ནས་རང་གསལ་དཀྱིལ་འཁོར་ལ། །འོད་ཀྱིས་ཏིང་འཛིན་བགྲོད་འདོད་པ། །གླང་ཆེན་པོར་ནས་རྗེས་ལྟའི་ཚུལ། །འདི་ཀུན་བླུན་པོའི་མི་རྣམས་ཀྱིས། །ནོར་བུ་རིན་ཆེན་ཡོན་ཏན་ལ། །ཚོད་ཀྱིས་སྤྱོད་པའི་ཚུལ་དང་འདྲ། ཁྲེས་པར་མི་འགྱུར་བྱིས་པ་ཡིན། །རྩོལ་བའི་ཆུ་བོའི་བོགས་པ་དཀའ། །དཀྱིལ་འཁོར་མཐའ་དབུས་རྩོལ་བ་དང་། །རྟོག་པ་གནས་འགྱུར་དོན་རྟགས་འབྱེད། །སྒོ་ཕུགས་དབྱིངས་དང་ཡེ་ཤེས་འབྱེད། །ཡབ་ཡུམ་འབྱེད་དང་ཁ་དོག་གྲངས། །འཁོར་བ་རུ་བཟློག་རྟོག་པ་ཡིས། །ཐབས་ལ་བརྟེན་དང་དམ་ཚིག་གྲངས། །དོན་གཉེར་མཆོད་པ་ཉི་འགྲིམ་དང་། །རབ་འབྲིང་གསུམ་དང་བདག་གཞན་བྱེད། །ཚོགས་ལ་རེ་རྩོལ་བདེན་རིས་འབྱེད། །དབང་གཉིས་རིམ་ཐོབ་ས་བགྲོད་དང་། །སྤྱོད་པ་སྤོང་ལེན་ལ་སོགས་པ། །བཅིངས་དང་ཐར་བའི་ལམ་དང་བྲལ། །ལྷུན་གྲུབ་ཕྱོགས་རིས་མི་མངའ་བ། །ཇི་ལྟར་བལྟས་པ་དེ་ལྟར་གསལ། །རང་ལ་མི་རྩོལ་གཞན་མི་རྩོལ། །རྩོལ་བའི་མཐའ་སྤངས་མཉམ་པའི་ཚུལ། །གདོད་ནས་རིག་པ་རང་གསལ་བས། །འཁོར་བའི་ཡེ་ཤེས་སྙིང་པོར་བལྟས། །སྙིང་པོ་རང་བྱུང་མ་ཡེངས་པས། །ཏིང་འཛིན་འཁོར་ལོ་རྒྱུན་མི་འཆད། །ལྷུན་གྲུབ་རིག་པ་དབང་བསྐུར་བས། །རིག་པ་རང་དབང་གདོད་ནས་ཐོབ། །ཐིག་ལེ་བསྲུང་མཚམས་བྲལ་འཛིན་མེད། །ཉམས་པ་མེད་པས་བསྐང་དུའང་མེད། །མ་གྲུབ་གྲུབ་པར་བྱར་མེད་ཀླུང་། །གྲུབ་པ་དོན་དུ་གཉེར་བ་མེད། །སྤྱད་ཡུལ་ཀུན་བྲལ་ཡེ་ཤེས་མཉེས། །མཆོད་པ་ཡེ་ཟིན་བྱ་དང་བྲལ། །མ་འདྲེས་ཡོངས་རྫོགས་ཐིག་ལེར་གསལ། །དཀྱིལ་འཁོར་ཆེན་པོར་གདོད་ནས་དག །འཁོར་བ་སངས་རྒྱས་ཡེ་གྲུབ་པ། །གྲུབ་པ་ཐོབ་ཟིན་སྒྲུབ་ཏུ་མེད། །མཛད་པའི་བྱིན་བརླབས་རང་འཆར་བས། །དོན་དུ་བྱ་བའི་འཕྲིན་ལས་མེད། །ཕྱི་ནང་སྐྱེ་འགྲོའི་སྤྱོད་པ་ཀུན། །རྒྱལ་བའི་འཛད་པར་ཡེ་ནས་ཤར། །ཡེ་ནས་ཆོས་སྐུ་མཆོག་གི་ལམ། །བདག་ཉིད་ཆེན་པོར་ལྷུན་གྲུབ་པས། །ལམ་ལྔ་ས་བཅུ་སྦྱང་དུ་མེད། །མ་བཅོས་མཆོག་གི་ས་ལ་གནས། །ས་བཅུ་སོ་སོར་ཕྱེ་བ་ཡང་། །རང་བྱུང་བྱང་ཆུབ་སེམས་ཀྱི་ཆ། །དམན་པ་སྤྲོ་བ་སྐྱེད་པའི་ཕྱིར། །གཅིག་གི་ཡོན་ཏན་བགྲང་བར་ཟད། །གཞི་གཅིག་མཐོང་ཚུལ་བསམ་མི་ཁྱབ། །མཁའ་མཉམ་ཀློང་གི་དོན་ལ་འདུས། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། བགྲོད་ཅིང་བཙལ་དུ་མེད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རང་བྱུང་ཐེག་པའི་རྒྱལ་པོ་ལ། །ཐམས་ཅད་ཡེ་ཤེས་རང་སྣང་བས། །དངོས་ལ་ཆེ་ཆུང་མི་གནས་ཤིང་། །དེ་བཞིན་ཉིད་དུ་དབྱེར་མེད་ཀྱང་། །རྟོགས་དང་མ་རྟོགས་ཁྱད་པར་གྱིས། །ཆེ་ཆུང་ཁྱད་པར་སོ་སོར་གྲགས། །གཞི་ལམ་མཐར་ཐུག་དོན་ཉིད་ལ། །སྒྲ་མཐུན་དོན་སྤགས་ཁྱད་པར་གྱིས། །མཐུན་དང་མི་མཐུན་སོ་སོར་གྲགས། །རྫོགས་ཆེན་རྟོགས་ན་གཅིག་ལས་མེད། །གཞི་དང་གཞི་ཡིས་གོལ་ས་ཡིས། ཁྱད་པར་འཕགས་པའི་ཆེ་བ་ཅན། །རྣམ་སྨིན་བག་ཆགས་ས་བོན་ལྡན། །ཅིས་ཀྱང་དགོསབབཞིནདུའདོད། །དགུར་གནས་རྒྱུད་དང་བཅས་པ་སྟེ། །།སྐད་ཅིག་ཅན་དང་གནས་འགྱུར་དང་། །སྤྲོས་པའི་མཚན་མ་ཆད་པ་དང་། །སངས་རྒྱས་སེམས་ཅན་རྒྱུ་འབྲས་ཅན། །རྒྱུ་དང་བསྐྱེད་པའི་གཞི་ཞེས་བསྟན། །རྣམ་སྨིན་བག་ཆགས་ཅོར་བཏགས་ཀྱང་། །མཁའ་མཉམ་ཀློང་ལ་གཉིས་སུ་མེད། །རྣམ་སྨིན་བག་ཆགས་རྣམས་བཅད་པས། །འཁོར་བ་སངས་རྒྱས་ཞིང་དུ་གསལ། །ཅིས་ཀྱང་མ་གོས་པདྨ་ལྟར། །དུས་གསུམ་མ་བཅོས་སྙིང་པོ་བས། །མི་འགྱུར་ཆོས་ཉིད་དག་པའི་ཕྱིར། །ལས་ཀྱི་དབང་དུ་ག་ལ་འགྱུར། །གདོད་ནས་རང་གསལ་ཆོ་ས་སྐུ་ལས། །བྱིན་རླབས་འབྲས་བུ་ཀུན་གསལ་ཏེ། །ཡེ་སངས་རྒྱས་ལས་བཙལ་མེད་ཅིང་། །རྒྱུ་དང་འབྲས་བུའི་ཆོས་མི་གནས། །རང་བྱུང་མཐའ་བྲལ་ཡེ་ཤེས་ལ། །རྒྱུན་དང་རྒྱུན་བྲལ་རྟོག་པ་ནི། །ནམ་མཁའ་ཡོད་མེད་རྩོལ་བ་འདྲ། །གཉིས་ཀའི་མཐའ་བྲལ་སྐྱེ་འགག་མེད། །རང་བྱུང་མ་སྐྱེས་ཡེ་ཤེས་ལ། །སྔ་ཕྱི་འགག་པའི་ཆོས་མེད་དེ། །ཚིག་གི་མཐའ་ལའང་མི་གནས་པ། །བཅོས་མེད་དེ་བཞིན་ཉིད་ཀྱི་ཚུལ། །རྟོག་པ་ཡེ་ཤེས་ལམ་འགྱུར་ན། །རྡོ་ལས་གསེར་དུ་འགྱུར་དང་འདྲ། །གདོད་ནས་དག་པས་བསྒྱུར་མེད་དེ། །རྩོལ་བྲལ་ཡེ་སངས་རྒྱས་པའི་ཀློང་། །སྙིང་པོ་རང་བྱུང་འོད་གསལ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་ཅིང་། །ལམ་གྱིས་བཅོས་ཤིང་བསྒྱུར་དུ་མེད། །ཆོས་སྐུ་མ་བཅོས་གདོད་ནས་གནས། །རྡོ་རྗེ་ཉི་མའི་སྙིང་པོ་ལྟར། །གདོད་ནས་རིག་པ་འོད་གསལ་ལ། །གཉིས་པའི་ཆོས་དང་བྲལ་བས་ན། །བདེ་བ་ཆེན་པོར་རང་བཞིན་གནས། །ལམ་ཡང་ཚིག་ལམ་དོན་ལམ་སྟེ། །དེ་རེ་གོལ་ས་ངོ་བོ་ཉིད། །ཞི་གནས་འཕགས་པ་ཆེ་བ་ཡིས། །ཐེག་པའི་རྒྱལ་པོ་ཡིན་པར་འདོད། །ཚིག་ལམ་མཚོན་པའི་སྒོ་མོ་ཡིས། །དོན་ལམ་བརྗོད་བྲལ་ཡེ་ཤེས་ལ། །བརྗོད་བྲལ་ཡེ་ཤེས་ཉིད་དུ་གཟིགས། །དེ་ལྟར་གསལ་ན་དོན་གྱི་ལམ། །གསལ་བའི་དཀྱིལ་འཁོར་དབུས་མཐའ་མེད། །གང་ཡང་མ་ཡིན་དེ་བཞིན་ཉིད། །སྐུ་གསུམ་རང་བཞིན་ཁྱབ་གདལ་ལ། །བློ་ཡི་རང་བཞིན་ཅིར་ཡང་མི་ཁྱབ་བསམ། །བརྗོད་བྲལ་རང་བྱུང་སྙིང་པོ་ལ། །སྣང་རྟགས་ཞེན་པའི་ཆོས་མེད་པར མ་བཅོས་རང་གསལ་མ་ཡེངས་པར། །གནས་པ་དོན་གྱི་ལམ་ཡིན་ནོ། །གསལ་དང་མི་གསལ་ཆ་འཛིན་ཅིང་། །ཞི་གནས་ལྷག་མཐོང་ཆ་གཟུང་ནས། །ཡེ་ཤེས་རིམ་པར་འཆར་བ་ནི། །ལྟོས་པ་དོན་གྱི་ལམ་ཡིན་ནོ། །ཕྱོགས་འཛིན་ཐེག་པ་རིམ་བརྒྱད་ཀྱིས། །རང་རང་རྟོག་པའི་མཉམ་གཞག་པས། ཕྱོགས་འཛིན་ཞེན་པའི་རྣམ་རྟོག་གིས། །བལྟས་པའི་ལམ་ནི་རྣམ་རྟོག་ཡིན། །གང་ཞིག་གཉིས་པའི་ཆོས་ཡོད་ལ། །རེ་དང་དོགས་པའི་ཆ་འཛིན་ལ། །གོལ་དང་སྒྲིབ་པ་དེ་ལ་ཡོད། །ཐམས་ཅད་ཡེ་ཤེས་རང་གསལ་ལ། །གོལ་དང་སྒྲིབ་པའི་ཆོས་མེད་པར། །གདོད་ནས་དག་པའི་དོན་རྟོགས་ན། །གོལ་དང་སྒྲིབ་པའི་ཆོས་མི་གནས། །དོན་ནི་བརྡ་བྲལ་རིག་པའི་ལམ། །རིག་པ་ཁུ་ཆས་སེམས་ཀྱིས་ཉམས། །རིག་པའི་ཡེ་ཤེས་འོད་དུ་འབར། །གསལ་ལ་དམིགས་འཇུག་མི་གནས་པའོ། །ངེས་པ་མི་སླུ་བདེན་པའི་ཚིག །ངེས་ལུང་མན་ངག་རིག་པའི་ཉམས། །ངེས་པར་མཚོན་པའི་སྒྲ་ཚིག་གིས། །མཚོན་པས་ཚིག་གི་ལམ་དུ་འདོད། །བརྗོད་མེད་ཆོས་དབྱིངས་རང་གསལ་ལ། །དེ་བརྗོད་གོལ་བས་ཇི་བཞིན་ཉིད། །རང་བྱུང་རིག་པའི་འཁོར་ལོ་ཅན། །མཚོན་པས་མཚོན་པའི་ཚིག་གི་ལམ། །མ་བཅོས་མཐོང་བའི་ཡུལ་མེད་ལ། །ཇི་ལྟར་བལྟས་པ་ཕྱིན་ཅི་ལོག །ཕྱོགས་ཀྱི་འདུ་ཤེས་ཞེན་པ་ཅན། །ཕྱོགས་བྲལ་མཉམ་པ་མཐོང་མི་འགྱུར། །རྫོགས་ཆེན་གདོད་ནས་རང་གསལ་ལ། །ཕྱོགས་རིས་མེད་པར་གསལ་བར་བདལ། །གཉིས་མེད་ཡེ་ཤེས་ཞེན་བྲལ་བས། །ལྟ་བ་གདོང་ནས་དག་པ་ཆེ། །ཡེ་ནས་ཆོས་དབྱིངས་ཀུན་བཟང་ལ། །ཞེན་པའི་སྤོང་ལེན་མི་གནས་ཤིང་། །སྤོང་གེགས་སྤྱོང་སོགས་མི་གནས་ལ། །མཐའ་ཡི་སྤྱོད་པ་དེ་ལྟར་བརྟགས། །གང་ལྟར་བརྟགས་ཀྱང་ནོར་བའི་ལམ། །ཇི་ལྟར་སྤྱང་པ་འཁྲུལ་པའི་ཆོས། །ཡེ་ནས་གཉིས་མེད་དགག་བྲལ་ལ། །མ་ཆགས་བྱང་ཆུབ་ཡན་དུ་ཁྱེ། །མ་ཆགས་དག་པའི་དོན་མཁྱེན་པས། །འཁོར་བ་རང་གྲོལ་སྙིང་པོར་སྤྱོད། །གསུང་དང་ཐུགས་སོགས་རྩོལ་བ་ཡིས། །དབུས་མཐའ་མཚན་མའི་དཀྱིལ་འཁོར་ལ། །འཁྲུལ་པའི་ཞེན་པས་ཅིར་བརྟགས་ཀྱང་། །ཡང་སྒོམས་ཡང་བཤིག་བྱིས་པའི་ཚུལ། །མ་བཅོས་རང་བྱང་དཀྱིལ་འཁོར་ནི། །མ་སྐྱེས་གདོད་ནས་སྐུ་གསུང་ཐུགས། །རྩོལ་བྲལ་རིག་པའི་དཀྱིལ་འཁོར་ལ། །མཐའ་དབུས་མེད་པ་ཁྱད་པར་འཕགས། །ཇི་ལྟར་དམ་པའི་རིགས་ཅན་དེ། །རྒྱལ་པོ་དགེ་སློང་ས་རི་སོགས། །ཚིག་རྫས་སྔགས་ཀྱི་དབང་བསྐུར་བས། །རྩོལ་བའི་ཆུ་བོའི་འདམ་དུ་ཟིན། །བརྒྱུད་པ་ཆགས་པའི་ལས་ཀྱིས་ཁྲིད། །འཁོར་བ་གནས་རབ་དགུ་རུ་བརྒྱུད། །སྲིད་པ་ལོག་པ་འཁོར་བའི་ལམ། །ཡེ་ཤེས་རང་དབང་རྒྱལ་པོ་ནི། །ཡེ་ནས་འགྲོ་བ་ཀུན་ལ་གནས། །དེ་དག་ཚིག་གི་བརྡ་སྤྲད་པས། །སྐད་ཅིག་ཉིད་ལ་མངོན་སངས་རྒྱས། །འཁོར་བ་མ་སྤངས་ལོངས་སྤྱོད་ལ། །རིག་པ་གཟུངས་ཀྱི་དབང་ཐོབ་པས། །བཅོས་མེད་རང་གསལ་དབང་ཐོབ་ནས། །བསྐུར་ཐོབ་མེད་པས་གདོད་ནས་འཕགས། །དམན་པའི་ཁྱད་པར་གང་དག་གིས། །རིག་པ་རང་དབངགང་དག་ལ། །དེ་ཡི་རྩལ་གྱིས་བརྟགས་པས་ན། །བརྟགས་པས་འཁོར་བའི་འདམ་དུ་ཟིན། །གཅིག་འཕགས་ཐིག་ལེ་གཅིག་གིས་འཕགས། །ཀུན་འདུས་ཐེག་པའི་ཡང་རྩེས་འཕགས། །རྩོལ་བྲལ་ལྷུན་གྱིས་གྲུབ་པས་འཕགས། །ཚེ་ལྔ་ལྡན་པས་འཕགས་པ་སྟེ། །ཕུན་སུམ་ཚོགས་པ་ཉིད་ཀྱིས་འཕགས། །ཉི་མའི་སྙིང་པོ་འབར་བ་ལྟར། །གདོད་ནས་སྒྲིབ་མེད་དག་ལས་འཕགས། །མཁའ་ལ་ཁྱུང་ཆེན་ལྡིང་བ་ལྟར། །གང་ལྷར་སྤྱོད་པ་དེ་ལྟར་བདེ། །གཅོང་རོང་ཡེ་ཤེས་སྙིང་པོར་གསལ། །བདེ་སྡུག་ལོངས་སྤྱོད་བདེ་ཆེན་རྒྱན། །མ་འཕྲོས་ཉི་མའི་དཀྱིལ་འཁོར་ལྟར། །རང་གསལ་བྱིན་རླབས་ཕྱོགས་བཅུར་འཕྲོ། །གང་ཚེ་མཁའ་མཉམ་གསལ་བའི་དབྱིངས། །པྲ་ཀྲིད་གསལ་བས་བསྟན་པའི་ཚེ། །འགྱུར་མེད་སྙིང་པོ་རང་གསལ་ལུང་། །ཇི་བཞིན་རིག་པས་གསལ་བར་ཤེས། །འདོ་འབར་སྙིང་པོ་མཆོག་གི་ལུང་། །རང་རིག་ཉི་མ་ཕྱོགས་མེད་གསལ། །འཁོར་བ་དུས་གཅིག་སྙིང་པོར་གསལ། །ཀུན་ཀྱང་གཉིས་མེད་རིག་པར་གསལ། །གཉིས་མེད་ཡེ་ཤེས་རང་བྱུང་ནི། །རིག་པ་ཀློང་བདལ་ཅིག་ཅར་འགྱུར། །འདོད་འབྱུང་རིན་ཆེན་ཕུང་པོ་ལ། །རྩོལ་བཅས་ཐེག་པའི་ཁྱད་པར་གྱིས། །གང་བརྟགས་དེ་ཉིད་རྣམ་རྟོག་སྟེ། །བཙལ་མེད་དབྱིག་དང་ཕྲད་མི་འགྱུར། །ཆེ་ཆུང་མེད་པའི་ཀློང་བདལ་ནས། །ཆེ་བའི་ཆེན་པོ་རང་བཞིན་གནས། །ཆེ་ཆུང་གཉིས་ཀྱི་ཁྱད་པར་ལ། །རྩོད་པ་ཆུང་དུ་བྱིས་པ་སྟེ། ཁྱད་པར་འཕགས་ཏེ་དོན་རྟོགས་ཕྱིར། །ཆེ་ཆུང་བྱེ་བྲག་དབྱེ་བ་གཅེས། །རྩོལ་བྲལ་ཡེ་ཤེས་འབུངས་པ་ལ། །གཉིས་འཛིན་ཁྱད་པར་མི་གནས་ཏེ། ཁྱད་པར་འཕགས་དང་དེ་བསྟན་ཕྱིར། །དགག་དང་བསྒྲུབ་པ་རབ་ཏུ་ཅེས། །བརྡ་དོན་ཕྲད་ཚེ་དགག་བསྒྲུབ་ལ། །ཕྲལ་བའི་དོན་ལ་དེ་དག་མེད། །གང་ཞིག་གཉིས་མེད་རིག་པ་སྟེ། །རྟོགས་པའི་དོན་ཕྱིརདེབཞིནནོ། །ནམམཁའ་རྡོ་རྗེ་རྣལ་འབྱོར་པས། །ཡེ་ཤེས་གསལ་བ་ཉམས་མྱོང་ཡང་། །རིག་པ་བརྗོད་བྲལ་སེམས་ཀྱི་ངང་། །རང་སྣང་གསལ་བ་ཉིད་དུ་ཟད། །རང་བྱུང་འོད་གསལ་བརྗོད་མེད་ལ། །ཞེན་པའི་རྟོག་པ་རྣམ་བཅད་དེ། །རང་གསལ་འབྱུང་འཇུག་མེད་པར་གསལ། །གང་ཡང་མ་ཡིན་དེ་ཉིད་ཡིན། །མ་བཙལ་རིག་པ་མངོན་སུམ་པ། །ཇི་བཞིན་ལུང་ལ་གཉིས་པ་མེད། །གསལ་བར་ཤེས་ཏེ་རྒྱུ་བ་བཅད། །གཉིས་མེད་ཡེ་ཤེས་གཅིག་ལ་རྫོགས། །གཞག་གཞན་མེད་པའི་སྙིང་པོའི་ལུང་། །གསལ་བར་ཤེས་པས་ཐེ་ཙོམ་མེད། །རང་བྱུང་སེམས་ཀྱི་མི་ལོང་ནི། །ཇི་ལྟར་བལྟས་གསལ་རྟོགས་འཇུག་བཅང་། །ཏིང་འཛིན་རིག་པ་རང་གསལ་ལུང་། །དགའ་བ་མེད་པར་གསལ་ཤེས་བྱ། །མི་གཡོ་རྣལ་འབྱོར་མཆོག་གི་ལམ། །སྐྱོན་བྲལ་རིག་པ་འཁོར་ལོའི་གཏེར། །རིག་པ་རང་གསལ་མངོན་སུམ་གསལ། །བདེ་བའི་ཉམས་མྱོང་རང་ལས་འཆར། །སྤྱད་མེད་སྒྱུ་མ་རང་བཞིན་ཞི། །མི་རྩོལ་རིག་པའི་གདེང་དུ་གནས། །རྒྱུད་ལུང་མན་ངག་གཅིག་ལ་རྫོགས། །གསེར་གླིང་དག་པར་ཉི་ཤར་ལྟར། །གསལ་ལ་བརྗོད་བྲལ་མཉམ་པའི་དབྱིངས། །ཀུན་རིག་རང་གསལ་རྫོགས་པའི་ལུང་། །སེམས་ཅན་ཡེ་ནས་སངས་རྒྱས་ལ། །རྣམ་རྟོག་རྩོལ་བས་ཇི་སྟེ་བཙལ། །ཀུན་ལ་ཡེ་ཤེས་རྒྱུ་བ་ཅན། །འཕྲུལ་ཚིག་སྒྲ་ཡི་ངེས་པ་ཡིས རང་རང་ངེས་པའི་དོན་བསྟན་ལ། །བླ་མའི་ཞལ་ནས་ངེས་པར་ཤེས། །ཀུན་གསལ་ཡེ་ཤེསཁྱབ་གནས་ཀྱང་། །ཇི་བཞིན་རླུད་དུ་མ་རྟོགས་པས། །འཕྲུལ་ཚིག་རིག་པའི་ལྡེ་མིག་སྟེ། །ངེས་པའི་སྒྲ་ཚིག་མཆོག་ཏུ་གཅེས། །རྟོགས་པའི་ཁྱད་པར་གང་གང་གིས། །དོན་ཉིད་གང་གང་དེ་དག་ལ། །མ་ཡེངས་གོམས་པས་གསལ་འགྱུར་ཏེ། །དེ་དང་དེར་ནི་རིམ་པར་འགྱུར། །གང་གིས་གང་དུ་ཕྱོགས་ཙམ་གྱིས། །ཕྱོགས་འཛིན་དྲང་བའི་འདུ་ཤེས་འདི། །གང་བཙལ་མ་གྲུབ་མ་བཙལ་མིན། །གང་ཡང་མ་རྙེད་ངལ་བའི་རྒྱུ། །རང་བྱུང་འོད་གསལ་བདེ་ཆེན་ཀློང་། །གདོད་ནས་ཉི་མའི་སྙིང་པོ་ལྟར། །ནམ་མཁའ་དང་ནི་མཉམ་པའི་གནས། །མཐའ་དབུས་ཆེ་ཆུང་ཡོངས་ཀྱིས་མེད། ཁུ་བ་མེད་པའི་ཡེ་ཤེས་ཀྱིས། །རིམ་པ་མ་ཡིན་དུས་གཅིག་གསལ། ཁུ་ལས་མ་བྱུང་རྐྱེན་མི་དམིགས། །ནམ་མཁའི་མཐའ་བཞིན་ཁྱབ་པར་བདལ། །མཁའ་ལ་ཉི་མ་སྟོང་ཤར་ལྟར། །སྒྲིབ་མེད་ཀུན་སྣང་དུས་གཅིག་གསལ། །དབུས་མཐའ་བྲལ་བའི་སྙིང་པོ་ལ། །རང་གསལ་དུས་གཅིག་འོད་གསལ་བས། །དུས་གཅིག་ཀུན་མཁྱེན་གསལ་བར་འཆར། །ཡེ་གསལ་འགྱུར་མེད་གཡུང་དྲུང་ལས། །ཡོན་ཏན་ཉི་མའི་འོད་ལྟར་འབྱུང་། །རྩོལ་བྲལ་ནོར་བུ་ལྟ་བུ་ལས། །འདོད་པའི་ལོངས་སྤྱོད་ཆར་དུ་འབེབས། །ཡོན་ཏན་ལྷུན་གྲུབ་ཆེན་པོ་ལས། །ཐུགས་རྗེ་ནམ་མཁའ་ལྟ་བུར་བདལ། །བྱིན་རླབས་ཉི་མ་སྟོང་ལྟར་གསལ། །མཛད་སྤྱོད་ཕྱོགས་མེད་ལྷུན་གྱི་གྲུབ། །མ་བསྒྲིབས་ཡེ་ཤེས་ཀུན་འདུས་པས། །འཁོར་ལོ་རང་གསལ་འོད་ལ་ཞུགས། །དེ་ཉིད་དོན་གྱི་འོག་མིན་ཏེ། །མངོན་པར་མཐོ་བས་དཔག་མི་རིགས། །ཡང་དག་འོག་མིན་ཆོས་ཀྱི་དབྱིངས། །ཡང་དག་མེད་པའི་དཀྱིལ་འཁོར་ཏེ། །དབུས་མཐའ་བྲལ་བའི་གཞལ་ཡས་ཁང་། །ཡེ་ཤེས་འབར་བའི་རྒྱན་དང་ལྡན། །དུས་གསུམ་སངས་རྒྱས་བཞུགས་པའི་གནས། །རིག་པ་འོད་གསལ་མཆོག་ཏུ་བཞུགས། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཡེ་སངས་རྒྱས་པའི་ཀློང་ཡིན་ཏེ། །དེ་ཉིད་ངེས་པར་མ་རྟོགས་ན། །བཙལ་བ་དོན་མེད་ངལ་བའི་རྒྱུ། །རིན་ཆེན་གསེར་གླིང་དག་པ་ལྟར། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །བསྒྲིབ་བྲལ་ཡེ་སངས་རྒྱས་པའི་དོན། །སེམས་མེད་པ་ཡི་དོན་ཞེས་བྱ། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་ལ། །ཡེ་ཤེས་གསལ་བ་མཉམ་སྦྱར་པས། །དངོས་དབང་ཇི་བཞིན་རིག་པ་ལས། །ཡེ་ཤེས་གསལ་པའི་སྒྲོན་མ་ཡིས། །མཚོན་པའི་རིག་པ་འོད་འབར་བས། །རྟོགས་པ་ངེས་པ་ཉིད་དུ་འཆར། །རང་བྱུང་འོད་གསལ་དག་པ་ལ། །སྒྲོ་དང་སྐུར་བའི་ཆོས་མི་གནས། །ཀུན་བྲལ་རང་གསལ་དཀྱིལ་འཁོར་ཏེ། །མ་བཅོས་འོད་གསལ་རིག་པའི་ཀླུངས། །ཉི་མའི་སྙིང་པོ་ལྷ་བུ་སྟེ། །ཀུན་འབྱུང་ནམ་མཁའ་ལྟ་བུ་ཡིས། །ཡེ་ཤེས་གསང་བའི་ཚུལ་དུ་གནས། །གཉིས་མེད་ཡེ་ཤེས་གསང་བའི་དོན། །གཡོ་མེད་རང་གསལ་མཆོག་གི་ངང་། །ནམ་མཁའ་གསལ་བའི་ཚུལ་བཞིན་དུ། །མཐའ་དབུས་མེད་པར་ཁྱབ་པར་གནས། །ཀུན་གྱི་སྙིང་པོ་གཅིག་པ་ལྟར། །ཀུན་ཀྱང་སྙིང་པོར་རང་གསལ་གཅིག །ཡེ་ཤེས་རིག་པ་འོད་དུ་འབར། །དངོས་པོ་བཞི་གཞག་ཆོས་འདི་ལ། །ཇི་བཞིན་རང་གསལ་དོན་དུ་གནས། །བསམ་པའི་རྟོག་པས་མ་བསླད་པས། །དངོས་པོ་ཞེས་པའི་མིང་དུ་མཚོན། །བསམ་བྲལ་རིག་པ་ཅིར་མི་དགོངས། །ཡུལ་མེད་རྒྱུ་བ་རྣམ་པར་བཅད། །རིག་པ་གསལ་བའི་ཡེ་ཤེས་ཏེ། །བསམ་གྱིས་མི་ཁྱབ་དུས་ན་གནས། །དུས་གསུམ་བརྟགས་པ་ཚིག་གི་ལམ། །མ་བཅོས་དོན་ལ་ཐ་སྙད་བྲལ། །སྙིང་པོ་བྱ་བྲལ་གཅིག་ཉིད་ལ། །བཏགས་པའི་ཐ་སྙད་རྣམ་པར་བཅད། །ངོ་བོ་གནས་ཚུལ་མིང་ངེས་པས། །དུས་དང་ལྡན་པའི་ཚུལ་ཉིད་ལ། །བསམ་གྱིས་མི་ཁྱབ་ཉིད་དུ་བསྟན། །རང་བྱུང་རྡོ་རྗེ་འདི་གསལ་ལ། ཁོ༑ན་ཏུ་རྣལ་འབྱོར་མཆོག་གི་ལམ། །བགྲོད་བྲལ་འོད་གསལ་རྟོགས་འདོད་པས། །དོན་འདི་ངེས་པར་ཉམས་སུ་བླང་། །མན་ངག་རིམ་བཞིའི་ཚུལ་གྱིས་ནི། །རང་གསལ་དོན་ལ་མཉམ་སྦྱར་ནས། །འོད་གསལ་ཇི་བཞིན་ཉིད་ལ་འཇུག །ངེས་པའི་དོན་ལ་ཤེས་པར་བྱ། །རང་བྱུང་འོད་གསལ་གཅིག་པུ་ལ། །རྣམ་རྟོག་དབྱེ་བ་མི་གནས་ན། །ངེས་པའི་དོན་ལ་མ་ངེས་པའི། །བཀྲི་བའི་དོན་ཕྱིར་དེ་དག་བསྟན། །པྲ་ཀྲིད་སྒྲ་ཡི་དོན་ཉིད་ནི། །ངེས་དང་མ་ངེས་ཁྱད་པར་གྱིས། །སེམས་ཉིད་མ་བཅོས་རང་གསལ་ལ། །མ་བསྒྲིབས་ཇི་བཞིན་ཉིད་དུ་གསལ། །ཡིན་མིན་དགག་སྒྲུབ་རྩོལ་བ་ཡིས། །རྣམ་རྟོག་བླང་དོར་ཐེག་པ་བརྒྱད། །རང་རང་ལྟ་སྤྱོད་སྒོར་ཞུགས་ནས། །རང་སའི་འབྲས་བུ་ཐོབ་འདོད་པས། །མ་ངེས་རིམ་འཇུག་རྩོལ་བ་ཅན། །ཚིག་དོན་འབྲེལ་བའི་ཁྱད་པར་གྱིས། །ཇི་བཞིན་མི་གཡོ་མཆོག་ཉིད་ལ། །མི་རྟོག་ཡེ་ཤེས་ལྷུན་གྱིས་གྲུབ། །བསྐྱོད་མེད་རིག་པ་ཅི་བདེར་གནས། །འཕྲུལ་ཚིག་པྲ་ཉིད་སྒྲ་ཡིས་ནི། །སྤྱད་བསམ་བྲལ་བའི་རང་གསལ་ལ། །ཅི་རྟོགས་ཀུན་རྟོག་ཁྱད་པར་ཅན། །སྒྲ་དོན་འགྲེལ་བའི་འཁོར་ལོ་ཡིས། །རང་གསལ་མཆོག་གི་དོན་དུ་བསྐོར། །ཡི་གེ་གདའ་བྲལ་དོན་འདི་ནི། །བརྗོད་བྲལ་བསྟན་པའི་སྒྲ་ཡིས་རྟོགས། །སྒྲ་བྲལ་བསྟན་པའི་རྒྱ་མཚོ་ནི། །ཀུན་ཀྱང་རང་ལ་འཁོར་ཞིང་འདུ། །དམན་པའི་བློ་སྤངས་ཁྱད་པར་གྱིས། །ཇི་བཞིན་སྒྲ་ཡིས་དོན་ལ་སྦྱོར། །དྲན་རྟོགས་རིག་པའི་འཁོར་ལོ་ཡིས། །ཀུན་ལ་བསྐོར་ཞིང་དབྱིངས་ལ་འབིབས། །འདི་ནི་མཚན་པའི་སྒོ་མོ་སྟེ། །པྲ་ཀྲིད་སྒྲ་ཡི་མན་ངག་གིས། །ངེས་པའི་དྲོད་ཚད་གང་ཡིན་པ། །བླ་མའི་ཞལ་ལས་ཤེས་པར་བྱིན། །ཚིག་བརྡ་ཕྲད་པའི་རིག་པ་ནི། །མི་རྟོག་བརྡ་འཇལ་གོ་ཞིང་རྟོགས། །ཡེ་ཤེས་གསལ་བ་ཀུན་དང་འབྲེལ། །ཡེ་ཤེས་སྙིང་པོ་དོན་དུ་ཉམས། །རིག་ཀྱང་ངེས་པ་མ་རྙེད་ན། །ཆུ་ལ་རི་མོ་ཇི་ལྟ་བར། །སྟོབས་མེད་ནུས་གཞན་དེ་ཉིད་ནི། །དེ་མ་ཐག་ཏུ་མེད་པར་འགྱུར། །ཇི་ལྟར་གསེར་ལ་གསེར་མཐོང་བ། །ངེས་རྙེད་ཐེ་ཙོམ་བྲལ་བ་ལྟར། །དོན་ལ་ངེས་པའི་བློ་ཡིས་ནི། །འཁྲུལ་མེད་དེ་ནི་ངེས་པའི་དོན། །བརྡ་འཇལ་གདེང་ལྡན་རྒྱུ་འབྲས་ཀྱིས། །དེ་མེད་འབྱུང་བར་མི་འགྱུར་ཏེ། །དེ་དེ་སློབ་པའི་ཚུལ་གྱིས་བསྟན། །དེ་ཉིད་ངང་དེ་དེ་རིམ་མེད། །ངེས་པ་མི་སླུ་བདེན་པའི་ཚིག །མི་གཡོ་བསྟན་པའི་གདེང་གི་དོན། །དེ་ཉིད་ངེས་པའི་དྲོད་ཚད་ནི། །བླ་མ་མཉེས་པས་ཤེས་པར་བྱ། །དོན་རྟོགས་ལྡན་པའི་ཁྱད་པར་གྱིས། །རང་བྱུང་རིག་པ་རྒྱུ་རྐྱེན་བྲལ། །གསལ་བྱེད་སྒྲོན་མ་མ་ཡིན་ལ། །རྒྱུ་རྐྱེན་གཞན་གྱི་ཆོས་མི་གནས། །དགུ་རུ་གནས་པའི་རང་ཉམས་ནི། །རང་བྱུང་ཉི་མ་འཆར་བ་ལྟར། །རྟེན་མེད་རིག་པ་རང་གསལ་ཏེ། །ཀུན་ལ་མཉམ་པར་ཐལ་ཕྱུང་སྟེ། །ངེས་པའི་དུས་ཚོད་མ་ཤེས་ཏེ། །མཁའ་ལ་ཐིབས་ཀྱིས་འགགས་པ་ལྟར། །སྦས་པའི་དོན་དེ་གསལ་མི་འགྱུར། །གྱད་ཀྱི་ནོར་བུ་མི་ཤེས་པས། །དབུལ་པོ་བསྒྱུར་བ་ཇི་བཞིན་དུ། །རང་གསལ་ཀློང་ལ་རྟག་གནས་ཀྱང་། །ངེས་པའི་མན་ངག་མ་རྙེད་ན། །དེ་ཡིས་ངེས་པའི་དོན་མི་རྙེད། །བླ་མ་མཉེས་པའི་ཐབས་ལྡན་པ། །གང་འདོད་ངེས་པའི་མན་ངག་ལ། །རྣ་བརྒྱུད་མན་ངག་གནོད་པར་བྱེད། །དེ་མིན་ལོང་བ་ལམ་འཚོལབཞིན། །ཡེཤེསརྟེན་མེད་འོད་གསལ་སྐྱེས། །མ་འགགས་རིག་པའི་ཀློང་ན་གསལ། །དེ་ཉིད་རིག་པ་ཐལ་ཕྱུང་སྟེ། །དུས་ཚོད་བླ་མས་བཤད་པར་བྱ། །དེ་ལྟར་གསལ་བསྟན་མི་གཡོ་བ། །དང་པོ་ནས་བཙམས་ལྔ་གསུམ་པར། །འཕེལ་དང་མི་འཕེལ་ཅུང་ཟད་མེད། །ཡེ་ཤེས་མེ་ལྕེ་འོད་འབར་གསལ། །གང་ཡང་མ་ཡིན་དུས་གཅིག་པ། །རང་གསལ་སྙིང་པོ་མཆོག་གི་ལུང་། །བརྗོད་མེད་རིག་པའི་ཀློང་ན་གནས། །དང་པོ་བརྟགས་པའི་ཏིང་ངེ་འཛིན། །གཉིས་པ་ཕྲ་མེན་ལྟ་བུ་སྟེ། །གསུམ་པ་བཏང་སྙོམས་གཡོ་མེད་ལུང་། །བཞི་པ་འབབ་ཆུ་མི་འཕྲོ་ལྟར། །ལྔ་པ་ནམ་མཁའི་ཀློང་བདལ་འདྲ། །རིག་པ་གཅིག་གི་ཁྱད་པར་ལས། །སྣང་ཚུལ་སྒོ་ནས་སོ་སོར་ཕྱེ། །ངེས་པར་རྟོགས་ན་གསེར་གླིང་ལྟར། །རྟོགས་པའི་འབྲས་བུའི་ཚུལ་ཡིན་ནོ། །ཡེ་ཤེས་ཀློང་བརྡལ་མན་ངག་ནི། །ནུས་པའི་མཐར་ཐུག་དགོངས་པ་སྟེ། །ངེས་པའི་ཉམས་དྲོད་གང་ཡིན་པ། །ངེས་པར་ཞལ་ལས་ཤེས་པར་བྱ། །ཇི་ལྟར་བལྟས་པས་ཡེ་ཤེས་ཀློང་། །རྩོལ་བྲལ་རིག་པ་མངོན་སུམ་དབྱིངས། །འབྱུང་འཇུག་དམིགས་པའི་ཡུལ་དང་བྲལ། །རྒྱ་ཕུག་མདའ་ན་ཀོ་ཤ་གློང་། །རིན་ཆེན་འཁའ་འགྲོ་རྒྱུ་བའི་ཕུག །ཡེ་ཤེས་རྒྱ་མཚོའི་གནས་མཆོག་ཏུ། །རྡོ་རྗེ་སེམས་དཔའ་མངོན་བསྟན་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ལ། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །ཐུགས་ཀྱི་རིག་པ་མངོན་བསྟན་ཏེ། །བསྲུང་མེད་དམ་ཚིག་ལ་བཀོད་ནས། །རྣམ་གྲོལ་ས་ལ་བདེ་བར་གཤེགས། །ལྷུ་རྭ་ཎའ་སིའི་གླིང་ཕུག་ཏུ། །དགོན་ཕུག་བྱེ་མ་འདབ་སྣ་ཚོགས། །གྱད་ཡུལ་མགོ་མ་ས་ལའི་ཡུལ། །ནི་རརྫི་ནའི་འགྲམ་ལོགས་དང་། །ཨིན་དྲ་རྒྱ་ལུང་བརྩེགས་པ་སྲ །ཀླུ་ཡི་རྒྱལ་པོ་རྒྱ་མཚོ་དང་། །ཨིན་དྲ་བོ་དྷི་ལ་སོགས་པ། །རིམ་འཇུག་ཡེ་ཤེས་སྐྱེ་འགག་ཅན། །རྫས་དང་ཚིག་གི་དབང་བསྐུར་ཏེ། །འཁོར་བར་དགུ་བརྒྱུད་ལྟུང་པར་འགྱུར། །འདི་ཡང་མཚན་མ་ལོག་པའི་ལམ། །བརྡ་དོན་རིག་པའི་ཁྱད་པར་གྱིས། །འགྲོ་མེད་རང་སར་དོན་ལ་སྦྱོར། །ཡེ་ནས་རག་པར་མ་འཇལ་ན། །ནན་བརྟགས་དབང་བསྒོམ་རྟོག་པའི་ལམ། །བདེ་ཆགས་རྒྱུད་པས་ཁྲིད་པ་ཡིས། །མི་ཐར་འཁོར་བའི་གནས་སུ་ལྟུང་། །གདུང་མེད་སྐྱབས་ནི་མཁའ་ལྟར་གནས། །རང་གསལ་འོད་ལ་རྟག་ཏུ་བཞུགས། །ཟབ་ལ་བརྟག་དཀའ་རྒྱ་མཚོའི་ཚུལ། །ཡོན་ཏན་ཟད་མེད་གཏེར་ལྡན་ཞིང་། །རྣ་བརྒྱུད་ཐུགས་ཀྱི་བཅུད་འཛིན་པས། །འཁོར་བ་རང་གསལ་སྙིང་པོར་མཁྱེན། །ཤེས་རབ་རིག་པའི་འཁོར་ལོ་ཡིས། །ཆོས་དབྱིངས་ཡེ་ཤེས་གསལ་བར་བསྐོར། །འཕྲུལ་ཚིག་རིམ་པའི་འཁོར་ལོ་ཡིས། །ཟླ་བ་ཆུ་ལྟར་འཕོ་མཛད་ཅིང་། །བདུད་རྩི་བཅུད་ལྡན་གཏེར་སྒོ་ནི། །རིན་ཆེན་ཕུང་པོ་མཉེས་པས་དབྱེ། །སྐལ་མེད་གསང་བའི་དམ་སྲི་ལ། །བསྐལ་པ་བྱེ་བ་ཕྲག་བརྒྱ་མྲ །ཐུགས་ཀྱི་བདེ་བ་མི་སྤྲོ་ཞིང་། །རང་གསལ་འོད་འདི་དབྱིངས་སུ་སྦ། །གཡོ་བྱེད་ལྡན་པའི་གཏེར་ཁང་དུ། །རིན་ཆེན་གསལ་བའི་འོད་འབར་ཀྱང་། །དེ་མ་ཐག་ཏུ་འོད་ཀྱང་ནུབ། །སྨག་ཏུ་འཐིབས་པ་ཉིད་དུ་འགྱུར། །དེ་བཞིན་རྣ་བརྒྱུད་མན་ངག་འདི། །གང་གིས་གང་ལ་བསྟན་པ་ན། །རིན་ཆེན་གསལ་བའི་འོད་ནུབ་ནས། །འཁོར་བའི་མུན་པའི་ཁམས་སུ་ལྟུང་། །པྲ་ཀྲིད་ཚིག་དང་ངེས་པའི་གདེང་། །རིག་པ་ཐལ་བྱུང་ཡེ་ཤེས་ཀློང་། །བརྡལ་བའི་མན་ངག་བཞིར་བཤད་དོ། །རིན་ཆེན་འབར་བའི་གཞལ་ཡས་སུ། །དག་ཅིག་གཙང་མའི་བུམ་པ་དེར། །རིན་ཆེན་གསལ་བའི་འོད་འབར་ནས། །གཏེར་ཁྱིམ་ཕུང་པོ་གསལ་བར་བྱེད། །བླ་མ་སློབ་མ་བརྟག་པ་གཉིས། །གདམས་ངག་ཕོག་པ་རྣམ་བཞི་ཡིས། །མཐར་ཕྱིན་རིག་པའི་འབྲས་བུར་གསལ། །རང་བཞིན་གཏེར་ཁྱིམ་ཕུང་པོ་ལ། །གསལ་བྱེད་བརྒྱ་ཡིས་སྣང་བ་ལྟར། །ལྷུན་གྲུབ་རང་གསལ་ཡེ་ཤེས་ཏེ། །འབྲས་བུ་བཙལ་མེད་འཆར་བར་འགྱུར། །མ་བཅོས་བརྟགས་མེད་རང་གསལ་ནི། །སྤྲོས་མེད་ཆོས་ཀྱི་སྐུ་རུ་འཆར། །འདོད་སྤྱོད་བདེ་བའི་རོལ་པ་ཉིད། །རྫོགས་ལོངས་སྤྱོད་པའི་སྐུ་རུ་གསལ། །རྗེས་སུ་སྣང་བས་དོན་བྱེད་ནུས། །འགྲོ་འདུལ་སྤྲུལ་སྐུའི་ངོ་བོར་བཤད། །གང་ལྟར་མ་བཅོས་སེམས་ཉིད་ནི། །ཆོས་སྐུ་ཉིད་དུ་གནས་པའི་ཚེ། །གནས་ནི་ཆོས་དབྱིངས་ཆེན་པོ་སྟེ། །སྤྲོས་བྲལ་འབར་བའི་གཞལ་ཡས་སོ། །མཐའ་དབུས་མེད་པར་དེ་ལ་བཤད། །རང་བྱུང་བྱང་ཆུབ་སེམས་འཁོར་ལ། །བསྟན་པ་ཕྱི་ནང་གསང་བ་གསུམ། །རང་གསལ་བྱིན་གྱིས་བརླབས་ཀྱིས་བཤད། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །ཕྱི་ནང་སྣོད་བཅུད་མ་ལུས་པ། །ཀུན་ཀྱང་རང་གསལ་རིག་པའི་ཞིང་། །ནམ་མཁའི་མཐའ་དང་མཉམ་པའོ། །ལོངས་སྤྱོད་ཆེན་པོ་ཐུག་པ་མེད། །བདེ་ཆེན་རོལ་པར་བཞུགས་པའི་ཚེ། །གནས་ནི་འོག་མིན་རིག་པ་སྟེ། །འཁོར་ནི་ས་མཐའི་སེམས་དཔའ་ཡིན། །བསྟན་པ་ཕྱི་ཡི་ཐེག་པ་གསུམ། །བརྗོད་བྲལ་རིག་པའི་དགོངས་པས་བཤད། །རང་གསལ་ཏིང་འཛིན་གདེང་གིས་གོ །རང་གི་ངོ་བོས་གསལ་བར་བསྒོམ། །ཞིང་ཁམས་བདེ་བས་ཁྱབ་ཚད་དོ། །འཛམ་གླིང་རྡོ་རྗེ་གདན་སྟེངས་སུ། །དྲང་དོན་སངས་རྒྱས་ཚུལ་བསྟན་ནས།ལམ་གཉིས་ཐོབ་དང་འགྲོ་དྲུག་ལ། །བསྟན་པ་སྣ་ཚོགས་ཐེག་པ་གསུམ། །ཚིག་དང་ཡི་གེས་མངོན་དུ་བསྟན། །གསང་བ་ཐུགས་ཀྱི་ཡང་སྙིང་འདི། །རྒྱལ་བ་རིགས་འཛིན་གང་ཟག་གསུམ། །དགོངས་དང་རིགས་དང་རྣ་བརྒྱུད་དེ། །ཐུགས་ཀྱི་རིག་པ་མངོན་བསྟན་པ། །མདོ་དོན་རྣམ་པ་ལྔ་རུ་བཤད། །ལོ་རྒྱུས་དོན་དང་རྩ་བ་དང་། །ཡོ་གའི་དོན་དང་དགོས་ཆེད་དང་། །ཚིག་གི་དོན་དུ་བཤད་པའོ། །ལོ་རྒྱུས་ལོ་རྒྱུས་ཉིད་དུ་སྟེ།ཁུངས་དང་བཤད་པ་ཉིད་དུའོ། །རྩ་བ་འདུའཕྲོགགཅིགཏུསྟེ། །སྤྲོ་བསྡུ་གཅིག་གི་ཚུལ་དུའོ། །ཡོ་ག་བྱེ་བྲག་འབྱེད་པའི་ཚུལ། །དགག་དང་བསྒྲུབ་པའི་ཚུལ་དུའོ། །དགོས་ཆེད་བཙལ་བྲལ་རྟོགས་པའི་ཕྱིར། །ཚིག་དོན་བརྗོད་པའི་ཚུལ་གྱིས་ནི། །རང་གསལ་རང་ལམ་མངོན་པར་གནས། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། ཡེ་ནས་སངས་རྒྱས་པ་ལ་ཀློང་གི་དོན་ཕྱུང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སངས་རྒྱས་སེམས་ཅན་གཅིག་པའི་ཚུལ། །ངེས་པར་ཡང་དག་བཤད་པར་བྱ། །གཅིག་དང་སྣང་ཚུལ་རྟོགས་པ་ཡིས། །དེ་ཉིད་ཤེས་པར་བྱ་ཕྱིར་བཤད། །ཕྱི་ནང་སྣོད་བབ་ཐམས་ཅད་ཀུན། །ངོ་བོ་སྤྲོས་བྲལ་སྙིང་པོར་གནས། །ཇི་ལྟར་ཉི་མའི་སྙིང་པོ་ལྟར། །འཁོར་བ་མ་སྤངས་གདོད་ནས་དག །རང་བྱུང་མཆོག་གི་སྙིང་པོ་ནི། །མིག་གཡོ་བ་ཉིད་སྐུ་ཡི་རྒྱ། །བརྗོད་བྲལ་གསུང་གི་ཕྱག་རྒྱ་སྟེ། །མི་རྟོག་རྣམ་གྲོལ་ཐུགས་ཀྱི་རྒྱ། །རང་བྱུང་རིག་པ་མཆོག་ལ་རྫོགས། །རང་བྱུང་ལྔ་དང་ཡུལ་ལྔ་དང་། །ཕྱི་ནང་སྣོད་བཅུད་མ་ལུས་པ། །རང་རིག་རང་གསལ་ཉིད་ལ་རྫོགས། །བཟང་ངན་བདེ་སྡུག་གཅིག་ལ་རྫོགས། །རང་གསལ་མཁྱེན་ལྡན་སྙིང་པོར་རྫོགས། །གཅིག་རྫོགས་བྱང་ཆུབ་སེམས་ལ་རྫོགས། །གཉིས་རྫོགས་ཐེག་པའི་བྱེ་བྲག་རྫོགས། །གསུམ་རྫོགས་སྐུ་གསུམ་གླེང་གཞི་རྫོགས། །རང་གསལ་རིག་པ་གཅིག་ལ་རྫོགས། །ཡེ་ཤེས་རྫོགས་པའི་ལུང་གིས་ནི། །ཡེ་ཤེས་གཅིག་ཏུ་གསལ་བར་བསྟན། །རང་གསལ་ཉག་གཅིག་དྲི་མ་མེད། །དང་པོ་རྒྱུ་རྐྱེན་མེད་པས་ན། །ཐ་མར་དགག་ཅིང་འཕྲོ་བ་མེད། །ཀུན་འདུ་ཡེ་ཤེས་མེ་ལོང་ལ། །གཉིས་པའི་ཆོས་དག་གདོད་ནས་བྲལ། །ཡེ་ཤེས་དྲི་མེད་འོད་དུ་འབར། །གཟུང་འཛིན་མཚན་མ་རྣམ་པར་བཅད། །ཡུལ་མེད་འཛིན་བྲལ་རིག་པའི་ངང་། །མ་རིག་རིག་པ་གཉིས་མེད་ལུང་། །བརྗོད་བྲལ་སྒྲ་ཡི་འཁོར་ལོ་ཅན། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །བདེ་ཆེན་རང་གསལ་གཅིག་ཏུ་གནས། །རང་བྱུང་མཆོག་གི་དཀྱིལ་འཁོར་ལ། །ཡུལ་ཤེས་སྣང་བཏགས་ཆོས་མི་གནས། །ཀུན་འབྱུང་ནམ་མཁའ་ལྟ་བུའི་འོད། །མ་སྐྱེས་ཡེ་ཤེས་དཀྱིལ་འཁོར་ལས། །རྣམ་གྲོལ་རིག་པའི་ཕྱག་རྒྱ་ཅན། །ཡེ་ཤེས་སྙིང་པོར་རྫོགས་པའི་ལུང་། །འོད་འབར་གསལ་བའི་ངང་ཚུལ་ཅན། །རང་བྱུང་རྣམ་དག་དཀྱིལ་འཁོར་རོ། །འཁོར་བ་ཉིད་ན་ཡེ་སངས་རྒྱས། །མ་བཅོས་མ་སྦྱངས་གདོད་ནས་དག །རྫོགས་ལུང་བྱང་ཆུབ་སེམས་ཀྱི་ལུང་། །སེམས་ཀྱི་ལུང་ལ་གཉིས་མེད་པས། །རྣམ་གྲོལ་ནམ་མཁའ་ལྟ་བུའི་ཚུལ། །གདོད་ནས་དག་པའི་རང་བཞིན་ལ། །རང་གསལ་འོད་ཀྱི་ཉི་མ་འཆར། །ཡེ་ཤེས་འོད་གསལ་དཀྱིལ་འཁོར་ལ། །འཕེལ་སྒྲིབ་དག་པའི་ཆོས་མི་གནས། །མ་རྟོགས་རྟོགས་པ་ལམ་དུ་གཅིག །ཆུ་རླབས་ཐ་དད་གཅིག་པ་ལྟར། །མ་འདྲེས་ཡོངས་སུ་རྫོགསཔརགཅིག །རྡོརྗེམཆོག་གི་སྤྱོད་ཡུལ་ལས། །བསྒྲིབས་དང་དག་པའི་ཆོས་དབྱིངས་ཀྱིས། །མཐའ་བྲལ་ཡེ་ཤེས་ཀློང་གི་ངང་། །བདག་ཉིད་ལྷུན་གྲུབ་ཆེན་པོ་ལ། །ཕྱོགས་འཛིན་རིག་པ་གདོད་ནས་དག །ཡེ་ནས་དག་པས་སྒྲིབ་མི་སྦྱོང་། །ལྷུན་གྱིས་གྲུབ་པས་ཚོགས་མི་སོག ཁུ།་དང་རྐྱེན་ལ་རག་མི་ལུས། །སངས་རྒྱས་སེམས་ཅན་ལ་སོགས་པ། །ཡེ་ནས་ལྷུན་གྲུབ་ཆེན་པོར་གཅིག །རང་བྱུང་རིག་པ་ཕྱོགས་མེད་གསལ། །ལམ་དང་གཉེན་པོས་སྦྱང་དུ་མེད། །གང་ཡང་མ་ཡིན་རང་གསལ་ལུང་། །མཐའ་དབུས་མེད་དེ་དེ་བཞིན་ཉིད། །བརྗོད་བྲལ་མཚན་མའི་ལུང་ལས་འདས། །ཀུན་ཀྱང་ཡེ་ཤེས་མཆོག་ཏུ་གསལ། །གཉིས་པའི་སྤྱོད་ཡུལ་གདོད་ནས་སྟོང་། །ཡེ་ཤེས་མཆོག་གི་དཀྱིལ་འཁོར་ལ། །ཀུན་སྣང་རང་བྱུང་ལྷུན་རྫོགས་པས། །འོད་གསལ་མཆོག་ཏུ་ལྷུན་གྲུབ་ཀྱང་། །མིག་གིས་མིག་བཞིན་དེ་ལྟར་གྱུར། །གདོད་ནས་དག་པའི་རང་བཞིན་ལ། །རྟོགས་དང་མ་རྟོགས་ཁྱད་པར་གྱིས། །བདེ་སྡུག་མཚན་མ་སོ་སོར་སྣང་། །རང་གསལ་མཆོག་གི་དཀྱིལ་འཁོར་ལ། །ངེས་པར་སྣང་རྟགས་ཕྲལ་ནས་ཀྱང་། །ཇི་བཞིན་རིག་པའི་ཕྱག་རྒྱ་ཡིས། །འཁོར་བ་ཡེ་ཤེས་རང་གསལ་མཁྱེན། །འདས་དང་མ་འདས་ཇི་ལྟར་སྣང་། །ཡེ་ཤེས་རང་གསལ་རྫོགས་པའི་ལུང་། །འདི་ཉིད་མ་བཅོས་ཇི་བཞིན་ལ། །མ་བཅོས་ཡེ་ཤེས་སྙིང་པོར་གཟིགས། །འཁྲུལ་དང་མ་འཁྲུལ་ཐ་སྙད་ཀྱང། །དེབཞིནཉིདལགདགས་སུ་མེད། །གཉིས་མེད་གཅིག་གིརངབཞིནལ། །དགདང་མ་དག་ཁྱད་པར་གྱིས། །བྱེ་བྲག་རིམ་པར་བསམ་མི་ཁྱབ། །དག་པ་ཡེ་ཤེས་ཉིད་དུ་གཟིགས། །འཁོར་བའི་ཤེས་པ་བློ་བུར་བ་། །རང་བཞིན་མ་ཡིན་རྐྱེན་གྱིས་སྣང་། །དངོས་ལ་དེ་ལྟར་མི་གནས་ཀྱང་། །རྣམ་པར་རྟོག་པའི་ངོ་ལ་སྣང་། །རང་བྱུང་གཅིག་གི་ངོ་བོ་ལ རོལ་བའི་བྱེ་བྲག་མ་རྟོགས་པར། །ཞེན་པའི་ཆོས་སུ་ཕྱིན་ཅི་ལོག །གཅིག་ལ་གཉིས་སུ་འཁྲུལ་པའི་མཐུས། །འགྲོ་དྲུག་ཞེན་པས་དོན་མི་མཐོང་། །ཟླ་བ་གཉིས་སུ་མཐོང་བ་དང་། །དུང་ལ་སེར་པོར་མཐོང་བ་དང་། །དངོས་ལ་དེ་ལྟར་མི་གནས་ཀྱང་། །ཞེན་པ་ལོག་པའི་བསམ་པས་མཐོང་། །ལོག་པའི་གོམ་པའི་ནུས་མཐུ་ཡིས། །འཁོར་བའི་གནས་རབ་དགུ་རུ་བརྒྱུད། །ཡང་དག་མ་ཡིན་ཀུན་བརྟགས་ཀྱིས། །མི་གནས་ཆོས་ལ་གནས་པར་མཐོང་། །མེད་ལས་ཡོད་པར་བརྟགས་པ་ཡིས། །ཐག་པ་ལ་ནི་སྤྲུལ་བཞིན་དུ། །དེ་ལ་ཡོད་པ་མ་ཡིན་ཀྱང་། །ལོག་པའི་ཤེས་པས་དེ་ལྟར་མཐོང་། ཁམས་གསུམ་ལོག་པ་ཉིད་དུ་འཁྲུལ། །རང་བྱུང་ཡེ་ཤེས་རྣམ་ལྔ་ལ། །རང་བྱུང་མ་རྟོགས་ཞེན་པ་ལྟར། །བརྟགས་པས་བློ་རྟོག་ཞེན་དབང་གིས། །འབྲས་བུ་ཁམས་གསུམ་འཁོར་བར་སྣང་། །རང་གསལ་རིག་པའི་མཐུ་མེད་པར། །ལོག་པའི་ཀུན་བརྟགས་བསམ་མི་ཁྱབ། །ལོག་པའི་འདུ་ཤེས་ཕྱོགས་བརྒྱད་ཀྱིས། །ཡང་དག་ཆོས་དབྱིངས་བསླད་གྱུར་ནས། །རང་འདོད་འབྲས་བུ་མཐར་ཐུག་ཀྱང་། །འཁོར་བའི་གནས་རབ་བརྒྱུད་དེ་སྣང་། །སེམས་ཀྱི་ཡེ་ཤེས་རབ་གསལ་ལ། །ཡེ་ཤེས་ཀློང་གི་འོང་བརྡལ་ནས། །འགྲོ་དྲུག་ཡེ་ཤེས་གསལ་བར་གནས། །སྣང་བ་མ་བཅོས་བརྟགས་པས་དབེན། །མ་བསླད་ཇི་བཞིན་མི་གཡོ་ལ། །རྣམ་བརྟགས་མཚན་མའི་ཆོས་མི་གནས། །འགྲོ་མེད་འོང་མེད་དབྱིངས་ཀྱི་ཀློང་། །བསམ་འདས་བརྗོད་བྲལ་དེ་བཞིན་ཉིད། །བྱང་ཆུབ་སེམས་སུ་ཀུན་གསལ་བས། །གཉིས་མེད་ཡེ་ཤེས་གཅིག་ལ་རྫོགས། །དམྱལ་བའི་ཡེ་ཤེས་ཀུན་གསལ་ནས། །བདེ་སྡུག་མཚན་མ་ཅིར་མི་དགོངས། །སྣང་བ་མ་བཅོས་ཆོས་སྐུའི་ངང་། །རིག་པའི་སྒྲ་ཚིག་བསམ་མི་ཁྱབ། །ཡེ་ཤེས་རིག་པའི་ཀློང་དུ་གསལ། །དངོས་པོ་མཁའ་མཉམ་བྱང་ཆུབ་སེམས། །འདི་ལ་མཐའ་དང་དབུས་མེད་དེ། །ཕྱི་དང་ནང་མེད་དེ་བཞིན་ཉིད། །དབུས་མེད་མཐའ་བྲལ་རང་གི་ལུང་། །ཡེ་ཤེས་རིག་པ་སྒྲོ་འདོགས་གཅོད། །རིག་པའི་འཁོར་ལོ་རང་ལ་འཁོར། །རྣ་བརྒྱུད་རིག་པའི་འཕྲུལ་ཚིག་འདི། །དང་པོ་སྟོང་པ་བྱང་ཆུབ་སེམས། །ཀུན་བཟང་ཉིད་ལ་རང་གསལ་ལུང་། །དེ་ནས་རྡོ་རྗེ་སེམས་དཔའ་ལ། །དོན་གྱི་འོག་མིན་ཆེན་པོར་ནི། །མ་བརྗོད་བྱིན་གྱིས་བརླབས་ཀྱིས་བཤད། །དེ་ནས་རང་སྣང་རྒྱལ་བ་ལ། །རིག་པའི་འོག་མི་་ཉིད་དུ་ནི། །ཡེ་ཤེསརྫོགས་ལུང་གཏན་ལ་ཕབ། །ཕྱིན་ནང་སེམས་སུ་གསལ་བར་བྱས། །མ་བཅོས་ངངལཇིབཞིནབཞུགས། །དེབཞིནཏིངའཛིནདམ་པས་བརྒྱུད། །ལྷ་གནས་གཙང་མ་ཉམས་དགའ་བར། །ཨར་མོ་ལིག་ལྡན་རིན་ཆེན་གྱི། །རིན་ཆེན་ཕུང་པོ་ཉམས་དགའ་བར། །དེ་བ་བཟང་སྐྱོང་ལྷ་ཡི་བུ། །སེམས་དག་ཅན་ཞེས་བྱ་བར་བཤད། །ཀུན་དགའ་སྙིང་པོ་བྱ་བ་ཡིན། །རྩོལ་མེད་སེམས་ཀྱི་དོན་སྒོམ་ཞིང་། །སྟོང་ཉིད་སེང་གེའི་སྒྲ་སྒྲོགས་པ། །སྐལ་ལྡན་རིག་པ་ལྟས་གསུམ་ཤར། །སྤྲུལ་པ་བརྒྱ་བྱིན་སྤྱིར་ཐིམ་ཞིང་། །ཚངས་པ་ལྷོར་ཐིམ་གྱུར་བའི་མཐུས། །ཕྱོགས་བ་་རྒྱལ་བས་བྱིན་བརླབས་པས། །སྤྲུལ་པས་ཐེ་ཚོམ་བཅད་ནས་ནི། །རྩོལ་སེམས་བྲལ་བའི་དོན་ལ་བཞུགས། །དེ་ནས་བརྒྱ་བྱིན་དབང་པོ་ཡིས། །ཕྱོགས་བཅུའི་རྒྱལ་བ་བསྐུལ་བའི་མཐུས། །སེམས་དཔའ་དངོས་ཤར་གསང་བདག་ཕྱུང་། །རིན་ཆེན་འབར་བས་དབང་བསྐུར་ནས། །ཞིང་ཁམས་བགྲོད་མེད་ཐེ་ཙོམ་བཅད། །དེ་ནས་ཐུགས་རྗེའི་བྱིན་རླབས་ཀྱིས། །རིན་ཆེན་འབར་བའི་མཆོད་རྟེན་དེ། །བང་རིམ་བཞིན་དང་ལྡན་པའི་དབུས། །གསེར་གྱི་འཁོར་ལོའི་གདན་སྟེངས་སུ། །རིན་ཆེན་འཁོར་ལོའི་བསིལ་བཀབ་ནས། །དུས་མཐའི་སྐད་ཅིག་ཉིད་ལ་ནི། །ཀློང་དགུ་མཁའ་མཉམ་སེམས་ཀྱི་རྒྱུད། །བྱིན་གྱིས་བརླབས་ཀྱིས་བཤད་པ་ཡིན། །ཡང་སྤྲུལ་སྲས་ལ་བསྟན་པའི་ཕྱིར། །དེ་ཡི་ཐུགས་རྗེའི་བྱིན་རླབས་ཀྱིས། །དྷ་ན་ཀོ་ཤའི་གླིང་ཕུག་ཏུ། །རྒྱལ་གྱི་རིགས་ཅན་སྐུ་ཡི་སྲས། །ཐུན་མཐའ་དང་པོའི་དི་འཆར་ཚེ། །འདབ་ཆགས་ཕྲ་མེན་ལུས་ལྡན་པས། །བྱིན་བརླབས་དགྱེས་པར་གྱུར་ནས་ནི། །ཐུགས་མཚན་ཡེ་ཤེས་ལྔ་རྟགས་གསལ། །དེ་ཉིད་གཉིས་མེད་འདྲེས་པས་སྤངས། །དཔེ་བྱད་མཚན་ལྡན་ལྷ་ཡི་བུ། །སྟོང་ཉིད་རྩོལ་བྲལ་བསྟན་པའི་སྒྲོགས། །དགའ་རབ་རྡོ་རྗེ་སྟོན་པའི་མཆོག །རྡོ་རྗེ་སེམས་དཔའ་ཉིད་དུ་གསུངས། །ཡ་མཚན་སྤྲུལ་བའི་ཕུག་དེ་སྲ །ཡང་སྤྲུལ་སྐལ་ལྡན་གང་ཟག་ལ། །རིག་པ་འོད་གསལ་དཀྱིལ་འཁོར་དུ། །བྱིན་རླབས་ཡེ་ཤེས་སྒོ་ཕྱེ་ལ། །རྡོ་རྗེ་གསང་བའི་ལམ་ལ་བཞག །བསྲུང་མེད་རིག་པའི་སྡོམ་པ་ཕོག །ཡེ་ཤེས་མི་རྟོག་རིག་པའི་དོར། །སྐྱེ་ཤི་མེད་པའི་རང་ངོ་བསྟན། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །བགྲོད་མེད་སངས་རྒྱས་ས་ལ་བཞག །རྣམ་བརྒྱུད་ཐུགས་ཀྱི་ཉིང་ཁུ་བླུད། །སེམས་ཀྱི་གཏིང་དུ་གསང་བ་བཞག །ཞིང་ཁམས་ཀུན་ཏུ་བདེ་བར་སྤྱོད། །དེ་ནས་རྣ་བརྒྱུད་རིན་ཆེན་ནི། །ཐུགས་རྗེ་འཛམ་གླིང་རྒྱས་འགྱུར་ནས། །འཛམ་གླིང་དབུས་སུ་སྐལ་མེད་ནུབ། །སྐལ་ལྡན་བྱང་ཆུབ་སེམས་དཔའི་རིགས། །རྣམ་གྲོལ་ས་ལ་འགྲོ་བར་འགྱུར། །ཡང་གསང་ཐུགས་ཀྱི་རྒྱུད་འདི་ནི། །དྲི་མེད་རྟོགས་དཀའི་བསྟན་པ་ལ། །རྣ་བརྒྱུད་འཁྲུལ་ཚིག་མི་ལྡན་པར། །སྤྱད་བས་སྒྲ་དང་དོན་མེད་ཚིག །སྤྱོད་ཅིང་ཡོངས་ལ་སྤེལ་བྱས་ན། །མགྱོགས་འགྲོའི་སོ་མཚམས་འདས་པ་ལྟར། །བར་དོ་སྲིད་པའི་ཆོས་མེད་པར། །རྡོ་རྗེའི་གནས་སུ་ལྟུང་གྱུར་ནས། །ཐར་པའི་རིགས་དང་ཀུན་ཏུ་བྲལ། །དེ་ནས་བརྡ་དོན་བསྟན་པའི་ཕྱིར། །ཡི་གེ་མེད་པའི་རྒྱུད་མཉན་ནས། །གསེར་དང་འདྲ་བའི་སྣོད་དེའི་ས། །རྣ་བརྒྱུད་གདམས་ངག་ནོད་པར་བྱ། །བརྡ་དོན་དགྲོལ་བའི་རིམ་པ་ཡིས། །རང་གི་རིན་ཆེན་བསྟན་བྱས་ནས། །རིག་པའི་འོད་གསལ་བརྡ་དོན་སྤྲད། །པྲ་ཀྲིད་གསལ་བའི་དོན་ལྡན་པས། །འཁོར་བ་ཡེ་སངས་རྒྱས་པར་གསལ། །བུ་མོ་བྱམས་པའི་རང་བཞིན་ལ། །དམིགས་པས་ལྷུན་གྲུབ་རྙེད་པ་ལྟར། །ཀུན་ལ་ཡོད་པར་ཤེས་པར་གྱིས། །རང་གསལ་ཡེ་ཤེསསྙིང་པོ་ལ། །རང་བྱུང་སྒྲ་ཡིས་ངོས་བཟུང་ནས། །མ་སྦྱད་གྱི་ནར་བཞག་པས་འགྲུབ། །སྒྲ་ཡི་རྗེས་འབྲེངས་མ་ལོག་པར། །ངེས་པ་དེ་ཡི་མཚམས་སུ་བཞག །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །རིག་པ་ཀུན་ནས་འཁྱིལ་བར་གནས། །ཐིག་ལེ་འོད་གསལ་གཅིག་ལ་གསན། །དེ་ཉིད་སྒྲ་བྲལ་ཐུགས་ལ་རྫོགས། འོད་གསལ་རིག་པ་གཅིག་ཏུ་མཉམ། །དང་པོ་ཡུལ་ཕྲད་རྗེས་མི་རྟོག །ཀུན་ཀྱང་དེ་དང་འདྲ་བ་སྟེ། །གཞག་ཐབས་མཚན་ཉིད་གང་ཡིན་པ། །རྡོ་རྗེ་བླ་མས་བརྗོད་པར་བྱ། །སངས་རྒྱས་སེམས་ཅན་གཅིག་པ་ལ། །འཁྲུལ་པའི་བློ་ཡིས་སོ་སོར་བརྟགས། །ངེས་པ་གཅིག་ལས་མི་གནས་ཏེ། །མ་བཙལ་ལྷུན་གྱིས་གྲུབ་པར་རྟོགས། །ཐེག་པའི་ཁྱད་པར་གང་དག་གིས། །རྩོལ་མེད་རིན་ཆེན་ཕུང་པོ་ལ། །གང་དང་གང་དུ་ཅི་བཙལ་བ། །ལྟས་པའི་རང་འབྲས་ཐོབ་པར་འགྱུར། །དཔེར་ན་གཙུག་གི་ནོར་བུ་ནི། །བདག་པོ་མཉེས་པ་གང་བྱས་པ། །དེ་དག་དེ་ཡི་ཡོན་ཏན་ཆ། །འཚམས་པ་ཉིད་དུ་ཐོབ་པར་འགྱུར། །དབྱིག་ཉིད་ནོར་བུའི་བདག་པོ་ལ། །ཆ་ཤས་མ་ཡིན་ལྷུན་གྱིས་གྲུབ། །འབད་རྩོལ་མེད་པའི་ཐབས་ཆེན་གྱིས། །གང་ཡང་བདག་ཉིད་ཆེན་པོར་རྟོགས། །དེ་རྟོགས་རྩོལ་བྲལ་འཁོར་ལོ་བཞུགས། །ཉི་མའི་འོད་ལྟར་ལྷུན་གྱིས་གྲུབ། །རང་སེམས་ཡེ་ཤེས་མཐའ་བྲལ་ལ། །མཐའ་ཡིས་འདུ་ཤེས་གང་མི་གནས། །ཡེ་ཤེས་རིག་པའི་གདེང་མེད་ན། །དགྲ་རུ་རྡོ་རྗེ་སེམས་དཔའ་འབྱུང་། །རིག་པ་མ་བཅོས་བདེ་མཆོག་ལ། །སྤོང་ལེན་གཉིས་པོ་གདོད་ནས་དག །མི་གཡོ་རྣལ་འབྱོར་མཆོག་གི་ཐུགས། །སྤྱད་འཛིན་མེད་པའི་ངང་ལ་གནས། །མ་བསགས་མ་སྤྱད་ལྷུན་གྱིས་གྲུབ། །རྡོ་རྗེ་འོད་གསལ་ཡངས་པ་མེད། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །སངས་རྒྱས་དང་སེམས་ཅན་རིག་པ་གཅིག་ལ་རྫོགས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །དགྱེས་ཆེན་འོད་གསལ་མཁའ་ལ་བཞུགས། །མཐའ་དབུས་མེད་དཔའི་དཀྱིལ་འཁོརསྤྲོ། །ནམ་མཁའི་མཐའ་དང་རབ་མཉམ་པ། །ཀུན་ལ་གནས་པའི་ཚུལ་ཉིད་ནི། །སྙིང་པོ་ཀུན་ལ་ཁྱབ་དང་མཚུངས། །རང་བཞིན་ངོ་བོ་ངེས་པ་དང་། །དཔེ་དང་ཚད་ཀྱིས་བཏགས་པ་ཡིས། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་ལ། །ཡེ་ཤེས་རིག་པ་འོད་གསལ་མཆོག །བརྟགས་དང་མ་བཅོས་ངེས་པ་དང་། །མཚོན་པས་ངེས་པར་ཤེས་པར་བྱ། །འཇིག་རྟེན་བརྟགས་པའི་རང་བཞིན་དག །ཀུན་ལ་ཡོད་པར་བརྟགས་པའི་ཆོས། །ཉི་མའི་སྙིང་པོ་དག་པ་ལ། །མུན་པའི་གཞི་མདོ་མ་ཡིན་ཀྱང་། །འཁྲུལ་པས་མུན་པའི་ཚོགས་སུ་མཐོང་། །དེ་བཞིན་བྱིས་པའི་རང་བཞིན་གྱིས། །འགྲོ་དྲུག་ཞེན་པའི་རང་འཐད་ཀྱིས། །ཐ་དད་སྡུག་ཏུ་ཞེན་པས་བརྟགས། །ལ་ལས་རྟག་ཆད་བྱེད་པར་བརྟགས། །ལ་ལས་བདེན་བཞི་སྤོང་བར་བརྟགས། །ལ་ལས་འགེགས་པའི་ཚུལ་དུ་བརྟགས། །ལ་ལས་བདེན་གཉིས་ཚུལ་གཟུང་ནས། །བསྐ་ཐ་པ་གྲངས་མེད་གསུམ་གྱི་བར། །ལམ་ལྔ་ས་བཅུ་སྦྱངས་བྱས་ནས། །བགྲོད་པས་རྙེད་པའི་ཡུལ་དུ་བརྟགས། །ལ་ལས་སྤྱོད་ལམ་དག་པ་ཡིས། །མཐོ་དམན་རིམ་པའི་ཚུལ་གཟུང་ནས། །སྐྱེ་བ་ཀུན་ཏུ་བགྲོད་པ་ཡིས། །ཐོབ་པར་འདོད་པའི་ཚུལ་དུ་བརྟགས། ཁོ་བོ་ལྟ་བུའི་རྣལ་འབྱོར་པས། །གཅིག་ལ་གཉིས་ཀྱི་ཁྱད་པར་གྱིས། །བགྲོད་པས་ངེས་མེད་ཕྲ་མེན་གྱིས། །རང་གི་འབྲས་བུ་གྲུབ་པར་བརྟགས། །བླང་དོར་རིམ་པའི་ཚུལ་གྱིས་ནི། །ཡན་ལག་དགུ་དང་རིགས་བྱིན་རླབས། །ལྟར་སྣང་གསལ་བའི་ཁྱད་པར་གྱིས། །ངེས་པའི་འདོད་པའི་ཚུལ་གྱིས་བརྟགས། །ལ་ལས་རིམ་བསྐྱེད་གསུམ་སྐྱེད་དང་། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །སྐྱེ་བཞི་ལྷ་ཡི་དཀྱིལ་འཁོར་དུ། །རང་རྒྱུད་དག་པས་གྲུབ་པར་བརྟགས། །ལ་ལས་དབྱིངས་དང་ཡེ་ཤེས་ཉིད། ཁུ་འབྲས་འོད་ཀྱི་ཏིང་འཛིན་གྱིས། །གྲངས་འདས་འོད་ཀྱི་དཀྱིལ་འཁོར་ཉིད། །སྒོམ་པས་གྲུབ་པ་ཉིད་དུ་བརྟགས། །བརྟགས་ཕྱིར་ཀུན་བརྟགས་ཉིད་དུ་རྟོག །འཁོར་བའི་ཤེས་པ་མ་རབས་ལ། །ཡེ་ཤེས་རིག་པ་འོད་ནུབ་ནས། །འཁོར་བའི་ཐ་མར་མདུད་པས་བཅིངས ཐར་པའི་རིག་དང་གཏན་དུ་བྲལ། །ཡེ་ཤེས་རིག་པ་ཁྱད་པར་ཅན། །ནམ་མཁའ་མཐའ་ལྟར་ཀུན་ཁྱབ་པས། །བྱང་ཆུབ་སེམས་སུ་མཚུངས་པར་གནས། །མཁའ་མཉམ་རིག་པ་ཀློང་དུ་འཁྱིལ། །གསལ་ཁྱབ་རིག་པའི་འོད་མཐའ་ཡས། །གསང་བའི་རིག་པ་གཏེར་དང་ལྡན། །ཀུན་ཀྱང་རང་གསལ་རིག་པའི་སྒོ། །བསམ་མི་ཁྱབ་ལ་ཆོས་ཀྱི་དབྱིངས། །བསམ་མེད་དྲན་མེད་མི་གཡོ་བ། །གཉིས་མེད་ཡེ་ཤེས་ཆོས་ཀྱི་དབྱིངས། །ནམ་མཁའ་རྡོ་རྗེ་མ་བཅོས་པ། །རང་གསལ་ཡེ་ཤེས་གསང་བའི་ངང་། །ཀུན་ཁྱབ་ཟབ་མོ་མཆོག་གི་ལུང་། །རིག་པ་རྣལ་འབྱོར་ཅིར་མི་ལྟ། །དགོངས་པ་མི་གཡོ་རྒྱལ་བའི་དགོངས། །མི་བསམ་མི་སྤྱད་ཅིར་མི་དགོངས། །སྤྲོས་མེད་བྱིན་བརླབས་ཕྱོགས་བཅུར་བརྡལ། །བསམ་པ་མ་ཡིན་མི་བསམ་མིན། །གཉིས་ཀ་མ་ཡིན་གསང་བའི་ལུང་། །གདོད་ནས་དག་པའི་ཡེ་ཤེས་ནི། ཁུ་རྐྱེན་གཉེན་པོའི་ཆོས་མེད་དེ། །བརྟགས་པ་བསམ་གྱིས་མི་ཁྱབ་པས། །ནམ་མཁའི་དཀྱིལ་འཁོར་འགྱུར་མེད་ཀློང་། ཁྱབ་པ་ཆེན་པོ་ཆོས་ཀྱི་སྐུ། །གཉིས་མེད་ཡེ་ཤེས་གསང་བ་ཉིད། །ཅིར་སྣང་རིག་པ་རང་བྱུང་པས། །རང་རིག་མ་བཅོས་མི་གནས་པ། །འདི་ལ་མཐའ་དབུས་མེད་པ་དང་། །ཕྱོགས་རིས་ཉེ་རིང་འཛིན་པ་དང་། །མི་རྟོག་ཁྱབ་པར་གནས་པ་དང་། །གསལ་ལ་དམིགས་སུ་མེད་པ་དང་། །འདི་ལ་ཚད་དང་ཆེ་ཆུང་སོགས། །གང་ཡང་ཡོད་པ་མ་ཡིན་ན། །གང་གི་གསང་བའི་དབྱིངས་ཉིད་ལ། །ཕྱོགས་ཀྱི་འདུ་ཤེས་གང་བསམ་པ། །དེ་ནི་ལོག་པའི་གྲོང་ཁྱེར་ཏེ། །ཕྱོགས་ལོག་རང་བཞིན་ལོག་པ་དང་། །གཞན་རྐྱེན་ལོག་པའི་འདུ་ཤེས་ཀྱིས། །རང་བྱུང་རིག་པའི་འོད་ལ་བསྒྲིབས། །འཁོར་བ་ཉིད་ན་མྱ་ངན་འདས། །ལོངས་སྤྱོད་བདེ་བའི་ངང་དུ་གནས། །འདི་ཀུན་ཡེ་ཤེས་རོལ་པ་ལ། །བདེ་བ་ཆེན་པོར་གང་སྤྱོད་པ། །རྨད་བྱུང་རོལ་པའི་སྤྱོད་པ་ཡིན། །སངས་རྒྱས་སེམས་ཅན་ལ་སོགས་པ། །བརྟགས་པས་དོན་འདི་མ་མཐོང་སྟེ། །རང་གསལ་ཡེ་ཤེས་སྙིང་པོ་ནི། །ཐམས་ཅད་བརྡལ་བ་མཆོག་གི་ངང་། །དེ་ཉིད་མཁའ་མཉམ་ཀློང་གི་ངང་། །ཇི་བཞིན་པ་དང་བརྒྱུད་པ་ཡིས། །མཚོན་པའི་ཐབས་ཀྱི་བརྡ་ཚིག་གིས། །ཇི་བཞིན་རིག་པར་གསལ་བསྟན་ནས། །རིགས་ཆེན་རྒྱལ་བའི་ལུང་ཐོབ་པས མ་བཅོས་ཇི་བཞིན་རང་བཞག་ལུང་། །རིག་པས་མ་སྤྱད་རྗེས་མི་འབྲང་། །བསམ་སྤྱད་མི་བྱ་ལྷུག་པར་གནས། །རང་གསལ་རྐྱེན་བྲལ་མ་ཡིན་པར། །བརྡ་སྒོ་རྟོག་པའི་རྗེས་མི་འབྲང་། །གཉེན་པོས་མི་བཅོས་ཚད་མས་མིན། །བརྗོད་མེད་ཚིག་གི་ལྡེ་མིག་གིས། །བརྗོད་མེད་བརྗོད་པས་བརྗོད་བྲལ་རྟོགས། །རང་གཞག་འོད་གསལ་ཏིང་འཛིན་ཏེ། །མཚན་མ་བཅོས་པའི་བློས་མི་རྟོགས། །ཡེ་ཤེས་གསང་མཆོག་མ་ཡིན་པར། །རྣམ་རྟོག་ཞེན་པའི་ཆོས་མི་གནས། །དེ་ཉིད་མ་བཅོས་དགོངས་པ་ལ། །ཅོག་བཞག་རིག་པའི་སྒྲ་ཡིས་གོ །དེ་ཉིད་མཚོན་པའི་ཐབས་ཉིད་ནི། །བླ་མའི་དགོངས་པ་ཉིད་ལས་ཤེས། །ཆུ་ལ་ཆུ་བཞག་ཇི་བཞིན་དུ། །གཉིས་མེད་རིག་པ་གཅིག་ཏུ་འབར། །ངེས་པའི་དྲོད་ཚད་གང་ཡིན་པ། །བླ་མ་གཉེས་བྱས་ཐབས་ཀྱིས་རྟོགས། །གཏད་མེད་བཟུང་མེད་ཡུལ་མི་འཇོག །མ་ཡེངས་གསལ་བར་ཐག་ཆོད་ན། །མཉམ་བཞག་ངེས་པ་ཅན་གྱི་མཚན། །གྱིན་མ་བཅོས་པ་ཉིད་དོ། ཁུསྐྱུད་པ་ཐབས་ཀྱི་ཁྱད་པར་གྱིས། །རྩོལ་བའི་ལས་ཅན་གང་དག་ལ། །འཁྲུལ་གྱི་མེ་ལོང་བལྟས་པ་བཞིན། །མངོན་སུམ་ཡེ་ཤེས་ཆེན་པོ་ལ བཅོས་པའི་ཐབས་ཀྱིས་གསལ་བར་འཛིན། །རྣ་བརྒྱུད་རྡོ་རྗེ་ལུང་གིས་ནི། །མ་བཅོས་བཅོས་མའི་སྒོ་ནས་ནི། །མཚོན་པའི་སྒོ་མོ་བསམ་ཡས་པ། །གདུལ་བའི་ཐབས་སུ་གསུངས་པ་ཡིན། །རྣ་བརྒྱུད་མན་ངག་བརྒྱུད་མ་ཆད། །བརྒྱུད་པ་གསུམ་གྱི་ལུགས་ཀྱིས་ནི། །འཁོར་བའི་ཆུ་བོ་བསྒྲལ་བའི་ཕྱིར། །རྡོ་རྗེ་ཟབ་པ་འདྲ་བར་གནས། །རྒྱལ་བའི་དགོངསཔཇིབཞིནཔ། །སྒྲོསྐུར་བྲལ་བ་ལུང་གི་དོན། །ཡེ་ནས་རྒྱལ་ཐབས་གནས་པས་ན། །རྣ་བརྒྱུད་ལུང་གི་རྒྱལ་པོ་ཡིན། །ཐབས་སྦྱོར་རིག་པ་འཕྲུལ་གྱི་སྒོ། །གང་འདོད་མོས་པ་དེ་ལ་བསྟན། །འདོད་སྦྱོར་མོས་པའི་ཚུལ་གྱིས་ནི། །མཐར་ནི་ནམ་མཁའ་ལྟ་བུར་བཞུགས། །རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་། །མ་བརྗོད་དགོངས་པའི་བྱིན་བརླབས་ཀྱིས། །ཇི་བཞིན་ཉིད་དུ་དབང་བསྐུར་ནས། །དུས་མཐའི་ཆ་ལ་རྫོགས་སངས་རྒྱས། །ངོ་བོ་བཅོས་མེད་སྙིང་པོ་ནི། །མ་བཙལ་རིག་པའི་གདེང་གིས་གནས། །འཁོར་མིན་མྱ་ངན་འདས་པའང་མེད། །བརྗོད་མེད་བསམ་བྲལ་རིག་པའི་ཀླུང་། །གང་ལའང་བསམ་ཤིང་སྤྱད་དུ་མེད། །རང་གསལ་ཡེ་ཤེས་སྙིང་པོ་ལ། །བརྗོད་པ་སྒྲ་ཡི་ཐ་སྙད་ཀྱིས། །མཚོན་པ་ལམ་གྱི་རྒྱུད་དང་བྲལ། །ཅི་ཡང་ཡིན་ནོ་གང་ཡང་རུང་། །གཞི་ལམ་འབྲས་བུ་ཀུན་དང་འབྲེལ། །བརྗོད་དང་རང་རིག་ཡེ་ཤེས་ལ། །སྒྲ་ཡི་འཁོར་ལོ་རང་བཞིན་འཆར། །ལྷུན་གྲུབ་རང་གསལ་དགོངས་པ་ལ། །བསམ་བརྗོད་འཛིན་པའི་འདུ་ཤེས་མེད། །འདོད་པའི་བློ་ཡིས་གང་སྦྱོར་བ། །དམན་པའི་ཤེས་པ་རིམ་བརྒྱད་དེ། །ཐེག་ཆེན་ནམ་མཁའ་རྡོ་རྗེ་དེ། །བཙལ་བས་ཐོབ་པར་ག་ལ་འགྱུར། །རྣ་བརྒྱུད་ཐུགས་ཀྱི་རིན་ཆེན་འདི། །རྣ་རྒྱུད་འཕྲུལ་ཚིག་མི་ལྡན་པར། །རང་རྟགས་ལོག་པའི་འདུ་ཤེས་ཀྱིས། །བརྟགས་པས་མི་གྲོལ་ལྟུང་བའི་རྒྱུད། །རང་གསལ་ངེས་པའི་དོན་བྲལ་ནས། །གཞན་ཡང་ངེས་མེད་གཉིས་ཀ་ལྟུང་། །དེ་ཕྱིར་བླ་མ་མཉེས་བྱས་ནས། །དོན་ལ་ཇི་བཞིན་འཇུག་པ་ཡིས། །སྒྲ་ཚིག་མཚན་མ་ལ་བརྟེན་ནས། །རང་གསལ་རིག་པ་རྟོགས་པར་འགྱུར། །ངེས་པ་རྙེད་ན་འགྱུར་བ་མེད། །འཁོར་བའི་འཇིགས་བྲལ་གཡང་ས་མེད། །དེ་ནི་ངེས་པའི་དོན་ཞེས་བྱ། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །མཐའ་དབུས་སྤྲོས་བ་རྣམ་པར་བཅད། །ཉི་མའི་སྙིང་པོ་ཇི་བཞིན་དུ། །འཁོར་བ་ཀ་དག་ཡེ་སངས་རྒྱས། །སྣང་སྲིད་གསལ་བའི་མེ་ལོང་ལྟར། །ཕྱོགས་རིགས་མེད་པར་གསལ་བར་འཆར། །ཏག་སྒ་ཀ་ཡི་སྤྱི་གཙུག་ལྟར། །བཙལ་མེད་འབྲས་བུ་ལྷུན་གྱིས་གྲུབ། །རྒྱ་མཚོ་ལྟ་བུའི་རང་བཞིན་པས། །མི་གཡོ་རླབས་འབྱུང་གཅིག་གི་ངང་། །ནམ་མཁའི་ཁྱུད་ཆེན་ཇི་བཞིན་དུ། ཁོབས་འོག་འདུ་ཞིང་བཙལ་འཇིགས་མེད། །རྩལ་ཆེན་རྫོགས་པའི་སེང་གེ་ལྟར། །ཟིལ་གནོན་གཅིག་པུར་ལྷུན་གྱིས་རྫོགས། །རིན་ཆེན་དག་པའི་གསེར་གླིང་ལྟར། །ཐ་དད་རྣམ་པ་གཅིག་ཏུ་གསལ། །དགོངས་པ་ནམ་མཁའི་མཐའ་མཉམ་ལ། །ཚད་དང་དཔག་ཏུ་ག་ལ་ཡོད། །འདི་ལ་ཆེ་ཆུང་ཚད་མེད་ལ། །འདི་ལ་མཐའ་དབུས་ཡོད་མ་ཡིན། །འདི་ལ་དམིགས་པའང་མེད་པས་ན། །བྱིན་རླབས་ཉིད་ཀྱངདེབཞིནནོ། །ཞིངཁམས་སྐུ་གསུང་ཐུགས་ཉིད་དང་། །ཡོན་ཏན་འཕྲིན་ལས་ཐུགས་རྗེ་དང་། །ཕྱོགས་རིགས་མེད་པ་དེ་ཉིད་དོ། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །བྱང་ཆུབ་སེམས་ནམ་མཁའ་དང་མཉམ་པའི་གནས་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དེ་བཞིན་དཔེ་དང་ཚད་མ་དང་། །བསྟན་པའི་དོན་དུ་བཞག་ཚུལ་ལོ། །ཀུན་འདུས་རང་གསལ་དེ་བཞིན་ཉིད། །སྤྲོ་བསྡུ་མེད་པའི་དབྱིངས་ལ་གསང་། །འདུ་འབྲེལ་མེད་པས་གཅིག་ལ་རྫོགས། །རང་བྱུང་རྨད་གྲགས་དཀྱིལ་འཁོར་ནི། །གང་ལྟར་བསྟན་པས་གཅིག་ཏུ་གསལ། །རྣམ་དག་འོད་གསལ་དཀྱིལ་འཁོར་ལ། །མཐའ་དབུས་ཆེ་ཆུང་ཡོངས་ཀྱི་མེད། །རང་བྱུང་བཙལ་བྲལ་ལྷུན་གྲུབ་ལ། །རྣམ་རྟོག་འཁོར་བ་རྣམ་པར་བཅད། །བཅོས་པ་མེད་དང་སྤྲོས་མེད་དང་། །ཡེ་ནས་དེ་ལྟར་སྣང་བ་དང་། །ཞེན་པར་བརྟགས་པའི་ཆོས་མེད་པར། །དེ་བཞིན་ཉིད་ཅེས་རྣམ་པར་བསྒྲགས། །གསལ་ལ་དབུས་མཐའ་མེད་པ་ཡི། །དེ་བཞིན་ཉིད་དེ་ཀུན་གྱི་ངང་། །ཀུན་གྱི་བདག་ཉིད་གསང་བའི་ཐུགས། །ཡེ་ཤེས་ཆེ་མཆོག་སྤྱོད་ཡུལ་ཏེ། །གཟུང་འཛིན་མེད་པའི་ཆོས་མེད་དེ། །སངས་རྒྱས་དགོངས་བ་ཐུགས་ཀྱི་མཆོག །གསང་བའི་ཡང་གསང་ཡེ་ཤེས་ན། །ཀུན་ལ་གསལ་བ་ཁྱབ་པར་གནས། །མི་གཡོ་ཐིག་ལེ་ཆེན་པོའི་ངང་། །ཕྱག་རྒྱ་རིག་པ་མཆོག་ལ་རྫོགས། །གསང་བ་མཆོག་གི་ཡེ་ཤེས་ནི། །མ་སྐྱེས་ཨ་ཡི་དོན་དེ་གོ །བཙལ་བྲལ་རིག་པའི་ངོ་བོ་ཡང་། །ཕྱོགས་དང་ཕྱོགས་བྲལ་གཉིས་ཀ་མེད། །བརྗོད་མེད་བརྗོད་པའི་དངོས་གཞི་ཅན། །བརྗོད་བྲལ་སྒྲ་ཡི་ངོ་བོ་ཅན། །གང་གིས་བསྟན་པས་དེ་ལྷར་གོ །སྐྱེ་འགྲོ་ཕྱི་ནང་སྣོད་བཅུད་ཀུན། །ཆེན་པོ་ལྔར་འདུས་དེ་ཉིད་ནི། །དེ་ཉིད་འབྱུང་བ་སོ་སོར་ཡང་། །ནམ་མཁའི་ངང་དུ་འདུས་པ་ལྟར། །འདས་དང་མ་འདས་ཅིར་གསལ་བ། །རང་རིག་རང་གསལ་དབྱིངས་སུ་བརྡལ། །སྐུ་གསུམ་བྱེ་བྲག་ཅིར་བསྟན་པ། །མ་སྐྱེས་སྟོང་པའི་ངང་དུ་གསལ། །འཆིང་གྲོལ་མེད་པ་དབུ་མའི་ལམ། །མཐའ་གསུམ་བྲལ་བའི་ཡེ་སངས་རྒྱས། །ཡུལ་བྲལ་རིག་པ་ཅིར་མི་དགོངས། །འཛིན་བྲལ་སྤྱོད་པ་མཐའ་ལས་འདས། །རིག་པའི་ཡེ་ཤེས་བསམ་མི་ཁྱབ། །མ་སྐྱེས་ཡེ་ཤེས་དོན་དང་ལྡན། །ཅི་ཡང་ཡིད་ལ་ངེས་པ་མེད། །མ་བརྟགས་ཀུན་དང་མཉམ་དུ་སྐྱེས། །བརྟགས་ན་མ་བརྟགས་དོན་དང་བྲལ། །མི་བསམ་མི་དགོངས་སྤྱོད་དང་བྲལ། །མཉམ་ཉིད་གསལ་བའི་ངང་ལ་བཞུགས། །དེ་བཞིན་མ་བཅོས་ཡེ་ཤེས་ལ། །དཔེ་དང་མཚོན་པའི་མཚན་མ་ཡིས། །བཅོས་སམ་མ་བཅོས་དོན་མི་གསལ། །ནམ་མཁའི་དཔེ་དང་ཚིག་གིས་གསལ། །མཁའ་ལ་འགྱུར་འཇིག་མི་མངའ་ལྟར། །ཡེ་གསལ་རྡོ་རྗེ་འགྱུར་འཇིག་མེད། །མ་སྐྱེས་ཁྱབ་བརྡལ་ནམ་མཁའ་ལྷར། །བདེ་ཆེན་ཡེ་ཤེས་དང་འདྲ་བ། །འདུ་འབྲལ་འགྲོ་འོང་མི་གནས་ཤིང་། །མི་གནས་ནམ་མཁའི་དབྱིངས་ལ་བཞུགས། །ཀུན་འདུས་དབྱིངས་ཆེན་རྟག་པའི་ཚུལ། །འོད་གསལ་དེ་འདྲར་ཅིར་མི་དགོངས། །ཆུ་བོ་དག་ནི་པདྨ་དང་། །རིན་ཆེན་གླིང་དང་ཁྱུང་ཉིད་དང་། །ས་གཞི་རི་རབ་ཉི་ཟླ་ལྟར། །ནོར་བུ་ལྟ་བུའི་མཚན་ཉིད་ནི། །མཚོན་པ་དཔེ་ཡི་ཚུལ་དུ་བཤད། །རང་བཞིན་དག་དང་རྒྱུན་མ་ཆད། །རང་གི་མཚན་ཉིད་མི་འདའ་ཞིང་། །མ་བཙལ་བཞག་པས་སྐྱོན་རྣམས་ཞི། །དེ་དག་དེ་ཡི་ཚུལ་དུ་བཤད། །རང་བཞིན་དག་པས་མ་ཆག་དང་། །སྐྱོན་དང་མཉམ་དུ་གནས་པ་དང་། །མཐོང་བ་དགའ་བ་བསྐྱེད་པའི་ཕྱིར། །དེ་དག་དེ་ཡི་ཚུལ་དུ་བཤད། །མ་འདྲེས་གཅིག་ཏུ་གསལ་བ་དང་། །ཡེ་ནས་དག་དང་སེལ་མེད་དང་། །དེ་མིང་མེད་དང་རོ་གཅིག་པས། །དེ་ཡང་ངེས་པར་མཚོན་པའི་ལུང་། །བཙལ་མེད་པ་དང་གཅིག་པར་མིན། །གཟའ་མེད་འཇིགས་བྲལ་ནམ་མཁའ་སྤྱོད། །ཟིལ་གནོན་ཁོབས་འོད་འདུས་པའི་ཕྱིར། །ངེས་པ་དཔའ་བའི་ཚིག་ཏུ་བསྒྲགས། །བཟང་ངན་མེད་དང་ཀུན་སྐྱེད་དང་། །རྟེན་དང་ཀུན་སྤྱོད་རྟོགས་སྤྱོད་བྲལ། །ཆགས་སྡང་རྣམ་རྟོག་མི་གནས་པས། །མཚོན་པ་དཔེ་ཡི་ཚིག་ཏུ་གསུངས། །མཐོང་དང་ལྷག་པར་འཕགས་པ་དང་། །མི་བསྐྱོད་པ་དང་རྫོགས་བྲལ་དང་། །མཐོང་དང་རྟོགས་པར་དཀའ་བས་ན། །ངེས་པར་རྟོགས་པའི་ཚུལ་དུ་གཅིག །གསལ་དང་ཁྱད་པར་མ་བཙལ་བར། །འོད་ལྡན་མུན་པ་གདོད་ནས་བྲལ། །ཕྱོགས་མེད་སྣང་བས་ཀུན་ཏུ་བརྡལ། །དེ་དང་འདྲ་བར་དཔེ་ཡི་དོན། །རང་བྱུང་བཙལ་མེད་ཟད་མི་ཤེས། །འཕེལ་འགྲིབ་ཕྱོགས་རིས་མེད་པ་དང་། །ཀུན་གྱི་རེ་སྐོང་བསམ་བྲལ་བས། །དེ་དག་ཉེ་བར་མཚོན་པ་ཡིན། །གསང་བའི་ཡེ་ཤེས་ཟབ་མོ་ལ། །སྒྲ་དང་ཚད་མ་གཏན་ཚིགས་དག ཁྲེས་རབ་རྗེས་དཔགས་ལུང་ཉིད་ཀྱིས། །གཏན་ལ་ཕེབས་པ་མ་ཡིན་ཏེ། །ངེས་པར་གསང་བའི་མངོན་སུམ་ལ། །རྗེས་དཔགས་རིག་པ་ནོར་བའི་ལམ། །ངེས་དོན་སངས་རྒྱས་དགོངས་པ་ལ། །དྲང་དོན་གང་ཟག་བསམ་པ་ཡིས། །བཙལ་མེད་དང་ལ་རྩོལ་བས་འཇུག །འདི་དོན་ལོག་པས་ངེས་མ་རྙེད། །གསང་བ་ཡེ་ཤེས་བརྗོད་བྲལ་ལ། །མཚན་མའི་ཐ་སྙད་མི་འཇུག་ཀྱང་། །དེ་ཉིད་ཚིག་གི་ལྡེ་མིག་གིས། །བརྗོད་པར་རིག་པའི་འཁོརལོར་གསལ། །བྱ་བྲལ་རྫོགས་ལུང་མ་བཅོས་པ། །རང་གི་ངེས་པའི་དོན་གྱིས་མཚོན། །བརྒྱུད་པའི་བྱ་བྲལ་རྫོགས་ལུང་ལ། །ཇི་བཞིན་ངེས་པའི་གཏན་ཚིགས་ནི། །འབད་རྩོལ་བྲལ་བར་དོན་གོ་བས། །རིན་ཆེན་འབར་བའི་ངོ་བོ་སྟོན། །མ་བཅོས་བྱ་བྲལ་རྫོགས་ལུང་ནི། །གཉིས་མེད་ཡེ་ཤེས་གསང་བའི་དོན། །སྒྲོ་སྐུར་མེད་པའི་བཀའ་ལུང་གིས། །བཅོས་མེད་གསལ་བའི་དོན་ལ་སྦྱོར། །རིག་པ་བྱ་བྲལ་རྫོགས་ལུང་ནི། །རང་གསལ་རྩོལ་བྲལཇིབཞིནཔ། །མབཅོས་འོད་བརྡལ་ཇི་བཞིན་དུ། །རང་གསལ་ལུང་གིསཇིབཞིནགནས། །མ་བཅོས་ངེས་པའི་གཏན་ཚིགས་ནི། །ནམ་མཁའི་ངོ་བོ་སྟོང་པ་ལ། །ཐུན་མོང་ཚད་མས་མི་གཞལ་གྱི། །རང་བཞིན་ཉིད་ཀྱིས་གསལ་བར་སྟོན། །ཆོས་སྐུ་སྣང་བའི་རང་བཞིན་ནི། །ཡེ་ནས་མ་བཅོས་ཇི་བཞིན་པ། །རང་བཞིན་ཉིད་ཀྱིས་གཏན་ལ་འབེབས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །ཉི་མའི་རང་བཞིན་གསལ་བ་ནི། །རང་གི་རང་བཞིན་གསལ་བར་འགྱུར། །དེ་བཞིན་རང་གསལ་ཡེ་ཤེས་ཀྱང་། །བཅོམ་མེད་རང་གི་རང་བཞིན་སྣང་། །མ་བཅོས་རིག་པའི་དོན་མེད་ན། །བཅོས་པའི་རྣལ་འབྱོར་པ་ཡི་ལམ བཅོས་པ་མེད་དང་རང་བཞིན་གསལ། །རྐྱེན་བྲལ་རང་གི་རིག་པ་ནི། །མ་བཅོས་གསང་བའི་རིག་པ་ཡིན། །དེ་བཞིན་ཉིད་ལ་ཇི་བཞིན་དུ། །མ་བཅོས་དོན་ལ་མི་འཇུག་པར། །སྒྲ་དང་བརྡ་སྒོ་རྟོག་པ་ཡིས། །རང་གསལ་ཡེ་ཤེས་དོན་དང་བྲལ། །ཡེ་ཤེས་སྙིང་པོར་ཀུན་འདུས་པས། །རང་གསལ་ཡེ་ཤེས་མ་ཡིན་པ། །སྣང་བརྟགས་ཞེན་པའི་ཆོས་གནས་ན། །འཁྲུལ་པས་བྱང་ཆུབ་ཇི་ལྟར་རྙེད། །ཀུན་བརྟགས་གོམས་པའི་རང་ཉམས་ཀྱིས། །རང་གསལ་བརྟགས་མེད་སྙིང་པོ་ལ། །མཉན་བཤད་བརྗོད་པ་ཅི་བྱས་ཀྱང་། །རྒྱ་མཚོ་རྦས་བསྒྲིབས་ཚུལ་དུ་མཐོང་། །མ་མཐོང་གང་མཐོང་ཅིར་མི་མཐོང་། །གསལ་ཡང་ཀུན་བྲལ་འདི་དང་བྲལ། །མ་མཐོང་བ་ཉིད་མཐོང་བའི་མཐའ། །མཐོང་བ་ཉིད་ཀྱང་མ་མཐོང་མཐའ། །མཐའ་བྲལ་དབུ་མ་མཐའ་ཡི་ལམ། །ནམ་མཁའ་རྡོ་རྗེ་དཀྱིལ་འཁོར་ལ། །མཐའ་དབུས་ཡོད་མེད་ཅིར་མི་མཐོང་། །རང་གསལ་རིག་པ་མཐའ་དབུས་མེད། །ཡེ་ཤེས་རིག་པ་ཕྱོགས་རིས་མེད། །གསལ་བའི་རིག་པ་སྒྲིབ་བྱེད་མེད། །མ་བཅོས་རྣལ་མ་བསམ་དུ་མེད། །རང་བྱུང་རིག་པ་ཐལ་བྱུང་བ། །རིམ་པས་མ་ཡིན་དུས་གཅིག་གསལ། །བདག་གཞན་མི་དམིགས་ཅིར་མི་དགོངས། །གསལ་བྲལ་རིག་པ་ཐམས་ཅད་གསལ། །ཉམས་མྱོང་རིག་པ་རྣམ་རྟོག་བྲལ། །མངོན་སུམ་གསལ་ཡང་དམིགས་སུ་མེད། །རང་བྱུང་ཡེ་ཤེས་རང་གསལ་ལུང་། །གསལ་བའི་རིག་པ་ཏིང་འཛིན་མཆོག །རྡོ་རྗེ་ཉི་འོད་འབར་བ་ལྟར། །གསལ་བ་དམིགས་མེད་འདུ་ཤེས་་ཆོད། །མ་བསམས་པ་ཉིད་བསམ་པའི་མཐའ། །མ་རྟོགས་པ་ཉིད་རྟོགས་པའི་ཀློང་། ཁུསྨྱུ་བ་མེད་པའི་ཡེ་ཤེས་ནི། །མཁའ་ལྟར་བརྡལ་བའི་ཚུལ་དུ་གསལ། །གང་ཡང་མ་བཀག་མངོན་སུམ་གསལ། །མི་ལྡོག་མི་འཇུག་དེ་བཞིན་ཉིད། །བཏང་སྙོམས་བར་མའི་ཚུལ་དུ་གནས། །མཚན་མ་སྒྲ་ཡི་རྗེས་འབྲངས་པས མ་བཅོས་ངང་ལ་ཕྱིན་ཅི་ལོག །མ་བཅོས་རིག་པ་དམ་བཅས་ནས། །མངོན་སུམ་དོན་ལ་ཕྱེད་ཡུལ་བསྒོམས། །མ་བཅོས་དོན་ལ་བསམ་པས་བཅོས། །དམིགས་མེད་དོན་ལ་དམིགས་པར་གཟུང་། །བཙལ་བྲལ་ཡུལ་ལས་གཏན་དུ་གོལ། །རྣ་བརྒྱུད་ལུང་གི་རྗེས་འབྲངས་ནས། །དེ་མ་ཐག་ཏུ་རིག་པ་འཆར། །འོད་འབར་ཡེ་ཤེས་མཆོག་གི་ལམ། །སྙིང་པོ་མཆོག་ལས་མ་ཡེངས་པའོ། །ཇིབཞིནབརྗོདཔཐམས་ཅད་ནི། ་ཡེ་ཤེས་རྫོགས་པ་ཉིད་ཀྱི་མཐའ། །གཉིས་མེད་ཡེ་ཤེས་རྫོགས་པ་ལ། །མཐའ་དབུས་ཞེན་པ་རྣམ་པ་བཅད། །རང་གསལ་དོན་ལ་གང་ཞེན་པ། །བདེ་བའི་ཡུལ་ལ་ཞེན་ཆགས་པས། །ཆགས་དང་མ་ཆགས་ཚིག་གི་མཐའ། །རང་གསལ་དོན་ལས་མི་འདའ་འོ། །བརྟག་གཉིས་སྦྱང་དང་གསོལ་བ་གདབ། །གནང་སྤྱིན་གདམ་ངག་ཕོག་པ་ཡིས། །ངེས་པའི་དོན་ལ་བཞག་པའོ། །མ་བཅོས་ཇི་བཞིན་དཀྱིལ་འཁོར་ལ། །མ་བཙལ་ལྷུན་གྲུབ་ཚུལ་ཉིད་དུ། །གཉིས་མེད་རིག་པའི་དྲོད་ཚད་ཀྱིས། །མ་ཡེངས་གྱི་ནར་གནས་པའོ། །མ་བཙལ་རིག་པ་མངོན་སུམ་ལ། །ཡུལ་མེད་ཐུག་ཕྲད་རང་གསལ་གྱིས། །འཛིན་བྲལ་དབུ་མའི་ཏིང་འཛིན་གྱིས། །རྒྱ་མཚོ་འཇིངས་དང་འདྲ་བར་གསལ། །གསལ་ལམ་མི་གཡོ་ཡུལ་བྲལ་བ། །རྣམ་པར་མི་རྟོག་མཆོག་གི་ལུང་། །མ་བཙལ་རང་བྱུང་ཡུལ་གྱི་ཚོལ། །མཐའ་དབུས་མི་བསམ་རིག་པར་གསལ། །སྐལ་ལྡན་རིག་པ་རབ་སྤྱངས་པ། །ལུས་དང་སྲོག་ལ་མི་ལྟ་ཞིང་། །སྙིང་དག་སྙིང་དུང་འདྲེས་པ་ལ། །གནང་སྦྱིན་གསང་བར་ནན་ཆགས་བྱ། །གང་གིས་གསང་བའི་དམ་ཉམས་ན། །དེ་མ་ཐག་ཏུ་འཇིག་པ་དང་། །འཇིག་རྟེན་བཅས་ཀ་ཆེན་པོར་འགྱུར། །དེ་ཡི་བསམ་པ་བརྟག་པ་དང་། །སྣོད་ངན་ཞེ་བཅད་བསྐྲད་པ་དང་། །གསང་བའི་དོན་དང་མི་འགལ་དང་། །འཇིག་རྟེན་བཀའ་ཆགས་སྤྱང་བའི་ཕྱིར། །སྤྱོད་ལམ་ཚིག་དང་རྫས་རྣམས་ཀྱིས། །སྤྱང་བའི་རིམ་པ་རབ་ཏུ་བྱ། །ངེས་དང་མ་ངེས་བརྟག་པའི་ཕྱིར། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །དེ་དང་དེ་རུ་དབྱེ་བའི་ཕྱིར། །འདི་དག་རབ་ཏུ་ཅེས་པ་ཡིན། །དབང་ལུང་རྫོགས་པའི་བླ་མ་ལ། །ལེགས་པར་མཉེས་པར་བྱས་ནས་ནི། །བདག་ཉིད་རབ་ཏུ་བསྒྲལ་བའི་ཕྱིར། །གདམ་ངག་འདོད་པར་གསོལ་བ་གདབ། །བྲལ་དུ་གཏོང་བ་མི་ནུས་ན། །དེ་ལ་རྣ་བརྒྱུད་ལུང་བྱིན་པས། །བར་ཆད་ཆེན་པོ་འབྱུང་བ་དང་། །དེ་མ་ཐག་ཏུ་བརླགས་པར་འགྱུར། །རིན་ཆེན་འབར་བའི་གདན་ཁྲི་ལ། །ལུང་དང་བླ་མ་བཞག་ནས་ནི། །འདོད་པའི་ལོངས་སྤྱོད་ཕུལ་བྱས་ནས། །རྣ་བརྒྱུད་མན་ངག་ནོད་པར་བྱ། །ལུང་བསྟན་བླ་མ་དེ་ཡིས་ཀྱང་། །རང་རང་རིག་པའི་རང་བརྟགས་ལ། །གང་དུ་གང་དུ་མཐུན་སྤྱོར་བའི། །སོ་སོ་རང་རིག་མན་ངག་སྤྱིན། །ཅི་ཡང་དོན་ལ་མི་རྟོགས་པའི། །འཕྲུལ་གྱི་བློ་འདྲའི་མན་ངག་སྤྱིན། །ལུས་ངག་བཙལ་མེད་མི་གཡོ་བའི། །སྟེང་ཆུ་ལྟ་བུའི་མན་ངག་སྤྱིན། །ཕྱི་ནང་འདུ་བྱེད་གང་བསྟན་ལ། །རིག་པ་གཏོད་པའི་མན་ངག་སྤྱིན། །དབང་པོ་ཐ་མལ་སྟོབས་ལྡན་ལ། །དུས་གཅིག་སྨིན་པའི་གདམ་ངག་སྤྱིན། །སྣོད་ལྡན་ཕྲ་མན་ཏིང་འཛིན་ལ། །སྤྱོད་ལམ་ཏིང་འཛིན་བསྟན་པར་བྱ། །གཞན་ཡང་གང་དང་གང་ཡིན་པ། །དེ་དང་དེ་ཡི་མན་ངག་སྦྱིན། །མཉེས་པའི་ཡོ་བྱད་ལུས་དང་སྲོག །འཕངས་མེད་སེམས་ཀྱིས་མི་གཏོང་ན། །དེ་ལ་མན་ངག་སྣོད་མེད་པས། །ཚིག་གཅིག་ཙམ་ཡང་མི་བསྟན་ནོ། །བྱམས་དང་སྙིང་རྗེའི་བདག་ཉིད་ཅན། །དབང་དང་དམ་ཚིག་ལྡན་པ་དང་། །ཐབས་མཁས་རྫུ་འཕྲུལ་བྱིན་རླབས་ཆེ། །ཟབ་ལ་རྐྱེན་ཐུབ་་འཁྲུག་པ་མེད། །རྩོལ་བྲལ་རིག་པ་ཀླུངས་སུ་སོན། །ཡེངས་དང་རེ་དོགས་རྣམ་པར་བཅད། །དམ་པའི་མཛོད་དང་གཏེར་ལྡན་ཞིང་། །རྣ་བརྒྱུད་ལུང་ལ་མཆོག་ཏུ་གོམས། །སྤྱི་བླུགས་ཚངས་པའི་དབང་ལ་མཁས། །འདི་ནི་ལུང་བསྟན་སློབ་དཔོན་ནོ། །སྨྲ་བརྗོད་དོན་ལ་གང་གོམས་ཀྱང་། །རྡོ་རྗེ་དམ་ཚིག་མི་ལྡན་ན། །རྡོ་རྗེ་སློབ་དཔོན་དེ་ཉིད་ཀྱང་། །ངེས་པར་ངན་འགྲོ་ཉིད་དུ་སྐྱེ། །རྡོ་རྗེ་སློབ་མའི་མཚན་ཉིད་ལ། །དད་དང་དམ་ཚིག་སྙིང་རྗེར་ལྡན། །ངང་ཚུལ་བཟང་ལ་ཁོང་མི་ཁྲོ། །སྤྱོད་ཐུབ་སེར་སྣ་སྤངས་པ་དང་། །གསེར་ལྟར་མི་འགྱུར་བརྟན་པའི་བློ། །ངེས་པ་གཅིག་ལ་འདི་གཏད་དོ། །གཉིས་ལས་འཕེལ་བར་མི་བྱའོ། །དད་མེད་ཆགས་པ་ཆེ་བ་དང་། །དད་མེད་ཁྲོ་ག་་རང་བཞིན་ངན། །གྲགས་དང་མཚན་མའི་ཚིག་ལ་དགའ། །སྙིང་རྗེ་མེད་པའི་གང་ཟག་ལ། །སྤེལ་ཞིང་བསྟན་པར་མི་བྱའོ། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །དཔེ་དང་འཇུག་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཞན་ཡང་བཤད་བྱ་བ། །རྣམ་དག་སེམས་ཀྱི་དཀྱིལ་འཁོར་ལ། །མཚན་མའི་རྣམ་རྟོག་ངོ་བོ་ཉིད། །སྣང་ཚུལ་ལྟ་བ་མཐར་ཕྱིན་པའོ། །རང་བྱུང་བསམ་པའི་ཡུལ་འཛིན་མེད། །གཉིས་བྲལ་འདུ་མེད་མཉམ་པའི་ངང་ ཅི་ཡང་མ་ཡིན་རིག་པའི་ངང་། །རིག་པ་མ་ཡིན་མ་རིག་མིན། །ཕྱོགས་མེད་བྱམས་སྙོམས་རྒྱས་པའི་བློས། །རང་བྱུང་རིག་པའི་འཁོར་ལོ་ན། །སྤོང་ལེན་མེད་པའི་ཚུལ་དུ་བཞུགས། །སྙིང་པོ་མཉམ་ཉིད་གསང་བའི་མཆོག །ཟབ་མོའི་སྦྲོས་བྲལ་མཐའ་དབུས་མེད། །སྟོང་པའི་འདུ་ཤེས་རྣམ་བྲལ་བའི། །སེམས་དཔའ་མི་བསྐྱོད་པ་ཡི་ཀློང་། །བསམས་པ་རྟོགས་པས་ཅིར་མི་བསམ། །ཐབས་བྲལ་ཀུན་ལ་རྒྱས་བཏབ་པས། །སྙིང་པོའི་སྙིང་པོ་མཆོག་གི་སྐུ། །མཁའ་དབྱིངས་རྣམ་དག་ཡེ་ཤེས་ལ། །ཞེན་པའི་རྣམ་པར་ཅིར་མི་གནས། །བརྟགས་པ་མ་ཡིན་དེ་བཞིན་ཉིད། །བྱ་བྲལ་ནམ་མཁའ་ཉིད་ཀྱི་ཀློང་། །བཙལ་བྲལ་སེམས་ལ་ངོ་བོ་མེད། །མཚན་མའི་གཟུང་འཛིན་ཡུལ་ལས་འདས། །གང་ཡང་མ་བཅོས་སྙིང་པོ་ལ། །སྤྱད་ཅིང་བརྟགས་པས་གཏིང་མཐའ་མེད། །གསང་བའི་ཡང་གསང་ཡུལ་མེད་པ། །རྨད་བྱུང་རབ་ཟབ་མཐའ་དབུས་མེད། །གསང་བའི་འཕོ་འགྱུར་མེད་པའི་གཏེར། །རང་བྱུང་རིག་པ་དོན་དུ་རྫོགས། །དུས་གསུམ་ཡེ་ཤེས་ཉག་གཅིག་ལ། །ཐ་སྙད་གདགས་པའི་ལམ་དང་བྲལ། །རྟོག་དང་མི་རྟོག་ཀུན་བྲལ་བས། །ཐམས་ཅད་རང་བྱུང་སྙིང་པོ་མཆོག །སྤྲོས་མེད་བྱང་ཆུབ་སྙིང་པོ་ལ། །མཚན་མ་ཚིག་གི་སྒྲོ་སྐུར་མེད། །སྣང་གྲགས་སྲིད་པའིརངབཞིནནི། །རང༄༅ པའི་སེམས་ཉིད་ནི། །གང་ལྟར་བརྟགས་པ་དེ་ལྟར་སྣང་། །ཅིར་ཡང་འགྱུར་ལྟ་སྣང་མོད་ཀྱིས། །ངོ་བོ་མི་འགྱུར་སྙིང་པོ་ཉིད། །བརྟགས་པས་བརྟགས་ཕྱིར་དོན་མི་མཐོང་། །ཆུ་ལ་རྐྱེན་གྱིས་བསྐྱོད་པ་ལྟར། །འཁྲུལ་པའི་ཤེས་པ་མཐོང་མོད་ཀྱིས། །དངོས་ལ་གྲུབ་པ་ཀུན་གྱིས་སྟོང་། །གདོད་ནས་སྟོང་པའི་རང་བཞིན་ནི། །ཀུན་འབྱུང་རིག་པ་དབྱིངས་ཀྱི་ཀློང་། །སྤྲིན་དང་ནམ་མཁའ་ངོ་བོ་ལྟར། །དེ་ལྟ་བུ་ཡི་ཚུལ་དུ་མཐོང་། །དེ་བཞིན་གསལ་བའི་ངོ་བོ་ཉིད། །མ་རྟོགས་པ་ཡི་དབང་གིས་བསླད། །དེ་ཉིད་གཉིས་མེད་སྙིང་པོ་རྫོགས། །སངས་རྒྱས་ཀུན་གྱི་སྙིང་པོ་སྟེ། །སེམས་ཅན་ཀུན་གྱི་དངོས་གཞི་ཡིན། །ཇི་བཞིན་གཡོ་མེད་སྙིང་པོ་ནི། །རང་གསལ་ལུང་ལ་འཛིན་པ་མེད། །རང་གསལ་བཅོས་མེད་ཡེ་གནས་ལ། །བཅོས་པའི་བློ་བུར་རྣམ་རྟོག་པས། །མཁའ་ལ་བསྒྲིབས་ཤིང་འཐིབས་པ་ཡང་། །དེ་ཉིད་སྙིང་པོ་རང་བྱུང་ལུང་། །འདོད་སྦྱོར་བློ་ཡིས་གང་བཙལ་བ། །ཆད་དུ་བྱས་པའི་མདུད་པ་ཡིན། །ཀུན་བཟང་རོལ་པ་ཅིར་ཡང་འཆར། །མཁའ་ལ་གཟའ་སྐར་བཀྲམ་ལྟར་གསལ། །ཀུན་འབྱུང་ནམ་མཁའི་སྙིང་པོ་ནི། །བྱ་བྲལ་རྫོགས་ཆེན་རང་བཞིན་གནས། །རང་བྱུང་རིག་པའི་ངོ་བོ་ལ། །ཅིར་ཡང་གསལ་ལ་ཅིར་ཡང་མིན། །དུང་ལ་སེརཔོཇིབཞིནདུ། །མེདལ་ཡོད་པར་བརྟགས་པའི་སྣང་། །དངོས་པོ་མི་གནས་རང་བཞིན་ལ། །གནས་པར་མཛིན་པས་རིམ་བརྒྱད་པའོ། །བྱིས་པ་ལག་པས་འདྲིད་པ་ལྟར། །ལོག་རྟོག་དྲང་བའི་དོན་དུ་བསྟན། །ཞབྲུལ་པ་གཞི་ལ་ཡོད་མེད་ཅེས། །གཅོད་པ་ནམ་མཁའི་མཐའ་འཚོལ་འདྲ། །ལོག་པར་བརྟགས་པའི་སྣང་ཚུལ་དང་། །རང་བཞིན་མ་བཅོས་སྣང་ཚུལ་དང་། །རྟོག་པའི་བློ་ལ་སྣང་བ་མེད། །བྱེ་བྲག་མ་ཕྱེད་གཏི་མུག་བློ། །དངོས་པོ་མ་བཅོས་རང་སྣང་ལ། །ལ་ལས་བྱེད་པ་ཉིད་དུ་བརྟགས། །ལ་ལས་ལོག་པ་དྲུག་ཏུ་བརྟགས། །ལ་ལས་རྟག་ཆད་གཉིས་སུ་བརྟགས། །ཡེ་ནས་གཅིག་ཏུ་གནས་པ་ལས། །སྤོང་དང་ལེན་པ་ཉིད་དུ་བརྟགས། །ལ་ལས་སྐྱེ་འཇིག་མེད་པ་ལ། །རྟེན་འབྲེལ་དགག་སྒྲུབ་གཉིས་སུ་བརྟགས། །ལ་ལས་བགྲོད་མེད་སྩོང་བ་ལ། །བགྲོད་ཅིང་སྦྱོང་བ་ཉིད་དུ་བརྟགས། །གཟུང་འཛིན་མེད་པའི་དངོས་པོ་ལ། །གཟུང་དང་འཛིན་པ་ཉིད་དུ་བརྟགས། །བླང་དོར་མེད་པའི་མཉམ་ཉིད་ལ། །བླང་དང་དོར་བ་ཉིད་དུ་བརྟགས། །གཉིས་མེད་རིག་པ་ཉག་གཅིག་ལ། །ཐབས་དང་ཤེས་རབ་གཉིས་སུ་བརྟགས། ་སྣྲུ་དང་རྐྱེན་བྲལ་རིག་པ་ལ། །དབྱིངས་དང་ཡེ་ཤེས་ཞབྲུལ་པའི་ལམ། །འདི་ལྟར་བརྟགས་པའི་སྣང་ཚུལ་ཏེ། །རྟོག་འཛིན་པ་ལ་རྟོག་པར་སྣང་། །ཐག་པ་སྤྲུལ་དུ་འཛིན་པ་བཞིན། །རྣམ་པར་རྟོག་པའི་ངོ་ལ་སྣང་། །རྫོགས་པའི་སེམས་ཀྱི་རང་བཞིན་ནི། །རྣམ་རྟོག་འཛིན་པའི་བླ་མེད་དེ། །ཀུན་བཟང་རོལ་བ་ཅིར་ཡང་སྣང་། །འོད་གསལ་མ་བཅོས་ཆེན་པོ་ཡིན། །གདོད་ནས་བརྟགས་པའི་དྲི་མེད་དེ། །མ་བཅོས་རང་བྱུང་རིག་པ་ཡིན། །རིན་ཆེན་གསེར་གླིང་ཇི་བཞིན་དུ། །མི་འགྱུར་སེལ་མེད་དེ་ལྟར་སྣང་། །མ་སྐྱེས་རང་བྱུང་རོལ་པ་ཡིས རང་ལ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་ངོ་བོར་སྣང་། །ཡེ་ནས་མ་བཅོས་དག་པ་ཉིད། །ནམ་མཁའ་མ་བཅོས་དག་པ་ལྟར། །མ་བཅོས་སྣང་བ་དེ་ལྟར་གནས། །ཇི་ལྟར་ནམ་མཁའི་བློ་བཞིན་དུ། །བརྟགས་པའི་བློ་ཀུན་ཟད་འགྱུར་ན། །ཡེ་ཤེས་གསལ་བ་མཐའ་དབུས་མེད། །གསང་བའི་རིག་པ་བསམ་མི་ཁྱབ། །མ་བཅོས་བློ་ལ་སྣང་བརྟགས་མེད། །ཇི་བཞིན་པ་ལ་མི་གཡོ་ན། །མ་བཅོས་གསང་བའི་ལུང་ཡིན་ནོ། །ནམ་མཁའ་སྟོང་པ་ཆེན་པོ་སྲ །བསམ་ཞིང་སྤྱད་པས་མི་ཐེབས་ཏེ། །རང་བཞིན་ཉིད་དུ་ཁུངས་ཀྱིས་ཐེབས། །བརྟགས་ན་གང་བརྟགས་རྟོག་པ་སྟེ། །མ་བརྟགས་སྣང་བ་རོལ་བ་ཡིན། །བསམ་ཞིང་སྤྱད་པ་ཀུན་ལས་གྲོལ། །མི་འཛིན་མི་སྤྱད་དེ་བཞིན་ཉིད། །རང་ཤར་ཉི་མའི་སྙིང་པོ་ལྟར། །མ་བཅོས་རང་གསལ་ཉིད་དུ་མཁྱེན། །ནམ་མཁའ་གསང་བའི་རྣལ་འབྱོར་པས། །མ་བཅོས་དོན་གྱི་ངོ་བོ་མཁྱེན། །ཅིར་སྣང་སེམས་ཀྱི་རང་བཞིན་ལ། །ལྟ་ཞིང་སྤྱད་པ་ཀུན་དང་བྲལ། །དམིགས་དང་བསམ་པའི་ཡུལ་ལས་འདས། །རང་གསལ་ངང་ལ་གཉིས་མེད་པས། །འབྱུང་འཇུག་རིག་པའི་རྗེས་མི་འཇུག །མ་བཅོས་སེམས་ལུང་གསལ་པ་ལ མ་བཅོས་ལུང་གི་མཁྱེན་དང་བྲལ། །རང་གསལ་རིག་པ་མངོན་སུམ་ལ། །རྟགས་དང་ཚིག་གི་མཚོན་དང་བྲལ། །མ་བརྟགས་གསལ་བ་སྤྱན་གྱི་མཆོག །མཐོང་མེད་དམིགས་པའི་ཡུལ་དང་བྲལ། །ཀུན་ཀྱང་རང་བྱུང་སྙིང་པོ་ལ། །ཆགས་པ་ཡེ་ཤེས་ངོ་བོར་གསལ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །རང་བྱུང་སྙིང་པོ་ཉིད་དུ་མཐོང་། །མཐའ་དབུས་མེད་པའི་རིག་པ་ལ། །གཉིས་མེད་རིག་པ་གཅིག་ཏུ་མཐོང་། །ལ་ལས་འོ་ག་པར་བརྟགས་དབང་གིས། །ལ་ལས་བྱེད་པ་ནོད་དུ་མཐོང་། །ལ་ལས་རྟག་དང་ཆད་པར་མཐོང་། །ལ་ལས་ཐ་དད་དོན་དུ་མཐོང་། །ལ་ལས་དགག་པའི་ཚུལ་དུ་མཐོང་། །ལ་ལས་འོ་ངས་སྤྱོད་ཡུལ་དུ་མཐོང་། །ལ་ལས་མི་སྤོང་ལེན་པར་མཐོང་ ལ་ལས་ཐབས་ལས་དབང་བྱེད་མཐོང་། །ལ་ལས་རྒྱུད་དང་འབྲས་བུར་མཐོང་། །འདི་ཀུན་ལོག་པར་མཐོང་བ་སྟེ། །མེད་ལས་ཡོད་ཅིང་བདེན་པར་མཐོང་། །བརྫུན་པ་ཡང་དག་བདེན་པར་འཛིན། །ཟླ་བ་གཉིས་པར་མི་གནས་ཀྱང་། །གཉིས་སུ་མཐོང་བ་ལོག་པའི་ལམ། །རྟོགས་པས་ཡེ་ཤེས་དོན་དུ་མཐོང་། །རང་ལས་གཞན་པ་མི་མཐོང་ཞིང་། །མ་མཐོང་བ་ཉིད་སྙིང་པོར་མཐོང་། །གསལ་ལ་མ་འདྲེས་ཡོངས་རྫོགས་པས། །ནམ་མཁའི་ཆོ་འཕྲུལ་ཉིད་དང་འདྲ། །ཅི་ཡང་མ་བསམ་མ་བཅད་པས། རང་གཞག་རིག་པ་དུས་གཅིག་འཆར། །མཐར་ཕྱིན་གསང་བའི་རིག་པ་ཡང་། །གདོད་ནས་མཐར་ཕྱིན་རིག་པ་ལ། །མཐར་ཕྱིན་ཡེ་ཤེས་ཤུགས་ཀྱིས་གསལ། །སྣང་བ་སེམས་སུ་མཐར་ཕྱིན་ལ། །ཡེ་ཤེས་གསལ་བའི་རང་བཞིན་ལ། །མུན་པའི་རྟགས་པ་གདོད་ནས་མེད། །རང་གཞག་རིག་པའི་མེ་ལོང་ལ ཆོས་ཀུན་སྣང་ཞིང་མ་འདྲེས་གསལ། །མཐར་ཕྱིན་གསང་བ་སེམས་ཀྱི་ལམ། །གདོད་ནས་འབྲས་བུ་མཐར་ཕྱིན་པས། །བཙལ་དང་བསྒྲུབ་པའི་ཁར་མ་ལུས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །འོད་གསལ་རྟོག་པ་རྣམ་པར་དག །རྒྱུ་འབྲས་མཐར་ཕྱིན་ལྷུན་རྫོགས་པས། །འདོད་པའི་ཡོན་ཏན་རང་བཞིན་ཚང་། །མ་བགྲོད་སངས་རྒྱས་མཐར་ཕྱིན་པས། །ལམ་དང་ས་བཅུ་བགྲང་དུ་མེད། །རྣམ་པར་རྟོག་པས་བརྟགས་པ་ནི། །བགྲོད་པས་མཐར་ཕྱིན་ཐོབཔར་འདོད། །མ་བཅོས་ཡེ་ཤེས་མཆོག་གི་ས། །བཙལ་བའི་ལས་ཀྱིས་ཐོབ་པ་མིན། །སྦྱངས་མེད་ལྷུན་གྱིས་གྲུབ་པའི་ས། །སྦྱང་ཞིང་བགྲོད་པའི་ཡུལ་མ་ཡིན། །དགོངས་པ་གསང་བའི་ངེས་ལུང་ལ། །སྙིང་པོ་ཀུན་འདུས་གསང་བའི་མཆོག །ཆོས་ཀུན་འདུས་པའི་ལུས་པ་མེད། །དགོངས་པ་མཐར་ཕྱིན་མན་ངག་ནི། །མ་བཅོས་གྱི་ནར་བཞག་པས་ན། །བསམ་མེད་རིག་པ་མཐར་ཕྱིན་པས། །དགོངས་པ་མི་འགྱུར་བདེ་བའི་ཀླུང་། །ངེས་པར་བསམ་ཞིང་རྟག་ཏུ་མེད། །སྒོམ་ཚེ་དང་དུ་མི་བླང་ཞིང་། །མི་བསྒོམ་ཡེངས་པ་རྣམ་པར་བཅད། །མི་གཡོ་བརྟན་པའི་ཀླུང་ཞུགས་ན། །ཡེངས་བ་མེད་དོ་ཡེ་སངས་རྒྱས། །རང་གསལ་རིག་པ་འདུ་ཤེས་མེད། །བསམ་མེད་རིག་པ་ཀློང་དུ་རྫོགས། །གང་ཞིག་གང་ལ་གནས་པ་ལ། །བླ་མས་དེ་ཡི་དྲོད་ཚད་བཤད། །དེ་ནས་གང་དུའང་འདུ་ཤེས་བཅད། །ཕྲག་བརྒྱ་དུས་གཅིག་རྫོགས་པའི་ལུང་། །མཁའ་མཉམ་ཀློང་ལ་རྟག་ཏུ་བཞུགས། །ལ་ལས་དགེ་སྡིག་མེད་པར་བརྟགས། །གསང་བའི་འདུ་འཕྲོ་མི་དམིགས་ཤིང་། །ཐུག་ཕྲད་རིག་པ་གསལ་བའི་སེམས། །མཁའ་ལྟར་དག་པས་བཅོས་པ་མེད། །བཅོས་ན་བརྟགས་པའི་གྲོང་ཁྱེར་བ། །བསམ་བྲལ་རིག་པ་དཔངས་དམའ་བ། །བཏང་སྙོམས་སྒྲིབ་པ་འཕངས་དམས་པ། །གླིང་བཞི་སྐྱེ་མེད་བཞི་དག་དང་། །མུན་པའི་ཁམས་སུ་ལྷུང་པར་འགྱུར། །གལ་ཏེ་བསྒྲིབས་ན་འཆིང་འགྱུར་ཏེ། །གསལ་བར་ཀློང་ན་གྲོལ་བར་ངེས། །དེ་དག་བར་གྱི་གནས་ཚུལ་ནི། །བླ་མ་རྡོ་རྗེས་དགྲོལ་བར་བྱས། །ཚིག་ཏུ་མ་བསྟན་རང་གཞག་ལུང་། །རྟག་ཏུ་གསལ་ཡང་ངོས་གཟུང་མེད། །གསལ་བྱེད་བླ་མས་མ་མཚོན་ན། །རང་གཞན་ལུག་དེ་རིག་པ་མེད། །ཆེད་དུ་བྱས་དང་བཏང་སྙོམས་དང་། །ཆགས་དང་འཛིན་པ་དེ་ཉིད་ནི། །རྙོག་པ་བཞི་བྲལ་དང་མའི་བློ། །འབྱུང་འཇུག་མེད་པར་ཡེ་ཤེས་གསལ། །ཅིར་ཡང་གསལ་ལ་ངོ་བཟུང་མེད། །རིག་པ་མ་བཅོས་ཀླུང་དུ་སོན། །མཚན་འཛིན་ཡུལ་ལ་རྣམ་པར་བཅད། །གསང་བ་བརྗོད་བྲལ་རིག་པ་ནི། །མ་བསྟན་རིག་པ་ཐབས་ཀྱི་གོ །དེ་ཉིད་མཐར་ཕྱིན་སེམས་ཀྱི་ལམ། །མ་བགྲོད་རིག་པ་ཅིག་ཅར་རྫོགས། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། རྟོག་པ་དང་སྒྲིབ་པ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། ཁྱབ་པ་ཆོས་སྐུ་ཚད་དཔག་མེད། །ནམ་མཁའ་ཆེན་པོ་ཇི་བཞིན་དུ། ཁྱབ་པ་སེམས་ཉིད་དེ་དང་འདྲ། །ཚད་མེད་སེམས་ཀྱི་རང་བཞིན་ནི། །བདག་གཞན་དོན་གཉིས་མི་མངའ་བ། །མཁའ་ལ་ཉི་ཟླའི་དཀྱིལ་འཁོར་ལ། །ཚད་མེད་ཚད་བྲལ་ཕྱོགས་སུ་རྫོགས། །མཐའ་བྲལ་ནམ་མཁའ་ཆེནཔོ་ལྟར། ཁྱབ་པར་གསལ་ཡང་དམིགས་དང་བྲལ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །གསང་བའི་སྙིང་པོ་མཆོག་གི་ལུང་། །ཡེ་ཤེས་མཁའ་མཉམ་སྒྲ་དོན་མེད། །སྐུ་གསུམ་རིག་པ་འགྱུར་མེད་ཀློང་། །བཅོས་མེད་སྙིང་པོ་མཁའ་ལྟར་ཡངས། །རིག་པ་རྒྱ་མཚོ་ཀླུང་ལྟར་ཟབ། །ཟབ་མོ་གསང་བའི་རང་བཞིན་ནི། །ཆོས་ཀུན་མ་བཙལ་རིག་པར་ཤར། །དེ་ཉིད་ཐིམ་འགྱུར་མི་མངོན་ཞིང་། །གསལ་བ་དམིགས་པ་ཀུན་དང་བྲལ། །དགོངས་འདུ་སེམས་ཀྱི་མེ་ལོང་ལ། །རོལ་པ་ཕྱོགས་རིས་མེད་པར་འཆར། །ཀུན་ཁྱབ་རིག་པ་ཆོས་ཀྱི་དབྱིངས། །མཐའ་ལ་ཐུག་པ་མི་གནས་ཤིང་། །དབྱིངས་ལའང་བྲི་བ་ཡོད་མ་ཡིན། །ནམ་མཁའ་མི་འགྱུར་རྟག་པ་ལྟར། །སེམས་ཉིད་དུས་གསུམ་མ་བཅོས་གནས། །གང་འདིར་མཁའ་མཉམ་ཀློང་གི་དོན། །རྟག་དཀའ་རིག་པའི་སྙིང་པོ་ལ། །གྲགས་པའི་ཆོས་བརྒྱད་གཙོར་གཞག་ནས། །གསང་བའི་བསྟན་པ་འཕེལ་འགྱུར་ན། །མཐོང་ཡུལ་འདི་ལ་བརླག་པ་དང་། །བར་མ་སྲིད་པའི་ཆོས་མེད་པར། །ལྟ་སྤྱོད་སྒྲ་བཞིར་ལོག་སྤྱོད་པས། །གནམ་ལྕགས་ལྟ་བུར་ཡུད་ཀྱིས་ལྟུང་། །རྡོ་རྗེ་དམ་ཚིག་མི ལྡན་པར། །རྣ་བརྒྱུད་གསང་བ་སྤྱད་བྱས་ན། །གཉིས་ཀ་སྤྲེལ་མར་ལྟུང་གྱུར་ནས། །དེ་ནི་ཐར་པ་ག་ལ་འགྱུར། །རང་གསལ་རིག་པའི་དོན་མེད་པར། །བདག་གཞན་ཆགས་སྡང་ང་རྒྱལ་གྱིས། །མཁས་འདོད་དྲེགས་པའི་རློམ་སེམས་ཀྱིས། །མཐོ་དམན་ཕྱོགས་རིས་བློ་སྐྱེ་ནས། །དེ་ལ་སྐྱོབ་པར་ནུས་སམ་ཅི ཡང་དག་ཐེག་པའི་སྙིང་པོ་ལ། །མན་ངག་ངེས་པའི་དོན་མེད་པས། །སྒྲ་ལ་བརྟགས་ནས་དོན་ལ་སྤྱོད། །ངེས་པར་ལྟུང་འགྱུར་ཐར་པ་མིན། །དམུས་ལོང་ངམ་གྲོག་སྙེག་པ་ལ། །གང་ཞིག་བཀྲི་བས་མི་འཇུག་ན། །དེ་ཡི་རྗེས་འབྲང་མི་ལྡོག་པས། །དེ་ཡང་སྡུག་བསྔལ་འདོད་དམ་ཅི། །མ་བཅོས་རིག་པའི་རྣལ་འབྱོར་པས། །རྫོགས་ཆེན་སེམས་ཀྱི་རང་བཞིན་ནི། །མཐའ་བྲལ་དབུས་ལའང་མི་གནས་པས། །ཚད་དང་བྲལ་བའི་ཚད་ཡིན་ནོ། །གསང་དོན་རིག་པ་བསམ་མི་ཁྱབ། །སྙིང་པོ་འབྱུང་བའི་དཀྱིལ་འཁོར་ནི། །མ་བཅོས་གསང་བ་ཉིད་ཀྱི་སྒོ། །རིག་པ་ལྡེ་མིག་ཉིད་ཀྱི་ཕྱེ། །མན་ངག་རིན་ཆེན་འབར་བ་ཉིད། །བཙལ་བྲལཇིབཞིནལྷུནགྲུབ་པས། །མ་བཙལ་རིག་པ་རང་བཞིན་གཞག་པས་འགྲུབ། །མ་བཅོས་གསང་བའི་བློ་མེད་ན། །བཅོས་པས་གསང་དོན་འདི་དང་བྲལ། །རྫོགས་ཆེན་ཐུགས་ཀྱི་སྙིང་པོ་ལ། །མ་བསྒྲིབས་ཡེ་ཤེས་མཁའ་ལྟར་དག །མ་བཙལ་གདོད་ནས་ངོ་བོས་སྟོང་། །མི་དམིགས་བརྗོད་བྲལ་རིག་པའི་ཀློང་། །ཚེགས་མེད་དུས་གཅིག་ས་ནོན་པས། །ཆེ་བའི་ཡོན་ཏན་ཅིག་ཅར་གསལ། །བརྗོད་བྲལ་གསང་བའི་ཆོས་ཉིད་ནི། །འདི་དང་འདི་ཞེས་ངོས་གཟུང་མེད། །གསང་བའི་མན་ངག་གསང་ཆེན་འདི། །རང་བྱུང་རིག་པ་མ་ཡིན་པ། །དེ་ཉིད་རྙེད་པ་མ་ཡིན་ལ། །རང་བྱུང་གསལ་བ་ཡུལ་མེད་པས། །རིག་པའི་ཡེ་ཤེས་དམིགས་དང་བྲལ། །ཡེ་ཤེས་དབྱིངས་ལས་མ་གཡོས་པས། །བསམ་གྱིས་མི་ཁྱབ་དུས་གཅིག་མཁྱེན། །སྙིང་པོའི་དོན་ལས་མི་འདའ་བས། །རང་གསལ་སྙིང་པོ་མི་གཡོའི་ལུང་། །བསམ་བྲལ་དབྱིངས་ལས་མ་གཡོས་པས། །རང་བྱུང་གཡོ་མེད་ཐུགས་རྗེ་ཡིས། །འགྲོ་བ་དབྱིངས་ཀྱི་ཐར་ལམ་སྟོན། །རྟག་པ་མི་འགྱུར་ནམ་མཁའ་ནི། །གསང་བ་རང་བྱུང་ནམ་མཁའ་ཆེ། །ཐོགས་མེད་བསམ་པ་ཀུན་དང་བྲལ། །བསམ་བྲལ་འདུ་ཤེས་ཀུན་དང་བྲལ། །རིག་པ་ཀུན་གསལ་ཕྱོགས་མེད་སྙོམས། །རྣམ་རྟོག་གཏོད་འཛིན་མི་མངའ་ཡང་ མ་བཙལ་མ་གཡོསཇིབཞིནདུ། །གཡོམེད་རང་བྱུང་གསང་བ་ལས བསམ་པའི་འདུ་ཤེས་མ་ལུས་མཁྱེན། །མཁན་པོ་ནམ་མཁའ་རྡུལ་བྲལ་ཞིང་། །སྲིད་པའི་དྲ་བ་རྣམ་པར་གཅོད། །གཞན་མེད་རང་བྱུང་དག་པའི་དབྱིངས། །བསམ་པའི་དྲི་མ་ཀུན་བྲལ་བས། །ཡེ་ཤེས་དབེན་པའི་ངོ་བོ་ཉིད། །འདོད་འབྱུང་ཅིར་གསལ་ཕྱོགས་རི་མེད། །མ་བཅོས་སྙིང་པོ་བསམ་པ་ཟད། །གང་ཡིན་དེ་ཉིད་རྣམ་དག་པས། །འདུ་ཤེས་བྲལ་བའི་དབྱིངས་མཐའ་ཐུག །ཇི་ལྟར་བློ་ཡིས་དྲན་པ་ཉིད། །དེ་དག་ཀུན་བྲལ་རང་གི་བློ། །ཡེ་ཤེ་གསལ་བ་མཐར་ཕྱིན་པ། །སེམས་ཀྱི་ལུང་ལ་གཉིས་མེད་པ། །གཉིས་འཛིན་རྟོག་པ་ཕྱིན་ཅི་ལོག །ཞེས་བྲལ་རང་བྱུང་ཡེ་ཤེས་ལ། །བསམ་པའི་ཁྱད་པར་ཅི་བྱུང་བ། །རང་བྱུང་གསལ་བའི་ངོ་བོར་ལྟ། །རིག་མེད་མཐའ་བྲལ་དོན་གྱི་གཞི། །འདི་དག་བྱང་ཆུབ་སེམས་ཉིད་དེ། །མ་རྟོགས་བྱེད་པས་ལྷུན་གྱིས་གྲུབ། །ཞེན་པ་མེད་པས་དེ་བཞིན་ཉིད། །ཡེ་ཤེས་དབྱིངས་སྦྱོར་འཛིན་པ་མེད། །ཀུན་ཁྱབ་གསང་བའི་ཐིག་ལེ་ཡིས། །མ་ཁྱབ་མེད་པས་དུས་གཅིག་ཉིད། །བདག་མེད་གཞན་བྲལ་དེ་བཞིན་ཉིད། །ལྷུན་གྱིས་གྲུབ་པས་ཡུལ་ལས་འདས། །རང་བྱུང་བྱིན་རླབས་ངོ་མཚར་ཆེ། །ཀུན་འདུས་རིག་པའི་གོང་ཞེས་བྱ། །བདག་བཀྲོལ་དོན་མཐོང་གསལ་མཐར་ཕྱིན། །བསམས་པའི་འདུ་ཤེས་དུས་གཅིག་ཟད། །འདི་དག་མ་ལུས་སེམས་ཉིད་དུ། །ངེས་པར་རྟོགས་ན་སེམས་ཉིད་མཐོང་། །ཐོབ་པས་རང་བསམ་མ་ཡིན་ཀྱང་། །བརྡ་དོན་དགྲོལབའི་ཁྱད་པར་གྱིས། །གསལ་བྱ་གསལ་བྱེད་དེ་བཞིན་དུ། །མཐོང་བས་ཀུན་བྲལ་འབྲས་བུ་གནས། །ཀུན་ཁྱབ་གསལ་བར་གནས་མོད་ཀྱང་། །གསལ་བྱེད་རྐྱེན་དང་མི་ལྡན་ན། །རང་བྱུང་དོན་དང་མི་ཕྲད་ཅིང་། །ཕྱོགས་མེད་ཉི་མ་མི་འཆར་ཏེ། །རྒྱལ་པོ་ལོང་བའི་བརྒྱན་བཞིན་ནོ། །ཡེ་ནས་མ་བཅོས་ཆོས་སྐུ་ལ། །འཁོར་བ་ཀུན་རྟོག་གནས་པ་བཞིན། །རང་ལ་རང་གི་རང་མཐར་ཕྱིན། །རང་གི་གདེང་ལ་རང་དབང་ལྟར། །རང་ལ་རྫོགས་སོ་གཞན་ཅི་དགོས། །གཏེར་ཁྱིམ་སྣང་བ་དེ་བཞིན་ཏེ། །དེ་ལས་ཡོད་པ་མ་ཡིན་ནོ། །རྡོ་རྗེ་ངག་དང་མི་ལྡན་ཞིང་། །རིམ་མེད་དུས་གཅིག་གདེང་མེད་པར། །མཚན་མ་སྒྲ་ཡི་གཏན་ཚིགས་ཀྱིས། །ལྟུང་ཞིང་ངེས་པ་རྙེད་མི་འགྱུར། །མཉེས་པའི་ཡོ་བྱད་སྔོན་སོང་ཞིང་། །དབང་ལུང་བླ་མའི་པདྨའི་ཞབས། །རྟག་ཏུ་གཞིབས་པའི་རྣལ་འབྱོར་པས། །གསང་བ་རྫོགས་བའི་དོན་འདི་ཤེས། བུམ་པས་བཞིབས་པས་གསལ་བཅ་འདུས། །དེ་བཞིན་བླ་མའི་ཞལ་ཤེས་པས། །འདི་དོན་རྟོགས་སོ་འདི་ཀུན་རྟོགས། །དུས་གཅིག་གསལ་བ་ཉིད་དུ་མཁྱེན། །དེ་བཞིན་གསལ་བའི་རྣལ་འབྱོར་པས། །བརྡ་དོན་ཚིག་མཚན་མི་མངའ་བར། །འོན་ཀྱང་ཇི་བཞིན་རིག་པར་སྟོན། ཁྲེས་ཀྱང་རང་བྱུང་གསལ་བར་ཤེས། །མ་མཐོང་ཀུན་མཐོང་རང་བཞིན་མཐོང་། །ཡུལ་བྲལ་རིག་པ་ཉག་གཅིག་ལ། །རྟོག་དང་མི་རྟོག་མི་གནས་ཏེ། །ཕྱོགས་མེད་གཅིག་ལས་མི་འདའ་འོ། །བདག་ཉིད་ཡིན་པས་གཞན་མི་ཆོལ། །ལྷུན་གྱིས་གྲུབ་པས་ཡུལ་མ་ཚོལ། །རང་བྱུང་ཉིད་པར་རྒྱུ་རྐྱེན་བྲལ། །དུས་གཅིག་གནས་པས་རིམ་འགྲོ་མེད། །གསང་བའི་རང་བཞིན་རྟོགས་པར་དཀའ། །གདོད་ནས་ཐོབ་པའི་དབང་མི་བསྐུར། །བྱིན་ལྡན་ཡེ་ཤེས་བྱིན་མི་རློབ། །སྦྱན་དྲངས་མེད་པས་ཡེ་ནས་གནས། །རང་ཉིད་དགྱེས་པས་མཆོད་མི་བྱེད། །གཉིས་མེད་རིག་པ་བསྟིམ་དང་བྲལ། །ཇི་ལྟར་དེ་ལ་དེ་མཐོང་ལྟར། །བདག་ཉིད་ལྷུན་གྲུབ་ཡེ་ཤེས་ཀློང་། །མ་ལུས་རིག་པ་གསལ་བར་ཐིམ། །འདི་ལ་གཉིས་མེད་གཅིག་ཏུ་འབར། །ཉམས་མྱོང་རིག་པ་ཅི་ཡང་མེད། །རྡོ་རྗེ་རིན་ཆེན་འབར་བ་ལྟར། །ཅི་ཡང་ཡིན་ལ་ཅི་ཡང་འབྱུང་། །གསང་བ་རང་བྱུང་རྣམ་པར་དག །ཐིག་ལེ་གཅིག་ཏུ་རྫོགས་པའི་ལུང་། །ཡེ་ཤེས་རང་འབར་ངོ་མཚར་ཆེ། །སྙིང་པོ་རང་བྱུང་དོན་དུ་མཐོང་། །བསམ་པ་མེད་པའི་ཆོས་དབྱིངས་ལ། །བསམ་དང་མི་བསམ་གདོད་ནས་སྟོང་། །གཉིས་མེད་ཐིག་ལེར་འོད་གསལ་བས། །རིག་པའི་སྙིང་པོ་ཉི་མར་ཤར། །མ་ལུས་མཐའ་དག་ཉིད་ཀྱི་ཕྱིར། །གཅིག་ཏུ་འདུས་སོ་འདི་ལྟར་མཐོང་། །བདེ་ཆེན་རོལ་པའི་ཁྱད་པར་ལས། །རང་བྱུང་གཡོ་མེད་ཐུགས་རྗེའི་ས། །མ་འདྲེས་མཁའ་ལ་གཟའ་སྐར་བཀྲམ། །མ་འདྲེས་སྙིང་པོར་རྫོགས་པར་མཐོང་། །སྙིང་པོའི་དོན་དུ་དབྱེ་བ་མེད། །གདུལ་བྱའི་དུས་ན་སོ་སོར་སྤྱོད། །གཉིས་ཀ་རང་བྱུང་སྙིང་པོར་ཐིམ། །རང་གསལ་གཉིས་མེད་དེ་བཞིན་ཉིད། །རིག་པ་དོན་རྙེད་བསམ་མི་ཁྱབ། །རང་བྱུང་རིག་པ་གསལ་བ་ཉམས། །བརྗོད་པ་བློ་ཡི་དུས་གཅིག་གསལ། ཁྱབ་པར་གསལ་ལོ་དམིགས་བ་་བཅད། །ཏིང་འཛིན་སྟོང་པ་མ་རབས་སེམས། །རང་གཞག་རིག་པ་བསམ་མི་ཁྱབ། །མི་འབྱུང་མི་འཇུག་ཅིར་མི་བསམ། །བདེ་མཆོག་རོལ་པ་གཅིག་ཏུ་འཁྱིལ། །ཀུན་ཀྱང་རང་བྱུང་རིག་པའི་འོད། །ཕྱོགས་རིས་མེད་པར་ཁྱབ་པ་ཡིས། །དུས་གཅིག་ཉིད་དུ་གསལ་བར་འཆར། །མི་འགག་མི་སྐྱེ་ཡུལ་མི་ཚོལ། །རང་གཞག་དམིགས་བྲལ་རྐྱེན་མེད་ལུང་། །མ་བཙལ་རང་གཞག་གཤུགས་ལས་འབྱུང་། །མ་ཡེངས་བརྩོན་འགྲུས་ཡུ་བ་ཅན། །གཅིག་གི་རང་བཞིན་ཁྱབ་པའི་ངང་། །གཉིས་མེད་རིག་པ་བསམ་མི་ཁྱབ། །བདེ་བ་རྫོགས་ཆེན་རང་བཞིན་ངང་། །ཐིག་ལེ་བདེ་མཆོག་དོན་དུ་རྫོགས། །བརྗོད་བྲལ་རིག་པའི་འཁོར་ལོ་ལ། །བསམ་བྲལ་རིག་པས་གསལ་པར་མཐོང་། །རེ་དོགས་འཛིན་པ་རྣམ་པར་བཅད། །ཐབ་སྦྱོར་གོལ་ཐབས་མཐའ་ཡས་བ། །རྡོ་རྗེ་བླ་མའི་ཞལ་གྱིས་གསལ། །གདུལ་བྱ་ཚེ་ན་སྐབས་ཀྱིས་སྤྱོད། །ངེས་པའི་དུས་ན་ཕྱོགས་རིས་མེད། །རང་གཞན་སེམས་བྱུང་སེམས་ཉིད་ལུང་། །བྱ་བྲལ་རྫོགས་ལུང་སེམས་གཏེར་གསུམ། །དངོས་ལ་ཁྱད་པར་མི་གནས་ཏེ། །བསམ་པའི་ངོ་ལ་མཐུན་པར་སྣང་། །ཏིང་འཛིན་བདེ་བ་རིག་པའི་གཏེར། །རིམ་མེད་དུས་གཅིག་གསལ་བའི་ཉམས། །རྐྱེན་མེད་བར་ཆད་ཀུན་དང་བྲལ། །ཚུལ་གསུམ་དོན་ལ་མཉམ་གཞག་པས། །འབད་མེད་བྲལ་བས་ལྷུན་རྫོགས་པས། །དྲོད་གསུམ་རྟགས་གསུམ་ཤེས་པ་དྲུག །མ་བཙལབྱིན་གྱིས་བརླབས་ལས་བྱུང་། །མན་ངག་གཞི་ལ་གནས་བཅས་པས། །བཞི་གསལ་ངོ་བོ་དམིགས་འཛིན་མེད། །གང་ཡང་ཡིན་ནོ་ཅི་ཡང་རུང་། །ཐམས་ཅད་གསལ་ལ་ངོས་འཛིན་མེད། །ཀུན་བཟངརིག་པའི་ཡེ་ཤེས་ལ། །མཐའ་དབུས་མེད་པའི་སེམས་ཀྱིས་འཇུག །རང་བྱུང་རིག་པ་འོད་གསལ་བ། །འདུ་ཤེས་མེད་པའི་དབྱིངས་ལ་གཏུགས། །དངོས་བསམ་གཉིས་མེད་མི་གནས་པ། །རྟོགས་མི་རྟོགས་ཀྱི་ཁྱད་པར་གྱིས། །དེ་ལྟ་ཉིད་དུ་སོ་སོར་སྣང་། །རིག་པའི་དོན་ལ་ཕྱོགས་རིས་མེད། །མཐར་ཕྱིན་བྱང་ཆུབ་སེམས་ཀྱི་ལམ། །བཙལ་མེད་རང་བཞིན་ལྷུན་གྱིས་གྲུབ། །ཐིག་ལེ་གཅིག་གི་རང་བཞིན་ལ། །མ་བཅོས་ལྷུན་གྱིས་གྲུབ་པ་ཡིན། །རིན་ཆེན་འབར་བའི་ལྷུན་གྲུབ་ལྟར། །མ་བཙལ་གྲུབ་པའི་ཡེ་ཤེས་ལ། །རྩོལ་བའི་རྣམ་གྲངས་ཀུན་གྱིས་སྟོན། །གདོད་ནས་དག་པ་མཐར་ཕྱིན་པས། །མཚན་འཛིན་རྣམ་པ་ཀུན་གྱིས་དབེན། །རང་བྱུང་རིག་པ་འོད་གསལ་ལ། །ལོག་རྟོག་མཚན་མའི་སྤྲོས་དང་བྲལ། །ཀུན་བཟང་འབར་བའི་ཡེ་ཤེས་ལ། །འབྱུང་འཇུག་རིག་པའི་ཚུལ་གྱིས་གནས། །རིག་པ་མཐར་ཕྱིན་སེམས་ཀྱི་ཉམས། །དཔེ་བཞིའི་ཚུལ་གྱིས་ཉམས་མྱོང་པ། །རང་སྣང་རིག་པའི་ཉམས་སུ་ཟད། །དེ་དག་རིག་པའི་དོན་དུ་འདོད། །གསང་བ་མཐར་ཕྱིན་ཀུན་གྱི་ལམ། །ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ། །ཡེ་སངས་རྒྱས་པས་བཙལ་དུ་མེད། །ལྷུན་གྱིས་གྲུབ་པས་གཞན་མི་ཚོལ། །སྨོན་དུ་མེད་པས་ཡུལ་དང་བྲལ། །རང་བྱུང་ཉིད་ལས་རྒྱུ་རྐྱེན་མེད། །འདུས་མ་བྱས་པས་འཇིག་བ་མེད། །དམིགས་པ་མེད་པས་ཡུལ་མི་ཚོལ། །རེ་བ་མེད་པས་རྩོལ་མི་བྱེད། །བསམ་སྤྱོད་འདུ་ཤེས་མི་གནས་ཏེ། །ཡེ་ཤེས་གསང་བར་ཀུན་རྫོགས་པས། །གསང་བའི་རིག་པའི་ཀློང་ཞེས་བྱ། །བཅོས་མེད་ངང་དུ་སངས་རྒྱས་པ། །ལྡན་པ་དེ་དག་ཙམ་དུ་ཟད། ཁྲེས་རིག་དྲན་རྟོགས་སྙིང་པོར་རྫོགས། །དུས་གསུམ་སྙིང་པོ་ལྷུན་རྫོགས་པས། །མཐར་ཕྱིན་སེམས་ལས་དབྱེ་བ་མེད། །དེ་ཉིད་རྟོགས་པས་མཐར་ཕྱིན་ལ། །བྲལ་དང་མ་བྲལ་ལ་སོགས་པ། །ཀུན་ཀྱང་རང་བྱུང་རིག་པ་ཡིན། །སྙིང་པོ་རང་བྱུང་དགོངས་པ་ལ། །རྟག་ཏུ་གསལ་ནས་ལྟ་བ་ཡིན། །ལྷུན་གྱིས་གྲུབ་པར་འབྲས་བུ་ཡིན། །རྩོལ་དང་བྲལ་བས་དངོས་གྲུབ་ཡིན། །གདོད་ནས་དག་པས་སྦྱང་མི་དགོས། །ཡེ་ནས་མཐར་ཕྱིན་སྒོམ་མི་དགོས། །རང་བྱུང་ཡུལ་ལས་མི་རྟོག་པས བསམ་པའི་འདུ་ཤེས་ཀུན་གྱིས་སྟོང་། །མ་ཡེངས་རིག་པའི་ཀླུང་དུ་ཞུགས། །འདུ་འབྲལ་མེད་པ་ཆོས་ཀྱི་དབྱིངས། །མར་མེ་ལྟ་བུ་ལུང་ཐོབ་ནས། །ལྷུན་གྱིས་གྲུབ་པས་ཞུགས་པ་ཡིན། །ནམ་མཁའ་མི་འགྱུར་རྟག་པ་ལྟར། །མ་བཅོས་འཕོ་འགྱུར་མེད་པའི་སྐུ། །མཁའ་མཉམ་ངང་དུ་ཀུན་འདུས་ལྟར། །རང་སེམས་མ་བཅོས་སྙིང་པོར་འདུས། །རྒྱུ་རྐྱེན་དག་པ་ཇི་བཞིན་དུ། ཁྱབ་པ་ཆེན་པོ་རྒྱུ་རྐྱེན་མེད། །མ་འདྲེས་ནམ་མཁའ་ཆོ་འཕྲུལ་ལྟར། །གཡོ་བ་མེད་ཅིང་བྱིན་རླབས་འབྱུང་། །ཡེ་ནས་མེད་པ་ཇི་བཞིན་དུ། །མ་བཅོས་དག་པ་ཆེན་པོར་གསལ། །ཇི་བཞིན་གསང་བའི་ནམ་མཁའ་ལྟར། །རང་བྱུང་གསང་བའི་སྙིང་པོ་སྐུ། །གང་ཡང་མ་སྤངས་དག་པའི་སྐུ། །དུས་གསུམ་འཕོ་འགྱུར་མེད་པར་གནས། །རང་གསང་མཚོན་པའི་དཔེ་ཉིད་དེ། །མ་བཅོས་རང་བཞིན་དག་པ་ལ། །བཅོས་མའི་འདུ་ཤེས་ཕྱིན་ཅི་ལོག །བསམ་པའི་འདུ་ཤེས་མ་ལུས་ཟད། །ཡེ་ཤེས་གསལ་བའི་དབྱིངས་མཐར་ཕྱིན། །རང་འབར་བྱིན་རླབས་རྨད་པོ་ཆེ། །འདུ་འབྲལ་མེད་པས་དབྱིངས་ལ་འཁོར། །མ་བཅོས་གསང་བའི་སྒྲ་ཚིག་གིས། །ཇི་བཞིན་ནམ་མཁའ་རང་སྣང་སྟོན། །འདི་ལ་མཐའ་དང་དབུས་མེད་པས། །ནམ་མཁའ་དང་ནི་མཉམ་པའི་རྒྱུད། །ཇི་ལྟར་ཉི་འོད་འབར་བ་ལྟར། །མ་བསགས་ལྷུན་གྱིས་གྲུབ་པར་གནས། །ཐུགས་རྗེ་ནམ་མཁའི་མཐའ་ལྟར་བརྡལ། །རང་བྱུང་ལྷུན་གྲུབ་དབྱིངས་ཉིད་ལ། །འབད་པ་མེད་པའི་བྱིན་རླབས་ཉིད། །རངབཞིནཤུགསཀྱིསའབྱུང་བ་ཡིན། །རང་བྱུང་རིག་པའི་སྙིང་པོ་ལས། །ཇི་ལྟར་བསམས་པ་དེ་ལྟར་སྣང་། །ཀུན་འབྱུང་ནམ་མཁའ་ལྟ་བུའི་འོད། །སུ་ཡི་རིག་པ་ཡེ་སངས་རྒྱས། །དོན་ནི་རང་རིག་སེམས་ཀྱི་ལུང་། །རང་རིག་དེ་ཡང་འདི་མཉམ་བཅད། །ངེས་པར་གཞན་ལ་བསྟན་དུ་མེད། །དམིགས་དང་བྲལ་ལོ་མངོན་སུམ་དབྱིངས། །དབྱིངས་ལས་རིག་པའི་དོན་ལ་ཞུགས། །ངེས་པའི་དོན་ལ་དེ་མ་ཐག །གསང་བ་རང་བྱུང་དབྱིངས་ལ་འདུས། །མ་བཅོས་གསང་བ་མཐར་ཕྱིན་པའོ། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། ཁྱབ་པ་ཆེན་པོའི་ཚད་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །འབྲས་བུ་ཡོད་མེད་བཤད་བྱ་བ། །ལྷུན་གྲུབ་ཡེ་ཤེས་ཆེན་པོ་ལ། །བལྟོས་པའི་འབྲས་བུ་རིམ་པ་མེད། །རྒྱུ་ཉིད་འབྲས་བུ་མཐར་ཕྱིན་པས མ་བཙལ་གདོད་ནས་དག་པ་ཡིན། །ཕྱོགས་རིས་ཅན་གྱི་འབྲས་བུ་མིན། །ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན། །རང་རིག་གདོད་ནས་ལྷུན་གྲུབ་པས། །བཙལ་བའི་ངོ་བོ་ཀུན་གྱིས་སྟོང་། །བསྒྲུབས་པས་གྲུབ་པའི་འབྲས་བུ་མིན། །ཉི་མའི་འོད་ལྟར་རང་བཞིན་གྲུབ། །རིམ་པར་སྨིན་པའི་འབྲས་བུ་མིན། །དུས་གཅིག་སྨིན་པའི་འབྲས་བུ་ཡིན། །འདབ་ཆགས་རྒྱལ་པོ་ཇི་བཞིན་དུ། །དུས་གཅིག་སྨོན་པས་རིམ་པ་མེད། །བསགས་པ་མ་ཡིན་འདོད་ནས་རྫོགས། །སྤོང་ལེན་བཅས་པའི་འབྲས་བུ་མིན། །སྤོང་ལེན་མེད་པའི་འབྲས་བུ་ཡིན། །ཀུན་གྱིས་མྱོང་བའི་འབྲས་བུ་མིན། །ལྷུན་གྲུབ་གསང་བའི་འབྲས་བུ་ཡིན། །གཞན་ལས་བྱུང་བའི་འབྲས་བུ་མིན། །རང་ལས་བྱུང་བའི་འབྲས་བུ་ཡིན། །བཙལ་བས་བསྒྲུབས་པའི་འབྲས་བུ་མིན། །རང་བཞིན་ཡེ་གནས་འབྲས་བུ་ཡིན། །མ་བཅོས་ཡེ་ནས་འབྲས་བུ་ཡིན། །འདབ་གཤོག་ཉི་ཤུ་རྩ་ལྔ་ཡོད། །དེ་དག་དུས་གཅིག་སྨིན་པའི་ཕྱིར། །དེ་བཞིན་རྫོགས་ཆེན་རྣལ་འབྱོར་པས། །རྟོགས་བ་ཙམ་གྱི་འབྲས་བུ་ཡིན། །བདེན་བཞིར་རིམ་པར་གོམས་པ་ཡིས། །མཐོང་སྒོམས་སྤོང་པའི་རིམ་པ་ཡིས། །འགོག་པའི་འབྲས་བུ་དེ་ཉིད་ཀྱིས། །རིམ་པ་བཞི་ཡི་འབྲས་བུར་འདོད། །ཕྱི་ནང་རྟེན་འབྲེལ་ཏིང་འཛིན་གྱིས། །དེ་བཀབ་སྟོང་པ་བཟབ་མོ་ལ། །རང་དོན་གཉིས་མེད་མཐར་ཕྱིན་ཀྱང་། །ལྷུན་གྱིས་གྲུབ་པའི་འབྲས་བུ་མིན། །བདེ་གཉིས་འབྲེལ་བའི་ཐབས་ཆེན་གྱིས། །ཕ་རོལ་ཕྱིན་བཅུ་སྤྱད་པ་ཡིས། །བཅུ་བགྲོད་ས་བཅུ་སྦྱངས་པ་ཡིས། །ཐོབ་པ་ལྷུན་གྲུབ་འབྲས་བུ་མིན། །ཕྱི་ནང་དག་པའི་ཚུལ་བཟུང་ནས། །མཐོ་དམན་རིམ་པའི་འབྲས་ཐོབ་ཅིང་། །བླང་དོར་ཆེ་ཆུང་རིམ་པ་དེ། །ལྷུན་གྱིས་གྲུབ་པའི་འབྲས་བུ་མིན། །གཉིས་མེད་དོན་ལ་གཉིས་བརྟགས་ནས། །ལྟ་སྤྱོད་འབྲེལ་པའི་དོན་བྱེད་པས། །རང་སའི་འབྲས་བུ་ཐོབ་མོད་ཀྱང་། །དེ་ཡང་ལྷུན་གྲུབ་འབྲས་བུ་མིན། །བྱིན་རླབས་གཉིས་མཐོང་སེམས་དཔའ་ཡིས། །གྲོགས་མཐོང་གྲུབ་པས་གཞན་ལས་ལེན། །བླང་དོར་སེམས་དཔའི་རྣལ་འབྱོར་པས། །བླང་དོར་མེད་པའི་འབྲས་བུ་མིན། །བསྐྱེད་པའི་བསྐྱེད་དང་རྫོགས་པ་དང་། །རྫོགས་པའི་བསྐྱེད་དང་རྫོགས་པ་འདི། །འདུ་འཕྲོད་རིག་པའི་དཀྱིལ་འཁོར་གསུམ། །བྱིན་རླབས་དབང་དང་ལྡན་པ་ལ། །མཆོད་བཟླས་སྤྲོ་བསྡུ་ཐིག་ལེ་ཡིས། །ཆེད་སྤྱངས་གྲུབ་པ་གསུམ་ཐོབ་པས། །གནས་འགྱུར་ཆེན་བྱས་རྟོགས་འཛིན་གྱིས། །ཐོབ་ཀྱང་ལྷུན་གྱིས་གྲུབ་པ་ཡིན། །ཡེ་ཤེས་གསང་བའི་དཀྱིལ་འཁོར་བཞི། །ཐབས་དང་ཤེས་རབ་ཁ་སྦྱོར་གཉིས། །གོང་དུ་འཁྱིལ་ཞིང་འོག་ཏུ་འཛག །བདེ་བ་འཛག་ཅིང་གསུམ་རྫོགས་རྒྱས། ཁས་ཕུབ་མི་ཤིགས་ཧ༷་དཀར་དབུས། །བཅུ་དྲུག་གཉིས་ཀ་ཀ་ལི་ལྡན། །ཐབས་ཀྱིས་ཤེས་རབ་མཆོག་ལ་སྦྱོར། །འཕེན་དང་སྡུད་པའི་སྦྱོར་བས་གསལ། །བརྒྱད་གཉིས་ལྡན་པའི་འདབ་མ་ལ། །གསུང་གི་ཡི་གེ་གྱེན་འབྱུང་དབུས། །ཨ་ལི་འཕྲེང་བས་དེ་བཞིན་བསྐོར། །གཡས་གཡོན་བསྐོར་ཞིང་དབུས་སུ་འཁྱིལ། །སྤྲོ་ཞིང་རང་གི་དབྱིངས་ལ་ཐིམ། །ལོངས་སྤྱོད་འབྱུང་ཞིང་བདེ་བ་རྒྱས། །མི་ཤིགས་འཁོར་ལོ་འདབ་མ་བརྒྱད། །ཆོས་ཉིད་ཡེ་ཤེས་ཡོན་ཏན་རྩ། །རང་རྒྱུད་བཞི་ལ་ཡན་ལག་བརྒྱད། ཁམས་གསུམ་འཁོར་བའི་ས་བོན་དྲུག །སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ། །དངས་མ་འབྱུང་བའི་སྙིང་པོ་ལྔ། ཁ་དོག་དབྱིངས་དང་སྙིགས་མ་དག །ཐིག་ལེའི་རང་བཞིན་འོད་དུ་འབར། །འཁོར་བའི་ས་བོན་ཀུན་སྤྱངས་ནས། །དྭངས་མའི་ཡི་གེ་འོད་དུ་འབར། །ཐིག་ལེ་རང་བཞིན་མེད་པར་ཐིམ། །མི་ཤིགས་ཧུ༷་ལྡན་ཆ་ལྔ་པ། །རང་བྱུང་རིག་པ་བདེ་བའི་དབྱིངས། །བདེ་མཆོག་རོ་མཉམ་ཆུ་ཀར་རྫོགས། །ཡེ་ཤེས་སྙིང་པོ་ཉིད་དུ་ཐིམ། །ཨ་རྗི་སུ་ཏྲེ་པྲི་དུ་ཛ། །ཧུ༷་ཨོ་རང་གི་གནས་སུ་ཤེས། །རྒྱུ་བ་བཞི་ཡི་ཚུལ་དུ་གནས། །ཀུན་ཀྱང་འོད་དུ་འབར་ནས་ཀྱང་། །ཐིག་ལེ་བྱང་ཆུབ་སེམས་སུ་གནས། །སྤྲུལ་པ་དང་པོ་གཉིས་ལྡན་པ། །སྲིད་པ་དང་མའི་གནས་ན་ཡོད། །ཐུར་དུ་ཁྱབ་བྱེད་དབུས་ཡིན་ནོ། །ཡི་གེ་འཕྲེང་བའི་བསྐོར་ཚུལ་དང་། །ཀྭ་ལི་འཕྲེང་བས་དབུས་འདབ་ནས། །ཕྲག་གཉིས་ཁྱབ་པས་གནས་པ་ཡིན། །ཀུན་ཀྱང་སྐུ་གསུང་ཐུགས་སུ་འབྲེལ། །ཐབས་དང་ཤེས་རབ་གཉིས་མེད་འོད། །གསང་བ་མཆོག་གི་ལམ་ལས་བྱུང་། །འཁོར་ལོ་བཞིན་དུ་འཁྱིལ་བྱས་ནས། །འབྱུང་དང་འབར་བ་སྟེང་འོག་ཏུ། །གྱེན་དུ་འབར་ཞིང་ཐུར་དུ་འཕྱོ། །ཐིག་ལེ་རིམ་པར་མཚམས་སྦྱར་ནས། །བདེ་བ་ཆེན་པོའི་འབེམ་ལ་ཕོག །འཕོ་བ་བརྒྱད་དང་བཅུ་དྲུག་གིས། །སྦྱང་བཟུང་ངེས་པའི་དྲོད་ཐོབ་ནས། །འདར་དང་རྡུལ་དང་བ་སྐྲུ་ལྡང་། །སྐད་འགགས་མདོག་གསལ་མདངས་ལེགས་པས། །རྩ་བུག་ནམ་མཁའ་ལྟར་གསལ་ན། །ཡེ་ཤེས་ཁྱབ་བརྡལ་ཀུན་ཏུ་བཟང་། །མཐའ་དབུས་མེད་པའི་དོན་དུ་མཐོང་། །སྙིང་པོརངབཞིནམེདཔརགསལ། །དེ་ནས་མ་བཅོས་རང་འབར་སྐྱེ། །ཐོབ་བྱ་རང་ཡིན་གྲུབ་པ་ཡིན། །ལྷུན་གྱིས་གྲུབ་པའི་འབྲས་བུ་མེད། །ཕྱག་རྒྱ་ཤེས་གསལ་ཆེ་ཆུང་ཞིང་། །མདངས་ལེགས་དྲི་ཞིམ་ཀོས་ཀོ་ཕྲ། །སྨད་ཆེ་སོ་ལེགས་སྐད་སྙན་པ། །གཞན་གྱིས་མ་སྤྱད་དག་པ་ལ། །དབང་བསྐུར་བྱིན་བརླབས་ཆོས་བཤད་ཅིང་། །དབང་བསྐུར་གདམས་ངག་ལེགས་པར་བསྟིམ། །བསྟན་ཆོས་ཆ་རྫོགས་རྟགས་བྱུང་ནས། །ཕྱག་རྒྱ་བཞི་ལྡན་ངེས་སྦྱར་ནས། །རྟགས་ལྡན་འབྱུང་འཇུག་དབུགས་གོམས་པས། །ལྷན་ཅིག་སྐྱེས་པའི་འདོད་ཆགས་རོ། །རང་བྱུང་བདེ་བ་ཐོབ་འདོད་པས། །དེས་ཀྱང་བདེ་མཆོག་མི་རྟོགས་ཏེ། །རྒྱལ་དང་དེ་ཡི་ཆ་བཞིན་ནོ། །རང་བྱུང་འབྲས་བུ་མི་འགྱུར་ཏེ། །བིམ་པ་ར་ཡི་འབྲས་བཞིན་ནོ། །དེ་ལྟར་མཚན་མས་རྒྱུད་སྦྱངས་ནས། །གསལ་བར་ཆོས་ཉིད་དོན་མཐོང་ནས། །ས་བགྲོད་ལམ་སྦྱངས་མཉམ་སྦྱར་ཏེ། །ཐོབ་པ་རྡོ་རྗེ་འབྲས་བུར་བཅས། །འགྲོ་དོན་མ་ལུས་ལྷུན་གྲུབ་ཅིང་། །ལྷུན་གྲུབ་སྐུ་གསུམ་ངང་གནས་པས། །བདག་གཞན་དོན་ལ་རྫོགས་བྱེད་ཀྱང་། །བླང་དོན་མེད་པའི་འབྲས་བུ་ཡིན། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་ཀྱིས། །བྱིན་བརླབས་འོད་ཀྱི་ཏིང་འཛིན་དང་། །གྲངས་དང་རིམ་པ་ངེས་མེད་པས། །རོལ་བ་རང་འཆར་བཤད་པ་ཡང་། །གཟུང་བའི་ཚད་བྱས་རྟོགས་པ་ཡིན། །བླང་དོར་མེད་པའི་འབྲས་བུ་མིན། །སྒྲོ་སྐུར་མཚན་མའི་ལམ་དུ་ལྟུང་། །མ་གྲུབ་ངང་ལ་གྲུབ་པར་བཏགས། །གཉིས་མེད་དོན་ལ་གཉིས་པར་གཟུང་། །རང་བྱུང་ས་ལ་རྒྱུ་ཡིས་སྐྱེད། །ལྷུན་གྲུབ་ངང་ལ་རྩོལ་བར་བྱ། །མ་བཅོས་ངང་ལ་གཉིས་འཛིན་བཅོས། །བརྗོད་བྲལ་ངང་ལ་ཚིག་ཏུ་བརྗོད། །བཙལ་མེད་དང་དུ་ཆེད་དུ་རྩོལ། །བསྐྱེད་ནས་རིག་པའི་དཀྱིལ་འཁོར་ལ། །ཅིག་པར་རིམ་གྱིས་བསྐྱེད་བཞི་འཁྲུལ། །གཞན་ན་མེད་པའི་སྤྱན་འདྲེན་ཅིང་། །རང་ལས་མེད་བཞིན་གཞན་དུ་ཚོལ། །བགྲོད་མེད་དོན་ལ་རིམ་པར་བགྲོད། །སྤྱད་མེད་དོན་ལ་སྤྱད་པའི་རྒྱུན། །ཕྱི་ནང་མེད་ལས་སྤྲོ་བསྡུ་བྱས། །གཅིག་གི་དོན་ལ་སོ་སོར་གཟུང་། །གྲངས་མེད་ངང་ལས་གྲངས་འཛིན་འཁྲུལ། །གྲོ་སྐུར་འདས་པའི་ཡེ་ཤེས་ལ། །མཚན་མ་མཐའ་ཡི་སྒྲོ་སྐུར་འདོགས། །བླང་དོར་བྲལ་བའི་ཡེ་ཤེས་ལ། །བླང་དང་དོར་བ་གཉིས་སུ་ཕྱེ། །ཅི་རིགས་ཐབས་ཀྱི་རིམ་པ་ཡིས། །འཛིན་སེམས་དག་གི་ལྕགས་བཀྲོལ་ཡང་། །གོམས་པའི་བག་ཆགས་བཅིངས་དང་འདྲ། །བཅོས་མའི་བག་ཆགས་སྦྱོར་བ་ཡིས། །མ་བཅོས་གསང་བའི་དོན་མི་རྙེད། །ཐོབ་བྱ་རང་ལས་མ་ཡིན་ན། ཁུ་དང་འབྲས་བུའི་མདུད་པས་བཅིངས། །འདི་ཀུན་འབྲས་བུ་ངེས་པ་མིན། །ལྷུན་གྲུབ་ཡེ་ཤེས་འབྲས་བུ་ནི། །མ་བཅོས་རིག་པ་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་པ་བདེ་ཆེན་སྐུ། །ཐུགས་རྗེ་སྣང་བ་སྤྲུལ་པ་ཉིད། །ཏག་སྒ་ཀ་ཡི་ནོར་བུ་ལྟར། །མ་བསགས་ལྷུན་གྱིས་གྲུབ་པར་གནས། །རྩོལ་བའི་ཆུ་བོ་མི་གནས་པས། །བཙལ་བས་གྲུབ་པའི་འབྲས་བུ་མིན། །ཐམས་ཅད་སེམས་སུ་ལྷུན་རྫོགས་པས། །གཞན་ལས་འོངས་བའི་འབྲས་བུ་མིན། །བགྲོད་མེད་རང་བཞག་བཅུ་གཅིག་ལ། །རིམ་པས་སྨིན་པའི་འབྲས་བུ་མིན། །གཅིག་དང་དུ་མ་མེད་པས་ན། །གྲངས་བཅས་འབྲས་བུ་མ་ཡིན་ནོ། །བཅུ་ཡི་རིམ་སོགས་སེམས་ཉིད་ལ། །བགྲོད་པས་ཐོབ་པའི་འབྲས་བུ་མིན། ཁུ།་རྐྱེན་བྲལ་བའི་རང་བཞིན་པས། །བསྐྱེད་བྱ་སྐྱེད་བྱེད་འབྲས་བུ་མིན། །མ་བཅོས་ལྷུན་གྱིས་གྲུབ་པའི་ཕྱིར། །བཅོས་མའི་སྤྱོར་བས་ཐོབ་པ་མིན། །སྦྱན་དྲངས་མ་ཡིན་ཡེ་ནས་གནས། །ཀུན་ཁྱབ་ནམ་མཁའ་ལྟ་བུ་བས། །ཕྱོགས་རིས་བཅས་པའི་འབྲས་བུ་མིན། །ཐམས་ཅད་ཡེ་ཤེས་རང་གསལ་ལ། །རྣམ་པར་དབྱེ་བ་མི་གནས་ན། །གདུལ་བྱའི་དབང་གིས་དབྱེ་བར་སྣང་། །རྣམ་པར་རྟོག་པའི་དབང་གིས་ན། །གང་ལྟར་བརྟགས་པ་དེ་ལྟར་སྣང་། །བཙལ་བས་མི་རྙེད་རང་ལ་ཐུག །རང་བྱུང་ཉིད་ཀྱིས་གསལ་བར་བྱས། །ཡེ་ཤེས་ལྷུན་གྱི་གྲུབ་པར་གསལ། །རྨད་བྱུང་རོལ་བའི་སྐུ་གསུང་ཐུགས། །མ་བཙལ་ལྷུན་གྱིས་གྲུབ་པར་ཤར། །འདོད་པའི་དོན་ཀུན་མཐར་ཕྱིན་པས། །ཅིར་སྣང་ལྷུན་གྲུབ་ཐིག་ལེ་རྒྱན། །དུས་གཅིག་གསལ་བས་རིམ་པ་མེད། །རང་གསལ་རིག་པའི་ཁྱད་པར་གྱིས། །ས་བགྲོད་ས་རྣམས་དུས་གཅིག་མནན། །མ་བཙལ་འབྲས་བུའི་ཅིར་སྣང་ཡང་། །ངེས་པར་གསལ་ལ་དངོས་གཞི་མེད། །འོད་གསལ་གདོད་ནས་རྣམ་དག་པས། །མཐའ་ཡི་མུན་པ་ཡེ་ནས་དག །མཐའ་བྲལ་སེམས་སུ་ལྷུན་རྫོགས་པས། །ཅིག་པར་འགྲོ་དོན་བྱ་དང་བྲལ། །ཟད་མེད་གཏེར་ལ་ལོངས་སྤྱོད་པས། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །དུས་གསུམ་གཅིག་སྟེ་ཁྱད་མེད་པས། །ཐུག་པ་མེད་པར་རང་བཞིན་གནས། །འདོད་ཞེན་རྣམ་རྟོག་མི་མངའ་ཡང་། །ཐུགས་རྗེ་ཉི་མའི་འོད་ལྟར་ཁྱབ། །དངོས་ལ་ཁྱད་པར་མི་གནས་ཀྱང་། །བསམ་པ་གདུལ་བྱའི་རེ་བ་སྐོང་། །བྱིན་བརླབས་རིན་ཆེན་འདོད་དགུར་བསྒྱུར། །སྣང་བ་སེམས་སུ་མཐར་ཕྱིན་པས། །ཡུལ་དང་ཡུལ་ཅན་གདོད་ནས་མེད། །རྣམ་པར་རོལ་པ་ཅིར་ཡང་སྣང་། །རང་བྱུང་ཉིད་པས་གཞན་པ་མེད། །ཆོས་སྐུར་གདོད་ནས་ཀུན་གནས་པས། །བསྒོམས་ཀྱང་དམིགས་པ་ངལ་བའི་ལས། །ཐིག་ལེ་གཅིག་ཏུ་ཀུན་འདུས་པས། །འབྲས་བུ་མ་རྩལ་གྲུབ་པར་འདུས། །རིག་པ་འོད་འབར་ཆེན་པོ་ལས། །འགྲོ་འདུལ་ཐུགས་རྗེའི་དཀྱིལ་འཁོར་སྤྲོ། །བདག་གཞན་ལྷུན་གྲུབ་མི་གཡོ་བ། །འབྲས་བུ་ཉིད་ལས་འབྲས་བུ་འབྱུང་། །རང་ལ་རྫོགས་པར་རེ་དོགས་མེད། །ཆེ་ཆུང་མེད་པས་ཀུན་ལ་སྙོམས། །གཙང་སྨེ་མེད་པར་བདུད་རྩིའི་མཆོག །རྣམ་པར་དག་པས་སྐྱོན་ཡོན་བྲལ། །ཐམས་ཅད་སྒྲོལ་བས་ཐར་པའི་གྲུ། །ཡངས་པའི་ཡེ་ཤེས་ཕྱོགས་བྲལ་རྒྱས། །རང་དབང་ཐོབ་པས་དབང་དང་བྲལ། །སྐུ་གསུམ་སེམས་ཉིད་ལྷུན་རྫོགས་པས། །རྣམ་པར་དབྱེ་བའི་ཐ་སྙད་མེད། །བདག་ཉིད་དོན་ལ་དབྱེར་མེད་པས། །གཉིས་ཀ་ཐེག་ཆེན་སེམས་ཀྱི་ལུང་། །འབྲས་བུ་རིན་ཆེན་ལྷུན་གྲུབ་པས། །གདོད་ནས་ལྷུན་གྲུབ་ཆེན་པོ་ཉིད། །ཀུན་ཡིན་གང་ཡང་མ་ཡིན་པས། །ཅི་ཡང་ཡིན་ནོ་རྣམ་ཀུན་བཅད། །རང་བྱུང་ལྷུན་གྲུབ་འབྲས་བུ་ནི། །ཀུན་ལ་མཐུན་པར་སྐབས་ཀྱིས་འབྱུང་། །ཀུན་འབྱུང་མ་བཙལ་ལྷུན་གྲུབ་པས། །རང་གཞན་རིག་པ་བསམ་མི་ཁྱབ། །ཕྱོགས་རིས་མེད་པའི་ཡེ་ཤེས་ལ། །གཞན་མེད་རིག་པ་རྗེས་སུ་དཔགས། །མངོན་སུམ་རིག་པ་རྫོགས་ལུང་ལ། །མཚན་བྲལ་མཉམ་པའི་སྟོབས་ཀྱིས་གནས། ཁེང་ཏོག་སྨིན་པའི་འབྲས་བུ་ལྟར། །ཆེན་བྱས་མ་ཡིན་ཤུགས་ཀྱིས་འགྲུབ། །ཇི་ལྟར་ཉི་མའི་འོད་བཞིན་ནོ། །གཉིས་མེད་རིག་པའི་ཆོས་དབྱིངས་ལ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །རྒྱུ་འབྲས་ཐ་སྙད་ཀུན་གྱིས་སྟོང་། །དྲན་དང་དངོས་འཛིན་རྣམ་པར་དག །མི་སྐྱེ་མི་འགག་བཅོས་མེད་ཀློང་། །མ་བསགས་གདོད་ནས་ལྷུན་རྫོགས་པས། །རིམ་པས་ཐོབ་པའི་འབྲས་བུ་མིན། །སྤྲོས་བྲལ་མ་ཡིན་ལྷུན་གྱིས་གྲུབ། །རང་རྒྱུད་མ་ཡིན་སྟོབས་ཆེན་པོ། །ཀུན་ཀྱང་ཡེ་ནས་ལྷུན་གྲུབ་པས། །གཉིས་འཛིན་རྟོག་པ་ཀུན་གྱི་སྟོང་། །མ་བཅོས་སེམས་ཀྱི་ཁྱད་པང་ལ། །ཡོན་ཏན་བཙལ་མེད་འབྲས་བུར་གསལ། །ཐམས་ཅད་སེམས་སུ་ལྷུན་གྲུབ་པས། །བདག་གཞན་རེ་བ་ཀུན་གྱིས་སྐོང་། །རང་བྱུང་སྨིན་པའི་འབྲས་བུ་ནི། །རྩོལ་བའི་རྣམ་གྲངས་ཇི་སྙེད་ཀྱང་། །ཡེ་ཤེས་འོད་གསལ་མ་ཡིན་པ། །གང་ཡང་ཡོད་པ་མ་ཡིན་ནོ། །འདོད་པས་ལེན་དང་ལྷུན་གྱིས་གྲུབ། །རྟོགས་དང་མ་རྟོགས་ཁྱད་པར་ཡིན། །གདོད་ནས་བདག་ཉིད་ལྷུན་གྲུབ་ལ། །འཕེལ་འགྲིབ་མེད་པ་སྙིང་པོ་ཡིན། །རྟོགས་པར་དཀའ་བས་གསང་བ་ཡིན། །མ་བཙལ་གནས་པས་ལྷུན་གྲུབ་ཡིན། །མ་བཅོས་གནས་པ་ཡེ་ཤེས་ཡིན། །དམིགས་འཛིན་མེད་པས་སྟོང་ལྟ་ཡིན། །བེམས་པོ་མེན་པས་རིག་པ་གསལ། །ཐམས་ཅད་འཇུག་པ་མ་ཡིན་ཏེ། །རང་བཞིན་འགྲུབ་པས་དངོས་གྲུབ་ཡིན། །དེ་ཉིད་གསལ་བས་ལྟ་བ་ཡིན། །འདའ་བ་མེད་པས་དམ་ཚིག་ཡིན། །བླང་དོར་མེད་པས་སྤྱོད་པ་ཡིན། །རང་སྣང་དབྱེར་མེད་དཀྱིལ་འཁོར་ཡིན། །རང་དབང་ཐོབ་པས་དབང་ཡིན་ཏེ། །ལྷུན་གྱིས་གྲུབ་པས་འཕྲིན་ལས་ཡིན། །ཡེངས་བ་མེད་པས་ཏིང་འཛིན་ཏེ། །ཐམས་ཅད་ལྷུན་གྱིས་གྲུབ་པ་ལ། །བཟང་ངན་བླང་དོར་གང་ལ་ཡོད། །ཀུན་བཟང་འབར་བའི་ཡེ་ཤེས་ལ། །གཉིས་འཛིན་རྟོག་པར་གོལ་བའི་ལམ། །མཐའ་རྣམས་མ་བསམས་ལྷུན་གྲུབ་ལ། །ལྟུང་དང་འཇིག་པའི་འདུ་ཤེས་མེད། །འབྲས་བུའི་ངོ་བོར་རང་ཤར་བས། །རེ་དོགས་འདུ་ཤེས་ཀུན་གྱིས་སྟོང་། །དངོས་གྲུབ་བྱིན་བརླབས་བསམ་མི་ཁྱབ། །ལྷུན་གྲུབ་རིན་ཆེན་འབྲས་བུའོ། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། འབྲས་བུ་ཡོད་མེད་ཀྱི་ཁྱད་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། ༡༣ །།དེ་ནས་གཞན་ཡང་བཤད་བྱ་བ། །དེ་ཡི་མཚན་ཉིད་བཤད་བྱ་བ། །རང་བཞག་འབྲས་བུ་གཉིས་ཀ་དང་། །གདུལ་བྱའི་ཚེ་དང་སྣང་ཚུལ་དང་། །མཚན་ཉིད་མེད་པའི་མཚན་ཉིད་ནི། །ནམ་མཁའ་ལྟ་བུའི་སེམས་དང་བྲལ། །ཀུན་གྱི་མཚན་ཉིད་འདི་ཡིན་པས། །འདི་ཡི་མཚན་ཉིད་དམིགས་དང་བྲལ། །ཀུན་གྱི་མཚན་ཉིད་ཀུན་འཛིན་ལ། །རང་གི་མཚན་ཉིད་རང་གི་འཛིན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡང་། །དམིགས་བྲལ་རིག་པའི་མཚན་ཉིད་འཛིན། །སྤྱི་དང་རང་གི་མཚན་ཉིད་ནི། །དབྱེ་བ་མེད་པའི་དོན་ཡིན་ཡང་། །འདུལ་བའི་དབང་གིས་སྣང་བ་ཡིན། །ཐམས་ཅད་རང་བྱུང་རིག་པའི་ཕྱིར། །དུས་གཅིག་མཁྱེན་པའི་ཡེ་ཤེས་ཀྱིས། །གཉིས་མེད་རིག་པར་འདོད་ནས་གསལ། །རང་རིག་གསལ་བའི་མཚན་ཉིད་དོ། །རང་བྱུང་རིག་པ་འོད་གསལ་བ། །ཕྱོགས་མེད་ཡེ་ཤེས་ཁྱབ་པར་གདལ། །རྒྱུ་མེད་རྡོ་རྗེ་རྐྱེན་དང་བྲལ། །རང་བྱུང་རིག་པའི་མཚན་ཉིད་དོ། །བདག་གཞན་རྩོལ་མེད་སེམས་ལ་ལུས། །ཡེ་ཤེས་དབྱིངས་སུ་གཅིག་པ་ལ། །བྱ་བྱེད་ཁྱབ་པར་མི་གནས་པས། །མ་བཅོས་སེམས་ཀྱི་ཁྱད་པར་ཡིན། །མཚན་མེད་ངང་ལ་མཚན་ཉིད་མེད། །མེ་མེད་ཚ་བ་མི་སྲིད་ལ། །མཚན་གཞི་མེད་པའི་ཆོས་དབྱིངས་ལ། །མཚན་ཉིད་མེད་པའིརངབཞིནཡིན། །བདག་གཞན་མེད་པར་དབྱིངས་གཅིག་པར། །མཚན་ཉིད་ཡོད་མེད་གང་གིས་མཚོན། །ཡེ་སངས་རྒྱས་པའི་བདག་ཉིད་ལ། །བཙལ་བ་མེད་པར་རང་བཞིན་གནས། །གཉིས་མེད་བདག་ཉིད་ཆེན་པོར་གྲུབ། །མ་བཙལ་སེམས་ལ་རང་བཞིན་ཚང་། །རང་ལ་མི་གནས་གཞན་མི་གནས། །རང་རིག་འོད་གསལ་བསམ་མི་ཁྱབ། །བསྟན་པ་རྒྱ་མཚོ་རིག་པའི་ཀླུངས། །མ་བཅོས་སེམས་ཀྱི་མཚན་ཉིད་ལ། །བཅོས་མའི་འདུ་ཤེས་ཀུན་གྱིས་སྟོང་། །ཐེག་ཆེན་སེམས་ཀྱི་མཚན་ཉིད་ནི། །གང་ཡང་ཡིན་ནོ་རྣམ་ཀུན་བཅས། །ཅི་ཡང་ཡིན་ནོ་ཁྱབ་པར་གནས། །སེམས་ཉིད་མ་བཅོས་གསང་བར་གནས། །མཐའ་དབུས་མེད་པའི་གཞལ་ཡས་ལ། །རང་བྱུང་ཆེན་པོའི་སྙིང་པོར་བཞུགས། །རོལ་བ་ངོས་གཟུང་མ་ཡིན་ཏེ། །ཅི་ཡང་མེད་ལ་ཅིར་ཡང་འབྱུང་། །ཡེ་ཤེས་སྙིང་པོ་ཉི་མ་ཤར། །མ་ལུས་ཐིག་ལེ་ཆེན་པོ་ཉིད། །མ་བསམས་མ་སྦྱངས་ཇི་བཞིན་ཉིད། །མ་བཅོས་མ་བསླད་གསང་བའི་དོན། །ཐམས་ཅད་ཐིག་ལེའི་བདག་ཉིད་ལས། །ཉིད་ལས་སྤྲོ་ཞིང་དབྱིངས་ལས་བསྡུ། །ཉིད་ལས་མ་ཡིན་བདག་ཉིད་ཆེ། །རང་བྱུང་མ་བཙལ་དེ་བཞིན་ཉིད། །བྱང་ཆུབ་སེམས་ཀྱི་ཀློང་བརྡལ་པས། །ཀློང་དགུ་བསྟན་པ་གཅིག་ལ་རྫོགས། །འདུས་ཤིང་འཕེལ་འགྲིབ་མི་གནས་པས། །གསང་བ་ཀུན་འདུས་རིག་པའི་གཏེར། །རྡོ་རྗེ་ཀུན་འདུས་ཆོས་ཀྱི་དབྱིངས། །དམན་པའི་ཁྱད་པར་གང་དག་གིས། རྣམས་གྲངས་ཁྱད་པར་ཅི་བསྟན་པ། །དེ་དག་དེ་ཡི་ཁྱད་པར་ཏེ། །དེ་དག་དེ་ལ་བསྟན་པ་ཡིས། །རྣམ་རྟོག་སྒྲོ་སྐུར་བྲལ་བ་ཡིས། །ནུས་པའི་ཁྱད་པར་མ་འདྲེས་པར། །དེ་དག་ཙམ་དུ་བདེན་པ་སྟེ། །དེ་ཡང་དངོས་གྲུབ་ཡོད་མ་ཡིན། །འཇིག་རྟེན་འདས་དང་འཇིག་རྟེན་པ། །གང་དགས་སོ་སོའི་ནུས་པ་དག །མ་བཙལ་རང་བཞིན་ལྷུན་གྲུབ་པས། །གཉིས་མེད་ངང་དུ་ཡེ་སངས་རྒྱས། །རྣམ་རྟོག་བརྟགས་པའི་མཚན་ཉིད་ཀྱང་། །བརྟགས་པའི་མཚན་མ་རང་འཛིན་ལ། །མ་བཅོས་དོན་གྱི་ངོ་བོ་ཡང་། །དེ་དག་རང་གི་ངོ་བོར་འཛིན། །བདེ་སྡུག་གྲོལ་དང་མ་གྲོལ་རྩོལ། །ཀུན་ཀྱང་རང་རང་ངོ་བོ་འཛིན། །ས་ཆུ་མེ་༷་ནམ་མཁའ་ཡང་། །ཡེ་ནས་རང་གི་ངོ་བོ་འཛིན། །རང་གི་ལམ་སོགས་ཐབས་ངོ་བོ། །རང་བཞིན་མ་འདྲེས་སོ་སོར་སྣང་། །དེ་དག་མ་འདྲེས་རང་མཚན་ཉིད། །མ་ཡིན་ཡིན་ལ་ཆ་ལས་འདས། །རོལ་བའི་བྱན་རླབས་ཅིརཡང་འཆར། །འཛད་པའི་བྱིན་རླབས་ཕྱོགས་རིས་མེད། །ཐུགས་རྗེའི་བྱིན་རླབས་འདི་ལྟར་འབྲོ། །གཞན་པ་མེད་པའི་དང་པོ་སྟེ། །གཉིས་པར་གཉིས་ཀ་མེད་པ་སྟེ། །གསུམ་པར་དེ་དག་ཀུན་དང་བྲལ། །བཞི་པར་ཀུན་ལ་ཇི་བཞིན་པ། །སྟོང་པ་ཆེན་པོ་རྣམ་ཀུན་ལྡན། །གང་ལྟར་བལྟས་པ་དེ་བཞིན་སྣང་། །དེ་ཡང་དངོས་གྲུབ་ཡོད་མ་ཡིན། །རྒྱ་མཚོའི་རླབས་ལྟར་ངོ་མཚར་ཆེ། །ཅི་ཡང་མེད་ལས་ཅི་ཡང་འབྱུང་། །རིག་པའི་བྱིན་རླབས་ཅིར་ཡང་གསལ། །རྫོགས་ཏེ་རང་བཞིན་ལྷུན་གྲུབ་ལས། །ཉི་མའི་འོད་ལྟར་རང་བཞིན་སྣང་། །རོལ་པ་མ་འདྲེས་ཁྱད་པར་ཆེ། །སྣང་བ་ཀུན་བཟང་རོལ་བ་ལ། །དྲན་པའི་རྣམ་རྟོག་ཅིར་མི་ལྟ། །བྱུང་ཚོར་གཡོ་འགོག་མ་ལུས་ལ། །རང་བྱུང་རིག་པ་དབྱིངས་ལ་ཐིམ རང་འབར་གཅིག་པ་མ་ཡིན་པ། །ཀུན་གྱི་འདུ་ཤེས་རྣམ་པར་བཅད། །རང་གི་མཚན་ཉིད་མ་འདྲེས་པ། །སྤྱི་ཡི་རྫོགས་པ་ལྷུན་གྱིས་གྲུབ། །གང་ཞིག་ཞེན་པ་རྣམ་བཅད་པ། །རང་རིག་འབྲེལ་པ་རྗེས་སུ་དཔགས། །མངོན་སུམ་རིག་པ་མཆོག་གི་ཤེས། ཁུ་བ་མེད་དེ་གསལ་བར་མཐོང་། །རྗེས་འབྲེང་རིག་པའི་འདུ་ཤེས་མེད། །རང་རིག་སྟོང་པ་རྣམ་ཀུན་ལྡན། །བཏང་གཟུང་བྲལ་ལོ་ཡེངས་པ་མེད། །རང་བཞིན་ཡེ་ནས་ལྷུན་གྲུབ་པས། །མ་བཙལ་རིག་པ་མངོན་སུམ་ལ། །རྣམ་རྟོག་འཛིན་པའི་དྲ་བ་ཀུན། །རྡོ་རྗེ་འོད་གསལ་ལུང་གིས་གཅོད། །མཚན་མའི་ཞེས་པའི་སྒྲོ་སྐུར་མེད། །འཆིང་འབྲལ་དུས་གཅིག་རྫོགས་པའི་མཆོག །སྙིང་པོ་གསང་བའི་དོན་ལ་རྫོགས། །བདེ་ཆེན་ངང་ལ་བྱ་བྲལ་མེད། །གཅིག་ཏུ་གནས་སོ་ཡེ་སངས་རྒྱས། །ཆོས་ཉིད་རིག་པ་བདེ་ཆེན་པོ། ཁྱབ་པའི་ཐིག་ལེ་འོད་ཀྱི་ངང་། །འགྱུར་བ་མེད་དོ་ནམ་མཁའ་ལྟར། །བརྗོད་དུ་མེད་དོ་དམིགས་དང་བྲལ། །སྐུ་གསུམ་གཅིག་པས་དབྱེ་བ་མེད། །བསྟན་པ་རང་བྱུང་ཐུགས་ཀྱི་མཆོག །སངས་རྒྱས་སེམས་ཅན་གཅིག་པའི་འཁོར། །ཀུན་འདུས་རིག་པ་ཆོས་ཀྱི་དབྱིངས། །རིག་བྲལ་རིག་པ་སྒྲོ་སྐུར་མེད། །ཆོས་རྣམས་རང་བཞིན་དག་པས་ན། །འཁོར་དང་མྱང་འདས་ཡེ་ནས་མེད། །རང་བཞིན་ལྷུན་གྱི་གྲུབ་པས་ན། །བྱ་བྲལ་མཚན་མ་ཀུན་ལས་འདས། །ལོངས་སྤྱོད་ཆེན་པོར་ལྷུན་གྲུབ་པར། །རང་བྱུང་བདག་ཉིད་ཆེན་པོར་མྱོང་། །རིག་པའི་ཡེ་ཤེས་འོད་གསལ་སེམས། །ཉམ་མྱོང་རིག་པའི་འདུ་ཤེས་མེད། །བསམ་སྤྱོད་བྲལ་བས་དགོངས་པའི་ཀློང་། །གདོད་ནས་དག་པས་ཆོས་སྐུར་གནས། །སྒྲོ་དང་སྐུར་པ་དག་པ་ཡིས། །རང་གི་མཚན་ཉིད་བཤད་པ་ཡིན། །གདོད་ནས་མ་བསགས་རྫོགས་པས་ན། །འབྲས་བུ་ཉིད་ལ་འབྲས་བུ་འབྱུང་། །གཅིག་པས་རྒྱུ་འབྲས་ཁྱད་པར་མེད། །གཉིས་མཐོང་མཚན་མ་གོལ་བའི་ལམ། །གང་ཞིག་རྩོལ་བའི་ཁྱད་པར་གྱིས། །ལྷུན་གྲུབ་རང་གསལ་བདེ་ཆེན་པོ། །མཚན་འཛིན་ཞེན་པ་ཅི་བཙལ་ཡང་ ངེས་པར་འབྲས་བུ་མི་འབྱུང་ངོ། །གཅིག་ལ་ཡོན་ཏན་སྣང་ཚུལ་གྱིས། །སོ་སོར་ཕྱེ་བ་གཅིག་ལས་མེད། །ཆོས་སྐུ་མ་བཅོས་སེམས་ཉིད་དེ། །འོད་གསལ་བདེ་ཆེན་དག་པ་ཡིན། །ཞིང་ཁམས་སངས་རྒྱས་སེམས་ཅན་ཀུན། །ལྷུན་གྱིས་གྲུབ་པས་རང་བཞིན་ཡིན། །གནས་ནི་ཡང་དག་འོག་མིན་ཏེ། །དཔག་མེད་འབར་བའི་གཞལ་ཡས་སོ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །ཆོས་སྐུ་ལྷུན་གྲུབ་ཆེན་པོའི་འཁོར། །བསྟན་པར་བྱ་བའི་ཡུལ་རྣམས་ཀུན། །རང་བྱུང་ལྷུན་གྲུབ་ཐེག་པར་འཆད། །དུས་གསུམ་གཅིག་པ་ཁྱད་མེད་དེ། །བསམ་གྱིས་མི་ཁྱབ་དུས་ན་ཤེས། །ལོངས་སྤྱོད་བདེ་མཆོག་སེམས་ཉིད་དེ། །བདེ་མཆོག་ལྷུན་གྲུབ་ཆེན་པོ་ཡིན། །ཞིང་ཁམས་སྟོང་གསུམ་ཕྲག་བརྒྱ་སྟེ། །ངེས་པའི་དོན་ལ་བྱེ་བྲག་མེད། །གནས་ནི་འོག་མིན་ཆེན་པོ་སྟེ། །རིན་ཆེན་འབར་བའི་གཞལ་ཡས་སོ། །བཟོད་འདས་ས་བཅུ་དང་པོའོ། །གསང་བའི་ལམ་དུ་ཞུགས་པ་ལ། །བསྟན་པ་གསང་བའི་རང་བཞིན་གསུམ། །བརྗོད་བྲལ་དགོངས་པའི་ཚུལ་གྱིས་བཤད། །དུས་ནི་དུས་གསུམ་མི་འགྱུར་ཏེ། །དེ་དག་སྙིང་པོ་རྫོགས་པར་དུ། །སྤྲུལ་བ་སེམས་འབྱུང་རང་བཞིན་ཏེ། །ཐུགས་རྗེ་ཀུན་ལ་མཐུན་པར་སྣང་། །ཞིང་ཁམས་འཛམ་གླིང་ཕྲག་བརྒྱ་སྟེ། །ངེས་པའི་དོན་ལ་ཆེ་ཆུང་མེད། །གནས་ནི་འཛམ་གླིང་གདན་ལ་རྫོགས། །གདུལ་དབང་གར་བཞུགས་དེ་ཉིད་དེ། །དེ་ཉིད་རྣམ་བཞིའི་ཚུལ་དུའོ། །བསྟན་པ་བཀྲི་དྲང་ཐེག་པ་གསུམ། །ཚིག་དབྱིངས་དག་གིས་མཆོད་པར་བྱེད། །དུས་ནི་ལྔ་བརྒྱའི་དུས་ཉིད་དུ། །ངེས་པའི་དོན་ལ་དབྱེ་བ་མེད། །འདི་དག་གཅིག་ཏུ་ལྷུན་གྲུབ་པས། །རྩོལ་བའི་རེ་དོགས་ཀུན་གྱི་སྟོང་། །ལམ་མེད་རིམ་མེད་གཅིག་པར་འཇུག །མཁའ་ལྟརགནས་སོ་ཆོས་ཀྱི་དབྱིངས། །ལྷུན་གྱིས་གྲུབ་པའི་འབྲས་བུ་ལ། །འདོད་པའི་སེམས་ཀྱི་རེ་བ་མེད། །སྐུ་གསུམ་མཚན་མ་ཅིར་བརྟགས་ཀྱང་། །རང་བྱུང་སེམས་ལས་གཞན་མེད་དོ། །རང་བྱུང་རིག་པའི་ཁྱད་པར་ལས། །ཅིར་གསལ་རིག་པ་ཅི་ཡང་མིན། །རང་བྱུང་རིག་པ་དབྱིངས་ལ་ཐིམ། །གྲངས་དང་རྟོགས་པའི་མཐའ་ལས་འདས། །མ་བརྟགས་མ་ཞེན་དྲི་མ་མེད། །ལྷུན་གྱིས་གྲུབ་པས་འབྲས་བུ་ལ། །དགག་དང་བསྒྲུབ་པ་ཀུན་དང་བྲལ། །མ་བཙལ་མ་བསྒྲུབས་ཡེ་ནས་དག །མ་སྐྱེས་རང་བྱུང་ཡེ་ནས་གྲུབ། །གདོད་ནས་རང་བྱུང་སྙིང་པོ་ལ། །འཛིན་བརྟགས་ཆོས་རྣམས་ཀུན་གྱི་སྟོང་། །ཆོས་ཉིད་རང་བཞིན་སེམས་ཉིད་དེ། །སེམས་ཉིད་རྫོགས་ཆེན་རང་ཉིད་དུ། །བཅོས་མའི་ཐབས་ཀྱིས་མ་ཡིན་ཏེ། །མ་བཅོས་རྫོགས་པས་གཏན་ལ་འབེབས། །དེ་ཉིད་ངེས་པའི་འབྲས་བུ་སྟེ། །མ་བཙལ་ལྷུན་གྱིས་གྲུབ་པར་གནས། །དེ་དག་འབྲས་བུའི་མཚན་ཉིད་དོ། །འཇིགས་པ་དང་ནི་འདས་པ་ཡི། །ཆོས་རྣམས་གཅིག་ཏུ་ལྷུན་གྲུབ་པས། །གཉིས་པའི་གནས་པ་མི་གནས་ཏེ། །བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །སྤྱི་ཡི་མཚན་ཉིད་བསམ་ཡས་པ། །བྱེ་བྲག་ཁྱད་པར་མ་འདྲེས་ཀྱང་། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྫོགས་ཏེ་རང་བཞིན་ལྷུན་གྱིས་གྲུབ། །མ་སྐྱེས་པ་དང་མ་བྱུང་དང་། །མི་གནས་ཉམས་མྱོང་ཁྱད་པར་གསལ། །སེམས་ཉིད་སྙིང་པོར་ཡེ་རྫོགས་པས། །གཉིས་རྫོགས་ཁྱད་པར་ཕྱེ་བ་མེད། ཁྱབ་པ་ཆེན་པོ་ཆོས་ཀྱི་སྐུ། །ནམ་མཁའ་གསལ་བའི་ངོ་བོ་བཞིན། །གཉིས་མེད་ཡེ་ཤེས་བདེ་ཆེན་པོ། །བསམ་བྲལ་དབུ་མ་མི་གཡོ་བ། །མཐའ་གསུམ་ཀུན་གྱི་སྙིང་པོར་རྫོགས། །འཕེལ་འགྲིབ་མེད་པས་གསལ་བ་བཞིན། །རང་རིག་རང་བྱུང་རྒྱུ་རྐྱེན་མེད། །དྲི་མེད་རང་གསལ་བསམ་གཏན་ནི། །སྐྱེ་མེད་རང་གསལ་སྙིང་པོ་ལ། །དྲན་མེད་རྒྱུ་མེད་རིག་པ་ཡིས། །དུས་གསུམ་རིག་པའི་གཏེར་ལ་སྤྱོད། །གསང་བ་གསང་ཆེན་རང་བྱུང་ཉིད། །རང་བྱུང་གདོད་ནས་རྣམ་པར་དག །བདེ་ཆེན་རོལ་པར་རང་སྣང་ལ། །མ་བཅོས་ལེགས་པར་གནས་པ་ཡིན། །གཉིས་མེད་སེམས་ལ་དབྱེ་བ་མེད། །འབྱེད་པ་མེད་པས་རང་གི་ཐུགས། །མ་བཅོས་ཐུགས་ལ་གདོད་ནས་གནས། །ཕྱོགས་རིས་གཉིས་འཛིན་མི་མངའ་བས། །ཡེ་ནས་ཐུགས་རྗེས་ཁྱབ་པར་བདལ། །དབྱིངས་འཇུག་མེད་པས་འགྲོ་འོངས་སྤོངས། །དོན་དུ་གཅིག་པས་དབྱེ་བ་མེད། །གསལ་རིག་ཡེ་ཤེས་ཉིད་དུ་འཆར། །སྐུ་གསུང་རིག་པ་ཐུགས་ལ་རྫོགས། ཁྱབ་བདག་རོ་མཉམ་ཐིག་ལེ་ཆེ། །ཀུན་འདུས་རིག་པ་སེམས་ཀྱི་ཀློང་། །ཅིར་སྣང་ལྷུན་གྲུབ་རྫོགས་པས་ནི། །རང་གསལ་ཉག་གཅིག་དྲི་མ་མེད། །གཅིག་པས་རྣམ་པར་དབྱེ་བ་མེད། །རྫོགས་པའི་དོན་ལ་གཉིས་མེད་ན། །རྣམ་པར་རྟོགས་པས་བརྟགས་དབང་གིས། །བསམ་པའི་ཁྱད་པར་ཇི་ལྟ་བར། །དེ་དག་ཇི་ལྟ་བཞིན་དུ་མཐོང་། །དངོས་ལ་དེ་ལྟར་མི་གནས་ཀྱང་། །ཐག་པ་ལ་ནི་སྦྲུལ་བཞིན་ནོ། །ཇི་ལྟར་འཁྲུལ་པའི་རང་བཞིན་དག །འཇམ་པའི་རང་བཞིན་ཉིད་དག་ལ། །གྲང་བའི་རླུད་གིས་བསྐྱོད་པ་ལྟར། །ཕྱིན་ཅི་ལོག་གིས་དེ་ལྟར་མཐོང་། །གདུལ་བྱའི་བསམ་པས་དེ་བཞིན་དུ། །རེས་འགའ་ཞི་ལ་རེ་འགའ་ཆགས། །རེས་འགའ་དྲག་ལ་རེས་འགའ་ཁྲོ། །འདོད་ལ་ལོངས་སྤྱོད་མཚན་ཉིད་ནི། །དངོས་དག་སེམས་ལ་ཁྱད་པར་མེད། །དམྱལ་བའི་ཚ་སྲེགས་རང་བཞིན་དག །དེས་འདུལ་ཐབས་ལ་སྣང་བ་ཡང་། །དེ་དག་རང་བཞིན་སེམས་ཉིད་པས། །བདེ་ཆེན་ངང་ལས་གཡོས་པ་མེད། །ཡི་དགས་གདུང་བའི་ཡེ་ཤེས་ཀྱང་། །ཐུགས་རྗེས་་སྒོབོར་བ་བསྒྲལ་བའི་ཕྱིར། །དེ་དག་ཉིད་ལ་སྣང་བ་ཡང་། །བྱང་ཆུབ་སེམས་ལས་གཞན་མ་ཡིན། །དུད་འགྲོ་མ་རིག་གཏི་མུག་པས། །མི་ཁོམ་སྡུག་བསྔལ་ཉམས་མྱོང་བ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཏེ། །བདེ་ཆེན་ཉིད་ལས་གཞན་མ་ཡིན། །གླིང་བཞིའི་མི་ཡི་རང་བཞིན་དག །གཡེང་དང་འགྱུར་བའི་རང་བཞིན་ཏེ། །ཐུགས་རྗེས་འདོད་ལྔར་བྱིན་བརླབས་ནས། །དེ་དག་སེམས་ཉིད་རང་བཞིན་ཡིན། །ག་་འཁྲུག་ཕྲག་དོག་ལྷ་མ་ཡིན། །འཐབ་རྩོད་སྡུག་བསྔལ་མྱོང་འགྱུར་ཡང་། །དེ་དག་བྱང་ཆུབ་སེམས་ཡིན་པས། །གདུལ་བྱའི་ངོ་ལ་སྣང་བ་ཡིན། །ལྷ་གནས་བདེ་བ་ཇི་སྙེད་པ། །ལེ་ལོས་ལྟུང་བའི་སྡུག་བསྔལ་སྣང་། །དེ་དག་སེམས་ཉིད་རང་སྣང་བས། །གདུལ་བྱའི་ངོ་ལ་ཁྱད་པར་སྣང་། །ཐབས་དང་ཤེས་རབ་ཉིད་སྣང་བས། །གདུལ་བྱ་ཉིད་ནས་ཡེ་སངས་རྒྱས། །གདོད་ནས་དག་པའི་དོན་ཉིདལ། །གཅིགལགཉིས་པར་འདུ་ཤེས་པར། །ཀུན་བརྟགས་ལོག་པར་ཞེན་པར་འགྱུར། །ཇི་ལྷར་སྣང་བ་དེ་ལྟར་མིན། །གང་ལྟར་རྟོགས་པ་དེ་ལྟར་གསལ། །ཀུན་ཀྱང་བདག་ཉིད་ཆེན་པོ་ཡིན། །རྡོ་རྗེ་སེམས་དཔའ་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །དེ་ཁོ་ན་ཉིད་ཆོས་ཉིད་བདེ་བ་ཆེན་པོའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། ༡་ །།དེ་ནས་གཞན་ཡང་བཤད་བྱ་བ། །ཞེན་དང་མ་ཞེན་ཁྱད་པར་གྱིས། །སྣང་ཚུལ་ལེགས་པར་བཤད་པར་བྱ། །གཉིས་ཀའི་མཐའ་བྲལ་ཆོས་ཀྱི་དབྱིངས། །སྣང་བཞི་རིག་པ་ཆོས་ཀྱི་དབྱིངས། །སྟོང་ཉིད་བྱ་བྲལ་གཉིས་སུ་མེད། །མི་འབྱེད་ཐིག་ལེ་ཀུན་ནས་ཟླུམ། །མ་བཙལ་རིག་པ་མངོན་སུམ་ལ། །ཞེན་པ་བརྟགས་པའི་དབང་གིས་ན། །རྟོག་པ་རྟོག་པའི་ངོ་བོར་སྣང་། །ཉི་མ་ལ་ནི་མུན་པའམ། །ཟླ་བ་གཉིས་སུ་མཐོང་བའམ། །དུང་ལ་སེར་པོར་སྣང་བའམ། །ཐག་པ་ལ་ནི་སྤྲུལ་བཞིན་ནོ། །དངོས་ལ་ཡོད་པ་མ་ཡིན་ཀྱང་། །རྟོག་པས་དེ་ལྟར་སྣང་བ་ཡིན། །མེད་ལ་ཡོད་པའི་ཚུལ་གྱུར་པས། །ཐོག་མ་མེད་པའི་དུས་ནས་ཉམས། །རིན་ཆེན་འབར་བའི་དུས་ནས་ནུབ། །རྟོག་པའི་དྲ་བའི་མདུད་པས་བཅིངས། །དམ་པས་དགྲོལ་བ་མ་བྱས་པར། །འཁོར་བའི་མུན་པའི་ཐིབས་ཀྱིས་འགགས། །དེ་ཉིད་སྤྲད་པར་མ་བྱས་པས། །རང་བྱུང་ལྷུན་གྲུབ་སྟོང་པར་འགྱུར། །ཐམས་ཅད་འོད་གསལ་དག་པ་ལ། །རིན་ཆེན་སེམས་ཀྱིརངབཞིནདང། །རྣམ་རྟོག་ཞེ་སྡང་བརྟགས་དབང་གིས། །ཚ་གྲང་མྱོང་བའི་སྡུག་བསྔལ་གྱིས། །བདེ་བའི་རེག་པ་མི་གནས་ཀྱང་། །རྣམ་པར་རྟོག་པའི་ངོ་བོ་ལས། །དངོས་ལ་རྒྱུ་འབྲས་གྲུབ་པ་མེད། །ཆགས་སྡང་སེར་སྣ་རྣམ་དག་པས། །འཛིན་བྲལ་འཇིག་པའི་རང་བཞིན་ལ། །མེད་ལས་ཡོད་པར་རྣམ་བརྟགས་པས། །སེར་སྣ་འཛིན་རྟོགས་དབང་གིས་ན། །མི་གཙང་རྩུབ་བཀྲེས་མྱོང་བར་འགྱུར། །དངོས་ལ་དེ་ལྟར་མི་གནས་པས། །བསམ་རྟོག་དབང་གིས་སྣང་བ་ཡིན། །འབྱེད་མེད་ཡེ་ཤེས་ཆེན་པོ་ལ། །མ་རྟོགས་གཏི་མུག་འཐིབས་པ་ཡིས། །རིན་ཆེན་མཐོང་བའི་ལམ་དང་བྲལ། །བཀོལ་སྤྱད་ལ་སོགས་སྡུག་བསྔལ་མྱོང་། །བྱ་བྱེད་རྨི་ལམ་གནོད་པ་ལྟར། །ཞབྲུལ་པའི་སྣང་བ་མ་རྟོགས་པས། །དངོས་ལ་མ་གྲུབ་ཡེ་ནས་སྟོང་། །ཇི་ལྟར་སྣང་ཡང་དངོས་ལ་མེད། །འོན་ཀྱང་དེ་ལྟར་སྣང་བར་ཟད། །ཆགས་དང་གཡེང་བྲལ་ལྷུན་གྲུབ་པས། །མ་མཐོང་ལོག་པར་རྟོགས་པ་ཡིས། །འགྱུར་དང་རྣམ་པར་གཡེང་བ་ཡིས། །གླིང་བཞི་མི་ཡི་སྡུག་བསྔལ་མྱོང་། །ངོ་བོ་རང་གསལ་ལྷུན་གྲུབ་ལ། །འགྱུར་སོགས་ཞེན་པ་མི་གནས་པས། །མེད་ལ་ཡོད་པའི་ཚུལ་དུ་མཐོང་། །དངོས་ལ་མི་གནས་བསམ་སྤྱོད་བྲལ། །ཐམས་ཅད་རང་བྱུང་སྙིང་པོ་བས། །ཡངས་དོག་ཁྱད་པར་མི་གནས་པས། །གཉིས་མེད་ངང་ལ་གཉིས་པར་གསུང་། །ཞེན་བྲལ་དོན་ལ་ལོག་པར་ཞེན། །འཐབ་རྩོད་ཕྱོགས་རིས་གདུག་པར་མཐོང་། །དེ་ལྟར་རྩུབ་དྲག་སྡུག་བསྔལ་མྱོང་། །རང་བྱུང་རོལ་བའི་ཁྱད་པར་ལས། །དངོས་སུ་མ་གྲུབ་སྟོང་པར་མཐོང་། །བྱ་བྲལ་སེམས་ཉིད་རྫོགས་པ་ལ། །བྱ་དང་མི་བྱེད་མི་གནས་ཏེ། །མ་རྟོགས་ལོག་པར་ཞེན་པ་དང་། །ལེ་ལོ་འདུ་བྱེད་གཡེང་བ་ཡིས། །ལྟུང་བའི་སྡུག་བསྔལ་དག་མྱོང་ཡང་། །རང་བྱུང་ཉིད་ལས་གཞན་མེད་པས། །ལྟུང་དང་མི་ལྟུང་ཀུན་བྲལ་ཏེ། །དངོས་ལ་མི་གནས་ཡེ་ནས་སྟོང་། །སྟོང་དང་མི་སྟོང་རྣམ་རྟོག་ཉིད། །རབ་གསལ་གཉིས་མེད་ཡེ་ཤེས་ལ། །ཅིར་ཡང་འཛིན་པའི་བསམ་པས་བཅིངས། །ལོག་པར་རྟོགས་པའི་དབང་གིས་ན། །གཉིས་མེད་དོན་ལ་གཉིས་པར་གཟུང་། །ཀུན་ཀྱང་ལོག་པའི་ལམ་དུ་ཞུགས། །ངོ་བོ་མེད་པར་རང་བཞིན་དག །བྱས་པ་མི་འགྱུར་མི་ཤིགས་པས། །ཐེར་ཟུག་རྟག་པ་ཕྱིན་ཅི་ལོག །སྨིག་རྒྱུ་དག་ལ་ཞེན་པ་འདྲ། ཁྲེན་ཏུ་སྟོང་པ་རྒྱུན་ཆད་ཀྱིས། །མཐར་ཟད་ལོག་པའི་གྲོང་ཁྱེར་བས། །རྒྱུ་འབྲས་ལོག་འདོད་ཆད་པའི་ཁམས། །སྡིག་ཆེན་སྨྱོན་པའི་འདུ་ཤེས་གཉིས། །ཐག་པ་ལ་ནི་སྤྲུལ་བཞིན་དུ། །འཁྲུལ་འཁོར་ལོག་པའི་འདུ་ཤེས་ཀྱིས། །མྱུར་འཛིན་འདི་དག་ལྟུང་བའི་རྒྱུ། །བྱས་པས་ངལ་བ་དོན་མེད་ཡིན། །གཉིས་མེད་དོན་ལ་གཉིས་གཟུང་ནས། །ཉོན་མོངས་ཆེད་དུ་སྤངས་པ་ཡིས། །བཞི་ཡི་རིམ་པར་ཐོབ་ལྟ་ཞིང་། །རྣམ་པར་འགོག་པའི་ངོ་བོ་ཅན། །འདུས་བྱས་གོང་བུའི་གཟུགས་ཉིད་ལ། །ཐ་དད་ཆ་༄༅། ཁྲས་བརྟགས་པ་ཡིས། །རང་འདོད་འབྲས་བུ་གྲུབ་པ་སྣང་། །མཐར་ཐུག་འབྲས་བུ་དེ་ལ་མེད། །རང་བཞིན་མ་སྐྱེས་རང་བཞིན་ལ། །སྐྱེ་འགག་རིམ་པའི་ཚུལ་བཟུང་ནས། ཁུ་འབྲས་འབྱུང་འཇུག་རིམ་པ་ཡིས། །འདོད་པའི་འབྲས་བུ་མཐར་ཐུག་ཀྱང་། །མ་རྟོགས་བདེན་པའི་དོན་ལས་ཉམས། །མཐར་ཐུག་འབྲས་བུ་དེ་ལ་མེད། །བདེན་གཉིས་མི་གནས་ཚུལ་རྟོགས་ཤིང་། །ཞི་གནས་ལྷག་མཐོང་འབྲེལ་བ་ཡིས། །ཕ་རོལ་ཕྱིན་བཅུའི་རང་བཞིན་གྱིས། །ས་བཅུ་མཐར་ཕྱིན་སངས་རྒྱས་ལ། །རང་ས་ཐོབ་ཀྱང་མཐར་མི་ཕྱིན། །བདེན་པར་སྨྲས་ཀྱང་ལོག་པའི་ལམ། །བཅོས་ཤིང་བསླད་པས་འཁྲུལ་བའི་རྒྱུ། །རྫུན་པས་བདེན་བསླུས་འཁོར་བ་ལྟུང་། །རང་བྱུང་གཉིས་མེད་རང་བཞིན་ལ། ་ས་པ་གཉིད་འདོད་གཟུང་འཛིན་སྣང་། །མི་འགྱུར་བརྟན་པའི་རྟག་ལྟ་ཅན། །དུང་ལ་སེར་པོར་ཞེན་པ་ལྟར། །རང་རིག་དོན་མེད་མདོངས་པ་ལྟར། །དེ་ཉིད་དམ་པར་ཡོད་པ་ཡིས། །སྟོང་པའི་འདུ་ཤེས་མ་རབས་སེམས། །རྟག་ཆད་འཁོར་བའི་གཡང་ས་ཡིན། །གཉིས་མེད་དོན་ལ་གཉིས་གཟུང་ནས། །མཐོད་མན་རིམ་པའི་ཚུལ་གྱིས་ནི། ཁྲུབ་པ་རིམ་འདོད་དག་པ་ཉིད། །མ་དག་བས་བསྒྲུབས་གོལ་བའི་ལམ། །གཉིས་འཛིན་གདོན་གྱིས་ཟིན་པ་ཡིས། །གཙང་མའི་དཀའ་ཐུབ་གང་ཟག་ལ། །དབང་བསྐུར་མཚན་མའི་ལམ་བསྟན་ཡང་། །བྱིས་བ་འཁོར་བའི་གཡང་སར་ལྟུང་། །གཉིས་པས་གཉིས་མེད་དོན་དང་བྲལ། །བརྫུན་པས་བདེན་པའི་དོན་མི་རྙེད། །ལྟ་སྤྱོད་རང་བཞིན་སེམས་ཉིད་ལ། །གཉིས་འཛིན་གོམས་པའི་ཏིང་འཛིན་གྱིས། །བཟླས་བསྒོམས་ཆེད་བྱས་རྟོགས་པ་ཡིས། །རྡོ་རྗེ་འཛིན་པའི་ས་ཐོབ་པ རང་ས་མཐར་ཕྱིན་ཡིན་མོད་ཀྱང་། །མཐར་ཐུག་འབྲས་བུ་དེ་ལའང་མེད། །ཞེན་པས་མ་བཅད་དོན་མི་མཐོང་ བཙལ་བས་ལྷུན་གྲུབ་དོན་མི་རྙེད། །ལྷུན་གྱིས་གྲུབ་པའི་རང་བཞིན་ལ། །རིག་པའི་ཆོ་འཕྲུལ་སྣང་ཞེས་ནས། །ཆེད་བྱས་རྟོགས་པའི་ལོང་རྟགས་ཏེ། །གཙང་སྨེ་བླང་དོར་གཉིས་འཛིན་ཅིང་། །མཚན་མ་དོན་ལ་སྤྱོད་པ་ནི། །མཆིང་བུས་གསེར་ལ་མཚོན་དང་འདྲ། །བྱ་མེད་རྫོགས་པའི་རང་བཞིན་ལ། །ཆེད་བྱས་རྣམ་རྟོག་ལོག་པའི་ལམ། །རྣམ་རྟོག་དོན་གྱིས་གཟུང་བ་ཡིན། །རྩོལ་བས་འཁོར་བའི་འདམ་དུ་ཟིན། །རང་འདོད་འབྲས་བུ་མཐར་ཕྱིན་ཀྱང་། །ལྷུན་གྱིས་གྲུབ་པའི་འབྲས་བུ་མིན། །མ་བཅོས་རྫོགས་ཆེན་གཉིས་མེད་ལ། །ཐབས་དང་ཤེས་རབ་རང་བཞིན་གྱིས། །གཉིས་མེད་དོན་ལ་གཉིས་པར་གཟུང་། །གདོད་ནས་ཟིན་ལ་བཟོད་བསྒྲུབ་མེད། །གྲངས་མེད་དོན་ལ་གྲངས་སུ་གཟུང་། །རང་བྱུང་དོན་ལ་རྒྱུ་ཡིས་བསྐྱེད། །ལྷུན་གྲུབ་དོན་ལ་རྩོལ་བར་བྱེད། །དམིགས་མེད་དོན་ལ་དམིགས་པར་གཟུང་། །མཚན་མེད་དོན་ལ་མཚན་མར་བསྒོམས། །བདག་གཞན་མེད་ལ་དེར་འཛིན་རྟོགས། །ཐོབ་པ་རང་ལས་མ་ཡིན་ན། །འབྲས་བུ་གྲངས་བཅས་གཞན་གསོལ་ཞིང་། །རེ་དོགས་བཅས་པའི་ཏིང་འཛིན་གྱིས། །མ་བཙལ་ལྷུན་གྲུབ་དོན་དང་འགལ། །ས་བགྲོད་མཐར་ཐུག་ངལ་བའི་རྒྱུ། །ལྷུན་གྱིས་གྲུབ་བའི་དོན་དང་འགལ། །རང་འདོད་འབྲས་བུ་མཐར་ཐུག་ཀྱང་། །ལྷུན་གྱིས་གྲུབ་པའི་འབྲས་བུ་མིན། །དབྱིངས་ཉིད་དག་པའི་རང་བཞིན་ལ། །ཡེ་ཤེས་དག་པའི་རང་བཞིན་གསལ། ཁུ་འབྲས་དག་པའི་རང་བཞིན་གྱིས། །གྲངས་འདས་པ་ཡི་ལྷར་སྣང་བ། །རིག་པ་རང་གསལ་འོད་དུ་འབར། །རིམ་པས་མ་ཡིན་དུས་གཅིག་གསལ། །འདི་དག་འོད་ཀྱི་ཏིང་འཛིན་ཏེ། །རྒྱུ་འབྲས་དུས་གཅིག་སྐྱེད་སྣང་བ། ཁུ་འབྲས་ཁྱད་པར་མེད་པ་དང་། །བློ་བུར་འདྲ་བའི་ཚུལ་གྱུར་པས། །གང་གཟུང་བ་དེ་ལོག་པའི་ལམ། །རང་གིས་ཐོབ་བྱ་མངོན་གྱུར་ཀྱང་། །གདོད་ནས་ལྷུན་གྲུབ་འབྲས་བུ་མིན། །འདི་དག་ལོག་པའི་གྲོང་ཁྱེར་བ། །མེད་ལས་ཡོད་པའི་ཚུལ་དུ་སྣང་། །དུང་ལ་སེར་པོར་སྣང་བ་བཞིན། །འཁྲུལ་པས་གཉིས་མེད་དོན་མི་མཐོང་ བིམ་པ་ར་ཡི་འབྲུས་བཞིན་དུ། །སྨིན་ཀྱང་འབྲས་བུ་མི་འབྱུངས་པས། །རང་སེམས་གཉིས་མེད་རྟོགས་པར་གྱིས། །མ་བཅོས་སེམས་ཀྱི་རང་བཞིན་ལ། །རོལ་བའི་བྱིན་རླབས་ཅིར་སྣང་བ། །མ་བཀག་བདེ་ཆེན་ངང་དུ་འདུས། །བཀག་པ་མེད་དོ་དེ་ལྟར་ཡིན། །མ་བཅོས་སེམས་ཀྱི་རང་བཞིན་ནི། །རང་རིག་འོད་གསལ་ཕྱོགས་རིས་མེད། །མ་བཙལ་རིག་པ་ལྷུན་གྱིས་གྲུབ། །རང་གཞག་རིག་པ་ཕྱོགས་མེད་གསལ། །སྣང་བ་མ་བཅོས་དབྱིངས་ན་གནས། །དྲན་པ་དབང་སྒྱུར་ཞི་བའི་ངང་། །འདུ་འབྲལ་མེད་པའི་ངང་ལ་གནས། ཁྱབ་པར་གསལ་ལ་དངོས་གཞི་མེད། །ཕྱོགས་མེད་རིག་པ་འོད་ལྟར་འཆར། །བཙལ་མེད་བདེ་གཤེགས་ལྷུན་གྱིས་གྲུབ། །ཡེ་ཤེས་གསལ་བའི་རང་བཞིན་ནི། །བརྟག་པར་དཀའ་ལ་བརྗོད་དུ་མེད། །མ་བཅོས་སྣང་བ་བརྟགས་པ་མིན། །ཏིང་འཛིན་ལོག་པའི་ལམ་པ་ཡིན། །རོལ་བའི་དུས་ན་ཅིར་ཡང་རུང་། །ཐུགས་རྗེའི་ཡུལ་ལ་ཕྱོགས་རིས་མེད། །མཛད་པའི་དུས་ན་ལྷུན་གྱིས་གྲུབ། །ལྟ་བ་རང་བྱུང་རྫོགས་པའི་ལུང་། །རེ་དོགས་འདུ་ཤེས་རྣམ་པར་བཅད། །འདུ་ཤེས་མེད་པའི་རང་བཞིན་གྱིས། །ཡེངས་པ་མེད་དོ་ཅི་བདེ་ཞོག །སྤྱོད་པའི་དུས་ན་བླང་དོར་མེད། །དཀྱིལ་འཁོར་ལྷུན་གྲུབ་བསྐྱེད་དུ་མེད། །དབང་བསྐུར་རང་བྱུང་ལྷུན་གྱིས་རྫོགས། །རང་བཞིན་ལྷུན་གྲུབ་དམ་ཚིག་ལ། །བསྲུང་དང་མི་བསྲུང་འདུ་ཤེས་མེད། །ལྷུན་གྱིས་གྲུབ་པའི་འབྲས་བུ་ལ། །བཙལ་ཞིང་བསྒྲུབ་པ་ཀུན་དང་བྲལ། །རང་བྱུང་རོལ་པའི་ཡོ་བྱད་ཀྱིས། །གདོད་ནས་རང་བྱུང་མཆོད་པར་གནས། །བགྲོད་མེད་ལམ་གྱི་རང་བཞིན་ནི། །དོན་གཅིག་རྟོགས་པས་དུས་གཅིག་ཕྱིན། །དམིགས་པ་མེད་པའི་ཏིང་འཛིན་ནི། །གསལ་ལ་དམིགས་པ་ཀུན་དང་༄༅ བྲལ། །བཙལ་མེད་འཕྲིན་ལས་རང་བཞིན་ནི། །གདོད་ནས་རྫོགས་པས་བྱ་བ་ཟིན། །མ་བཅོས་སེམས་ལ་བྱ་བཙལ་མེད། །རང་བཞིན་ཕྱོགས་མེད་ཁྱབ་པར་བདལ། །ཆུ་ལ་རྐྱེན་གྱིས་བསྒྱུར་བ་ལྟར། །མ་ཡེངས་ཡིན་ནོ་ལྷུན་གྱིས་གྲུབ། །བཀག་པ་མེད་དོ་རང་ལས་གསལ། །རྩོལ་བས་དོན་འདོད་གང་ཟག་ལ། །བཙལ་བས་འདོད་པ་གྲུབ་པར་སྟོན། །ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ལ། །ཇི་བཞིན་མ་བཅོས་གྲོལ་བར་སྟོན། །འདོད་དང་ཞེན་པས་བཅིངས་པ་ལ། །ཐུགས་རྗེ་བྱིན་རླབས་དེ་ལྟར་སྟོན། །མཚན་མའི་གྲངས་ལ་དགའ་བ་ལ། །སྐུ་གསུམ་གྲངས་དང་མཚན་མ་སྟོན། ཁྲེས་རབ་ཆེན་པོའི་གང་ཟག་ལ། །བསམ་གྱིས་མི་ཁྱབ་ཚིག་ཏུ་སྟོན། །ལོག་རྟོག་འཁྲུལ་པས་འདུལ་བ་ལ། །ལོག་རྟོག་ཞེན་པ་ཉིད་དུ་སྟོན། །རང་བཞིན་ལྷུན་གྲུབ་བྱིན་རླབས་ལ། །ཕྱོགས་དང་གྲངས་ལ་ངེས་པ་མེད། །ཇི་ལྟར་བལྟས་པས་དེ་ལྟར་སྣང་། །གཉིས་མེད་རིག་པ་བསམ་མི་ཁྱབ། །མཐོང་ཐོས་རྟོག་པ་ཀུན་དང་བྲལ། །གདུལ་བྱའི་དོན་ལ་ཕྱོགས་རིས་མེད། །དངོས་ལ་རང་གསལ་རྣལ་མ་ལུང་། །མ་བཅོས་གསང་བའི་རང་བཞིན་ནི། །གདོད་ནས་རྫོགས་པ་ཆེན་པོར་གནས། །སྣང་གྲགས་ཞེན་བརྟགས་རང་བཞིན་ནི། །བདེ་ཆེན་ལྷུན་གྱིས་གྲུབ་པར་གནས། །ལྷུན་གྲུབ་མ་བཅོས་རྫོགས་ཆེན་ལ། །བཙལ་བའི་རྣམ་པ་ཅི་སྣང་ཡང་། །རང་བྱུང་རྫོགས་ཆེན་རྗེས་འབྲངས་ནས། །ཡངས་དོག་བྲལ་བའི་དོན་ལ་རྫོགས། །གཉིས་པ་མེད་དོ་བདག་ཉིད་ལུང་། །ངོ་བོ་བདེ་མཆོག་སྙིང་པོར་གསལ། །སྙིང་པོ་གདོད་ནས་རང་བྱུང་སེམས། །འཕེལ་འགྲིབ་མེད་པས་གཅིག་གི་ངང་ བཅོས་པ་མེད་པས་ཅི་བདེར་ཞོག ཁྱུང་ཆེན་ནམ་མཁའ་རྩལ་རྫོགས་ལྟར། །གཡང་ས་མེད་པར་ལམ་དུ་བདེ། །བདེ་མཆོག་རོལ་པའི་སྣང་ཚུལ་ནི། །ནམ་མཁའ་དང་ནི་མཉམ་པའི་གནས། །ལྷུན་གྲུབ་རོལ་པ་ཅིར་ཡང་སྣང་། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །བྱང་ཆུབ་སེམས་ཀྱི་སྣང་ཚུལ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། ༡༥ །།དེ་ནས་གཞན་ཡང་བཤད་བྱ་བ། །དཔལ་ལྡན་ནམ་མཁའ་རྒྱས་པ་ཡི། །འགྲོ་བ་ཡང་དག་སྐྱོབ་པའི་ཚུལ། །འདི་དག་ཡང་དག་བཤད་པར་བྱ། །རང་གསལ་ཉག་གཅིག་དྲི་མེད་ལས། །ཐུགས་རྗེ་སྐྱོབ་པའི་ཡུལ་དང་བྲལ། །མ་རྟོགས་ལོག་པའི་སེམས་ཅན་ལ། །ཇི་ལྟར་མཐུན་པ་དེ་ལྟར་སྣང་། །རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས། །མཐོང་ཚུལ་ཁྱད་པར་བསམ་མི་ཁྱབ། །ཐམས་ཅད་རང་བྱུང་སྙིང་པོ་མཆོག །བདེ་མཆོག་གསང་བའི་དབྱིངས་སུ་གནས། །རང་བྱུང་ཐིག་ལེ་དྲི་མ་སྤངས། །ཐིག་ལེ་རྫོགས་པ་གཉིས་སུ་མེད། །མ་བཅོས་གསང་བ་རིག་པའི་རྟེན། །འདུ་འབྲལ་མེད་པར་ལྷུན་གྱིས་རྫོགས། །གསང་བའི་རིག་པ་མཐའ་དབུས་མེད། །ཀུན་རྫོགས་འོད་གསལ་ཆེན་པོ་ཉིད། །ཞེན་རྟགས་དྲི་མ་ཀུན་གྱིས་དབེན། །གསང་བའི་ཡང་གསང་ཐིག་ལེའི་ངང་། །སྤྲོས་བསྡུ་མེད་པར་གཅིག་པར་གསལ། །ཀུན་ཀྱང་ཐིག་ལེར་རྫོགས་པའི་ངང་། །ཐུགས་རྗེ་འགྲོ་བའི་དོན་མི་བྱེད། །འགྲོ་དྲུག་རང་བྱུང་སྙིང་པོ་ལ། །རྣམ་རྟོག་མཚན་འཛིན་མི་མངའ་བས། །རང་བྱུང་གསང་བའི་དོན་ལ་རྫོགས། །ཐོགས་མེད་རིག་པ་འོད་གསལ་ལ། །རང་བྱུང་ཐུགས་རྗེ་ཕྱོགས་རིས་མེད། ཁྱབ་པར་གནས་སོ་ཡེ་སངས་རྒྱས། །གསང་བའི་ཐིག་ལེ་དབྱིངས་ཀྱིས་བརྒྱན། །ཡེ་ཤེས་རྫོགས་པ་མཆོག་ལ་བཞུགས། ཁྱབ་བྱ་ཡུལ་ཅན་ཡུལ་མེད་པས། །རང་བྱུང་རྫོགས་པ་ཉིད་ཀྱི་སྐུ། །སྡུག་བསྔལ་ཟད་པས་བདེ་ཀློང་འཁྱིལ། །སེམས་སུ་མཉམ་པས་ཕྱོགས་རིས་མེད། །ལྷུན་གྱིས་གྲུབ་པས་མ་བསམས་རྫོགས། །ཡེ་ཤེས་གསང་བའི་རང་བཞིན་ལ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །ཐུགས་རྗེ་ཁྱབ་པའི་ཡུལ་དང་བྲལ། །རང་བྱུང་སྙིང་པོ་དྲི་མ་མེད། །བསམ་དང་སྒྲུབ་པ་ག་ལ་ཡོད། །ཐམས་ཅད་རང་བྱུང་དབྱིངས་ལ་ཐུག །རང་བྱུང་ཉིད་པས་གཞན་དང་བྲལ། །རང་གསལ་ཉིད་པས་ཡུལ་དང་བྲལ། །རང་གསལ་ཡེ་ཤེས་རྒྱུ་རྐྱེན་མེད། །ཐིག་ལེ་ཉིད་པས་སྤྲོ་བསྡུ་མེད། །ཐམས་ཅད་ཆོས་སྐུར་རྫོགས་པའི་ཕྱིན། །མཚན་མ་ཚིག་གི་ལམ་ལས་འདས། །ཆོས་ཉིད་ངང་ལ་གཉིས་མེད་པས། །སྤྲོས་མེད་ཐིག་ལེ་ཆེན་པོའི་ངང་། །རང་རིག་འོད་གསལ་ཐམས་ཅད་མཁྱེན། །ཐུགས་རྗེ་ཁྱབ་པའི་ཡུལ་ལས་འདས། །མཐའ་དབུས་མི་མངའ་ཅིར་མི་དགོངས། །དྲན་དང་རིག་པའི་འདུ་ཤེས་མེད། །ཆོས་སྐུ་ངང་ལས་འགྱུར་མེད་པས། །མ་བཅོས་ཐིག་ལེའི་རྡོ་རྗེ་ཡིན། །རང་བྱུང་ངང་ལས་སྤྲོས་མེད་པས། །ཡེ་ཤེས་སྐུ་ལས་སྤྲོས་མེད་གསལ། །རང་བྱུང་རིག་པ་དངོས་མེད་པར། །ཐམས་ཅད་གཅིག་པའི་ཆོས་ཀྱི་དབྱིངས། །འབྱུང་འཇུག་མི་མངའ་གསང་བའི་ལམ། །སྐུ་དང་གསུང་ཐུགས་རང་བཞིན་དང་། །ལུས་ངག་ཡིད་གསུམ་རང་བཞིན་ཉིད། །གདོད་ནས་བྱང་ཆུབ་ཆེན་པོར་གཅིག །སྤྲོས་བྲལ་ཆོས་དབྱིངས་མུ་མཐའ་མེད། །རྣམ་པ་ལྷུན་གྲུབ་བྱང་ཆུབ་སེམས། །གཟུང་འཛིན་སྤྲོས་པ་རྣམ་པར་བཅད། །རང་བྱུང་ཐོགས་མེད་ཁྱབ་པར་བདལ། །སྒྲིབ་མེད་དག་པའི་ནམ་མཁའ་ལྟར། །འགྱུར་མེད་ཀློང་དུ་ཡེ་སངས་རྒྱས། །ཉི་མའི་སྙིང་པོ་དག་པ་ལྟར། །འཁོར་བ་ཉིད་ན་ཡེ་སངས་རྒྱས། །མ་བཅོས་རང་བྱུང་རྒྱལ་པོ་ཡིས། ཁྱབ་པར་བརྡལ་ལ་དངོས་པོ་མེད། །ཐམས་ཅད་རང་བྱུང་ཡེ་ཤེས་ལ། །མཐའ་བྲལ་དབྱིངས་ཀྱི་འདུ་ཤེས་མེད། །ཡེ་ཤེས་ཐིག་ལེ་ཉི་མ་ཤར། །ཆོས་སྐུ་སྙིང་པོ་དོན་ལ་རྫོགས། ཁམས་གསུམ་རང་བྱུང་སྙིང་པོ་ལ། །ཐུགས་རྗེ་འབྱུང་བའི་ཡུལ་དང་བྲལ། །རང་བྱུང་ཐབས་ཀྱི་སྤྱོད་པ་ནི། །མ་ཟིན་པ་ཡི་ཆོས་རྣམས་མེད། །རང་བྱུང་ཐུགས་རྗེ་ཀུན་ལ་ཁྱབ། །བསྐྱབ་ཅིང་སྐྱེ་བ་ག་ལ་ཡོད། །ཀུན་ཀྱང་བདེ་ཆེན་ཟབ་མོ་བས། །བདེམཆོགམུམཐའམེད་པའི་དབྱིངས། །རང་བྱུང་བསྟན་པ་རྒྱུན་མི་འཆད། །མ་བྱུང་བསྟན་པ་གཅིག་ལ་རྫོགས། །ཚིག་དང་ཡི་གེ་ཀུན་བྲལ་ཡང་། །མཚན་མ་རྟོགས་པའི་ལམ་དང་འབྲེལ། །སངས་རྒྱས་སེམས་ཅན་གཅིག་པའི་ཕྱིར། །བརྟག་ཅིང་མཐོང་བ་ལོག་པའི་ལམ། །དུས་གསུམ་སངས་རྒྱས་དགོངས་པ་ནི། །རང་བྱུང་ཐིག་ལེ་ཉི་མ་ཤར། །བདག་འཛིན་ཞེན་པ་མི་མངའ་ཡང་། །ཐུགས་རྗེ་བྱིན་རླབས་འདོད་དགུར་བསྒྱུར། །ཡེ་ཤེས་མུ་མཐའ་མེད་པར་འཇུག །ཡེ་ཤེས་ཁྱབ་བརྡལ་ཀུན་ཏུ་བཟང་། །རང་བྱུང་ཐུགས་རྗེའི་བྱིན་རླབས་ལ། །ཕྱོགས་འཛིན་ལོག་པའི་འདུ་ཤེས་ཀྱིས། །ཐམས་ཅད་རང་བྱུང་སྙིང་པོ་ལ། །བདག་དང་བྱེད་པ་དུས་སུ་བརྟགས། །གཉིས་མེད་བདེ་མཆོག་འོད་གསལ་ལ། །ཐ་དད་རྫས་མཐོང་འཁྲུལ་བའི་ལམ། །རྒྱུ་རྐྱེན་བྲལ་བའི་རང་བྱུང་ལ། །རྒྱུ་རྐྱེན་སྐྱེ་འགག་དགག་སྒྲུབ་པ། །སྒྲོ་སྐུར་མཚན་མའི་ལམ་འདི་དག །བདེ་མཆོག་མྱུ་གུ་སྲེག་པར་བྱེད། །རང་རིག་དུས་གསུམ་བརྟག་འདོད་ཅིང་། །ཡུལ་ཉིད་འཁྲུལ་བའི་རྨི་ལམ་འདོད། །ཡུལ་ཉིད་ལོགས་ན་གྲུབ་པ་མེད། ཁྲེསུ་པ་འཁྲུལ་པ་ཉིད་ཡིན་པས། །ཡེ་ཤེས་ཉིད་ཀྱང་དེ་བཞིན་ཏེ། །རྟག་པའི་མཐའ་ཉིད་གྲུབ་པ་ཡིན། །གང་ཞིག་བྱིས་པའི་ཕྱོགས་འཛིན་པས། །ཡོད་པར་སྨྲ་ཞིང་མེད་པར་འདོད། །ས་རྡོ་གསེར་བཏུབ་མ་ཡིན་ལྟར། །་སྔ་ཕྱི་རང་གི་ཚིག་གིས་གསལ། །ཅིར་ཡང་མ་ཡིན་སྟོང་ཆེན་པོ། །མཐའ་བྲལ་གཏན་ཚིགས་བཞིས་གཤིགས་པས། །མ་གྲུབ་མི་གནས་གཞིག་སྟོང་པ། །ཆད་པ་དབུ་མ་གཉིས་ཀྱང་མཐའ། །གཉིས་མེད་དོན་ལ་གཉིས་པར་མཐོང་། །བཟང་ངན་མེད་ལ་བཟང་ངན་བྱས། །གཙང་སྨེ་མེད་ལས་གཙང་སྨེར་བཟུང་། །ཟིན་པའི་ངང་ལས་རྩོལ་བ་མེད། །མ་ངེས་པ་ཡི་དོན་གཉིས་ཀྱིས། །གཉིས་ཀྱི་ངེས་པ་གཅིག་ལ་སྒྲུབ། །འཕྲ་མེན་ངེས་མེད་ངེས་པར་གཟུང་། །བརྫུན་པའི་དོན་ལ་བདེན་པར་མཐོང་ རང་སེམས་ལྷུན་གྲུབ་ཆེན་པོ་ལ། །བྱིན་རླབས་ངེས་པའི་ཆ་འཛིན་ཅིང་། །བླང་དོར་མེད་པའི་རང་བཞིན་ལ། །བླང་དོར་རྟོག་འཛིན་གཉིས་སུ་མཐོང་། །གཉིས་མེད་ཡེ་ཤེས་ཆེན་པོ་ལ། །ཐབས་དང་ཤེས་རབ་གཉིས་འབྱེད་ཅིང་། ཆེད་བྱས་རྣམ་རྟོག་དེ་ཉིད་ཀྱང་། །རང་གིས་བྱས་པའི་རྟོག་པ་ལས། །མཐོང་བ་སྒྱུ་མཁན་རི་མོ་བཞིན། །རྒྱུ་འབྲས་དག་པའི་ཆོས་དབྱིངས་ལ། །དབྱིངས་ནི་དག་པ་རྒྱུར་ལྟ་ལ། །ཡེ་ཤེས་དག་པ་འབྲས་བུར་ལྟེ། །རྒྱུ་འབྲས་ཞབྲུལ་བའི་ལྟ་བ་མཐོང་། །ལ་ལས་གདུག་རྩུབ་སྲེག་པ་མཐོང་། །ལ་ལས་སྲེགས་དང་སྒྲིབས་པ་མཐོང་། །ལ་ལས་མི་གཙང་ཀླུང་དུ་མཐོང་། །ལ་ལས་བཀོལ་སྤྱད་གྱེན་ཐུར་མཐོང་། །ལ་ལས་ས་ཆུ་རྒྱུ་འབྲས་མཐོང་། །ལ་ལས་འཐབ་རྩོད་གདུག་པར་མཐོང་། །ལ་ལས་ཡིད་འོང་འབར་བ་ཡི། །རིན་ཆེན་འབར་བ་ཉིད་དུ་མཐོང་། །དངོས་ལ་ཐེར་ཟུག་མ་ཡིན་ཀྱང་། །ཐག་པ་ལ་ནི་སྤྲུལ་བཞིན་ནོ། །དག་པ་དག་ལ་དག་པར་སྣང་། །ཐམས་ཅད་རང་བྱུང་རིག་པའི་ཕྱིར། །སྙིང་པོ་རང་བྱུང་རྫོགས་པའི་ལུང་། །སྣང་སྲིད་སེམས་སུ་གཏན་ལ་འབེབས། །རྣམ་རྟོག་ཞེན་པ་མི་མངའ་བར། །རང་བྱུང་གསང་བའི་ལུང་དུ་ཤེས། །ཡེ་ཤེས་འོད་གསལ་རྣམ་པར་དག །བདག་འཛིན་ཞེན་པ་ཀུན་གྱིས་སྟོང་། །སེམས་ཉིད་རྫོགས་པའི་ཁྱད་པར་ལས། །རོལ་པའི་ཁྱད་པར་ཅིར་སྣང་བ། །རང་ལས་སྤྲུལ་ཞིང་རང་ལས་འདུ། །ཐིག་ལེ་རིག་པ་གཅིག་ལ་རྫོགས། །ངེས་པའི་དོན་ལ་དེ་མ་ཐག །མ་བཅོས་རིག་པ་མཆོག་གིས་རྟོགས། །རྣམ་རྟོག་འོད་གསལ་མཁྱེན་པའི་ཐུགས། །མ་བཅོས་ཇི་བཞིན་ཉིད་ཀྱིས་གསལ། །ཟབ་མོའི་ཐིག་ལེ་གཅིག་གི་ངང་། །ལྷུན་གྱིས་རྫོགས་པས་དབྱེ་བ་མེད། །ཚིག་ཏུ་མ་ཡིན་དོན་ལ་རྫོགས། །ཐ་མ་ཞེན་པ་དག་པའི་ཕྱིར། །ཡེ་ཤེས་ཚིག་སྤངས་བདེ་བའི་ཀློང་། །སྣང་སྲིད་མཚན་མ་མ་ལུས་པ། །ཕྱི་ནང་མེད་པར་སེམས་སུ་རྟོགས། །ཐ་དད་མ་ཡིན་གཅིག་ཏུ་གནས། །སྣང་བ་མ་བཀག་དབྱིངས་ལ་གསལ། །དེ་དག་ཐ་དད་མ་ཡིན་ཏེ། །རང་བྱུང་རང་གསལ་དོན་ལས་མེད། །མ་བཅོས་བདེ་མཆོག་གསང་བའི་ལམ། །བདག་གཞན་མེད་པར་ཉིད་ཀྱིས་རྟོགས། །ཀུན་འདུས་བྷ་གའི་ཐིག་ལེའི་ཀློང་། །གཞན་མིན་བདག་མིན་རྫོགས་པའི་ཀློང་། །གཞན་མེད་དོན་ཀུན་བདག་ལ་རྫོགས། །རང་བྱུང་འཁོར་ལོ་རྫོགས་པའི་ལམ། །སྤྲོས་མེད་སྙིང་པོ་དོན་ཉིད་དུ། །དུས་གཅིག་རྟོགས་པས་ཁྱད་པར་མེད། །འགྲོ་དྲུག་ཞེན་པའི་སྡུག་བསྔལ་ཡང་། །རང་བྱུང་རྫོགས་པར་ཤེས་པའི་ཕྱིར། །ཞེན་དང་ཉམ་ངའི་འདུ་ཤེས་མེད། །སངས་རྒྱས་སེམས་ཅན་གཅིག་པ་ལ། །ལོག་པར་མཐོང་བའི་ཚུལ་གཉིས་ཀྱིས། །ཐོགས་མེད་དུས་ནས་རིན་ཆེན་བྲལ། །བདག་འཛིན་ཞེན་པའི་ལྕགས་ཀྱིས་བསྡམས། །ལས་དང་ཉོན་མོངས་གདོས་ཀྱིས་གཟུང་། །གསལ་བྱེད་འབར་བས་སྣང་བྱས་ཀྱང་། །ལོང་བས་ཅི་ཡང་མི་མཐོང་ལྟར། །གདོད་ནས་གཉིས་མེད་ཡེ་ཤེས་ལ། །ཞེན་རྟོགས་ལོག་པས་དོན་མི་མཐོང་། །འཛིན་ཆགས་ཞེན་པས་འཁོར་ལོ་ཡིས། །སྡུག་བསྔལ་འབྲས་བུ་རྒྱུན་མི་འཆད། །དངོས་མེད་སེམས་ཀྱི་ཁྱད་པར་ལ། །ལོག་པའི་འདུ་ཤེས་བསམ་དབང་གིས། །གང་ལྟར་བརྟག་པ་བཞིན་དུ་སྣང་། །དངོས་ལ་གནས་པ་མ་ཡིན་པས། །ཞེན་པ་སྟུག་ལ་གནས་པ་ཡིས། །དེ་དག་ངོ་ལ་སྣང་བ་ཡིན། །ལོག་པའི་དྲ་བ་སྤྲིན་ཕུང་གིས། །རང་གསལ་རིག་པའི་འོད་ལ་བསྒྲིབས། །ཡེ་ཤེས་རྫོགས་ལུང་དགོངས་པ་ལ། །རྣ་བརྒྱུད་གདམས་པའི་ལུང་མེད་ན། །རྗེས་དཔགས་ལུང་དང་གཏན་ཚིགས་དང་། །ཞེན་པ་དམན་པའི་སྒྲ་ཚིག་གིས། །རང་བརྟགས་ལོག་པའི་འདུ་ཤེས་དང་། །བླ་མ་རྡོ་རྗེའི་ལུང་མེད་པར། །གསང་བ་སྤྲོས་ཤིང་གསལ་བྱེད་ཅིང་། །རང་གསལ་རིག་པའི་འོད་ཀྱང་ནུབ། །རྫོགས་ཆེན་ཐེག་པའི་དོན་མ་རྟོགས། །མཚན་མ་སྒྲ་ཡི་ཚིག་ལ་གནས། །རང་བྱུང་སྙིང་པོའི་དོན་དང་བྲལ། །རྡོ་ལ་གསེར་དུ་ཞེན་པ་ལྟར། །འཁོར་བའི་མུན་པའི་ཁམས་སུ་འཁྱམས། །མ་བཅོས་གསང་བའི་ལམ་དང་བྲལ། །ལོང་བ་ངམ་གྲོག་སྙོམས་དང་མཚུངས། །འདི་ལ་བླ་མ་གང་བལྟོས་པ། །གསང་བའི་གདམས་ངག་ནུབ་གྱུར་ནས། །མུན་པའི་ཁམས་སུ་འ་་པར་འགྱུར། །དུས་ངན་ཐ་མ་འཇིག་རྟེན་དུ། །མོས་ཆུང་ཉོན་མོངས་སྟོབས་དྲག་པས། །དེ་ཚེ་གང་ཟག་མ་ལུས་པ། །འཁོར་བའི་རྒྱ་མཚོ་བསྒྲུལ་བའི་ཕྱིར། །རྣ་བརྒྱུད་སེམས་ཉིད་རྫོགས་པའི་ལུང་། །བདེ་མཆོག་གདམས་ངག་ཐོབ་པ་ཡིས། །མ་བསྐྱོད་བདེ་བར་བཞག་པས་ནི། །རྣམ་གྲོལ་ས་ལ་འགྲོ་བར་འགྱུར། །སྐལ་མེད་གདམས་ངག་བྲལ་བ་རྣམས། །ངན་འགྲོ་ལོག་པར་འ་་པར་འགྱུར། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། ཐུགས་རྗེ་འགྲོ་བ་སྐྱབས་ཏུ་མེད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ༡༦ །།དེ་ནས་གཞན་ཡང་བཤད་བྱ་བ། །གང་ཟག་ཁྱད་པར་ཉིད་ནི་བཤད། །རྡོ་རྗེ་བླ་མའི་མཚན་ཉིད་ནི། །ངེས་པར་ཡང་དག་བརྗོད་བར་བྱ། །བརྡ་དོན་སྤྲོད་པའི་སློབ་དཔོན་ནི། །རྣ་བརྒྱུད་དབང་གིས་རྒྱུད་ཐོབ་ཅིང་། །དུལ་དང་གུས་དང་སྙིང་རྗེར་ལྡན། ཁྲེས་རབ་དམ་ཚིག་ལུང་ལྡན་ཞིང་། །གདམས་ངག་ཐོབ་ཅིང་སྣོད་རིག་པ། །གཏེར་འཆང་སྣོད་ཀུན་གསལ་ཤེས་པ། །བསྐལ་པ་གྲངས་མེད་སྔོན་རོལ་ནས། །རྫོགས་ཆེན་དོན་ལ་སྦྱོར་སྦྱོང་བ། །ཐེག་པའི་བྱེ་བྲག་འབྱེད་ལ་མཁས། །ཐུགས་རྗེ་འགྲོ་བ་སྒྲོལ་ལ་བརྩོན། ཁེ་དང་གྲགས་པ་མི་གཉེར་ཞིང་། །གསང་ཐུབ་མན་ངག་འཚོ་མཁས་པ། །རྣ་བརྒྱུད་སྤྱི་བླུགས་ཚངས་དབང་ཐོབ། །འདི་ནི་བླ་མའི་རྒྱལ་པོ་ཡིན། །བླ་མ་ངན་པའི་མཚན་ཉིད་ནི། །ངང་ཐུང་དད་དང་དམ་ཚིག་མེད། །ལེ་ལོ་གསང་བའི་ལུང་མེད་ཅིང་། ཁེ་དང་གྲགས་པ་གཙོར་འཇོག་ཅིང་། །དྲེགས་དང་ཕྲག་དོག་ང་རྒྱལ་ཆེ། །དོན་མེད་བསླད་པས་འཆལ་བའི་ཚིག །དབང་དང་གདམས་ངག་མི་ལྡན་ཞིང་། །ཐེག་པའི་བྱེ་བྲག་མི་ཕྱེད་དང་། །སྦྱངས་པའི་ཤེས་རབ་མེད་པ་དང་། །རྣ་བརྒྱུད་གདམས་ངག་མི་ལྡན་ཞིང་། །རང་རྟག་ལོག་པ་ཞེན་པ་ཡིས། །སྒྲ་དང་ཚད་མ་གཏན་ཚིགས་དང་། །མཚན་མར་ཞེན་པའི་སྒྲ་ཚིག་གིས། །རྫོགས་ཆེན་སེམས་ཀྱི་ལུང་ལ་སྤྱོད། །ལོག་པར་ཞེན་པའི་སྒྲ་ཚིག་གིས། །གང་ལྟར་བརྗོད་པ་ལོག་པའི་ཚིག །བདག་ཉིད་རྟོགས་པའི་གདེང་མེད་པར། །གཞན་བསྒྲལ་གཉིས་ཀ་ལྟུང་བར་འགྱུར། །ལུང་ལྡན་བླ་མ་དེས་ཀྱང་ནི། །དུས་གསུམ་རྒྱལ་བའི་གཏེར་ལུང་ལ། །རིན་ཆེན་མིག་དང་མི་ལྡན་པས། །མི་ཆོས་འབྲེལ་བ་གཙོར་གཟུང་ནས། ཁེ་དང་གྲགས་པས་སྤེལ་བྱས་ནས། །རྡོ་རྗེ་ཁབ་ཏུ་ལྷུང་གྱུར་ནས། །ཐར་བའི་རིགས་དང་གཏན་དུ་བྲལ། །རང་སེམས་བླ་མ་ཀུན་གྱི་བདག །རང་བྱུང་སེམས་ཉིད་རྫོགས་པ་ལ། །མ་རྟེན་གྲུབ་པའི་སངས་རྒྱས་མེད། །དུས་གསུམ་བླ་མ་སེམས་ཀྱི་ངང་། །དེ་ཉིད་ཡེ་ཤེས་རྒྱལ་པོ་ལ། །འདོད་པའི་དོན་ཀུན་རེ་བ་མེད། །འདོད་པ་ཀུན་འབྱུང་རིན་ཆེན་གཏེར། །སེམས་ཉིད་པ་ཡི་རང་བཞིན་ནི། །རིག་པ་སྒྲ་ཚིག་མི་མངའ་བས། །ཇི་བཞིན་མཉམ་པའི་ངོ་བོར་སྟོན། །ཇི་ལྟར་ཆུ་ལ་ཆུ་བཞིན་དུ། །རང་བཞག་རིག་པའི་ཁྱད་པར་མིན། །ཆོས་ཉིད་རིག་པ་མི་འགྱུར་བ། །རང་བྱུང་རྫོགས་པའི་སེམས་ཉིད་ནི། །ཡོན་ཏན་ཀུན་རྫོགས་རང་བཞིན་ལྡན། །མ་བཅོས་རིག་པའི་གདེང་མེད་ན། །ཚིག་གི་བླ་མས་ཅི་བརྗོད་ཀྱང་། །རང་རིག་ཡེ་ཤེས་མི་ལྡན་ན། །རྣམ་པར་གྲོལ་བའི་དོན་མི་འབྱུང་། །འདོད་པའི་དོན་ཀུན་ལྷུན་རྫོགས་པའི། །རིན་ཆེན་རྫོགས་པའི་རང་བཞིན་དག །རྒྱུ་ལས་མ་བྱུང་གདོད་ནས་དག །རྐྱེན་གྱིས་མི་ཤིགས་འགྱུར་བ་མེད། །ཡེ་ཤེས་གཉིས་མེད་རྫོགས་ལུང་ལ། །མ་ལུས་ཀུན་འདུས་རྣམ་པར་དག །བཅོས་པ་མེད་དོ་ཡེ་སངས་རྒྱས། །བདག་ཉིད་ཡིན་ནོ་གཞན་ཀུན་བཅད། །རིན་ཆེན་བླ་མ་འདོད་པ་རྫོགས། །ཀུན་འབྱུང་རིན་ཆེན་ལྟ་བུའི་ངང་། །ལོང་བ་ཨུ་ལུ་སྤྲ་ཤ་ཀས། །དམིགས་སུ་བྲལ་བས་ལམ་སྟོར་ལྟར། །རང་གསལ་རྫོགས་པའི་ལུང་མེད་ན། །ཐར་པའི་ལམ་དང་ཀུན་ཏུ་བྲལ། །ཀུན་རྫོགས་དབྱིངས་ལ་བཅོས་པ་མེད། །རང་བཞག་རིག་པའི་སེམསརངབཞིན། །བྱངཆུབ་སེམས་ཀྱིརངབཞིནནི། ཁྱདཔརགསལ་ལ་དངོས་བཞི་མེད། །རང་སེམས་རྒྱལ་བ་ཀུན་གྱི་དངོས། །གསང་བ་རང་གི་སེམས་ཀྱི་ལུང་། །རིག་པ་རང་བཞག་རྫོགས་ལུང་ནི། །བསམ་གྱིས་མི་ཁྱབ་དུས་ན་ཤེས། །སློབ་མ་ངན་པའི་མཚན་ཉིད་ནི། །དད་དང་དམ་ཚིག་མི་ལྡན་ཞིང་། །རྫས་ལ་ཆགས་སེམས་ཆེ་བ་དང་། །བློ་ཆུང་གསར་དུ་ཞུགས་པ་དང་། །མོས་གུས་དོན་དུ་མི་གཉེར་དང་། ཁེ་དང་གྲགས་པའི་དོན་བྱེད་དང་། །གུས་སེམས་གདུང་མེད་ང་རྒྱལ་ཅན། ཁེངས་དང་དྲེགས་པའི་སྤྱོད་ཡུལ་ཅན། །གསང་བ་སྤེལ་བར་བྱེད་པ་དང་། །གདེང་མེད་སྤྱོད་པ་གཉེར་བ་དང་། །ཆགས་ལྡང་ལོག་པའི་ང་རྒྱལ་ཅན། །འདི་ལ་གསང་བ་གཏོང་པ་དང་། །དམ་བཅའ་གསང་བའི་རྒྱ་རལ་ན། །ན་རག་རྡོ་རྗེ་གཏན་ཞིང་སྟེ། །ཐར་པའི་རིགས་ནི་ག་ལ་ཡོད། །རྣམ་སྨིན་སྐྱེ་བ་འདི་ལ་འབྱུང་། །དམ་ཅན་རྡོ་རྗེ་མཁའ་འགྲོའི་ཚོགས། །འདུས་ནས་སྲོག་ལ་འབེབས་པར་འགྱུར། །སློབ་མ་རིན་ཆེན་སེམས་རང་བཞིན། །དད་དང་དམ་ཚིག་ལྡན་པ་དང་། །རྫོགས་ཆེན་དོན་ལ་མོས་པ་དང་། ཁྲེས་རབ་འབྱེད་པའི་དོན་ལ་བརྩོན། །གདམས་ངག་དོན་ཉིད་ཐོབ་གྱུར་ན། །ལུས་དང་སྲོག་ཀྱང་མི་འཕངས་ན། །ལོངས་སྤྱོད་འདུ་འཛིན་སྨོས་ཅི་དགོས། །རྡོ་རྗེ་དམ་པའི་སེམས་ལྡན་ཞིང་། །མཚོ་ཆེན་གསེར་གྱི་འོག་གཞི་ལྟར། །མི་འགྱུར་བརྟན་པའི་སེམས་ཀྱིས་གཟུང་། །འདུ་འབྲལ་མེད་པའི་སེམས་ཀྱིས་བརྟན། །ཡངས་ཤིང་རྒྱ་ཆེ་ཟབ་ཅིང་འཕྲ། །སྙིང་རྗེ་ཆེ་༄༅ ལ་འཕངས་པ་མེད། །བསྒོ་བ་ཉན་ཅིང་གསང་བ་ཐུབ། །རིགས་ངེས་སྤྱོད་དམ་དགོན་པར་སྡོད། །མི་ཆོས་འབྲེལ་བའི་ཆེད་མི་བྱེད། །འདི་ལ་གསང་བ་བསྟན་གྱུར་ན། །རིགས་ངེས་ཐེག་པའི་སྲས་སུ་འགྱུར། །གསང་བའི་རིག་པ་གཏེར་ལྡན་ཡང་། །དམ་ཚིག་མ་ལྡན་རྡོ་རྗེ་ནི། །སྤྲེལ་མ་གཡང་དུ་ལྟུང་བ་ཞིན། །བདག་གཞན་རྡོ་རྗེ་ཁབ་ཏུ་འགྲོ། །མགྱོགས་འགྲོ་སོ་མཚམས་འདས་པའམ། །སྐྱེས་བུ་ཐབས་ཀྱི་བརྐྱང་བསྐུམ་ལྟར། །བར་མ་སྲིད་པའི་ཆོས་མེད་པར། །ངན་འགྲོ་ལོག་པར་འ་ས་པར་འགྱུར། །གསང་བ་ཕྱལ་པར་གཏོང་བ་དང་། །སྒྲོ་དང་སྐུར་པས་འཆད་པ་དང་། །རྣ་བརྒྱུད་གདམས་ངག་བྲལ་བ་དང་། །ལྟ་སྤྱོད་འབྲེལ་བའི་དོན་མེད་པར། །རྡོ་རྗེ་བླ་མ་དེ་དག་ནི། །ན་རག་རྡོ་རྗེའི་ཁམས་སུ་ལྷུང་། །གང་ཞིག་གསང་བ་ཉམས་ལྡན་པ། །རང་གསལ་རིག་པའི་དོན་ལྡན་ཞིང་། །ལྟ་སྤྱོད་འབྲེལ་བའི་གདེང་ལྡན་པ། །རྣམ་གྲོལ་ས་ལ་འགྲོ་བར་འགྱུར། །རིགས་ངེས་སྐྱེས་བུ་སྐལ་ལྡན་བུ། །རྒྱ་སྲས་གཅིག་ལས་མ་གཏོགས་པ། །མང་ཡང་གསུམ་ལས་འདི་མི་གཏད། །ངེས་པར་རིག་པ་གཅིག་ལའོ། །སྐལ་ལྡན་འབད་བ་མེད་པར་གྲོལ། །སྒོ་ངའི་ནང་གི་ཁྱུང་ཕྲུག་ལྟར། །འཁོར་བ་ཉིད་ན་སངས་རྒྱས་ས། །གཅོང་རོང་སྡུག་བསྔལ་བདེ་མཆོག་ལམ། །བདེ་ཆེན་རྩོལ་བྲལ་ལྷུན་རྫོགས་པ། །མ་བགྲོད་རིམ་མེད་དུས་གཅིག་གནན། །དམན་པའི་བློ་སྤངས་ཁྱད་པར་བློ། །ཀུན་གྲོལ་འབད་མེད་བདེ་མཆོག་དབྱིངས། །བདག་ཉིད་མ་བཅོས་ཐབས་ཀྱི་ལམ། །རྡོ་རྗེ་དུས་དང་ཚིག་གི་སྤྲད། །བདེ་མཆོག་གསང་བ་ངོ་མཚར་ཆེ། །རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་། །རིམ་པ་མེད་པར་དུས་གཅིག་སྨིན། །ཐིག་ལེ་རྒྱུ་རྐྱེན་མེད་པར་གསལ། །མ་བསླད་བཞག་པའི་ཐབས་ཀྱིས་གོ །འདི་ནི་ཐབས་རྒྱལ་རིན་ཆེན་ཏེ། །རྩོལ་དང་བྲལ་བའི་དངོས་གྲུབ་སྟེ། །རྡོ་རྗེ་གདམས་པའི་ལུང་གིས་ཤེས། རྡོ་རྗེ་གང་ཟག་མཚན་ཉིད་ཡིན། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །སྐལ་ལྡན་འབད་པ་མེད་པར་གྲོལ་བར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། ༡་ །།དེ་ནས་གཞན་ཡང་བཤད་བྱ་བ། །འཇུག་པའི་ཚུལ་དག་ཁྱད་པར་དག །ངེས་པར་ཡང་དག་བཤད་པར་བྱ། །འབྱུང་འཇུག་མེད་པའི་མཚན་ཉིད་དང་། །ཅི་ཡང་ཡིན་ནོ་གང་ཡང་རུང་། །ཐམས་ཅད་ལྷུན་གྱིས་གྲུབ་པར་གནས། །ཐམས་ཅད་ཡེ་ཤེས་མཆོག་གི་ངང་། །རང་བྱུང་མ་བཅོས་གསང་བའི་ལམ། །བརྗོད་མེད་ཚིག་གི་ཡུལ་མི་འཇུག །འབྱུང་འཇུག་མི་མདའ་ཐིག་ལེར་གཅིག །རང་བྱུང་མཆོག་གི་དཀྱིལ་འཁོར་ལ། །ཞེན་པའི་བརྩོལ་བས་འཇུག་ཏུ་མེད། །ཆོས་ཀྱི་དབྱིངས་ལ་ཡུལ་མེད་པས། །རྟོག་སྤྱོད་བསམ་ཡུལ་ཀུན་ལས་འདས། །ཡེ་ཤེས་ཕྱོགས་དང་ཡུལ་མེད་པས། །བསམ་པའི་ཏིང་འཛིན་འཇུག་ཏུ་མེད། །བྱང་ཆུབ་སེམས་ལ་བགྲོད་མེད་པས། །ས་བགྲོད་ལམ་ལ་འཇུག་ཏུ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །བགྲོད་པས་ཕྱིན་པར་ག་ལ་འགྱུར། །རྩོལ་བྲལ་ལྷུན་གྱིས་གྲུབ་པ་ལ། །རྩོལ་མེད་ཤེས་པ་ཅི་མི་འཇུག །ལྟ་བ་ཡུལ་མེད་རང་གསལ་ལ། །ལྟ་བའི་འདུ་ཤེས་འཇུག་ཏུ་མེད། །སྤྱོད་ཡུལ་སེམས་སུ་ལྷུན་གྲུབ་པས། །སྤྱོད་ཡུལ་སྤྱད་པས་འཇུག་ཏུ་མེད། །བསྲུང་བྲལ་རིག་པའི་དམ་ཚིག་ལ། །བསྲུང་བའི་འདུ་ཤེས་ཀུན་དང་བྲལ། །དབང་བསྐུར་བྲལ་བའི་ཀློང་ཉིད་ལ། །དབང་བསྐུར་རྩོལ་བ་ཀུན་དང་བྲལ། །རང་གསལ་རང་བྱུང་དཀྱིལ་འཁོར་ལ། །རྩོལ་བའི་རྣམ་གྲངས་འཇུག་ཏུ་མེད། །ལྷུན་གྱིས་གྲུབ་པའི་རང་བཞིན་ལ། །ཆེད་བསྒྲུབ་མཚན་རྟོག་ཡུལ་ལས་འདས། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་ལ། །ཆེད་དུ་བྱས་པའི་འཕྲིན་ལས་མེད། །རང་བཞིན་ལྷུན་གྱིས་གྲུབ་པ་ལ། །རྣམ་གྲངས་མང་པོ་རྩོལ་བ་ཡིས། །ཇི་ལྟར་བཙལ་ཀྱང་ལོག་པའི་ལམ། །སྲིན་བུ་དར་གྱིས་བཅིངས་བཞིན་ནོ། །འགྲོ་དྲུག་ཁམས་གསུམ་སེམས་ཅན་ལ། །རང་བྱུང་འོད་ཀྱིས་ཁྱབ་པར་གནས། །ཇི་ལྟར་རང་བཞིན་གཅིག་པ་ལ། །ནུས་པའི་སྟོབ་ཀྱིས་སོ་སོར་སྣང་། །ཇི་ལྟར་འདུལ་བའི་ཁྱད་པར་གྱིས། །རིག་པའི་བརྡ་དོན་སོ་སོར་སྤྲད། །ཇི་ལྟར་མོས་པ་བཞིན་དུ་བསྟན། །དོན་ལ་གཅིག་ཏུ་མཉམ་པར་གནས། །གཅིག་སྟེ་རྣམ་པ་ཡོངས་སུ་མེད། །འདི་ལྟར་རྟོགས་པའི་རང་བཞིན་གྱིས། །ཇི་ལྟར་སྤྱོད་པ་དེ་ལྷར་ཡིན། །བསྒོམ་མེད་རིག་པའི་ཆོས་དབྱིངས་ལ། །སྒོམ་པའི་འདུ་ཤེས་རྟག་ཏུ་མེད། །བྱང་ཆུབ་སེམས་སུ་ཀུན་མཉམ་པས། ཁྱད་མེད་རང་གསལ་ཉག་གཅིག་ལ། །ཇི་ལྟར་སྣང་ཡང་ཉམ་ང་མེད། །བསམ་བྲལ་རིག་པའི་དབྱིངས་ལ་གནས། །སུ་ཞིག་ཐུགས་ཀྱི་ཁྱད་པར་ལས། །གང་ལྟར་གསལ་ཡང་དབྱིངས་ལ་འཇུག །ཇི་ལྟར་སྤྱད་ཀྱང་ངེས་པར་སྟོང་། །རང་བྱུང་གཉིས་མེད་དགོངས་པ་ལ མ་ཡེངས་མཉམ་པའི་སེམས་ཀྱིས་གནས། །དུས་གསུམ་ཆོས་དབྱིངས་བདེ་ཆེན་ལ། །ཇི་ལྟར་སྣང་བ་རྟོག་དབང་བསྐུར། །ཐིག་ལེ་ཅིག་ཏུ་བཟླུམས་པ་ན། །གཅིག་དོན་ཤེས་པས་ཀུན་དོན་ཤེས། །གོམས་པས་འབྱུང་འཇུག་ཁྱད་པར་མེད། །ཉམས་མྱོང་རེ་དོགས་བསམ་པ་བཅད། ་།་བ་མེད་པས་བགས་ཀྱིས་བཞག །མཐའ་བྲལ་འདུ་ཤེས་ཀུན་གྱིས་དབེན། །བྱར་མེད་བྱས་ཟིན་ལྷུན་གྲུབ་པས། །བཀག་པ་མེད་དོ་བག་ཡངས་ཡིན། །ཐེག་པའི་རྣམ་གྲངས་གྲལ་བསྙམས་པ། །སེམས་ཉིད་རྫོགས་པའི་ཐེག་པར་འདུས། །ཅི་ཡང་ཡིན་ནོ་གང་ཡང་རུང་། །བསམ་པའི་དབང་ལ་ངེས་པ་མེད། །དངོས་ལ་ཀུན་ཡིན་གང་ཡང་མིན། །ཇི་ལྟར་སྣང་བའི་ངོ་བོ་ལ མ་ཙལ་རང་བཞིན་གཞག་ན་བདེ། །ལྷུན་གྲུབ་གསུམ་ལ་གོམས་པ་ཡིས། །གླང་ཆེན་མ་བསྐྱོད་བཞིན་བཞག་ན། །ཡེ་ཤེས་ཀློང་གསལ་དབྱིངས་སུ་ཐིམ། །རྩོལ་མེད་ལྷུན་རྫོགས་བདེ་བའི་ངང་། །གདོད་ནས་ལྷུན་རྫོགས་བདེ་བ་ཆེ། །མ་༄༅ བཅོས་རང་བཞིན་རྫོགས་པའི་ཕྱིར། །མ་བཙལ་རང་བཞིན་གཞག་པས་རྟོགས། །དུ་མ་རིགས་ཀྱི་རྟོག་པ་དག །སྒོ་རྣམས་ཀུན་ཏུ་རྒྱུ་བ་སྟེ། །མ་བཀག་རིག་པ་དབྱིངས་ལ་རྫོགས། །གཉིད་མེད་གསལ་བར་བར་ཆད་མེད། །མཐའ་དབུས་ཀུན་བྲལ་དེ་བཞིན་ཉིད། །རང་བྱུང་ཡེ་ཤེས་རྫོགས་པའི་ཀློང་། །ཐིག་ལེ་གཅིག་གི་ཁྱད་པར་གནས། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །དམིགས་མེད་བསམ་པའི་རྒྱུ་བ་བཅད། །རང་བཞག་དགོངས་པ་གནས་པར་བྱ། །ཐ་མལ་ཞེན་པ་མ་ལྡོག་ན། །རང་གསལ་རིག་པས་ཀུན་ཁྱབ་ཀྱང་། །བག་ཆགས་སྒྲིབ་པའི་ངོ་བོ་ཡིན། །མ་མཐོང་འཁོར་བར་འ་ས་པ་ཡིན། །ཡེ་ཤེས་སྙིང་པོ་རང་རྫོགས་ལ། །རྡོ་རྗེ་གསང་བའི་ཚིག་གིས་མཚོན། །ངེས་པ་རྙེད་ནས་རང་གཞག་བློས། །ཞེན་པའི་དྲི་མ་རྣམ་པར་བཅད། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །བདེ་མཆོག་འཇུག་པའི་ལམ་གྱི་ཁྱད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། ༡༨ །།དེ་ནས་གཞན་ཡང་བཤད་བྱ་བ། །དགག་སྒྲུབ་རིག་པ་ཐ་དད་ཉིད། །ཐམས་ཅད་རང་བྱུང་རྫོགས་པའི་ཕྱིར། །ཐིག་ལེ་གཅིག་ལས་གཡོས་པ་མེད། །དགག་པ་མེད་ཅིང་སྒྲུབ་པ་མེད། །ཞེན་པ་མེད་ཅིང་བརྟགས་པ་མེད། །སྣང་བ་མེད་ཅིང་བསམ་པ་མེད། །བདག་གཞན་འདུ་ཤེས་ཀུན་བྲལ་བས། །ཡེ་ཤེས་རང་བྱུང་དགོངས་པས་གནས། །སྒོ་དྲུག་མཚན་མ་ཅི་བྱུང་ཡང་། །རང་བཞིན་རིག་པའི་སེམས་ཀྱིས་གཞག །མཚན་མའི་བྱུང་ཚོའི་བདེ་མཆོག་སེམས། །ངོ་མཚར་རང་རིག་བྱང་ཆུབ་སེམས། །གཉིས་མེད་ཡེ་ཤེས་ཀློང་དུ་འཁྱིལ། །ཐིག་ལེ་རྫོགས་པའི་རང་བཞིན་གྱིས། །རང་བྱུང་གཡོ་མེད་སེམས་ཀྱིས་བལྟ། །རང་བྱུང་སྙིང་པོ་རྫོགས་པའི་ལུང་། །སྙིང་པོའི་དོན་ནི་དེ་མ་ཐག །བྱེད་པ་མེད་པའི་མན་ངག་སྟེ། །དགག་སྒྲུབ་དབྱེ་བ་ཀུན་དང་བྲལ། །བསམ་གཞག་མི་བྱ་རང་བཞིན་གཞག །ལུས་སེམས་ངག་གི་བྱ་བཙལ་མེད། །དགའ་བྲོད་ཆགས་སྡང་ཀུན་བྲལ་བས། །རང་བྱུང་དོན་ལ་ཇི་བཞིན་དུ། །གཡོ་བྲལ་རིག་པ་མངོན་སུམ་ལ། །བཅོས་མེད་སྙིང་པོ་དོན་ལ་གསལ། །སངས་རྒྱས་སེམས། །ཅན་གཉིས་མེད་ཅིང་། །ཉོན་མོངས་ཡེ་ཤེས་དགག་སྒྲུབ་མེད། །ཐུགས་རྗེ་བྱིན་རླབས་རྨད་པོ་ཆེ། །གསང་བའི་ཐིག་ལེ་འདུ་འཕྲོ་མེད། །སེམས་དང་སེམས་ལས་བྱུང་བ་ཀུན། །རང་བྱུང་རིག་པ་འོད་དུ་འབར། །དྲོད་དང་རྟགས་ལ་མི་རྟེན་ཏེ། །རང་བྱུང་རྫོགས་པའི་ཆོ་འཕྲུལ་ཡིན། །མ་བཅོསརངབཞིན ངངལ་འབྱུང་། །མ་བྱུང་མ་བཙལ་འགོག་པ་མེད། །ཐོགས་མེད་བསམ་པ་ཀུན་དང་བྲལ། །རྣམ་པར་མི་རྟོག་ཅིར་མི་བསམ། །སྟོང་འཛིན་རིག་པ་མ་རབས་སེམས་མ་བཙལ་རིག་པའི་བསམ་པ་ཟད། །དེ་དག་བྱང་ཆུབ་སེམས་ཉིད་ལ། །བསམ་པའི་འདུ་ཤེས་ཀུན་གྱིས་སྟོང་། །མི་སྤོང་མི་འགེགས་མི་སྤྱོང་ཞིང་། །དགག་སྒྲུབ་བཙལ་བ་ཀུན་གྱིས་སྟོང་། །ཇི་ལྟར་སྣང་བ་དེ་ལྟར་ཡིན། །དྲན་འབྱུང་འདུ་ཤེས་མི་མངའ་བས མ་བཙལ་མ་བསྒྲུབས་ཇི་བཞིན་ཉིད། །སྙིང་པོའི་ཀློང་ལ་གཉིས་མེད་པས། །དགག་སྒྲུབ་ལྷ་བ་ལོག་པའི་ལམ། །མཚན་མའི་འདུ་ཤེས་ཅིར་ཡང་སྣང་། །ཀུན་གྱི་སྙིང་པོར་རྫོགས་པ་ཡིན། །ཐིག་ལེ་དབྱིངས་ལ་གཡོ་བ་མེད། །ཉོན་མོངས་རང་བྱུང་སྙིང་པོར་གསལ། །དེ་ལ་ཕྱོགས་བྲལ་དགག་ཏུ་མེད། །ཡེ་ཤེས་རང་བྱུང་རྫོགས་པའི་ལམ། །མ་བསྒྲུབས་རང་བཞིན་ལྷུན་གྱིས་གྲུབ། །འབྱེད་བ་མེད་པའི་ངོ་བོ་ལས། །ཇི་ལྟར་སྣང་ཡང་ངོ་བོ་སྟོང་། །གླེང་བྲལ་རང་བྱུང་རྫོགས་པ་ལས། །འབྱེད་མེད་ཐབས་དང་ལྡན་པ་ཡིས། །རིག་པ་རང་བཞིན་གཞག་པས་ན། །སྐྱོན་ཡོན་རིག་པ་ལྷུན་རྫོགས་པས། །མ་བཙལ་རིག་བཞིན་ཐབས་དང་ལྡན། །རང་བྱུང་ཡིན་པས་དགག་ཏུའང་མེད། །ལྷུན་གྱིས་རྫོགས་པས་སྒྲུབ་ཏུའང་མེད། །མ་བཙལ་མ་བསྒྲུབས་ཕྱོགས་མེད་ཁྱབ། །རིག་པ་རྫོགས་པའི་དཀྱིལ་འཁོར་ནི། །ཡེངས་པ་མེད་པར་རེ་དོགས་བཅད། །རང་བྱུང་རིག་པའི་རྒྱུ་བ་ཀུན། །མ་ཡེངས་མཉམ་པའི་སེམས་ཀྱིས་བལྟ། །སྟོང་ཉིད་ཀུན་ལྡན་ང་རྒྱལ་གྱིས། །མ་བསྒྲིབས་རང་བཞིན་གསལ་བར་གནས། །བྱིང་རྒོད་འགགས་འབྲངས་ཚོལ་མི་ཚོལ། །སྤྲོ་བསྡུ་རེ་དོགས་གཡེང་ཆགས་འཛིན། །ཆེད་བྱ་ཤུགས་འབྱུང་ལ་སོགས་པ། །རང་བྱུང་རྫོགས་པར་གཅིག་པར་བལྟ། །ཐིག་ལེ་གཅིག་པར་ཀུན་རྫོགས་པས། །སྤོང་ལེན་བསམ་པ་རང་བཞིན་ཞིང་། །གང་ཚེ་བྱིས་པའི་རང་བཞིན་གྱིས། །གང་དེ་ང་ལ་སྤོང་བ་དང་། །རང་བྱུང་ཉིད་ལ་དགག་པ་དང་། །རྫོགས་ཆེན་ངང་ལ་ཆེ་ཆུང་དང་། །གཅིག་གི་ངང་ལ་གཉིས་སུ་སྤྱོད། །བདེ་ཆེན་ངང་ལས་བླང་དོར་བྱས། །གཉིས་མེད་སྨྲ་ཞིང་གཉིས་སུ་འདོད། །དབྱིངས་གཅིག་ངང་ལ་རྒྱུ་འབྲས་འདོད། །དེ་དག་སྤོང་ལེན་དགག་སྒྲུབ་པ། །བདེ་བ་ཆེན་པོའི་སྲོག་དང་བྲལ། །རང་བྱུང་བདེ་མཆོག་དོན་ལས་ཉམས། །རྩོལ་བའི་ཆུ་བོ་འདམ་དུ་ཟིན། །འཁོར་བའི་ཆུ་བོ་བརྒྱུད་བྱས་ནས། །བཙལ་མེད་ལྷུན་གྲུབ་དོན་དང་འགལ། །དམིགས་མེད་མཚན་མའི་ལོག་པས་བསྒྲིབས། །དྲང་དོན་འཇིག་རྟེན་འཁོར་བར་ལྟུང་། །རང་གསལ་ཉག་གཅིག་དྲི་མེད་ལ། །དངོས་འཛིན་བསམ་པ་ཞེན་དབང་གིས། ཁམས་གསུམ་འཁོར་བ་གཅོང་རོང་དུ། །འདུ་བྱེད་བསམ་པའི་མཐའ་ཡིས་ལྟུང་། །བྱ་བྱེད་གཡེང་བ་མི་གནས་པས། །བདེ་མཆོག་རིག་པའི་ངང་དུ་གསལ། །རྩོལ་བའི་རྣམ་གྲངས་ཅི་སྐྱེས་པ། །རང་བྱུང་གཡོ་མེད་བསམ་པ་ཡིས། །ཞེན་མེད་བྱ་བྲལ་འདུ་ཤེས་མེད། །དགོངས་པ་མ་མཐོང་ཐིག་ལེའི་ཀློང་། །རྗེས་དཔགས་རིག་པ་ཅི་ཡང་མིན། །ཐོགས་མེད་ཤེས་རབ་རང་རིག་ལུང་། །རང་རིག་འབྲེལ་བས་རྗེས་སུ་དཔགས། །མ་བཅོས་གསང་བ་རང་རིག་སེམས། །ཐིག་ལེ་གཅིག་ལ་རྫོགས་པར་གནས། །ཡེ་ནས་རྫོགས་སོ་རང་བཞིན་མེད། །སྙིང་པོ་རང་བྱུང་གསང་བ་ནི། །དགོངས་པས་རང་བཞག་རྣལ་མའི་ངང་། །ཇི་བཞིན་མ་བཅོས་རང་བཞག་ན། །རང་བཞག་འཁོར་ལོ་ཡེ་གནས་པས། །བཙལ་མེད་རང་བཞིན་བསམ་མཐར་ཕྱིན། །རང་གཞག་གྲུབ་པའི་འབྲས་བུ་འབྱུང་། །གདུལ་བྱའི་མོས་པ་ཐ་དད་ལ། །ཇི་ལྟར་འདུལ་བ་དེ་ལྟར་སྣང་། །བརྒྱུད་པའི་ཐབས་ཀྱིས་ཁྱད་པར་དུ། །རང་བཞིན་མ་མཐོང་མེ་ལོང་ལྟར། །དྲང་བའི་ཐབས་སུ་བསྟན་པར་ཟད། །རང་བྱུང་རིག་པའི་བརྡ་ཕྲད་ནས། །མཚན་མའི་སྒྲ་ཚིག་རྗེས་མི་འབྲང་། །རང་བཞག་འཁོར་ལོ་ཡེ་གནས་པས། །བཙལ་མེད་རང་བཞིན་བསམ་མཐར་ཕྱིན། །རྩ་བ་སེམས་ཉིད་རྫོགས་པའི་ཕྱིར། །ཐིག་ལེའི་ལུང་ལ་དབྱེ་བ་མེད། །སྐུ་གསུམ་རིག་པར་ལྷུན་རྫོགས་པས། །གཞན་དུ་རྩོལ་བའི་འདུ་ཤེས་སྤངས། །རང་བྱུང་རྫོགས་པའི་སྙིང་པོ་ལ། །བརྟགས་པའི་མུན་པ་ཡེ་དག་པས། །རང་བྱུང་རིག་པའི་ཡོན་ཏན་ལ། །ཉོན་མོངས་རྣམ་རྟོག་དགག་ཏུའང་མེད། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། རྫོགས་པ་ཆེན་པོ་ལ་དགག་སྒྲུབ་མེད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།༡༩ །།དེ་ནས་གཞན་ཡང་བཤད་བྱ་བ། །སྤྱོད་པ་བདེ་མཆོག་བཙལ་བྲལ་བ། །རྣམ་རྟོག་རྩོལ་བས་ཅི་བཙལ་བ། །རང་བྱུང་རིག་པའི་དོན་ལས་ཉམས། །བརྐམ་ཆགས་རང་གི་སྲེག་མ་སྤོངས། །རང་བྱུང་བདེ་ཆེན་དོན་དང་འགལ། །སྟོང་ཉིད་ནམ་མཁའི་ངོ་བོ་ལ། །ལུས་ངག་སེམས་ཀྱི་བྱ་བཙལ་གྱིས། །བརྐམ་ཆགས་འདོད་པ་སྐྱེ་ཞེས་ནས། །སྤངས་པས་བདེ་ཆེན་དོན་དང་འགལ། །ཨ་ཏི་ཡོ་ག་བདེ་ཆེན་ནི། །སྤང་དུ་མེད་པ་བྱང་ཆུབ་སེམས། །རྫོགས་ཆེན་སྤོང་བར་བྱེད་པ་ནི། །ཉན་ཐོས་དག་ཏུ་གོལ་བར་བཤད། །སྐྱེ་འགག་མེད་པའི་ཆོས་ཉིད་ལ། །རྒྱུ་རྐྱེན་རྟེན་འབྲེལ་རིམ་པ་ཡིས། །རང་བྱུང་ཆོས་ལ་དགག་སྒྲུབ་མེད། །ཨ་ཏི་ཡོ་ག་བདེ་ཆེན་ནི། །དགག་སྒྲུབ་བྲལ་བའི་བྱང་ཆུབ་སེམས། །རྫོགས་ཆེན་དགག་སྒྲུབ་བྱེད་པ་ནི། །རང་རྒྱལ་དག་ཏུ་གོལ་བར་བཤད། །མ་བཅོས་རང་བྱུང་སེམས་ཉིད་ལ། །ས་དང་ཕལ་རོལ་ཕྱིན་བཅུ་ལ། །གྲངས་མེད་བསྐལ་པ་གསུམ་གྱི་བར། །སྦྱངས་པས་འབྲས་བུ་འགྲུབ་པར་འདོད། །ཨ་ཏི་ཡོ་ག་བདེ་ཆེན་ནི། །སྤངས་ཐོབ་མེད་པའི་བྱུང་ཆུབ་སེམས། །རྫོགས་ཆེན་སྦྱོངས་པར་བྱེད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཕྱི་ནང་མེད་པའི་དབྱིངས་གཅིག་ལ། །དམ་ཚིག་ཡེ་ཤེས་ཕྱི་ནང་གིས། །གཟུང་འཛིན་དག་པ་རྣམ་གསུམ་གྱིས། །བསྒྲུབས་པས་འབྲས་བུ་ཐོབ་པ་ལྟར། །ཨ་ཏི་ཡོ་ག་བདེ་ཆེན་ནི། །གཟུང་འཛིན་དག་པའི་བྱང་ཆུབ་སེམས། །རྫོགས་ཆེན་གཟུང་འཛིན་བྱེད་པ་ནི། །བྱ་བའི་རྒྱུད་དུ་གོལ་བར་བཤད། །གཉིས་སུ་མེད་པའི་ངོ་བོ་ལ། །གཉིས་འཛིན་ལྟ་སྤྱོད་ཁྱད་པར་གྱིས། །ཀྲི་ཡར་སྤྱོད་ཅིང་ཡོ་གར་སྒྲུབ། །རང་གི་འབྲས་བུ་གྲུབ་པར་འདོད། །ཨ་ཏི་ཡོ་ག་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །རྫོགས་ཆེན་གཉིས་སུ་འབྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཆོས་སྐུ་ཀུན་བཟངས་བདེ་ཆེན་ནི། །བྱིན་རླབས་ཏིང་འཛིན་གཙོར་བྱས་ནས། །བླང་དོར་བཅས་པའི་རང་བཞིན་གྱིས། །སྟུག་པོ་བཀོད་པ་ཐོབ་པར་འདོད། །ཨ་ཏི་ཡོ་ག་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །རྫོགས་ཆེན་བླང་དོར་བྱེད་པ་ནི། །རྣལ་འབྱོར་རྒྱུད་དུ་གོལ་བར་བཤད། །རྩོལ་བྲལ་ལྷུན་གྱིས་གྲུབ་པ་ལ། །ཡེ་ནས་ཡིན་ལ་བཟོད་བསྐྲུབས་རྩོལ། །ཐབས་དང་ཤེས་རབ་རང་བཞིན་གྱིས། །རིགས་ལྔའི་འབྲས་བུ་ཐོབ་པར་འདོད། །ཨ་ཏི་ཡོ་ག་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧྭ་ཡོ་གར་གོལ་བར་བཤད། །རང་བྱུང་རྒྱུ་རྐྱེན་བྲལ་བ་ལ། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་གྱིས། །ལྷ་དག་གྲངས་མེད་དེར་སྣང་ནས། །འབྲས་བུ་བླ་མེད་ཐོབ་པར་འདོད། །ཨ་ཏི་ཡོ་ག་བདེ་ཆེན་ནི། ཁུ་འབྲས་འདས་པའི་བྱང་ཆུབ་སེམས། །རྫོགས་ཆེན་རྒྱུ་འབྲས་འབྱེད་པ་ནི། །ཨ་ནུ་ཡོ་གར་གོལ་བར་བཤད། །རྩོལ་སྒྲུབ་འདས་པའི་བདེ་ཆེན་ནི། །རང་རིག་ཉིད་པས་ཡུལ་དང་བྲལ། །རང་ལས་བྱུང་བས་སྤང་དུ་མེད། །བདག་ཉིད་སྣང་བས་དགག་སྒྲུབ་མེད། །གདོད་ནས་དག་པས་སྦྱང་མི་དགོས། །དབྱིངས་སུ་གཅིག་པས་གཟུང་འཛིན་མེད། །སེམས་སུ་གཅིག་པས་གཉིས་སྣང་བྲལ། །ཀུན་བཟང་རོལ་པས་བླང་དོར་མེད། །ལྷུན་གྱིས་གྲུབ་པས་རྩོལ་སྒྲུབ་མེད། །རང་བྱུང་ངང་ལ་རྒྱུ་འབྲས་འདས། །རང་བྱུང་རྫོགས་པའི་སྙིང་པོ་ལ། །གདོད་ནས་རྫོགས་པས་རང་བཞིན་མེད། །ཡོན་ཏན་མཚོ་རླབས་ཚུལ་དུ་སྣང་། །ཐུགས་རྗེས་འགྲོ་འོང་མེད་པར་བརྡལ། །ཚད་ལས་འདས་པའི་སྐུ་གསུང་ཐུགས། །རིག་པའི་གཏེར་ཆེན་ཚང་བའི་ཞལ། །མ་བཙལ་ལྷུན་གྱིས་གྲུབ་པར་གནས། །མ་བྱས་རང་བྱུང་རྫོགས་པའི་གཏེར། །མ་བཙལ་ཇི་བཞིན་ཉིད་དུ་གནས། །འདོད་པའི་སེམས་ལ་གང་མཐོང་ཚོར། །རང་བྱུང་རིག་པའི་འོད་དུ་ཐིམ། །རང་བྱུང་སེམས་ལས་མི་གཡོ་ན། །སྤྱོད་པ་ཅི་ལའང་ཐོགས་པ་མེད། །རང་བྱུང་རྫོགས་པའི་སྤྱོད་པ་ནི། །ནམ་མཁའ་ལ་བཅོས་སེམས་ལྡན་པས། །ཇི་ལྟར་སྤྱད་ཀྱང་ངེས་པར་སྟོང་། །མཁའ་ལ་ཁྱུང་འཕུར་ཇི་བཞིན་ནོ ། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །སྤྱོད་པའི་ཁྱད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། ༡༠ །།དེ་ནས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་བསྲུང་བྲལ་དམ་ཚིག་ནི། །མཁའ་མཉམ་རང་བྱུང་ཆེན་པོ་ལྟར། །འདའ་མེད་རང་བཞིན་རིག་པའི་ཀློང་། །འདའ་མེད་དམ་ཚིག་ཆེན་པོ་ལས། །འདས་ན་རྡོ་རྗེར་ལྟུང་པར་འགྱུར། །ཐམས་ཅད་རང་སེམས་རྫོགས་པའི་ཕྱིར། །བསྲུང་བྲལ་ཕྱོགས་མེད་ཅིང་ཡང་མིན། །འདའ་བ་མེད་པས་བསྲུང་བའང་མེད། །ཕྱོགས་གཅིག་བྲལ་བས་ཕྱོགས་ཀུན་བྲལ། །གང་ཞིག་བསྲུང་བའི་མཚམས་གཟུང་ནས། །བསྲུང་བྲལ་དོན་ལ་སྲུང་བར་བྱེད། །རང་བྱུང་རིག་པའི་དམ་ཚིག་ནི། །འདའ་བ་མེད་ཅིང་བསྲུང་བའང་མེད། །མ་བཅོས་འགྱུར་མེད་དམ་ཚིག་ལ། །བཅོས་པའི་དམ་ཚིག་ཕྱིན་ཅི་ལོག །རང་བྱུང་རྫོགས་པའི་དམ་ཚིག་ནི། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །དམ་ཚིག་སྡོམ་པ་མཐའ་ཡས་པ། །འདུལ་བའི་དབང་གིས་དོན་ལ་རྫོགས། །གཅིག་ལ་གཉིས་སུ་བགྲུང་བ་དང་། །གཟུང་འཛིན་ཉིད་དུ་བསྲུང་བ་དང་། །གྲངས་མེད་པ་ལ་གྲངས་སུ་བསྲུང་། །ཕྱོགས་མེད་དོན་ལ་ཕྱོགས་འཛིན་བྱེད། །མི་མཁས་ལོག་པའི་འཇིག་རྟེན་པས། །གང་ལྟར་བསྲུང་བ་རྟོག་པའི་གྲངས། །མ་བསྲུངས་དོན་ལ་ཉམས་པ་མེད། །གདོད་ནས་རྫོགས་པས་བསྲུང་བ་མེད། །གང་ཡང་བསྲུང་དང་མི་བསྲུང་ཞེས། །ཕྱོགས་མེད་རང་བྱུང་རྫོགས་པའི་ཀློང་། །ཐམས་ཅད་དོར་བ་མེད་པའི་ཕྱིར། །ཀུན་ཀྱང་བདེ་ཆེན་མཆོག་ཏུ་བསྲུང་། །ཆེད་བྱས་འཛིན་རྟོག་གོམས་པའི་ནད། །བཙལ་ཞིང་སྤྱད་ཅིང་གོམས་པའི་ནད། །བསྲུང་བྲལ་རིག་པའི་དམ་ཚིག་ལ། །ཕྱོགས་དང་རྒྱ་ཡོངས་མ་ཆད་པའི། །ནམ་མཁའ་ལྟ་བུར་ཁྱབ་བདལ་ཏེ། །བསྲུང་དང་མི་བསྲུང་ཐ་སྙད་བཅད། །རང་གསལ་གཉན་བྲལ་སྙིང་པོ་ལུང་། །མ་བརྗོད་གོ་བས་རྒྱལ་བའི་གསུང་། །མ་བསྲུངས་ཐུབ་པའི་ངོ་མཚར་ཅནཁམས་གསུམ་སྐུ་གསུམ་རིག་པ་ལ། །ཕྱོགས་རིས་ངེས་པའི་ཆོས་མ་ཡིན། །གང་ལྟར་ཅི་ཡང་མ་ཡིན་པས། །བསམ་སྦྱད་བྲལ་བའི་དམ་པ་ལ། །རྩོལ་བས་འདས་པས་ཚིག་པར་འགྱུར། །འདི་དག་ཕྱོགས་མེད་དམ་ཚིག་སྟེ། །ཕྱོགས་བཅས་རྣམས་ཀྱི་ཡུལ་མ་ཡིན། །མ་བཅོས་རྩོལ་བྲལ་དམ་ཚིག་ནི། །བཅོས་མའི་རྩོལ་བའི་ཡུལ་མ་ཡིན། །གཅིག་སྟེ་སྙིང་པོ་རྫོགས་པའི་ལུང་། །རྣམ་པའི་ཁྱད་པར་ཇི་ལྟ་བ། །མ་འདྲེས་སྙིང་པོའི་དོན་ལ་རྫོགས། །དོན་དུ་ཡེ་ཤེས་རྫོགས་པར་གསལ། །རང་བྱུང་རྒྱུ་བྲལ་ཐིག་ལེའི་ཀློང་། །སྙིང་པོ་གཅིག་ལ་ཀུན་རྫོགས་པས། །བསྲུང་སྡོམ་དམ་ཚིག་རང་བཞིན་ཚང་། །ཐ་དད་དབྱེ་བ་མི་གནས་ཀྱང་། །རྩོལ་བྲལ་རིག་པའི་ཁྱད་པར་ལས། །བསྲུང་བའི་རྣམ་རྟོག་ཀུན་གྱིས་སྟོང་། །གདོད་ནས་འདའ་མེད་རང་བཞིན་ལ། །མ་ཡེངས་གནས་པས་བསྲུངས་བ་ཟིན། །གདོད་ནས་དམ་པར་ཡེ་གནས་པས། །ཉོན་མོངས་རྟོག་པ་གདོད་ནས་ཚིག །ལྷུན་གྲུབ་ངང་ལ་རྩོལ་བ་མེད། །ཟིན་པས་བསྲུང་བ་བྱ་མི་དགོས། །ལྷུན་གྲུབ་ངང་ལས་འདའ་མེད་པས། །ལྷུན་གྱིས་གྲུབ་པའི་དམ་ཚིག་ཡིན། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། བསྲུང་མེད་དམ་ཚིག་གི་ཁྱད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། ༡༡ །།དེ་ནས་གཞན་ཡང་བཤད་བྱ་བ། །ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས། །རང་བྱུང་རིག་པ་སྦྱང་མེད་ཀྱང་། །ཡོངས་རྫོགས་གསལ་བས་ངོ་མཚར་འབྱུང་། །བརྗོད་བྲལ་གསང་བའི་ཆོས་ཉིད་དག །སྒྲ་དང་གཏན་ཚིགས་ཡུལ་ཡིན་ཏེ། །རྟོག་སྤྱོད་ཡུལ་དུ་མ་གྱུར་པས། །ཚིག་དང་ཡི་གེའི་ཡུལ་ལས་འདས། །བརྗོད་བྲལ་རང་རིག་གསང་བའི་ཉམས། །ཐོས་མེད་བརྗོད་བྲལ་རིག་པའི་གཏེར། །འཇིག་རྟེན་ལོག་པར་གོལ་བ་དང་། །མཚན་མ་སྒྲ་ལ་ཞུགས་པ་དང་། །རྣ་བརྒྱུད་གདམས་ངག་མི་ལྡན་ལ། །བཤད་དང་ཉན་པ་གཉིས་ཀ་ལྟུང་། །བརྗོད་བྲལ་ཆོས་ཀྱི་དབྱིངས་ཉིད་དག །བརྗོད་མེད་མཚོན་བའི་ཡུལ་ཉིད་མིན། །འཁོར་བའི་གཟེབ་ཀྱིས་བཅིངས་གྱུར་བ། །བརྗོད་མེད་བརྗོད་པས་དོན་དེ་རྟོགས། །རང་བྱུང་སེམས་ཉིད་གསལ་བ་ལ། །བརྗོད་དང་བརྗོད་བྲལ་ཐ་དད་མིན། །རང་བྱུང་རྫོགས་པའི་ཀློང་ལྡན་ན། །གང་ལྟར་བརྗོད་པ་བརྗོད་བྲལ་ཡིན། །ཐ་དད་རིག་པ་མི་གནས་ཀྱང་། །དེ་ལྟར་རྟོགས་པའི་གང་ཟག་ལ། །གཉིས་མེད་གཏན་ལ་ཕབ་པ་ཡིས། །རང་བྱུང་ཐིག་ལེ་གསལ་བར་འགྱུར། །བསམ་དུ་མེད་པའི་ཆོས་ཉིད་ལ། །བསམ་པའི་རྟོག་པ་གོལ་བའི་ལམ། །སྤྱད་མེད་ཡེ་ཤེས་རྫོགས་པ་ལ། །དུས་གསུམ་རྒྱལ་བའང་སྤྱད་མི་མཛད། །དུས་གསུམ་རྒྱལ་བའི་དགོངས་པ་ཡང་། །རྟོག་སྤྱོད་འདུ་ཤེས་བྲལ་ལས་བྱུང་། །བརྟགས་་ཅིང་སྤྱད་པའི་ཡུལ་མེད་དེ། །རང་བྱུང་གསང་བའི་ཀློང་ཡིན་པས། །བསམ་སྤྱོད་རྟོག་པ་མཐའ་ཡི་ལམ མཐའ་སྤངས་དབུས་མའང་དེ་བཞིན་ནོ། །རང་བྱུང་རྫོགས་པའི་སྒྲ་ལྡན་ལ། །ལུང་རིགས་མན་ངག་གཏན་ཚིགས་ཀྱིས། ཁྱད་པར་འཕགས་པའི་དོན་གོ་ན། །མི་འགྱུར་གདེང་ལ་ཀློང་དུ་རྟོགས། །རྟོགས་པའི་ངོ་ལ་གཉིས་མེད་ན། །གཉིས་སུ་འཛིན་པ་ལོག་པའི་ཆོས། །མ་བཤད་མ་བརྟགས་རང་ཞི་བ། །བསམ་པའི་འདུ་ཤེས་མི་གནས་པ། །བསམ་པའི་རང་བཞིན་གསལ་བའི་སེམས། །རང་ལ་སྤྱོད་ཅིང་རང་ལ་སེམས། །དོན་གཅིག་རྟོགས་པས་ཀུན་རྟོགས་ཏེ། །གཅིག་མཐོང་ཀུན་མཐོང་ཐམས་ཅད་གསལ། །རང་བྱུང་རྫོགས་པར་ངོ་ཤེས་ནས། །དེ་མིན་གཉིས་པའི་ཆོས་མི་གནས། །ཐུན་མོང་ཐེག་པ་མ་ལུས་པ། །བསམ་སྤྱད་སྐར་མ་ལྟ་བུ་ལ། །མེད་ཀྱང་ལོག་པར་ཤེས་པའི་མཐུས། །གཅོང་རོང་མུན་པའི་ཁམས་སུ་ལྟུང་། །བསྒོམ་དུ་མེད་པའི་སེམས་ཉིད་ལ། །བསྒོམ་པས་རྙེད་པར་ག་ལ་འགྱུར། །མ་བསྐྱོད་རང་གཞག་རིག་པའི་སེམས། །མ་བཙལ་ཉིད་ཀྱིས་གསལ་བ་ཡིན། །སྣང་མེད་ལྷུན་གྲུབ་སེམས་ཉིད་ནི། །གསལ་བར་བཞག་པས་ལྷུན་གྲུབ་འབྱུང་། །འདུ་ཤེས་བསམས་པས་མ་བཟུང་ཞིང་། །ཉམས་མྱོང་རྗེས་འབྲངས་རྣམ་རྟོག་བཅད། །བསམ་པ་མེད་ཅིང་མི་བསམ་མེད། །སྤྲོས་མེད་ཐིག་ལེ་ཆེན་པོ་ལ། །གོམས་པས་གཡེང་བ་རྣམ་པར་བཅད། །བསྒོམ་དུ་མེད་པའི་ཆོས་དབྱིངས་ལ། །བསྒོམས་ཀྱང་སྐྱོན་མེད་ནམ་མཁའ་འདྲ། །དྲི་མེད་རང་བྱུང་བསམ་གཏན་ནི། །རང་བྱུང་ཅི་དགར་གཞག་པས་འགྲུབ། །རང་བྱུང་རྫོགས་པའི་སྒོམ་པ་ལ། །སྣ་ཚོགས་རྟོག་པའི་སེམས་བྱུང་ན། །རྫོགས་པ་སེམས་ཀྱི་ངོ་བོར་བལྟ། །འབྱུང་འཇུག་རིག་པ་ཅིར་མི་བསམ། །དེ་ནི་སྒོམ་པ་ཉིད་དུ་བཤད། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །ཤེས་རབ་ཀྱིས་སྦྱང་དུ་མེད་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། ༡༢ །།དེ་ནས་གཞན་ཡང་བཤད་བྱ་བ། །མཐར་ཕྱིན་གསང་བའི་མན་ངག་ནི། །རྒྱུ་མཐར་ཕྱིན་ཏེ་བསྒྲུབ་ཏུ་མེད། །མན་ངག་མཐར་ཕྱིན་བཙལ་དུ་མེད། །འབྲས་བུ་མཐར་ཕྱིན་གདོད་ནས་རྫོགས། །ཡོངས་རྫོགས་གསང་བའི་རྒྱུད་ཉིད་ནི། །གདོད་ནས་མཐར་ཕྱིན་བཙལ་དུ་མེད། །རྒྱུ་འབྲས་གདོད་ནས་ལྷུན་རྫོགས་པས། །ཡོངས་རྫོགས་རྒྱུ་ནི་ལྷུན་གྲུབ་ཉིད། །མ་བཅོས་ཡོངས་སུ་རྫོགས་པ་ལ། །གསལ་བྱེད་རྒྱུ་ཡིས་མཉམ་སྦྱར་ནས། །གཏེར་ཁྱིམ་ཕུང་པོ་སྣང་བྱེད་ལྟར། །ལྷུན་གྱིས་གྲུབ་པའི་ཡོན་ཏན་ལྟར། །འཁོར་བ་མ་བཅོས་ལྷུན་གྲུབ་ལ། །བརྟགས་པའི་བག་ཆགས་བློ་བུར་བ། །སྡུག་བསྔལ་བདེ་ལ་ལོག་ཞབྲུལ་ཏེ། །དུང་ལ་སེར་པོར་མཐོང་བ་བཞིན། །འདི་ལ་སྐྱེ་འགག་གནས་པ་མེད། །རང་བྱུང་སེམས་ཉིད་ཁྱད་པར་ལས། །འདོད་པའི་དོན་ཀུན་རེ་བ་མེད། །བཙལ་མེད་གནག་པས་མངོན་སངས་རྒྱས། །རང་རིག་མཐོང་ལས་གཞན་མིན་ནོ། །གཞན་རྟོག་སྐྱེས་པའི་རྒྱུ་འབྲས་ཀྱིས། །མཐའ་བྲལ་ནམ་མཁའ་ལྟ་བུ་ལ། །རྩོལ་ཆགས་ཞེན་པའི་འདུ་ཤེས་ཀྱིས། །བགྲོད་པས་ཐོབ་པར་ག་ལ་འགྱུར། །སྒྲ་བྲལ་མ་བཅོས་གསང་བའི་དོན། །སྒྲ་ཉིད་ཀྱིས་ནི་གསལ་བར་བསྟན། །གང་ལ་དགའ་བ་ཉིད་ཀྱིས་དེ། །གཞན་དུ་བསྟན་པར་མ་བསྲུངས་སོ། །ལྟེང་ཆུང་གསལ་བའི་རྣལ་འབྱོར་པས། །མི་འགྲོ་རང་བཞག་གནས་པའི་ལུང་། །མི་གཡོ་མཆོག་གི་རྣལ་འབྱོར་པས། །བླ་མས་ངེས་པར་བསྟན་པར་བྱ། །ཐ་མའི་དུས་དང་ཐོག་མའི་དུས། །དུས་གསུམ་རིག་པ་མཉམ་དུ་བལྟ། །དུས་གསུམ་བཞི་འཛིན་མན་ངག་སྟེ། །བླ་མ་ཉིད་ལ་འདུད་པར་བྱ། །བརྡ་དོན་སྤྲད་པའི་དུས་སུ་ནི། །བཙལ་མེད་གནས་པའི་མན་ངག་སྦྱིན། །ཡེ་ཤེས་རོལ་བའི་རང་སྣང་ལ། །བླ་མའི་ཞལ་ལས་ཤེས་པར་བྱ། །ཇི་བཞིན་ཆུ་ལྟར་གཞག་པ་ཡིས། །དེ་མ་ཐག་ཏུ་གནས་པར་འགྱུར། །རིན་ཆེན་སྤྲད་པའི་ཆོ་ག་སྟེ། །རྣ་བརྒྱུད་གདམས་ངག་ནོད་པར་བྱ། །དུས་ཚོད་རྣམ་པ་འདུ་ཤེས་ཀུན། །འབབ་ཆུ་ལྟ་བུར་དབང་སྒྱུར་ན། །རང་བྱུང་ཐུག་ཕྲད་ཉིད་དུ་འགྱུར། །ངེས་པའི་དྲོད་ཚད་ཞལ་ནས་འབྱུང་། །འཕྲུལ་གྱི་མེ་ལོང་ལྟ་བ་འམ། ཁྲེལ་གྱི་ཚོན་རྐྱེན་ཕྲད་པ་ལྟར། །གནས་སྐབས་གང་དང་མཐུན་པ་ཡི། །མན་ངག་ལུང་གིས་གཏན་ལ་དབབ། །ཇི་ལྟར་གནས་པ་དེ་བལྟས་ལ། །གང་ལ་དམིགསཔབཞིན ལགཞག །དེ་ཡི་དྲོད་ཚད་གང་ཡིན་པ། །ངེས་པ་ཉིད་དུ་བསྟན་པར་བྱ། །ངེས་པའི་དོན་ལ་མི་འགྱུར་ན། །གདེང་དུ་འགྱུར་བའི་དྲོད་ཡིན་ཏེ། །དང་པོ་ཆུ་དྲག་འབབ་པའམ། །ཅང་ཤེས་ཤུགས་ཀྱིས་དཀྲུགས་པ་ལམ། །མཁའ་ལ་གནམ་ལྕགས་འབྱིངས་བ་བཞིན། །གཉིས་པ་དལ་བའི་ཆུ་བཞིན་ཏེ། །རྐྱེན་གྱིས་ཇི་ལྟར་བསྒྱུར་བ་ལྟར། །གསུམ་པ་ལ་ནི་མི་གཡོ་བ། །རྒྱ་མཚོ་གཏིང་ལྟར་གནས་པའོ། །བཞི་པ་ནམ་མཁའ་ཀློང་ཡངས་འདྲ། །དྲོད་ཚད་གང་ཡང་མི་འཕྲོ་བའོ། །དམིགས་པ་ཡན་ལག་མི་འཇུག་པའོ། །བྱུང་ཚོར་མ་བཀག་རང་ཞི་བའོ། །མདོར་ན་མ་ཡེངས་མི་འཇུག་པའོ། །མ་བསགས་གདོད་ནས་ལྷུན་གྲུབ་པས། །བཙལ་ཞིང་བསྒྲུབས་པའི་འབྲས་བུ་ཡིན། ཁུ་རྐྱེན་མེད་པར་རང་བྱུང་བས། །བསྐྱེད་ཅིང་སྨིན་པའི་འབྲས་བུ་མིན། །འདོད་འབྱུང་ནོར་བུ་རིན་ཆེན་ལྟར། །ལྷུན་གྱིས་གྲུབ་པའི་འབྲས་བུ་མིན། །མ་བཙལ་ལྷུན་གྲུབ་འབྲས་བུ་ཡིན། །མ་བཅོས་གདོད་ནས་དག་པ་ཡིན། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། །མཐར་ཕྱིན་པའི་མན་ངག་བསྟན་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་བསྟན་པ་དམ་པ་འདི་གཏད་པའི་ཕྱིར། །འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་ཧོ་འདུས་པའི་ངོ་མཚར་རྣམས། །རྫོགས་ཆེན་བསྟན་པ་བསྟན་པའི་མཛོད། །རང་བྱུང་རིག་པ་གཅིག་པའི་ལུང་། །ཚིག་གཅིག་དོན་ཀུན་རྫོགས་པའི་མཛོད། །སེམས་ཉིད་རྫོགས་པའིརངབཞིནལ། །དགུལུངབརྒྱུད་པའི་སེམས་ཀྱི་གཏེར། །རང་ལ་རྫོགས་པས་གཞན་གྱིས་གསལ། །འཕྲུལ་གྱི་མེ་ལོངས་དགུ་བསྐོར་ལྟར། །གང་དུ་གསལ་ཡང་དབྱིངས་ལ་རྫོགས། །རང་ལ་ཆད་ཅིང་རང་ལ་སྟོན། །སྟོན་པ་གནས་དུས་འཁོར་བསྟན་པ། །རང་བྱུང་སེམས་ཉིད་རྫོགས་པའི་ཀློང་། །གསང་མཛོད་རིག་པ་ཐུགས་ལ་གསལ། །བརྒྱུད་པ་བྱ་བྲལ་ལོགས་པའི་ལུང་། །རྡོ་རྗེ་སེམས་དཔའ་དགོངས་པའི་མཛོད། །སྒྲོ་འདོགས་སྐུར་འདེབས་རྣམ་པར་གཅོད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །མཁའ་མཉམ་ཀློང་ལ་མཉམ་སྦྱོར་བས། །འགྲོ་བ་རང་བྱུང་སྙིང་པོའི་མཛོད། །ཐུགས་རྗེས་མཛད་པ་འདོད་དགུར་བསྒྱུར། །བསྟན་པའི་མེ་ལོང་སེམས་ཀྱི་གཏེར། །ཐེག་པའི་ཡང་རྩེ་ལུང་གི་བཅུད། །ནམ་མཁའ་དང་ནི་མཉམ་པའི་རྒྱུད། །གསང་བ་ཀུན་འདུས་རིག་པའི་ཀློང་། །ཡེ་ཤེས་འོད་གསལ་ཆེན་པོ་འདི། །དད་དང་དམ་ཚིག་ལྡན་པ་ཡིས། །གྲགས་པའི་ཆོས་བརྒྱད་རྣམ་སྤངས་པ། །ལུས་དང་སྲོག་ལ་མི་བལྟ་བའི། །རྒྱལ་ཚབ་ངེས་པ་གཅིག་ལ་གཏད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། རྒྱུད་གཏད་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ། རྡོ་རྗེ་སེམས་དཔའ་མཁའ་མཉམ་ཀློང་གི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།འདའ་ཧེ་ན་ཡི་འདུ་ཁང་དུ། །སྤྲུལ་པའི་སྐུ་ཕྲི་སིང་ཧ་དང་། །དགེ་སློང་བེ་རོ་ཙ་ན་ཡིས། །རྒྱུད་འདི་ལེགས་པར་བསྒྱུར་བྱས་པས། །མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །རང་གྲོལ་བདེ་བ་ཐོབ་པར་་།ག །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཁའ་མཉམ་ཀློང་གི་རྒྱུད་འདི། རྒྱུད་ཀྱི་མན་ངག་ཡིན་ཏེ། ཀུན་ལ་མེད་པས་གསང་བར་བྱའོ། །ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ལས་འཕྲོ་སྐལ་བར་ལྡན་ལ་གནས་སོ། །ཨི་ཏི།། །།རྒྱ་གར་སྐད་དུ། །ཙྭ་ན་མ་ཧྭ་ཀོ་ཥ་ཨེ་དྷརྣ། བོད་སྐད་དུ། ཡེ་