Ngb-pt-0383-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། མ་ཧྭ་ཀྭ་ལ་ཏནྟྲ་མ་ག་ལ་ཀྭ་ལ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ། དཔལ་ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དུར་ཁྲོད་བསིལ་བའི་ཚལ་ན། ནག་པོ་ཆེན་པོ་འཁོར་མ་མོའི་ཚོགས་དང་བཅས་པ་ལ་ཆོས་སྟོན་ཏེ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ལ་ནག་པོས་གསོལ་པ། བདག་གི་སྐྱེ་རྒྱུད་ཇི་ལྟར་ལགས། །ཁས་བླངས་དོན་ནི་ཇི་ལྟར་ལགས། །རྟགས་དང་མཚན་མ་ཇི་ལྟར་ལགས། །སྒྲུབ་པའི་རྫས་ནི་ཅི་ལ་བྱ། །སྒྲུབ་པའི་དཀྱིལ་འཁོར་ཇི་ལྟར་ལགས། །དེ་སྐད་ཅེས་སྨྲས་པ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མ་ནི་དུར་ཁྲོད་པེ་ཏ་ལི། །ཕ་ནི་དགའ་རབ་དབང་ཕྱུག་ལ། །མས་བྱིན་ཕྱག་ན་ཐོད་ཁྲག་འཛིན། །ཕས་བྱིན་ཕྱག་གི་གྲི་གུག་ལས། །ཐམས་ཅད་ཀུན་ལ་འཚེ་བར་བྱེད། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །ཁྱི་དང་མི་ནག་ས་གཡོས་དང་། །གྲིབ་གནོན་ལྟ་བུར་འོང་བ་ནི། །ནག་པོ་ཆེན་པོ་གྲུབ་རྟགས་ཡིན། །མོན་སྲན་གྲེའུ་འཛམ་བུ་སྟེ། ཁེང་ཐོག་རྣམ་པ་སྣ་ཚོགས་དང་། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །བདུག་སྤོས་དྲི་མཆོག་ལྡན་པ་དང་། །བ་གླང་ཤ་དང་རྟ་ཤ་དང་། །ཁྱི་ཤ་དག་དང་ཤ་ཆེན་དང་། །གླང་ཆེན་ཤ་དང་རྣམ་པ་ལྔ། །གླ་རྩི་དྲི་ཆུ་ཙཛིན་གཉིས། །གོ་རོ་ཙ་ན་སྦྱར་བ་ནི། །དེ་དག་གྲུབ་པའི་དམ་རྫས་ལགས། །ཁྲུ་རེ་བ་ལ་རིམ་པ་གསུམ། །རིམ་བཞིན་ཕྱག་སོར་གསུམ་པའི་ཚད། །དབུས་མིན་པར་ནི་ནག་པོ་སྟེ། །དེ་ཡི་རྒྱར་ནི་ཟླུམ་པོ་སྟེ། །རྒྱར་ནི་ཟུར་གསུམ་དམར་པོར་བྱ། །རྩིབས་བརྒྱད་ཕྱེད་ཆ་ནག་པོར་བྱ། །མུ་ཁྱུད་སོར་གསུམ་དང་པོ་དམར། །གྲི་གུག་དམར་སྐྱའི་ཕྲེང་དང་རིམ། །སྒྲུབ་པའི་དཀྱིལ་འཁོར་དེ་ལྟར་ལགས། །ཕྱག་གི་ཐོད་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁེན་ཏུ་ཟླུམ་ལ་ཚང་ཆག་གཅིག །སྤྱི་བོ་ཅུང་ཟད་འབུར་བ་དང་། ཁྲེང་ལོ་གཉིས་དང་ཟིལ་འབྲུར་ལྡན། །གྲི་གུག་མཚན་ཉིད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སོར་བཅུ་རྡོ་རྗེའི་ཡུ་བ་ཅན། །ཡུ་བའི་རྩ་བར་ཧུ༷་གན་པར། །སོ་ནི་ཟླ་ཕྱེད་ལྟ་བུར་བྱ། །ཐང་ཀ་བྲི་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ར་ཆེན་ཤིན་ཏུ་གཉན་པ་ལ། །རོ་ཡི་སྐྲ་ཡིས་ཐིག་བཏབ་ལ། །འོག་ཏུ་རྡོ་རྗེའི་བྲག་སྟེང་དུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། །དེ་སྟེང་ཞིང་གཉིས་བསྣོལ་མར་བྲི། །ཉི་མའི་དཀྱིལ་འཁོར་སེར་པོར་བྲི། །དེ་སྟེང་སྐུ་ཚད་ཁྲུ་གང་བ། །ཁ་དོག་ནག་པོ་སྤྱན་གསུམ་པ། །མཆེ་བ་ལྷང་ངེར་གཙིགས་པའོ། །རལ་པ་ནག་པོ་གྱེན་དུ་གཡེངས། །བརྒྱ་ཕྱེད་ལྔ་བཅུའི་དོ་ཤལ་བྱས། །ཐོད་པ་ལྔ་ཡི་དབུ་རྒྱན་བྱས། །སྟག་གི་པགས་པས་སྨད་དཀྲིས་ཤིང་། །ནག་པོ་སྦྲུལ་གྱིས་ཡན་ལག་བརྒྱན། །ཁ་ནས་ཁྲག་འཛག་སྤྱན་མིག་དམར། །གཡས་ཀྱིས་གྲི་གུག་ཕྱར་བ་དང་། །ཐོད་པ་སྙིང་གི་ཐད་དཀར་འཛིན། །སྐྲ་ནི་སྟེང་གི་ཕྱོགས་སུ་གཟེངས། །སྙིང་གར་འཁོར་ལོ་རྩིབས་བརྒྱད་ལ། །དབུས་ནི་གྲུ་གསུམ་ཉི་མར་བཅས། །དེ་དབུས་རྡོ་རྗེ་གྲི་གུག་བྲི། །ཕུར་བུའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུར་ཁྲོད་ཤིང་ངམ་སེང་ལྡེང་ལ། །མ་ཧྭ་ཀྭ་ལའི་སྐུ་བྱའོ། །རབ་ཏུ་གནས་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨ་ལས་བྱུང་བའི་ཐོད་པ་ལྔ། །ནག་པོའི་ཕྱག་གི་ཐོད་པ་བསྟིམ། །མདུན་དུ་ནག་པོ་ཆེན་པོ་བསྐྱེད། །སྔགས་སྟོང་བཟླས་ལ་རབ་གནས་བྱ། །ཧྲུ༷་ལས་བྱུང་བའི་གྲི་གུག་ལ། །ཡུ་བའི་ཧུ༷་ལས་འོད་ཟེར་འཕྲོས། །སླར་འདུས་ནག་པོའི་ཆེན་པོར་བསྐྱེད། །རང་བཞིན་མགོན་པོ་སྤྱན་དྲང་གཞུག །དེ་ནས་སྔགས་བཟླས་རབ་གནས་བྱ། །ཐང་ཀ་རབ་ཏུ་གནས་པ་ལ། །དང་པོ་ཚད་ལྡན་དཀྱིལ་འཁོར་བརྩིགས། །དམ་རྫས་སྣ་ཚོགས་འབྱོར་བ་བསགས། །ནག་པོ་བསྐྱེད་ལ་སྔོན་བསྙེན་བྱ། །འབུམ་དྲུག་བཟླས་ནས་སྤྱན་དབྱེ་བ། །ཨོ་མ་ཧྭ་ཀྭ་ལ་ཙཀྱུ་པ་ལམ་ཧྲི། ཞེས་བརྗོད་དོ། །དེ་ནས་རང་ཉིད་དེར་བསྐྱེད་དོ། །རང་བཞིན་མགོན་པོ་བཞུགས་པར་བྱ། །དེ་ནས་ཟིརའམ་ཉུང་དཀར་ལ། །འབུམ་བཟླས་ནས་ནི་རབ་གནས་བྱ། །ཕུར་བུ་རབ་ཏུ་གནས་པ་ལ། །ཡི་གེ་ཧུ༷་ལས་ནག་པོར་བསྐྱེད། །རང་བཞིན་མགོན་པོ་སྤྱན་དྲང་གཞུག །དེ་ནས་སྔགས་ཀྱིས་རབ་གནས་བྱ། །ཨོ་མ་ཧྭ་ཀྭ་ལ་ཀི་ལ་ཡ་ཕཊ། །སྟོང་རྩ་བརྒྱད་ཀྱིས་བཏགས་པ་བརྗོད། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། གླེང་གཞི་དང་རྟེན་རབ་ཏུ་གནས་པའི་ཆོ་ག་བསྟན་པའི་ལེའུ་སྟེ་དང་པོའོ།། །།ལྷ་བསྐྱེད་པ་ནི་ཇི་ལྟར་ལགས། །བཅོམ་ལྡན་འད་ཀྱི་བཀའ་སྩལ་པ། །དང་པོ་སྡུ༷་ལ་གཞན་ཡ་ཁང་། །ཟུར་གསུམ་ཟུར་དུ་སྒོ་ཡོད་པ། །ཞིང་གི་ཀ་གདུང་གྲབ་དྲལ་ལ། །ཐོདཔསྐམརློནརྩིགཔརལྡན། །གྲི་གུག་ཡུ་ཅན་མེ་རིས་མཚན། །དེ་ཡི་འོག་ཏུ་རྡོ་རྗེ་བྲག །མཐིང་ནག་ཤིན་ཏུ་གཏམས་སྐྲའི་སྟེང་། །དེ་སྟེང་གྲུ་གསུམ་ཟླ་གམ་གསུམ། །འཁོར་ལོ་རྩིབས་བརྒྱད་མཐིང་ག་ལ། །གྲི་གུག་མཐིང་གའི་ར་བས་བསྐོར། །དེ་སྟེང་རོ་གཉིས་བསྣོལ་སྟེང་དུ། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །བདག་ཉིད་ཐུག་ཀར་ཧུ༷་བྱུང་ནས། །ཉི་མའི་སྟེང་དུ་གན་པར་བསམ། །དེ་ལ་གྲི་གུག་ཧུ༷་གིས་མཚན། །འོད་དུ་ཞུ་ནས་མགོན་པོར་གྱུར། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །ཁ་ནས་ཁྲག་ཆེན་ཁྲོས་ཙམ་ན། །རང་གིས་ཡན་ལག་ཤ་གཅོད་བྱེད། །ཁྲག་གི་རྒྱུན་ཡང་འཇིབ་པར་བྱེད། །སློབ་དཔོན་ལ་སྨོད་བསྟན་ལ་སྡང་། །དམ་ཚིག་ལ་འཆོལ་མཚམས་མེད་བྱེད། །དེ་རྣམས་མགོར་གནས་རྣམ་ཤེས་བཟའ། །གཡས་ན་གྲི་གུག་གཡོན་ཐོད་ཁྲག །སྟག་ལྤགས་རློན་པས་སྨད་དཀྲིས་ཤིང་། །ག་་པ་སྤྱན་གསུམ་གསུས་པ་འཕྱང་། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན། །མཆེ་བ་གཙིགས་ཤིང་སྤྱན་མིག་བཟློག །སྐུ་ལ་ནག་པོ་གྲངས་མེད་འཕྲོ། །དེ་ཡི་ཐུགས་ཀར་དཀྱིལ་འཁོར་བསམ། །དེ་སྟེང་ཉི་སྟེང་གྲི་གུག་ལས། །རྡོ་རྗེའི་རྩ་བར་ཧུ༷་གནས་ལ། །འོད་འཕྲོས་རང་བཞིན་མགོན་པོ་དགུག །རྡོ་རྗེ་འལོ་གི་སྤྱན་སྔ་སྲ །ཇི་ལྟར་ཁས་བླངས་དམ་བཅས་པ། །བྱིན་གྱིས་བརླབས་པའི་གནས་འདི་སྲ །དྲག་པོའི་ལས་ལ་སྤྱན་འདྲེན་བཞུགས། །ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར། །གཞན་གྱི་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནག་པོ་ཆེན་པོ་ཁྱོད་ཉོན་ཅིག །སྔར་བཤད་པ་ཡི་དཀྱིལ་འཁོར་དུ། །དབུས་སུ་ནག་པོ་ཆེན་པོ་ནི། །དྲག་བྱེད་ཚུལ་དུ་བསྐྱེད་བྱས་ནས། །རྩིབས་བརྒྱད་ལ་ནི་གོ་རིམ་བཞིན། གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མོ་དང་། གཤིན་རྗེ་བེ་ཅོན་མ་དང་། གཤིན་རྗེ་དུས་མཚན་མོ་དང་། གཤིན་རྗེ་ལྕགས་ཀྱུ་མོ་དང་།གཤིན་རྗེ་ཞགས་པ་མོ་དང་། གཤིན་རྗེ་ལུ་གུ་རྒྱུད་མ་དང་། གཤིན་རྗེ་འབེབས་པ་མ་དང་། དུར་ཁྲོད་མ་མོ་འདི་དག་ཀྱང་། །གཡས་ན་གྲི་གུག་མཚན་མ་དང་། །ཕྱག་གཡོན་ན་ནི་ཐོད་ཁྲག་འཛིན། །གཞན་མ་ཆ་ལུགས་གཙོ་དང་མཚུངས། །དེ་ཡི་ཕྱི་རིམ་བརྒྱད་པོ་ལ། །གདན་གྱི་སྟེང་དུ་བསམ་བྱ་བ། །ལས་ཀྱི་གཤིན་རྗེ་བརྒྱད་པོ་ནི། །ཤར་ཕྱོགས་སུ་ནི་ཡ་བ་ཏེ། །ལྷོ་ཕྱོགས་སུ་ནི་རྒྱལ་པོའོ། །ནུབ་ཕྱོགས་སུ་ནི་ཏིལ་པ་སྟེ། །བྱང་གི་ཕྱོགས་སུ་གླང་མགོ་ཅན། །བྱང་ཤར་རལ་པ་ཚར་དགུ་སྟེ། །ནུབ་བྱང་གཤིན་རྗེ་སྨིག་པ་བསམ། །ལྷོ་ནུབ་གཤིན་རྗེ་ཕྱ་སངས་བསྐྱེད། ཁྲར་ལྷོ་མཚམས་སུ་མིག་དམར་དགོད། །དེ་དག་ཁ་དོག་སྔོ་སྐྱ་ལ། །གྲི་དང་ཐོད་པ་ཐོགས་པའོ། །སྤྱན་དྲང་ཆོ་ག་གོང་དང་མཅོས། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས་ལྷ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།དབང་བསྐུར་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔར་བཤད་པ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བཤམས་བྱས་ལ། །ནགཔོཆེནཔོསྤྱནདྲངས་ལ། །དེ་ཡི་མདུན་དུ་བསྙེན་པ་ནི། འབུམ་དུ་བྱས་ནས་སྤྱན་ཕྱེ་ལ། །སྔར་བཤད་པ་ཡི་བྲིས་སྐུ་རྟེན། །དེ་ལ་གྲི་གུག་ཐོད་པ་དང་། །ཐང་ཀས་དབང་བསྐུར་ཚོགས་ལ་བཤད། ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས་དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། །།ནག་པོའི་ལྷ་རྒྱུད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐུ་དང་གསུང་དང་ཐུགས་ཀྱི་ནི། །ལྷ་རྒྱུད་བསྟན་གྱིས་མཉན་པར་གྱིས། །ཧུ༷་སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་བདག །ག་་པོ་ཁྱོད་ལ་བདག་བསྟོད་དོ། །ཧུ༷་མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་ཐོད་པ་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཧུ༷་ཁྲོས་པའིཞབས་བརྡབས་ས་གཞི་གཡོས། །འཇིགས་པའི་གད་མོས་རི་རབ་བསྤྱིལ། །དམ་ཚིག་ཉམས་པའི་སྙིང་འབྱིང་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལྷ་རྒྱུད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།གཏོར་མའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱི་བཤད་དུ་གསོལ། །བཅོམ་ལྡན་འད་ཀྱིས་བཀའ་སྩལ་པ། །ལྷ་ནི་མཉེས་པར་བྱེད་པ་དང་། །བར་ཆད་ཞི་བར་བྱ་བའི་ཕྱིར། །གཏོར་མ་བཤད་ཀྱིས་མཉན་པར་གྱིས། །ཨ་ལས་བྱུང་བའི་ཐོད་པ་ཡི། །ནང་དུ་སྔར་བཤད་རྫས་རྣམས་བསམ། །འོག་ཏུ་ཡ༷་ལས་རླུད་བསམ་ལ། །དེ་སྟེང་ར༷་ལས་མེ་འབར་བས། །གཏོར་མའི་སྟེང་དུ་ཉི་མ་བསམ། །དེ་སྟེང་ཧུ༷་ལས་གྲི་གུག་བསམ། །དེ་ལས་འོད་ཟེར་གཉིས་སུ་འཕྲོས། །འོག་མས་གཏོར་མ་བདུད་རྩིར་བསྒྱུར། །རླུད་གིས་མེ་སྤར་ཐོད་པ་བསྲོས། །སྔོ་དང་དམར་དང་དཀར་པོར་བསྒྱུར། །དེ་ནས་སྟེང་གི་འོད་ཟེར་གྱིས། །རང་བཞིན་གྲུབ་པའི་བདུད་རྩིར་གྱུར། །གྲི་གུག་ཉི་བཅས་འོད་དུ་ཞུ། །དེ་ནས་སྔགས་འདི་བརྗོད་པར་བྱ། །ཨོ་མ་ཧྭ་ཀྭ་ལ་ཡུ་ཙྭ་ན་ཨ་ཕྲི་ཏ་ཨོ་ཨུཿཧུ༷་ཧུ༷་མ། དེ་ནས་སྔག་ཀྱི་དབུལ་བར་བྱ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། །གཏོར་མ་ཆོ་ག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།སྔག་རྣམ་ཐམས་ཅད་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལས་རྣམས་ཐམས་ཅད་འགྲུབ་པར་བྱེད་པ། དྲག་བྱེད་ཐམས་ཅད་གནོན་པར་བྱེད་པ། བགེགས་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་སྒྲོལ་བར་བྱེད་པ། སེར་བ་ཐམས་ཅད་གཅོད་པར་བྱེད་པ་དང་། ཆར་པ་དབབ་པ་དང་། བཅད་པ་དང་། ཡི་དྭགས་སྐྲོད་པ་དང་། མ་མོ་དང་འབྱུང་པོ་ཐམས་ཅད་དབང་དུ་སྡུད་པ་དང་། རིག་སྔགས་རྦོད་གཏོང་གཅོད་པ་དང་། ནག་པོ་ཆེན་པོའི་སྙིང་པོ་དང་འབོད་རྦད་བསད་གསུམ་གྱི་སྙིང་པོ་དང་། འཁོར་ལོའི་སྔགས་བརྗོད་པར་བྱ་ཡིས་ཉོན་ཅིག །ཨོ་ཤི་མ་ཧྭ་ཀྭ་ལ་ཧུ༷་ཕཊ། ཨོ་མ་ཧྭ་ཀྭ་ལ་ཤཱ་ས་ནཨུ་པ་ཀྭ་རི་ནི། ཨེ་ཥའ་པསྩི་མ་མ་ཀྭ་ལོ་྅་ཡ་མི་རྡ་རཏྣ་ཏྲ་ལྭ་ཡཨུ་བ་ཧ་རི་ཁི་ཡ་ཏི་པྲཙྭ། སྨུ་ར་སི་ཏ་དྭ། ཨི་ད༷་དུཛི༷་ཁ་ཁ་ཁུ་ཧི་ཁུ་ཧི། །མུ་ར་བཱ་ར། གྲིཎྜ་གྲིཎྜ། བྷནྟྲ་བྷརྙ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧུ༷་ཕཊ། ཨོ་ཡ་མ་རྭ་ཛ་ས་དྭ་མེ་ཡ། ཡ་མེ་དོ་སྲ ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡསྟེ་ཡ་ཡཀྟ་ཡསྣྲོ་ནི་ར་མ་ཡ་ཧུ༷་ཕཊ། ཨོ་ནི༷སྐྱི༷༷ཝ་ཀྲི་ཏྭ་ནན་ཧུ༷་ཕཊ། ཨོ་ཡ་མྱརྙ་ཀ་ཧ་ན་ཧུ༷་ཕཊ། ནག་པོ་ཆེན་པོ་རྒྱུད་དུར་ཁྲོད་ནག་པོ་ལས། སྔག་ཀྱི་ལེའུ་སྟེ་དྲུག་པའོ།། །།ཐུག་དམ་བསྐུལ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ༄་པ། །ནག་པོ་ཆེན་པོ་ལས་ལ་བསྐུལ་བ་ནི། །ང་ཡིས་བཤད་ཀྱི་ཁྱོད་ཀྱིས་ཉོན། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་སྲུང་བར་སྐྱེད་བྱེད་པ། །ནག་པོ་ཆེན་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །རལ་པ་ནག་པོ་གྱེན་དུ་གཡེང་། །སྟེང་གི་ལྟ་ཚངས་འཇིགས་པར་བྱེད། །སྤྱན་བགྲད་ལྗགས་འདྲིལ་བར་གྱི་ལྷག་དོན་བསྡིག །གཡས་པ་གྲི་གུག་གནོད་སེམས་ཅན་ལ་སྡང་། །གཡོན་པ་ཐོད་ཁྲག་གནོད་སེམས་ཁྲག་གང་གསོལ། །ཞབས་བརྡབ་གནོད་སེམས་ཅན་གྱི་ལས་ལ་ཉེད། །གང་གི་དཀོན་མཆོག་གསུམ་ཁྲོ་དང་། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་གིས་ད་སྒོས་ཀུན་ཁུག་ལ། །ལིསྐོ་འདི་ལ་མྱུར་དུ་ཆུག །འདི་ཡི་ཤ་ཟོ་ཁྲག་འཐུང་ལ། །རུས་པ་ཀླད་པ་ནང་རོལ་ཟོ། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བོ་ཀུན་དང་ཕྲོལ་ལ་ཐོང་། །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ནི་ཉམ་པར་འགྱུར། །ཞེ་བསྐུལ་ལོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། བསྐུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ལིསྐོ་བཅའ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འབྲུ་ནག་སྣ་ཚོགས་པྱེ་མ་ལ། །ཚ་བ་གསུམ་གྱིས་གཟུགས་བརྙན་བྱ། །དུག་དང་སྐེ་ཚེ་ལན་ཚྭ་དང་། །རྒྱ་ཚྭ་ཁ་ཚྭ་རྩབས་རུ་ཚྭ། །སྔགས་དང་དགྲ་མིང་སྤེལ་ལ་བྲི། ཁེ་ཀྭའི་ཁྲག་དང་མྱོས་བྱེད་ཀྱིས། །ཁྱད་པར་དུ་ཡང་དགྲ་མིང་བྲི། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་ནི། །རྩིབས་དང་རྩི་བར་རྣམས་ལ་ནི། །སྙིང་པོ་དགྲ་མིང་སྤེལ་ལ་བྲི། །མུ་ཁྱུད་འཁོར་བར་སྔགས་རིང་དང་། །བསད་བཅས་སྔགས་དང་དགྲ་མིང་སྤེལ། །དྲིལ་ནས་སྙིང་གར་གཞུག་པར་བྱ། །དེ་ནས་འབོད་རྦད་བསད་གསུམ་ནི། །སྟོང་རྩ་བརྒྱད་ཀྱི་བར་དུ་བརྗོད། །དེ་ནས་ནག་པོ་གྲངས་མེད་འཕྲོས། །གྲི་གུག་གིས་ནི་ལུས་བཀུག་ནས། །སྔགས་ཀྱི་ལིདྷ་དག་ལ་གཞུག །སྙིང་པོའི་སྔགས་ཀྱི་འོད་ཟེར་གྱིས། །སེམས་བཀུག་ནས་ནི་སྙིང་གར་གཞུག །དེ་ནས་སྔར་བསྟན་བསྐུལ་བར་བྱ། །ནག་པོ་ལས་ནི་ནག་པོའམ། །ཡང་ན་དངོས་པོ་སོང་བས་ནི། །ཕུང་པོ་ལྷག་མ་དེ་བཀུག་ནས། །སྔ་མ་ཞབྲུལ་འཁོར་དེ་ལ་གཞུག །སྔགས་དང་དགྲ་མིང་སྤེལ་ལ་བྲི། །སྔར་བཤད་པ་ཡི་དཀྱིལ་འཁོར་དུ། །དུར་ཁྲོད་ཤིང་དང་ཕུབ་མ་ལ། །པདྨ་འཛག་པའི་རཀྟ་དང། །ཚིལཆེནགུགུལནགཔོ་དང་། །དྷ་དུ་ར་ཡི་འབྲ་བུ་བསྲེགས། གདུང་ལ་ཚེར་མ་ཆིག་རྣམ་དགང་། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལིདྨ་བཅའ་བ་དང་ཁ་སྦྱོར་གྱི་ཆོ་ག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།སྦྱིན་བསྲེག་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔར་བཤད་པ་ཡི་ཐབ་ཁུང་དུ། །གནག་ཅིང་རྩུབ་པའི་ཤིང་བརྫངས་ནས། །ལིསྐོ་གཡས་སུ་བཅའ་བར་བྱ། །འབྲས་བུ་རྣམ་པ་སྣ་ཚོགས་དང་། །དུག་གི་རིམ་པ་ཅི་འབྱོར་དང་། །ལྕགས་སམ་ཐོད་པར་བླུགས་ནས་ནི། །མཆོད་པའི་རྫས་དང་གཡོན་དུ་དགྲམ། །མགོ་ལས་བྱས་པའི་དགང་བླུགས་དང་། །ཚིལ་ཆེན་ཞུན་མར་མདུན་དུ་དགྲམ། །དེ་ནས་སྔགས་པས་མཉམ་གཞག་པས། །སྔར་བཤད་པ་ཡི་ཆོ་ག་ཡིས། །དགྲ་བགེགས་བཀུག་ལ་གཟུགས་ལ་བཅུག །དེ་ནས་ཕྱག་གི་གྲི་གུག་གིས། །སྔགས་བརྗོད་ནས་ནི་ག་་པར་བྱ། །དེ་ནས་ཐབ་ཁུང་དེ་ཉིད་དུ། །ཡ༷་ལས་རླུད་དང་ཉི་མ་དང་། །དེ་སྟེང་ར༷་གྱིས་བཞུ་ནས་ནི། །གྲི་གུག་ཧུ༷་གིས་མཚན་པར་གྱུར། །དེ་ལ་མེ་ལྷ་བསྒོམ་པ་ནི། །མདོག་ནག་གདོང་བཞི་ལག་པ་བཞི། །གཡས་ཀྱི་དང་པོ་གྲི་གུག་ལ། །གཡོན་པ་ན་ནི་ཐོད་པ་བསྣམས། །འོག་གཉིས་བེ་ཅོན་རིལ་པའོ། །སྙིང་གར་ཧཱུཾ་དང་ལྕེ་ལ་ར༷། །སྙིང་གར་ཧུ༷་ལས་འོད་ཟེར་འཕྲོས། །རང་བཞིན་གནས་ནས་སྤྱན་དྲང་བཞུགས། །དེ་ནས་མེ་སྤར་རིམ་བཞིན་མཆོད། །ཨོ་ཨསྣ་ཡེ་ཆེ་གེ་མོ་ཤཱ་ར་ཡ་ཧུ༷་ཕཊ། དེ་ཡི་ཐུགས་ཀར་ནག་པོ་བསམ། །མཆོད་པ་ཕུལ་ཏེ་སྲེག་པའི་སྔགས། །སྔགས་དང་ལིརྙ་རེ་རེ་ལྡན། །ཨོ་མ་ཧྭ་ཀྭ་ལ་ཆེ་གེ་མོ་སརྦ་ཤ་ཏྲུ༷་ཏུ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། ཡང་ན་སྔར་བསྟན་སྔགས་ཀྱི་དབུལ། ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། སྦྱིན་སྲེག་གི་ལེའུ་སྟེ་དགུ་པའོ།། །།ནག་པོ་ཆེན་པོ་གསོལ་པ། མནིན་པའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འད་ཀྱི་བཀའ་སྩལ་པ། །མནན་པའི་ཆོ་ག་བཤད་པར་བྱ། །ཐིག་བཞི་པ་ལ་རེ་མིག་དགུ། །ཐིག་སྐོར་གཉིས་ཀྱིས་བསྐོར་བ་བྲི། །དེ་ནས་ཡི་གེ་བྲིས་ནས་ནི། །རྩ་བའི་སྔགས་ནི་དབུས་སུ་བྲི། །བར་མའི་ཆ་ལ་སྙིང་པོ་བྲི། །ཐ་མར་ཉེ་བའི་སྙིང་པོ་བྲི། །འཁོར་ལོ་རྩིབས་བརྒྱད་བྲི་ནས་ནི། །འབོད་རྦད་གཉིས་ནི་རྩིབས་པར་དགོད། །ཡི་གེ་གཞི་དང་སྙིང་པོ་ནི། །མིང་དང་སྤེལ་ནས་ནང་ཚ་ལ། །བསད་པ་བརྒྱད་ནི་ཐད་ཀ་སྟེ། །ཐིག་ལེས་དེ་དག་འཁོར་བར་བྱ། །རབས་ཆད་ཐོད་པ་གཡས་གཡོན་ལ། །བྲིས་ནས་དེ་ནང་ལིསྐོ་གཞུག །དེ་ནས་ཉི་མ་བདུན་གྱི་བར། །སྦྱོར་བ་བཞི་ཡི་ཆོ་ག་བརྩམ། །དེ་ནས་ཉི་མ་དང་པོ་ལ། །ཨོ་ཡ་མ་རྭ་ཛ་དོ་མེ་ཡ། ཡ་མེ་དོ་རུ་ཆེ་གེ་མོ་པྲ་མོ་ཡ༷་ཀུ་རུ་ཧུ༷་ཕཊ། ཉི་མ་གསུམ་པ་ལ། ཡ་ད་ཡོ་ནི་ར་ཡ་སྟེ་ཡ་ཆེ་གེ་མོ་རཀྟ་ཙ་ར་ཡ་ས་ཡ་ཧུ༷་ཕཊ། ཉི་མ་བཞི་པ་ལ། ཡཀྟ་ཡསྣྲོ་ནི་ར་མ་ཆེ་གེ་མོ་མུ་ར་ཡ་ཧུ༷་ཕཊ། ཡ་བ་ཏི་དང་ཕྱུ་སངསདང། །གཤིནརྗེའབེབས་པ་མ་རྣམས་ནི། །བསྒྲུབ་བྱའི་འཁོར་དུ་བཔ་པའོ། །གླང་མགོ་ཅན་དང་། སྨིག་པ་གཤིན་རྗེ་ཕོ་ཉ་མོ། །གཤིན་རྗེ་མཆེ་བ་མོ་རྣམས་ནི། །བསྒྲུབ་བྱ་བསྙོ་རུ་བམ་པའོ། །གཤིན་རྗེ་རལ་པ་དང་ཆོ་ཀྱི་རྒྱལ་པོ་དང་། །གཤིན་རྗེ་ལྕགས་ཀྱུ་མ་དང་། །གཤིན་རྗེ་ཞགས་པ་མོ་རྣམས་ནི། །བསྒྲུབ་བྱ་ཁྲག་ཏུ་སྒྱུག་པའོ། །རལ་པ་ཚར་དགུ་དང་། མིག་དམར་དང་། གཤིན་རྗེ་མགོ་མོ་ནག་མོ་དང་། དུས་མཚན་ནག་མོ་རྣམས་ནི་གསོད་པའི་ལས་བྱེད། ཉི་མ་ལྔ་པ་ཡི་གེ་བཅུ་པའོ། །ཉི་མ་དྲུག་པ་ལ་ཡི་གེ་བདུན་པའོ། །དེ་དག་ནི་བསད་པའི་ལས་ལ་སྦྱར་བའོ། །ཉི་མ་བདུན་པ་ལ་ནག་པོ་ཆེན་པོའི་སྔགས་བརྗོད་ནས་དུར་དུ་སྦ་བའམ། ཡང་ན་ཉི་མ་བཞིར་བྱས་ནས་དུར་དུ་སྦས་ནས་རྒྱུད་མི་ལུས་པར་འགྱུར་རོ། །འཁོར་ལོ་རྩིབས་བརྒྱད་བྱས་ནས་ནི། །ཀླུ་བརྒྱད་བྲིས་ནས་བར་དུ་བཅུག །ཀླུ་ཡོད་གནས་སུ་སྦས་གྱུར་ན། །དེ་ནི་ལོ་ལས་མི་འདའ་བར། །གང་ལ་བྱ་བ་འཆི་བར་འགྱུར། །ཁྲི་འཕང་བརྒྱད་པའི་མཆོད་རྟེན་དུ། །ལིདྷ་ལོག་ནས་བཔ་བྱས་ཏེ། །རྩ་བའི་སྔགས་ཀྱང་གཞུག་བྱས་ན། །དེ་ཡང་གོང་དང་འདྲ་བར་འགྱུར། །གང་འདོད་ཡུལ་གྱི་ལྷ་རྟེན་གནས། །ནག་པོ་བསྐྱེད་ལ་གཏོར་མ་སྤྱིན། །སྔོན་བཤད་བསྙེན་པ་ཚང་བར་བྱ། །ཡུལ་འདིར་སེར་བ་མྱུར་དུ་ཕོབ། །བསྒོས་ན་སེར་བ་འབེབས་པར་བྱེད། །དེར་ནི་གཏོར་མ་གཏེར་དུ་སྦས། །ཡུལ་ལྷའི་སྙིང་གར་ཕུར་བུས་གདབ། །དེས་ནི་ཐེ་ཚོམ་སོམ་ཉི་མེད། །སྔོན་བསྙེན་གོང་དུ་སོང་བ་ཡིས། །མང་པོ་སྐྲུ་ཅན་དཀྱིལ་འཁོར་སྔགས། །སྟོང་ངམ་ཁྲི་ཕྲག་བསྙེན་པ་བྱ། །དེ་ནས་ར་རུ་གཡས་པ་སྲ །འབུམ་ཕྲག་བཟླས་ནས་ཉུང་དཀར་བསགས། །ཁ་གཅོད་ནས་ནི་གནས་སུ་སྦ། །ཨོ་ཀྲི་ལི་ཤག་སེར་དྲིལ་སྨྱོ། ཨོ་ཛ་ཏི་ཁེ་ཤར་པོ་དྲིལ༷ ་སྨྱོ། །ཨོ་ཕྲ་མ་ཡ་ཀར་ཀྲི་ཕིབ་སྨྱོ། །དེ་ནས་མི་རྐང་སྒྱེད་པུའི་སྟེང་དུ་མནོལ༷་ཐོད་བཙུག དེ་ཡི་ནང་དུ་འོ་མ་དང་། སྔོ་ཁུ་དང་། དུག་ཁྲག་སྣ་ཚོགས་བསྐོལ།རབས་ཆད་ཐོད་པས་ཁ་བཅད། འོག་ཏུ་དུག་མེ་འབུད། ཨོ་བོར་མའི་སྔགས་བྱ། ར་གསོབ་གདབ། སྐྱེར་ཕུར་ལྔ་ལ་འོག་དང་ལོགས་ལ་ཨོ་ལྔ་བྲིས་ལ་བསྲུངས་སུ་བཙུག རྦད་བསྐུལ་བྱ། ཁྱི་ཡི་ཐོད་པ་ལ་སྔ་མའི་སྩོར་བ་བྱས་ལ་ཁང་སྨད་དུ་སྦས་ན་གང་བསྒོ་བ་འགྲུབ་བོ། །ཐལ་བའི་ཉུལ་དཀར་ལ་བཟླས་ཏེ་གཏེར་ན་སེར་བ་ཆད་པར་འགྱུར་རོ། །དེ་ནས་དུར་ཁྲོད་ཤིང་རས་ལ། །དུག་དང་སྔ་མའི་རྫས་རྣམས་ཀྱིས། །འཁོར་ལོ་རྩིབས་བརྒྱད་གཉིས་བྲིས་ལ། །རྩིབས་ལ་མ་གཤིན་བཅུ་དྲུག་བྲི། །དབུས་སུ་དགྲ་ཡི་མིང་རུས་སྦྲུལ་ནག་པོ་མགོ་བདུན་ཡོད་པས་དཀྲིས། དེའི་ཁང་ནི་ཡི་གེ་ཁ། དེ་རྒྱབ་སྔར་བཤད་སྔགས་ཀྱིས་བསྐོར། །དེ་ནས་ལིསྐོའི་བར་བཅུག་ལ། །ཁ་སྦྱར་བྱས་ལ་ཐོད་པར་གཞུག །དུག་གིས་བྱུག་ལ་སྔགས་ཀྱིས་གདབ། །སྦྲུལ་དང་སྦལ་པ་ལྕོང་མོའི་ཤ །དུག་ལ་བསྲེག་ཅིང་བདུག་པར་བྱ། །ཕུར་བུས་བཏབ་ནས་ཀླུའམ་ནི། །ས་བདག་མགུལ་བསྐྱེད་་་་་་་གསུམ་པ་ཡི། །བར་དུ་སྦས་ནས་རིམས་ཀྱིས་འཛིན། །མཛེས་འཛིན་པ་ལ་ཐེ་ཚོམ་མེད། །སྤོག་པའི་ཆོ་ག་ནི། །སྔ་མའི་རྫས་རྣམས་ལ་ལིསྐོ་བྱས་ཏེ། སྙིང་གར་མིང་རུས་བཅུག་ནས། དུར་ཁྲོད་ཀྱི་མེ་ལ་བདུག་ཅིང་། སྔགས་ཟློག་ནས་བཟླས་ན་ངེས་པར་འགྱུར་རོ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལས་སྦྱོར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།སྔག་རྣམ་བཏུ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་རྣམས་བཏུ་བ་མ་བྱས་ན། །དོན་རྣམས་ལོག་པར་འགྲོ་བར་འགྱུར། །སྔགས་རྣམས་སྤྲོ་བར་མ་བྱས་ན། །དངོས་གྲུབ་འགྲུབ་པར་ཡོངས་མི་འགྱུར། །སྔགས་རྣམས་བསྲེ་བར་མ་བྱས་ན། །རང་དགར་འཇུག་པ་ཉིད་དུ་འགྱུར། །དེས་ན་སྔགས་རྣམས་ངས་བཏུ་ཡིས། །ནག་པོ་ཆེན་པོ་ཉན་པར་གྱིས། །དྲུག་པའི་དང་པོ་དང་། ལྔ་པའི་ལྔ་པ་དང་། དྲུག་པའི་གཉིས་པ་དང་། །དབྱངས་ཡིག་གཉིས་པ་དང་སྦྱར་བ་དང་། གཉིས་པའི་གསུམ་པ་ལ། །དབྱངས་ཡིག་གཉིས་པ་སྦྱར་བ་དང་། བདུན་པའི་གསུམ་པ་དང་། བཞི་པའི་གསུམ་པ་ལ། དབྱངས་ཡིག་བཅུ་གསུམ་པ་སྦྱར་བ་དང་། ལྔ་པའི་ལྔ་པ་ལ། དབྱངས་ཡིག་བཅུ་གཅིགཔསྦྱརབའོ། །དྲུག་པའི་དང་པོ་གཉིས་སུ་བགྲང་བ་དང་། ལྔ་པའི་ལྔ་པ་ལ། དབྱངསཡིགབཅུགཅིགཔགནན་པའོ། །བཞི་པའི་གསུམ་པ་ལ། དབྱངས་ཡིག་བཅུ་གསུམ་པ་དང་ལྡན་པ་དང་། དྲུག་པའི་གཉིས་པ་ལ། །དབྱངས་ཡིག་ལྔ་དང་ལྡན་པ་དང་། གསུམ་པའི་ལྔ་པ་དང་། དེ་ནས་རླུད་གི་ས་བོན་སྦྱིན། །དབྱངས་ཡིག་བཅུ་གསུམ་པ་སྦྱོར་བ་དང་། བཞི་པའི་གསུམ་པ་ལ། དེ་ནས་རླུད་གི་ས་བོན་སྤྱིན། དྲུག་པའི་དང་པོ་དང་།བཞི་པའི་གསུམ་པ་དང་། དེ་ནས་རླུང་གི་ས་བོན་སྦྱིན། །དབྱངས་ཡིག་བཅུ་གསུམ་སྦྱིན་པ་དང་། བཞི་པའི་ལྔ་པ་ལ། དབྱངས་ཡིག་གསུམ་པ་སྦྱར་བ་དང་། །དེ་ནས་མེ་ཡི་ས་བོན་སྤྱིན། །རླུད་གི་ས་བོན་དེ་བཞིན་ནོ། །དེ་ནས་ཡིག་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་སྦྱར། །དེ་ནས་རླུད་གི་ས་བོན་མཆོག །དྲུག་པའི་དང་པོ་མཆོག །དེ་ནས་ཡི་གེ་ཐ་མ་སྤྱིན། །དབྱངས་ཡིག་བཅུ་གཅིག་པ་དང་སྦྱིན། །དེ་ནས་རླུད་གི་ས་བོན་ལ།གཉིས་པའི་དང་པོ་གཉིས་གཅིག་ཏུ་བགྲང་བ་དང་། བཞི་པའི་ལྔ་པ་ལ། དབྱངས་ཡིག་གསུམ་ལས་དབྱེ་བའོ། །དེ་ནས་མེ་ཡིས་ས་བོན་ལ། །དབྱངས་ཡིག་གཉིས་པ་དང་སྦྱར་བའོ། །ལྔ་པ་ལ་ཡང་ལྔ་པ་ལ། དེ་ནས་རླུ་་གི་ས་བོན་སྤྱིན། །དང་པོ་རྣམ་པར་སྣང་མཛད་བཞག ལྔ་པའི་གཉིས་པ་ལ། གསུམ་པའི་དང་པོ་ལན་གཉིས་བརྗོད་པར་བྱའོ། སེམས་ཀྱི་ས་བོན་བར་དུ་རྩ་བའི་སྔགས་བཏུ་བའོ། །བདུན་པའི་བཞི་པ་ལ། དབྱངས་ཡིག་བཞི་པ་སྦྱར་བ་དང་། །མེ་ཡི་ས་བོན་འོག་ཏུ་སྦྱིན། །དེ་ནས་བཅུ་དྲུག་ཐ་མའོ། །བདུན་པའི་གཉིས་པ་ལ། །བཞི་པའི་དབྱངས་ཡིག་གིས་སྦྱར་ཏེ། །གསུམ་པའི་དང་པོ་ལ། མེ་ཡི་ས་བོན་འོག་ཏུ་གདགས་པར་བྱའོ། །དེ་ནས་དྲུག་པའི་མཐར་གདགས་པར་བྱའོ། །དྲུག་པའི་བཞི་ལ། དབྱངས་ཡིག་བཞི་པ་སྦྱར། དང་པོའི་དང་པོ་ལ། དབྱངས་ཡིག་བདུན་པ་སྦྱར། བཞི་པའི་དང་པོ་དང་། དབྱངས་ཡིག་གཉིས་པ་སྦྱར། བཞི་པའི་ལྔ་པ་ལ་ནི། བློ་དང་ལྡན་པས་ལན་གཉིས་བརྗོད། །ཡེ་ཤེས་ལྔ་ལྡན་དང་པོར་བཞག །ཡ་མ་བརྒྱད་ཀྱི་་བོན་ལ། །དབྱངས་ཡིག་དྲུག་པ་དང་ལྡན་པ། །སྤྱི་བོ་རུ་ནི་ཐིག་ལེས་བརྒྱན། །ལྔ་པའི་གཉིས་པ་དང་། གསུམ་པའི་དང་པོའོ། །སྙིང་པོའི་སྔགས་བཏུ་བའོ། །དྲུག་པའི་དང་པོ་དང་། །ལྔ་པའི་ལྔ་པ་ལ། དབྱངས་ཡིག་གཉིས་པས་དབྱེ་བའོ། །བཞི་པའི་དང་པོ་དེ་ཉིད་ལས་ལྔ་པའི་དང་པོ་དགོད་དོ། །དང་པོའི་དང་པོ་དང་། ཐོག་མར་རྣམ་སྣང་ས་བོན་སྦྱིན། །དྲན་པ་དེ་བཞིན་མཐར་སྦྱིན་ན། །དྲག་པོའི་མཐར་གདགས། །ཡེ་ཤེས་ལྔ་ལྡན་དང་པོར་དགོད། བདུན་པའི་དང་པོ་འོག་དུ་མེ་ཡི་ས་བོན་སྤྱིན། །དབྱངས་ཡིག་གསུམ་པས་གནན་པར་བྱ། ལྔ་པའི་ལྔ་པ་དང་། མཐར་གནས་པ་ཡི་བཞི་པ་དང་། དང་པོའི་དང་པོ་དང་། ཨརྙསྦའི་གསུམ་པ་དང་། དྲན་པའི་མཐར་ནི་གསོད་བྱེད་གདགས། སྙིང་པོའི་སྔགས་བཏུ་བའོ། །རྣམ་སྣང་ས་བོན་དང་པོར་སྤྱིན། ལྔ་པའི་ལྔ་པ་དང་།མཐར་གནས་པའི་བཞི་པ་དང་། དང་པོའི་དང་པོ་དང་། ཨུརྙསྦའི་གསུམ་པ་དང་། ཨརྙསྦའི་དང་པོ་དང་། མཐར་གནས་པ་ཡི་དང་པོ་དང་། མཐར་གནས་པ་ཡི་གསུམ་པ་དང་། གསུམ་པའི་བཞི་པའི་མཐའ་མ་གཉིས།ལྔ་པའི་དང་པོ་དང་། མཐར་གནས་པ་ཡི་བཞི་པ་དང་། །མ་ནིང་བཞི་ཡི་དང་པོ་དང་། །བཞི་པའི་མཐའ་མ་ལ་དབྱངས་ཡིག་བཅུ་གཅིག་པ་སྦྱར་བ་དང་། དབྱངས་ཡིག་བཅུ་གཅིག་མཐའ་མ་ལ། །མཐར་གནས་པ་ཡི་གཉིས་པ་ལ། །གསུམ་པའི་དང་པོ་འོག་ཏུ་གདགས། །དབྱངས་ཡིག་གསུམ་པས་མནན་པ་དང་། །ཡང་ན་ཡི་གེ་བཞི་པའི་སྒྲ། ་་ག་པ་དང་པོ་དང་། ལྔ་པའི་ཐ་མ་དང་། དབྱངས་ཡིག་གསུམ་པས་མནན་པ་དང་། བཞི་པའི་གཉིས་པ་ལ། བཞི་པའི་དང་པོ་གདགས་པ་དང་། བཞི་པའི་དང་པོ་ལ། འོག་ཏུ་མེའི་ས་བོན་སྤྱིན། དེ་ནས་བཞི་པའི་དང་པོ་ལ། །བཞི་པའི་མཐའ་མ་གཞག་པར་བྱ། །ཡང་ན་བཞི་པའི་དང་པོ་ལ། །འོག་ཏུ་མེ་ཡིས་ས་བོན་གདགས། །ཨརྙསྦའི་དང་པོ་དང་། ལྔ་པའོ་དང་པོ་དང་། མཐར་གནས་པ་ཡི་བཞི་པ་དང་། མ་ནིང་བཞི་པའི་གཉིས་པ་དང་། གསུམ་པའི་མཐའ་མ་ལ། ལྔ་པའི་མཐའ་མ་བཞག །ཨརྙསྦའི་དང་པོ་དང་། །བཞི་པའི་དང་པོ་ལ། །དབྱངས་ཡིག་གསུམ་པ་བཞག་པའོ། །ལྔ་པའི་དང་པོ་ལ་འོག་ཏུ་མེའི་ས་བོན་གདགས། བཞི་པའི་དང་པོ་ལ། དབྱངས་ཡིག་གསུམ་པ་བཞག་པ་དང་། །དེ་ནས་གཉིས་པའི་གསུམ་པ་བརྗོད། །མཐར་གནས་པ་ཡི་གསུམ་པ་ལ། །ལྔ་པའི་ཐ་མ་འོག་ཏུ་གདགས་པ་དང་། །ཨརྙསྦའི་གཉིས་པ་དང་། །མཐར་གནས་པ་ཡི་གསུམ་པ་ལ། །དབྱངས་ཡིག་གསུམ་པ་སྦྱར་བ་དང་། གསུམ་པའི་དང་པོ་ལ། དེ་ཡི་མཐའ་མར་ལྡན་པ་དང་།དེ་ནས་དབྱངས་ཡིག་གསུམ་པ་དང་། གསུམ་པའི་གསུམ་པ་ལ། ལྔ་པའི་ལྔ་པས་མཚན་པ་དང་། བཞི་པའི་གསུམ་པ་ལ། དབྱངས་ཡིག་ལྔ་པ་སྦྱར་བ་དང་། མཐར་གནས་པའི་དང་པོ་ལ། དང་པོའི་གཉིས་པ་ལན་གཉིས་བརྗོད་པ་དང་། དེ་ནས་དང་པོའི་གཉིས་པ་ལན་གཉིས་བརྗོད་པ་དང་། མཐའ་གནས་པའི་བཞི་པ་ལ། དབྱངས་ཡིག་གསུམ་པས་མཚན་པ་གཉིས་དང་སྤེལ་བར་བྱའོ། །སྡེ་ཚན་ལྔ་པའི་ལྔ་པ་དང་། དྲུག་པའི་གཉིས་པ་དང་། དབྱངས་ཡིག་གཉིས་པའི་ཐ་མ་དང་། སྡེ་ཚན་དང་པོའི་གསུམ་པ་ལ། མེ་ཡི་ས་བོན་འོག་ཏུ་སྤྱིན། །དབྱངས་ཡིག་གསུམ་པས་བརྒྱན་པར་བྱ། །གསུམ་པའི་ཐ་མ་རིང་པོར་བྱ། དེ་ནས་ལྔ་པའི་བཞི་པ་དང་། གསུམ་པའི་གསུམ་པ་རིང་པོར་བྱ། བཞི་པའི་གསུམ་པ་དང་། མཐར་གནས་པ་ཡི་བཞི་པ་དང་། ལྔ་པའི་དང་པོ་དང་། གཉིས་པའི་དང་པོ་དང་། དེ་དག་གཉིས་གཉིས་སྤེལ་ཏེ་བརྗོད། བཞི་པའི་གསུམ་པ་ལ།དབྱངས་ཡིག་གསུམ་པ་སྦྱར་བ་དང་། གསུམ་པའི་ཐ་མ་དང་། ལྔ་པའི་ཐ་མ་དང་། དབྱངས་ཡིག་བཅུ་གཅིག་པ་སྦྱར་བ་དང་། དང་པོའི་དང་པོ་ལ། དབྱངས་ཡིག་བཅུ་གཅིག་པ་དང་བཅུ་གཉིས་པ་སྦྱར་བ་དང་། དེ་བཞིན་བཞི་པའི་ཐ་མ་བཞག །སེམས་ཀྱི་ས་བོན་སྒྲོད་བ་མཐར། །འབོད་རྦད་བསད་གསུམ་སྔགས་བཏུ་པའོ། །རང་བྱུང་སྔགས་ལ་བཏུ་བ་མེད། ནགཔོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལ། སྔགས་བཏུ་བའི་ལེའུསྟེབཅུགཅིགཔའོ།། །།དེ་ན་ནག་པོ་ཆེན་པོ་གསོལ་པ། ནག་པོ་ཆེན་པོའི་དམ་ཚིག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །དམ་ཚིག་བཤད་ཀྱི་ཉན་པར་གྱིས། །ནག་པོ་ཆེན་པོའི་དཀྱིལ་འཁོར་དུ། །དབང་མ་བསྐུར་བས་མི་སྒྲུབ་ཅིང་། །གྲི་གུག་དང་ནི་ཐོད་པ་དང་། །ཕུར་བུ་དང་ནི་ཐང་ཀ་དང་། །སུ་ལ་བསྟན་པར་མི་བྱ་སྟེ། །རྡོ་རྗེ་སློབ་དཔོན་མི་སྨད་ཅིང་། །གསང་བ་ལས་ནི་བརྙས་མི་བྱ། །ནག་པོའི་རྒྱུད་དང་དམ་རྫས་ནི། །སྣོད་མིན་པ་ལ་བསྟན་མི་བྱ། །ནག་པོའི་གྲུབ་རྟགས་བྱུང་གྱུར་ན། །ལས་ལ་སྦྱར་བ་མ་བྱས་ན། །ནག་པོའི་དམ་ཚིག་ཉམས་གྱུར་ཏེ། །སྔགས་པ་དེ་ནི་འཆི་བར་འགྱུར། །བསྒྲལ་བའི་ཞིང་དུ་མ་གྱུར་པའི། །སྐྱེ་བོ་རྣམས་ལ་བྱས་གྱུར་ན། །ནག་པོའི་དམ་ཚིག་ཉམས་གྱུར་ཏེ། །སྒྲུབ་པ་པོ་རང་གནོད་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། །དམ་ཚིག་བསྲུང་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་སྩལ་པ་དང་། ནག་པོ་ཆེན་པོ་འཁོར་དང་རྗེ་དང་བཅ་པ་རྗེས་སུ་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ནག་པོ་ཆེན་པོའི་རྒྱུད་རྟོགས་པ་བཅུ་གཉིས་པ་ཞེས་བྱ་བ་རྫོགས་སོ།། །།བླ་མ་ནག་པོ་རོ་འཛིན་དང་། གྱི་ལྗང་བུ་དཀར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོརྒྱ་གར་སྐད་དུ། མནྟྲ་ཨསྣ་ཀ་ཧ་ཛ་ཏནྟྲ། བོད་སྐད་དུ། མན་ངག་བརྩེགས་པ་གྲི་གུག་གི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འ་་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་