Ngb-pt-0370-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཨུརུ་དེ་བཱ་ཀུ་སྙི་མན་ཏྲ་ཏན་ཏྲ། བོད་སྐད་དུ། འཕགས་པ་ལྷ་མོ་ནག་མོའི་སྔགས་རྒྱུད། །བཅོམ་ལྡན་འདས་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ཆོས་ཀྱི་སྐུའི་ངང་ལས་ལོངས་སྤྱོད་་རྫོགས་པའི་སྐུར་བཞེངས་ནས། འགྲོ་བ་ཇི་ལྷར་འདུལ་བ་བཞིན་དུ་དགོངས་ནས། འབྱུང་བ་ལྔ་སྲིད་པོའི་རྒྱུར་བཤིག་ནས། རི་རབ་རི་ཡི་རྩེ་མོ་གཡུང་དྲུང་ལྷའི་གནས་སུ། ཡུམ་ཆེན་མུ་ཁ་ལེ་དང་གཉིས་སུ་མེད་པའི་མཁའ་དབྱིངས་ལས། ཐིག་ལེ་ཆོས་ཀྱི་སྐུའི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་སྲིད་ཀྱི་བདག་མོ་སྣོད་བཅུད་ལ་དབང་སྒྱུར་བའི་འབྱུང་བའི་རྒྱལ་མོ་དྲུག་དང་། ཡེ་ཤེས་ཚོགས་ཀྱི་རྗེ་མོ་བཅུ་བཞི་དང་། སྤྲུལ་པའི་སྐུ་དམན་མོ་ལྔ་བཅུ་རྩ་དྲུག་དང་། འདོད་པ་ཁམས་ཀྱི་གནོད་སྦྱིན་མང་པོའི་ཚོགས་རྣམས་འདི་ལྟ་སྟེ། རྒྱ་མཚོའི་ངོས་ན་གནས་པའི་དམོད་པའི་མཚོན་ཆ་ཅན་དང་། མ་བདུན་སྲིང་བཞི་དམོད་པའི་མཚོན་ཆ་ཅན་དང་། སྲིད་པའི་ཁྲོ་མོ་དམོད་པའི་མཚོན་ཆ་ཅན་དང་། མ་བདུན་དཔོན་གཡོག་དམོད་པའི་མཚོན་ཆ་ཅན་དང་། གནོད་སྤྱིན་སྐྲུན་གསུམ་དམོད་པའི་མཚོན་ཆ་ཅན་དང་། རེ་མ་ཏི་སྐྲུན་བཞི་དམོད་པའི་མཚོ་ཆ་ཅན་དང་། དུས་ཀྱི་ཞགས་པ་མ་དང་། རབ་ཏུ་འཕྱང་མ་མོ་དང་། དུས་ཀྱི་མཚམས་སྦྱོར་མ་དང་། གཤིན་རྗེའི་ཞགས་ཐོགས་མ་དང་། དཔལ་ལྡན་དམར་སེར་མ་དང་། དཔལ་ལྡན་དུང་མགྲིན་མ་དང་། སྤྲེའུ་ལྟར་དམར་སེར་མ་དང་། རྣམ་པར་འཕྱང་བ་མོ་དང་། ཚོགས་ཀྱི་ཕྱག་ཚང་མ་དང་། རྣ་ཉན་ཕྲ་མ་མོ་དང་། གཏུམ་མོ་ཙ་མུན་ཏིང་དང་། དེ་དག་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྟེ། དམོད་པའི་མཚོན་ཆ་ཐོགས་པས། སེམས་ཅན་གྱི་ཤ་ཁྲག་དང་སྲོག་དབུགས་ལ་དབང་བྱེད་པ། དུས་མ་ཡིན་པའི་ཆོ་འཕྲུལ་དང་། བསྐལ་པ་མ་ཡིན་པའི་བསྐལ་པ་དང་། རིམས་ནད་ལ་སོགས་པ་མི་མཐུན་པའི་ནད་གཏོང་བ། བཀའ་ནན་ཆེ་བ། ཟློག་པར་དཀའ་བ་ལག་པའི་བརྡའ་གཏོང་བ་དང་། འཇིགས་པའི་སྒྱུགས་གླུ་ལེན་པ། བརྡ་མི་འཕྲོད་པ་དེ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་དེ་དག་གི་ནང་ནས། འདོད་པའི་ཁམས་ཀྱི་ལྷ་མོ་ནག་མོས། བཅོམ་ལྡན་འདས་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཧེ་ཧེ་དཔའ་བོ་བཀའ་སྩལ་མཛོད། །ཡེ་ཤེས་མ་མོའི་ཚོགས་རྣམས་དང་། །བདག་ཅག་གི་ཡང་འཁོར་ཚོགས་རྣམས། །འཚལ་བའི་སྐལ་བ་གང་ལ་བགྱི། །ལས་སུ་བགྱི་བ་བཀའ་སྩལ་མཛོད། །དཔའ་བོ་ཆེན་པོས་བཀའ་སྩོལ་ཉན། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་དམན་མོའི་འཁོར་ཚོགས་རྣམས། ཁྱེད་ཀྱི་ཟས་དང་ལས་དག་ནི། །སངས་རྒྱས་བསྟན་ལ་གནོད་པ་དང་། །ནག་པོའི་ཕྱོགས་སུ་གཏོགས་པ་དག །དམན་མོ་ཁྱོད་ཀྱི་ཟས་སྐལ་གྱིས། །སངས་རྒྱས་བསྟན་པ་གནས་པ་ཡི། །རྣམ་བཞིའི་འཁོར་རྣམས་བསྲུང་བར་བྱས་བྱོསཀུ། །ཉོན་ཅིག་དཔལ་ལྡན་ལྷ་མོ་ཆེ། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །རྟག་ཏུ་དཀར་པོའི་ཕྱོགས་རྣམས་ལ། །བསྲུང་དང་ཞི་བ་རྒྱས་པ་གྱིས། །ཞེས་གསུངས་སོ། །ནག་མོ་སྔགས་ཀྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྷ་མོ་ནག་མོ་ཡི། །སྒྲུབ་པ་ཇི་ལྟར་བཤད་བྱ་བ། །རི་ཟླུམ་དག་གམ་ཆུ་བོའི་འགྲམ། ཁྲག་དམར་ཆོལ་ཟངས་འདྲ་བའམ། ཁང་ཁམཀྱངརུལ་དབེན་པར་སོང་ནས་སུ། །རྫས་དང་ཡོ་བྱད་ཚང་བར་བསག །བདག་དབང་བར་ཆད་མེད་པར་བྱ། །གདེང་དང་ལྡན་པའི་རྣལ་འབྱོར་པས། །དཀྱིལ་འཁོར་གྲུ་གསུམ་མཐིང་ནག་བྱ། ཁྲག་ལས་བྱས་པའི་ཟླ་གམ་གསུམ། །སྒོ་དང་སྒོ་ཁྱུད་དེ་བཞིན་བྱ། །སྤོས་ཆེན་མེ་མར་ཆེན་པོ་གཏོང་། །སྤྱི་བླུགས་ཞྭ་གོན་ཕྲེང་ཆེན་བགྲང་། །བྷརྙའི་ཆ་ལང་རྐང་གི་དུང་། །ཐོད་པ་ལྟག་སྤྲོད་རྔ་ཆེན་དང་། ཁུན་གྱི་རྒྱལ་མཚན་དེ་བཞིན་བྱ། །གནོན་སྦྱིན་དཔོན་གཡོག་གང་བསྒྲུབ་ཀྱང་། །གཞུང་དང་མཐུན་པར་བྱས་ནས་ནི། །བོད་དང་རྦད་དང་གསད་སྔགས་བཟླས། །སྒག་རསྒ་མུ་ཏྲ་ཡ། སྙིང་ཁ་རག་མོ་སྨྱོ་སྨྱོ། སྒག་རསྒ་ཁ་མུན་ཏྲ་རུ་ལུ་རུ་ལུ་ཧུ༷་སྨྱོ། རག་མོ་ཏེ་ཀུམ་ཛ་ཛ་ཁ་ལ་སྤྱོ། རུ་ལུ་རུ་ལུ་མ་ཧི་སྨྱོ། ཏྲ་རསྒ་ཁ་མུན་ཏྲ་རག་མོ་ཛ་ཛ། ཧེ་ཁུ༷་ཁ་ལ་མ་ཁི་སྨྱོ། སྒག་རསྒ་ཁ་མུན་སྙིང་ཁ་རག་རྦད་ཐུམ་རི་ལི་ལི་སྨྱོ། བརྣག་པ་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །།ཁར་ནག་བདག་གིས་བཤད་བྱ་བ། །དཀར་པོ་ནག་པོ་སྔོན་པོ་དང་། །དམར་པོ་སེར་པོ་དེ་བཞིན་ཏེ། །དེ་དག་སྔགས་སུ་གསུངས་པའོ། །ཨོ་བཛྲ་པ༷་ཀི་ཡང་རི་ཧུ༷། མ་ཧྭ་པ་ར་ག་ཡ་ཧུ༷། མ་ཧྭ་ས་ཤི་སི་ཤི་བླ་ཤིས་ཟང་ཧུ༷། ལོ་ཤི་ཁ་ལ་རག་ན་རྦད་ན་ཧུ༷། དུ་ནས་ར་ཐིབ་ན་གྲོ་བོ་ཧུ༷། ཁར་ནག་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ནི། །སྤྱན་དྲང་མཆོད་ཅིང་བཞུགས་སུ་གསོལ། །ནག་མོ་དུན་ཏིང་མ་ལས་ལ་སྨྱོ། །མ་མོ་ནག་མོ་ཐུན་སྨྱོ། ཨོ་ཨུ་ཧུ༷་ས་མ་ཡ། ཨེ་གྱེ་ཧི་ཛ། ཨུ་རསྨི་ཧུ༷་ཧྲི༷་ཧྲི༷་མ་མ་སྨྱོ་སྨྱོ་རུ་ལུ་རུ་ལུ་རག་མོ་སྨྱོ། ཙིརྟི་དམར་མོ་ལ་དུན་སྨྱོ། མ་ཧྭ་ཀྭ་ལི་སྨྱོ་རུ་ལུ་རུ་ལུ། ནག་མོ་སྔགས་ཀྱི་རྒྱུད་ལས་སྤྱན་དྲང་ཞིང་མཆོད་པ་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཤིན་ཏུ་དྲག་པོའི་སྣོད་ནང་དུ། །ཙིསྟ་དང་ནི་རཀྟ་དང་། བཙན་དུག་རྣམས་ནི་བླུག་པར་བྱ། །གདུག་པའི་དམོད་མོ་འདིས་དམོས་ཏེ། །ལྷ་ལ་སོགས་པ་དེ་བཞིན་ན། །དེ་བཞིན་མི་ལ་སོགས་ཅི་སྨོས། །ཐང་མུ་ལེ་ཐང་མུ་ལེརྩ་ཐང་རྩ་ཐང་། རྦད་རྦད། མུ༷་སྣི་མུ༷་སྣི། ནན་ནན། རག་མོ་ནི་རག་མོ་ནི། ཁ་ལོ་རྦད། དུག་སྣི་དུག་སྣི་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། རྩ་སྟི་རྩི་སྟི་རྦད། ནིར་སྟི་ནིར་སྣི། མུགས་མུགས། ཐུབ་ཐུབ། སུབས་སུབས་སྟི་རྦད། སེ་ཁ་ལོ་རྦད། མུ་ཁ་ལོ་རྦད། ཐོད་པ་ཆུ་མིག་དེ་བཞིན་དུ། །ཀླུ་དང་མ་མོ་དཀྲུགས་པའི་སྔགས། །དེ་ལྟར་བཟླས་ན་དེ་བཞིན་འགྱུར། །འུར་ཀ༷་ཀ་མེ། ཤ་རག་ཁ་ཁ་ཧ་ཧ་ཧྲ་ཧི་ཛ། མ་མོ་ལས་བྱེད་མ་བ་་ན། ཞིང་ཤུན་དག་ལ་གཟུགས་བྱས་ལ། །གཟུགས་དེ་བརྡུང་ཞིང་དཀྲུགས་སྔགས་བཟླས། །ཛ་ཛ་ཨེ་རྒྱེ་ཧི་ས་མ་ཡ་སྙིང་ཁ་རག །དེ་དག་དེ་བཞིན་བཟླས་བྱས་ཤིང་། །ཀི་ལ་ལ་ཡང་བརྗོད་པར་བྱ། །དེ་ནས་ཐོད་པ་གང་ཡིན་པ། ཁར་ནག་དག་གིས་དཀྲི་བར་བྱ། །དཀར་པོ་དག་ལ་སྔགས་འདི་བཟླས། །སྙིང་ལ་ཟ་བའི་ཙི་ཙིསྟལཡངམ་ཤ །རོ་ལ་ཁྲག་འཐུང་། ཀང་ཀ་ཤ་ཟན། ཡ༷་ཏ༷་པ་ར་ལ་ཧོ། ཤ་ལ་ཀྱི་སྤྱང་། རོ་ལ་ཁྲག་འཐུང་། པ་ཙང་ཤིག་པ་ཙང་ཤིག །དེ་ནས་ཐོད་པའི་དངོས་པོ་དེ། །ཞག་ནི་དེ་བཞིན་བཅོ་ལྔ་སྦ། །དེ་ནས་བླངས་ཏེ་དེ་བཞིན་དུ། །ལྷ་ཁང་རོ་ཁང་ཡང་ན་ནི། །ལམ་སྲང་དག་ཏུ་གནན་པར་བྱ། །དེ་ཡང་ཡང་དག་བཤད་བྱ་བ། །ཞལ་ནས་དམོས་པའི་ཐང་སྔགས་ལ། །དེ་དག་བཞི་རུ་དམོས་པ་སྟེ། དང་པོ་བཅུ་ཡི་དྲུག་པ་དང་། །བདུན་པ་རྣམ་པ་ལྡན་པ་སྟེ། །འདོད་ཁམས་ལྷ་གནས་དག་ཏུ་དམོས། །དེ་ལ་ཐང་སྔགས་གཉིས་པ་ནི། །ཀླུ་ཡི་གནས་སུ་དམོས་པ་སྟེ། །དེ་ལ་བཅུ་ཡི་དྲུག་དག་དང་། །དེ་བཞིན་བརྒྱད་ཀྱི་རྣམ་པས་མཛེས། །ཐང་སྔགས་གསུམ་པ་གང་ཡིན་པ། །མི་ཡི་གནས་སུ་དམོས་པ་སྟེ། །བཅུ་ཡི་རྣམ་པ་བདུན་དང་ཡང་། །དེ་བཞིན་བཞི་དང་ལྡན་པ་ཡིན། །དེ་ལ་ཐང་སྔགས་བཞི་པ་ནི། ཁེན་ཏུ་གསང་བའི་དམོད་མོ་སྟེ། །དེ་དག་དགུ་དང་ལྡན་པ་སྟེ། །དང་པོ་དང་ནི་གཉིས་པ་ལ། །ཐོག་མར་རུ་དང་ཨེ་བཞག་ནས། །མཇུག་ཏུ་གཅད་པའི་སྔགས་དང་ལྡན། །དེ་བཞིན་གསུམ་པ་བཞི་པ་ལ། །དེ་ནི་ཕྱག་འཚལ་མེད་པ་ལ། །གསུམ་ལ་དུ་ཡང་དང་བཞག་བཞི་བར་དུ། །དེ་བཞིན་འོག་ཏུ་བཅད་སྔགས་ལྡན། །ལྔ་པ་དུ་སྟེ་དྲུག་ལ་ཀྱི། །དེ་ལྟར་བཅད་སྔགས་ལྡན་པ་སྟེ། །བདུན་བརྒྱད་དགུ་ལ་འདི་ལྟ་སྟེ། །ན་མ་རྩེ་གསུམ་མགོར་བཞག་ནས། །སྔོན་བཞིན་བཅད་པ་འོག་ཏུ་ལྡན། །རུ་རུ་རག་མོ་དགྲ་བོའི་སྙིང་མུ་ར་ཡ། ཙ་ཐང་ཙ་ཐང་ ཐང་མུ་ལེ་ཐང་མུ་ལེ་སྲོག་ལ་རྦད། ཨེ་ར་རྩ་ར་ཨེ་ར་རྩ་ར། དུ་ནི་དུན་ཏིང་དུ་ལ་ཡ་བཛྲ། དུ་རུ་ཙ་ལ་ནི་ཧ་ན་བཛྲ། དུ་མ་ར་ཧ་ན་བཛྲ་སྨྱོ། ནཱ་ག་ར་ཙ། ཀྱི་མ་སྲོག་གི་མརྩ། མརཏིགམརཏིག ཙེཙེ། ནམརཏིག ཙེཙེ།ན་མ་ར་ཏིག དེ་དག་སྔོན་བཞིན་ཐང་སྔགས་ཏེ། །རྩིས་ཀྱི་ན་ཡ་འདི་རྣམས་བཞིན། །རུ་ལ་བཞི་ཡི་རྣམ་པ་སྟེ། །ཨེ་ལ་བརྒྱད་དུ་ཤེས་པར་བྱ། །དུ་ལ་ཡང་ནི་བརྒྱད་དུ་སྟེ། །དེ་དག་དུ་ལ་བརྒྱད་དུ་གྲགས། །དུ་ལ་དྲུག་སྟེ་ན་ལ་བཞི། །ཀྱི་ཡི་རྣམ་པ་དྲུག་ཏུ་བརྩི། །མ་ནི་དྲུག་ཏུ་ཤེས་པར་བྱ། །རྩེ་ནི་བཅུ་གཉིས་དག་ཏུ་བརྩི། །དེ་དག་ཡན་ལག་བརྩི་བ་ནི། །དང་པོ་ལ་ནི་ཨུ་ཨུ་དང་། །ཡོཏོ་ཡི་རྣམ་པས་མཚན་པ་ཡིན། །ཨ་གཉིས་ཨེ་དང་ལྡན་པ་ནི། །གཉིས་པ་དག་ཏུ་ཤེས་པར་བྱ། །དེ་བཞིན་།་དང་ཨི་དང་ནི། །ཨུ་དང་ཨི་དང་ཨུ་རྣམས་དང་། །ལྔ་དང་ལྡན་ན་གསུམ་པའོ། །ཨུ་དང་ཨུ་སྟེ་ཨི་དང་ལྡན། །གསུམ་གྱིས་བརྒྱན་པ་བཞི་པ་ཡིན། །ཨུ་དང་ཅོ་་དང་ལྡན་པ་དང་། །བ་ཡི་སྣ་ལ་ཧ་ཡིས་མཛེས། །ཧ་ལ་དེ་བཞིན་ཡ་འོག་ལྡན། །ལྔ་པ་དག་ཏུ་ཤེས་པར་བྱ། །ཀླུ་ཡི་སྒྲ་རུ་བརྗོད་པར་བྱ། །རྒྱན་ཆས་སྤངས་པ་དྲུག་པའོ། །ཨི་ལ་འོག་ཏུ་ཡ་དང་ལྡན། །དེ་བཞིན་ཅོཁོ་དང་ཨི་ཡང་ར་ཡང་ཡིན་ནམ་ཨེ་འོག་ཡ། །དེ་དག་ལྡན་པ་བདུན་པ་ཡིན། །ཨི་ཨི་གཉིས་ཀྱིས་བརྒྱན་པ་ན། །བརྒྱད་པ་དག་ཏུ་བརྗོད་པ་ཡིན། ཨེ་ཨེ་ཨི་དང་ཨེ་ཨེ་ཨི། །དྲུག་གིས་བརྒྱན་པ་དགུ་པའོ། །འདི་ལྟར་གྲངས་དང་རྒྱན་ཆ་དང་། །རྩིས་ཀྱི་ན་ཡ་མ་བརྩིས་ན། །ཆད་དང་ལྷག་དང་ནོར་བ་འབྱུང་། །དེ་དག་བྱུང་ན་དོན་མེད་འགྱུར། །དེ་ཡི་ཕྱིར་ན་བརྩི་བ་ཡིན། །གསལ་བར་མ་སྨྲས་གསང་ཕྱིར་གསང་། །དེ་ཡི་ཕྱིར་ན་ཐུན་མོང་མིན། །དེས་ན་རྒྱུད་འདིར་སྦས་པ་ཡིན། །ཐང་མུ་ལེ་ཐང་མུ་ལེ། རྩ་ཐང་རྩ་ཐང་། རྦད་རྦད། མུ༷་སྣི་མུ༷་སྣི། ནན་ནན། རག་མོ་ནི་རག་མོ་ནི། ཁ་ལ་རྦད། དུག་སྣི་དུག་སྣི་ཁ་ལོ་རྦད། ཀྱི་ཁ་ལ་རྦད། མུ་ཁ་ལ་རྦད། ཙ་སྟི་ཙ་སྟི་རྦད། ནིར་སྟི་ནིར་སྟི་རྦད། མུགས་མུགས། ཐུབ་ཐུབ་སུབ་སུབ་སྟི་རྦད། སེ་ཁ་ལོ་རྦད། མུ་ཁ་ལོ་རྦད་རྦད། རྩིས་ཀྱི་ན་ཡ་བརྩི་བ་ནི། །འདི་ལྟར་ཡང་དག་བཤད་བྱ་བ། །མ་ལ་བཞི་ཡི་རྣམ་པ་ལ། །ཨུ་ཨེ་བཞི་ཡི་རྒྱན་གྱིས་མཛེས། །དེ་བཞིན་མ་ས་བཞི་ལ་ཡང་། །ས་ཡི་འོག་ཏུ་ན་ཡི་མཛེས། །ཨུ་ཨི་བཞི་ཡིས་རྣམ་པར་བརྒྱན། །མ་ན་བཞི་ཡི་དངོས་པོ་ལ། །ཨོ་ཨི་བཞི་ཡི་རྒྱན་དང་ལྡན། །དང་པོ་ཐང་སྔགས་དག་ལ་ནི། །རིམ་བཞིན་ལ་སྟེ་ཨོ་དང་ལྡན། །འདོད་ཁམས་ལྷ་གནས་དག་ཏུ་དམོས། །དེ་ལ་ཐང་སྔགས་གཉིས་པ་ནི། །ལ་སྟེ་ཅོཏོ་ཡི་རྣམ་པ་སྤངས། །ཀླུ་ཡི་ཡུལ་དུ་་་་ཉིད་སྤང་། །ད་ས་བཞི་ལ་ཨུ་ཨི་བཞི། །ས་གཉིས་ན་ཡིས་འོག་ཏུ་ལེགས། །ལ་སྟེ་ཅོཏོ་ཡི་རྣམ་པས་བརྒྱན། །འདོད་ཁམས་ལྷ་གནས་དག་ཏུ་དམོས། །ཀ་ཡི་སྣ་ལ་ལ་ཡིས་མཛེས། །དེ་ལྟ་བུ་ཡིས་ཀླད་དུ་མཛེས། །ལ་སྟེ་ཅོཏོ་ཡིས་བརྒྱན་པ་ནི། །ལྷ་ཡིས་ཡུལ་དུ་དམོས་པའོ། །ལ་སྟེ་ཅོ།་སྤང་ཀླུ་ཡུལ་ཡིན། །མ་ལ་ཨུ་ཨོ།་ལྡན་པ་ལ། །ས་གཉིས་ཨི་དང་རྣམ་པར་ལྡན། །ས་ཡི་འོག་ཏུ་ཏ་ཡིས་བརྒྱན། །ན་གཉིས་ས་གཉིས་ཨི་བཞིས་བརྒྱན། །ས་འོག་ཏ་ཡི་བརྒྱན་གྱིས་མཛས། །དེ་བཞིན་མ་གཉིས་ཨུ་ཡི་མཛེས། །ཐ་གཉིས་ཨུ་ཨུས་བརྒྱན་པ་ལ། །ས་ས་གཉིས་ལ་ཨུ་ཡིས་མཛེས ཨི་ཨི་ས་ལ་ཏ་དང་ལྡན། །དེ་བཞིན་ས་ང་ལ་གཉིས་ལ། །ཨེ་ཨོས་ཀླད་དུ་རྣམ་བརྒྱན་མཚན། །མ་ལ་ཨུ་ཨོ་ཡང་དག་ལྡན། །མཇུག་ཏུ་བཅད་པའི་རྦད་སྔགས་མཛེས། །ལྷ་ཡི་ཡུལ་དུ་རྦད་ཅིག་སྤངས། །ཀླུ་ཡི་ཡུལ་དུ་ཨོ་ཉིད་སྤངས། །འདི་ལྟར་བརྩི་བའི་ཡི་གེ་ནི། །ཐོག་མ་རྒྱན་ཆ་ལྡན་པ་སྟེ། །རྒྱན་གྱིས་བརྒྱན་པ་གསལ་བར་བཤད། །གྲོགས་ཀྱི་ཡི་གེ་མང་པོ་ནི། །དེ་དག་གསལ་བར་མ་བཤད་དེ། །གྲངས་ཀྱི་རྣམ་པ་རྩིས་སུ་ཤེས། །དེ་ལ་དང་པོ་ཐང་སྔགས་ལ། །བཅུ་དྲུག་དག་ལ་དྲུག་ཅུ་སྟེ། །བདུན་དང་ལྡན་པས་རོ་བདུན་ཡིན། །ཐང་སྔགས་གཉིས་པ་སྔོན་བཞིན་དུ། །བརྒྱད་དང་ལྡན་པས་དེ་བཞིན་དུའོ། །ཐང་མུ་ལེ་ཐང་མུ་ལེ། རྦད་རྦད། མུ༷་སྣི་མུ༷་སྣི་ནན། རག་མོ་ནི་རག་མོ་ཁ་ལོ་རྦད་རྦད། དུག་སྣི་དུག་སྣི། ཁ་ལོ་རྦད་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད་རྦད། ཙ་སྟེ་ཙ་སྟེ་རྦད་རྦད། ནི་སྟི་ནི་སྟེ། སྙིང་ལ་མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། ཁ་འདར་ཡེད་ཡེད་ཐུམས་ཐུམས་རྦད་རྦད། སེ་ཁ་ལོ་མུ་ཁ་ལོ་རྦད་རྦད། །མི་ཡུལ་གླིང་བཞིའི་དམོད་མོ་འདི། །བཅུ་བདུན་ལ་ནི་བདུན་ཅུ་སྟེ། བཞི་དང་ལྡན་པ་རྩ་བཞི་ཡིན། །རྩིས་ཀྱི་ན་ཡ་བཤད་བྱ་བ། །མ་ལ་བཞི་སྟེ་ཨུ་ཨ༷་བརྒྱན། །མ་ལ་ཀླད་དུ་ཐིག་ལེས་བརྒྱན། །འོག་ཏུ་ཨུ་ཡེ་རྣམ་པས་མཛེས། །ས་ཡི་འོག་ཏུ་ན་༄༅ ཡིས་མཛེས། །ཀླད་དུ་ཨི་ཡིས་རྣམ་པར་བརྒྱན། །མ་ཡི་ཀླད་དུ་སྔོན་བཞིན་ལ། །ས་ཡི་རྒྱན་ཡང་དེ་བཞིན་དུ། །མ་ན་མ་སྟེ་ཨོ་ཨི་ཨོ། །ལ་སྟེ་ཀླད་དུ་ཨོ་ཡིས་མཚན། །ད་སྟེ་ཨུ་དང་ལྡན་པ་ལ། །ས་ཡི་འོག་ཏུ་ན་ཡིས་མཛེས། །ཀླད་དུ་ཨི་ཡིས་ཡང་དག་བརྒྱན། །དེ་བཞིན་ད་ནི་ཨུ་དང་ལྡན། །ས་འོག་ན་ཡིས་མཛེས་པ་ལ། །ཀླད་དུ་ཨི་ཡི་མཚན་མ་ཡིན། །ལ་སྟེ་ཨོ་ཡིས་ཀླད་དུ་མཛེས། །ཀ་ཡི་འོག་ཏུ་ཡ་ཡིས་མཛས། །ཀླད་དུ་ཨི་ཡི་ཡང་དག་བརྒྱན། །ལ་སྟེ་ཨོ་ཡིས་བརྒྱན་བྱས་ལ། །ཀ་ལ་སྔོན་བཞིན་ཡ་ཡིས་མཛེས། །ཀླད་དུ་ཨི་དང་ལྡན་བྱས་ལ། །ལ་སྟེ་ཀླད་དུ་ཨོ་དང་ལྡན། །ས་ཡིས་སྣ་ལ་ཏ་ཡིས་མཛེས། །ཀླད་ལ་ཨི་ཡིས་མཛེས་པས་བརྒྱན། །དེ་བཞིན་ས་ཡང་ཏ་མཛེས་ཏེ། །ཨི་ཡིས་མཚན་པ་ཡང་དེ་བཞིན་ཏེ། །ན་སྟེ་ཀླད་དུ་ཨི་ཡིས་མཚན། །ས་ཡི་འོག་ཏུ་ཏ་ཡིས་མཛེས། །ཀླད་དུ་ཨི་ཡི་ཡང་དག་བཤད། །ན་ཡང་ཀླད་དུ་སྔོན་བཞིན་ལ། །ས་ཡང་ཏས་མཛེས་དེ་བཞིན་ནོ། །ས་འོག་ཉ་མཛེས་ཀླད་དུ་ཨི། །མ་གཉིས་ཨུ་ཡིས་རྣམ་པར་བརྒྱན། །ཐ་གཉིས་ཨུ་ཡི་འོག་ཏུ་ལེགས། །ས་ལ་ཨུ་ཡིས་བརྒྱན་པ་སྟེ། །ཏ་ལ་ཨི་ཡིས་ཡང་དག་བརྒྱན། །ཡ་གཉིས་ཨེ་དང་ལྡན་པ་ལ། །ཐ་གཉིས་ཨུ་ཨུས་འོག་ཏུ་ལེགས། །ས་ཡང་ཨེ་ཡི་ཀླད་དུ་མཛེས། །ལ་ནི་ཨོ་དང་ལྡན་པ་ལ། །མ་ལ་ཨུ་ཡིས་འོག་ཏུ་བརྒྱན། །ལ་ནི་ཨོ་དང་ལྡན་པ་ལ། །ཐ་མར་རྦད་གཉིས་སྦྱར་བར་བྱ། །འདི་ལྟར་ཡི་གེ་བརྩི་བ་ནི། །རྒྱན་གྱིས་བརྒྱན་པ་བརྩི་བ་སྟེ། །གྲོགས་བྱེད་ཡི་གེ་འདིར་མ་བཤད། །རྩིས་སུ་སྔོན་དུ་དེ་བཞིན་བརྩིས། །རྒྱན་དང་ལྡན་པའི་ཡི་གེ་ནི། །སྐྱེས་བུ་མཚོན་ཆ་ཅན་དང་འདྲ། །གྲོགས་བྱེད་ཡི་གེ་དམག་མི་འདྲ། །ཡན་ལག་བརྒྱན་པ་མཚོན་ཆ་འདྲ། །དེ་ཕྱིར་ཡན་ལག་བརྩི་བ་གཅེས། །ལྷ་མོའི་སྔགས་ཀྱི་རྒྱུད་ལས། ཐང་སྔགས་དམོད་པའི་ན་ཡ་རྩིས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྔགས་ཀྱི་སྙིང་པོ་འདི་ལྟ་སྟེ། །ཐོག་མ་ཉིད་ལ་་ག་རག་ཤ །དེ་བཞིན་ཁ་མུན་ཏྲ་ཞེས་བརྗོད། །མུ་རུ་ལུ་ཧུ༷་སྨྱོ་བརྗོད་པ། །ལྷ་མོ་ཉིན་མོ་རྒྱུ་བའི་སྔགས། །རག་མོ་ཏེ་ཀེམ་ཙ་ཙ་ཞེས། །ཐ་མར་ཁ་ལ་སྨྱོ་བརྗོད་པ། །མཚན་མོ་རྒྱུ་བའི་སྔགས་སུ་ཤེས། །རུ་ལུ་རུ་ལུ་མ་ཧྲི་སྨྱོ། །ལྷ་མོ་རྟག་ཏུ་རྒྱུ་བའི་སྔགས། །ཐུ༷་ལིང་ཐུ༷་ལིང་ཙ་འདུ་འདུ་ཞེས། །དེ་ནས་སྲོག་ཕྲིག་གཉིས་བརྗོད་ནས། །ཐ་མར་ཤ༷་ཤ༷་ཁྱེར་སྨྱོ་ཞེས། །ཐ་མར་འདུ་འདུ་བརྗོད་པ་ནི། ཨེ་ཀ་ཙ་ཏིའི་སྔགས་སུའོ། །ཐོག་མར་མ་མ་བརྗོད་ནས་ཀྱང་། །ཐ་མར་ཨ་ཤ་ཛ་ལ་བརྗོད། །དེ་ནས་དེ་ཡི་མཇུག་ཏུ་སྙི༷༷ །སྐུ་ཡི་སྙིང་པོ་བརྗོད་པ་ཡིན། །མ་ནི་སྲོག་ཅེས་བརྗོད་ནས་ཀྱང་། །ཐ་མར་ཛ་དང་དེ་ནས་ལ། །དེ་དག་དེ་ཡི་མཇུག་ཏུ་ཧུ༷། །འདི་ནི་གསུང་གི་སྙིང་པོའོ། །ཐོག་མ་ལ་ནི་ཨོ་བཞག་ལ། །ཐ་མར་རུ་རུ་བག་ཤ་བརྗོད། །མཇུག་ཏུ་ཧུ༷་བརྗོད་ཐུགས་སུ་བསྟན། །ཐོག་མར་མ་ཧྭ་སྲོག་ཐུན་ཞེས། །ཐ་མར་སྙིང་ལ་སྨྱོ་ཞེས་བརྗོད། །ཕྲིན་ལས་སྙིང་པོར་བསྟན་པ་ཡིན། །ཨོ་དང་བཛྲ་དང་པོར་བཞག །སྙིང་ཁ་རག་ཅེས་ལན་གཉིས་བརྗོད། །ཐ་མར་སྨྱོ་ཞེས་བརྗོད་ནས་ཀྱང་། །མཇུག་ཏུ་རུ་ལུ་སྨྱོ་ཞེས་བརྗོད། ཁམ་བུ་སྒྲུབ་པའི་ཐུན་སྔགས་ཡིན། །ཐོག་མ་ཉིད་ལ་ཏྲག་རག་ཤ །མུ་ཏྲ་མུ་ར་ཡ་ཞེས་བརྗོད། །ཐ་མར་ཐུན་ཡ་སྦྱར་བ་ནི། །དབུས་ཀྱི་ཐུན་ལ་བཟླས་པའོ། །ཐོག་མར་ཁ་མུན་ཏྲ་ཞེས་བརྗོད། །རག་མོ་ཛ་ཛ་མྱ་ར་ཡ། །ཐ་མར་ཐུན་ཡང་བརྗོད་པ་ནི། །མདུན་དུ་བཟླས་པའི་སྔགས་སུ་ཤེས། ཁ་ལ་མ་ཏི་སྨྱོ་བརྗོད་ནས། །ཐ་མར་རསྒ་སྨྱུ་ར་ཡ། །མཇུག་ཏུ་ཐུན་ཡ་བརྗོད་པ་ནི། །གཡས་ཀྱི་ཕྱོགས་སུ༷་བརྗོད་པའོ། །ཐོག་མ་ལ་ནི་སྒག་རག་ཤ །མུ་ཏྲ་ལན་གཉིས་བརྗོད་ནས་ཀྱང་། །སྙིང་ཁ་རག་ཅེས་བརྗོད་ནས་ནི། །དེ་བཞིན་མྱ་ར་ཡ་ཞེས་བརྗོད། །ཐ་མར་ཐུན་ཡ་སྦྱར་བ་ནི། །གཡོན་གྱི་ཐུན་སྔགས་ཞེས་བྱའོ། །ཨཱོཾ་ཞེས་བྱ་བ་ཐོག་མར་བཞག །དེ་ནས་མ་མ་ཏྲག་རག་ཤ །མུ་ར་ཡ་དང་ཐུན་ཡ་བརྗོད། །དབུས་ཀྱི་ཐུན་ལ་བཟླས་པའོ། །ཙ་པ་ལ་ཞེས་བརྗོད་ནས་ཀྱང་། །་ལ་མ་ཏི་མུ་ར་ཡ། །མཇུག་ཏུ་ཐུན་ཡ་བརྗོད་པ་ནི། །ཟུར་གྱི་བཅུ་ལ་བཟླས་པའོ། །སྙིང་ལ་ཟ་བ་ཙིསྟ་ལ་ཞེས་བརྗོད་ནས་ཀྱང་། །ཟྭ་ར་ཡ་དང་ཐུན་ཡ་བརྗོད། །ལྷ་མོའི་ཐུན་ལ་བཟླས་པ་ཡིན། །ཐོག་མར་རག་ཤ་མུ་ཏྲ་སྨྱོ། །སྨྱུ་ར་ཡ་ཞེས་བརྗོད་ནས་ཀྱང་། །ཐ་མར་ཐུན་ཡ་བརྗོད་པ་ནི། །གཡོན་ཕྱོགས་སུ་ནི་བཟླས་པ་བྱ། །ཨཱོཾ༷་ནི་ཐོག་མ་ཉིད་དུ་སྟེ། །རུ་རུ་རོ་རུ་བཱ་ར་ཡ། །ཐ་མར་ཐུན་ཡ་བརྗོད་པ་ནི། ཁྲི་སྨན་ཁམ་བུའི་སྔགས་སུའོ། །ཐོག་མར་རུ་རུ་རག་ཤ་ན། །ཐ་མར་མྱ་ར་ཡ་བརྗོད་ནས། །མཇུག་ལ་ཐུན་ཡ་བརྗོད་པ་ནི། །དབུས་ཀྱི་ཐུན་ལ་བཟླས་པའོ། །ཐོག་མ་ལ་ནི་རུ་རག་ཤ །དེ་ནས་སྒག་ཤ་བཱ་ཡ། །མཇུག་ཏུ་ཐུན་ལ་བརྗོད་པ་ནི། ལྷོ་ཡི་ཕྱོགས་ལ་གཡས་སུ་བཟླས། །རུ་རུ་རོ་རུ་རུ་ལུ་བརྗོད་བྱས་ནས། །ཐ་མར་རག་ཤ་མྱ་ར་ཡ། །མཇུག་ལ་ཐུན་ཡ་སྦྱར་བ་ནི། །གཡོན་གྱི་ཕྱོགས་སུ་འཕང་བའི་སྔགས། །རུ་རུ་རོ་རུ་རུ་ལུ་ཞེས། །ཐ་མ་ལ་ནི་ཙསྒ་སྦྱར། །ནཱ་ར་ཡ་ཐུན་ཡ་བརྗོད་པ། ཁྲི་སྨན་ཁམ་བུ་སྒྲུབ་པའོ། །ཐོག་མ་ཉིད་ལ་སྒག་རག་ཤ །ཐ་མར་སྙིང་ཁྲག་སྙིང་སྤྱོ་ཞེས། །ཐ་མར་ཐུན་ཡ་བརྗོད་པ་ནི། །དྲེའུ་སྣ་ཁམ་བུ་སྒྲུབ་པའི་སྔགས། །སྤྲོ་ཊ་སྤྲོ་ཊ་སྨྱོ་ཞེས་གཉིས་བརྗོད་ནས། །དེ་བཞིན་ནཱ་ར་ཡ་ཞེས་བརྗོད། །ཐ་མ་ལ་ནི་ཐུན་ཡ་བརྗོད། ཁམ་བུ་སྒྲུབ་པའི་དུས་སུ་བཟླས། །ཐོག་མ་ཉིད་ནི་སྙིང་ཁ་རག །མུ་ར་ནི་ཤ་མྱ་ར་ཡ། །མཇུག་ལ་ཐུན་ཡ་བརྗོད་པ་ནི། །ནུབ་ཟུར་ཁམ་བུ་བཅུ་ལ་བཟླས། །རུ་ལུ་རག་ཤ་ཐོག་མར་བརྗོད། །ཐ་མར་ཏི་ན་བཱ་ར་ཡ། །མཇུག་ལ་ཐུན་ཡ་བརྗོད་པ་ནི། །དབུས་ལ་བཟླས་པའི་སྔགས་སུའོ། །རག་མོ་ཙ་ཙ་ཞེས་བརྗོད་ནས། །མ་ར་མ་ར་ཤ་ཤ་མྱ་ར་ཡ། །མཇུག་ལ་ཐུན་ཡ་བརྗོད་པ་ནི། །གཡས་ཀྱི་ཕྱོགས་སུ་བཟླས་པའོ། །ཐོག་མར་སྙིང་ཁྲག་རྩ་ལ་ཡ། །ཐ་མར་མུ་ར་ཡ་ཞེས་བྱའོ། །མཇུག་ཏུ་ཐུན་ཡ་བརྗོད་པ་ནི། །གཡོན་དུ་བཟླས་པའི་སྔགས་སུའོ། །སྔགས་ཚན་བཞི་ནི་བཅུ་ནུབ་ཕྱོགས་བཟླས། །ནག་མོ་སྔགས་རྒྱུད་ལས། ཐུན་སྔགས་དམོད་མོའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྦད་པའི་སྔགས་དང་སྒྲུབ་པ་དང་། དེ་ཡི་གསང་བའི་རིམ་པ་འདིའོ། །རྦད་དུ་རྦད་དུ་ཡག་མོ་སོད་ཅིག་དྲི་ཛ། ཐུ༷་དྲི་ལི་ལི་དྲི་ཛ་ཐུ༷་རིལ། མྱུར་དུ་བསྒྲལ་བའི་སྙིང་པོའོ། །ཏྲག་རསྒ་མུ་ཏྲ་སྙིང་ཁ་རག་མོ་སྨྱོ། །གཏོར་བའི་ལས་སུ་ཤེས་པར་བྱ། །ཨོ་བཛྲ་ཀྲོ་ཏ་ནི་ཨེ་ཀ་ཙ་ཏི་ཧུ༷་ཧུ༷། རསྣ་རསྒ་ཧི་ཧི། མ་མ་ཧུ༷་ཛ། དམ་རྩ་ལ། མ་མ་སྨྱོ་སྨྱོ། རུ་ལུ་རུ་ལུ་རག་མོ་སྨྱོ། །ཙི་ཙི་སྟ་ཏ་མ་སོ་ལ་དུན་སྨྱོ། ཤི་ལི་ཤི་ལི་ཀིང་ཀ་ལི་ཧུ༷། ཁ་རག་ཀི་ལི་ཧུ༷། ཤ་ཀ་ལི་ཧུ༷། པྲ་བི་གིང་ནན། ཡམ་འགྲི་ནི་ཡ༷། ལུ༷་བ་ཏི་ཡང་། བྱི་ལི་མ་ཏི་ཡ༷་ཡ༷། ཞེས་བྱ་བ་དེ་དག་ནི་དཀྲུགས་པའི་སྔགས་སུ་ཤེས་པར་བྱ། རག་མོ་ནི་ཤ་སུ་རུ་ཐུམ་རིལ་རྦད། རག་མོ་ཁ་ལ་ཙ་ཙ་དུན་སྨྱོ་སྨྱོ། རག་ཏ་ཐུ༷་རྦད། ཁ་ལ་ཙ་ཙ་སྤྱོ་སྨྱོ། ཙ་ཙ་རྦད་སྙིང་ལ་དུན་རག་མོ་ཁ་ལ་ཙ་ཙ་དུན་སྨྱོ་སྨྱོ། ས་མ་ཡ་དུན་སྨྱོ་སྨྱོ། འུར་ཀ༷་མེ་ཤ༷་ནན་བྱད་ཀྱང་འུ་ཀ་མེ་ན༷་ཤ་སྨྱོ། ནག་མོ་སྔགས་རྒྱུད་ལས། རྦད་སྔགས་གསང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དཔོན་གཡོག་གསུམ་པའི་སྒྲུབ་པ་ནི། །ས་ཆོག་གཏོར་མ་སྨན་མཆོད་དང་། །ལས་ཀྱི་བྱ་བ་གཞུང་བཞིན་བྱ། །དཀྱིལ་འཁོར་ཚད་ནི་མཐོ་ལྔར་བྱ། །ཟུར་བཞིའི་འོག་ཏུ་གཟུགས་བརྙན་གཞུག །དེ་ལ་གནན་པའི་ཆོ་ག་བྱ། །མ་མོ་གཤིན་རྗེ་ཁྲོ་བཅུ་དང་། །དེ་རྣམས་སྔགས་ནི་ཐམས་ཅད་དང་། །དཔོན་གཡོག་གསུམ་པའི་སྔགས་དང་ནི། །ཨེ་ཀ་ཛ་ཏིའི་སྔགས་རྣམས་ཀྱིས། །ཕུར་པ་བཞི་ལ་སྔགས་ལ་གནན། །སྟེང་དུ་དཀྱིལ་འཁོར་ཟླུམ་པོར་བརྩིག །ཆག་གང་དཔངས་སུ་བྱས་ནས་ནི། །དེ་ཡི་ཕྱེད་དུ་ནག་པོ་བྱ། །ཕྱེད་ནི་མི་ཁྲག་རྟ་ཁྱིའི་ཁྲག །བསྲེས་ལ་ཡན་ཆད་བྱུག་པར་བྱ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །དབུས་ཟླུམ་ཟླ་གམ་གསུམ་བསྐོར་ལ། ཁྲར་དང་ལྷོ་དང་བྱང་དག་ཏུ། །རེ་མ་ཁྲི་སྨན་དྲེའུ་སྣ་དགོད། །ཟླ་གམ་གསུམ་པོ་དག་ལ་ཡང་། །ཕག་ཐོད་ཁྲག་སྣས་བཀང་ནང་དུ། །མུ་ར་ཡ་ཡི་མིང་བྲིས་གནན། །ཕྱི་སྐོར་དཔོན་གཡོག་སྔགས་ཀྱང་བྲིས། །ཕྱི་རིམ་ཟླ་གམ་དྲུག་ལ་ནི། །དྲག་སྔགས་དྲུག་དང་སྒོ་ང་དྲུག །ཕུར་དྲུག་ཚུལ་བཞིན་དགོད་པར་བྱ། །དེ་ཡི་ཕྱི་རིམ་དག་ལ་ཡང་། །ཟླ་གམ་ཕྱིར་བལྟས་རྩ་གཅིག་ལ། །ཟླ་གམ་རེ་ལ་སྒོ་ང་དང་། །ཕུར་པ་སྙིང་སྣ་རྩ་གཅིག་དང་། །སྙིང་པོ་ཉི་ཤུ་རྩ་གཅིག་དགོད། །དེ་ལ་འདི་ནི་བྲི་བའི་སྔགས། །མ་མ་་ག་རསྣ་མུ་ཏྲ་ཁ་མུ་ཏྲ། མུ་རུ་མུ་རུ་མུ་རུ་རུ་ལུ་སྨྱོ་ཧུ༷་སྨྱོ། ཏྲག་རག་ཤ་ཁ་མུ་ཏྲ། དུ་ར་མ་མ་ཏི་རག་མོ་ཛ། མ་མ་དུ་ར། དུ་མ་མོ་ན། སྙིང་ཁྲ་ལ་རསྣ་རྦད་ག་ས། ཙིཉི་བ༷། གལ་ཐུ༷་མྱོས།སྙིང་ཁྲག་ཏོ་པྲ། རུ་རུ་སྲི་བ་ཐུ༷་ཧེ་པ་ཐུ༷། དུ་ཐུ༷་དུ་ཐུ༷། པྲ་ར༷་ཐུ༷། དུམ་ལོ་ན། ཞི་ནི་ཐུ༷། ཨི་ཨུ་ཨ་ས་མ་ཡ་ཐིབས་ཐིབས། ལི་ཤར་ཡ༷་ངེས་སོ། །ས་མ་ཡ་ཏི་སྟ་མ་མ་མ་རུ་ཐིབས་ཐིབས། ཐབས་བྲ་ཕུར་ཁ་ཤ་བ༷། ཡ༷་ཐུ༷་རི་ལི་ལི། ཐིག་ནིག གཅིག་མེད། གཉིས་དྲག བརྒྱད་གཅད་གནམ་མཐོངས་ཕྱེ། ལྕགས་སྒྲོགས་ཁྲོལ། མི་རེངས་སོད། བཛྲ་ནེ་སོད། བཛྲཏེ་ཕཊ། བཛྲ་ཛ་ལ་ཏེ་ཕཊ། བཛྲ་ཏེ་ཕཊ། བཛྲ་ཨི་ཧིང་ཨི་ཧེང་། ནཱ་ག་ལེ་ནཱ་ག་ལེ། སུ༷་བ་ལེ་སུ༷་བ་ལེ། ཙིན་ཡང་ཙིན་ཡང་། ལེན་ཡང་ལེན་ཡང་། ཁ་ཤ་བ༷། ཁ་ཤ་བ༷། མ་དུང་ང་སྨྱོ་མ་དུད་ད་སྨྱོ། །སྒོང་ཟོར་དུག་སྣ་མང་པོ་ལ། །དེ་དག་སྔགས་ནི་བཟླས་པ་ཡིན། །མདུང་གསུམ་དར་སྣ་བཏགས་པ་གསུམ། །རེ་མ་ཏི་ཡི་མདུང་དམར་ལ། །དྲེའུ་སྣའི་མདུང་ནི་ནག་པོར་བྱ། ཁྲི་སྨན་མདུང་ནི་སེར་པོ་ལ། །དར་གྱི་ཁ་དོག་དེ་བཞིན་བྱ། །དྲེའུ་སྣ་མ་ཡིས་སྣ་དྲངས་ལ། །རེ་མ་ཏི་ཡིས་དབུས་བྱས་ལ། ཁྲི་སྨན་དག་གིས་མཇུག་བྱས་ལ། །ཐུན་ཁག་ལག་ཏུ་ཐོགས་ནས་ཀྱང་། །གཡས་སུ་མདུང་ཐོགས་ཕྱར་བ་བགོ །མ་མོའི་བདུད་ཆས་ཞུགས་ནས་ཀྱང་། །སྒོ་ངའི་ཐུན་སྩོགས་འཕང་བར་བྱ། །ནག་མོ་སྔགས་རྒྱུད་ལས། །སྒོང་ཐུན་དམོད་མོའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྐུ་གཅིག་མཎྜའདོམ་གང་ལ། །གྲུ་བཞི་རྒྱས་པའིརངབཞིནལ། །ཟླུམཔོ་ཞི་བའི་ཚུལ་དུ་སྟེ། །ཟླ་གམ་རྣམ་གསུམ་དབང་གི་ཚུལ། །མཐིང་ནག་གྲུ་གསུམ་དྲག་པོའོ། །མཐིང་ནག་གྲུ་གསུམ་དབུས་ལ་གང་དམིགས་གཞག །ལུག་ཁྲག་ར་ཁྲག་ཁྱི་ཁྲག་ཡང་མི་ཁྲག་ཕག་ཁྲག་གསུམ། །ཟླ་གམ་གསུམ་ལ་རིམ་པ་བཞིན་དུ་བསྐུ། །དུག་གཏོར་རྒྱུན་གྱི་གཏོར་མ་དང་། །རྟག་པ་བཞུགས་པའི་གཏོར་མ་ཡང་། །ཟླ་གམ་དག་ལའང་རིམ་བཞིན་ནོ། །གྲུ་གསུམ་མཐིང་ནག་ཟླ་གམ་དམར། །གྲུ་ཆད་ཟླ་གམ་ལྡན་པ་ལ། །གྲུ་བཞི་སེར་པོ་ལྕགས་དང་སྒོ། །ཟླ་གམ་གསུམ་ལ་ཕུར་པ་དགོད། །འདི་ནི་སྐུ་གཅིག་དཀྱིལ་འཁོར་ཡིན། །གཞན་ཡང་གྲུ་གསུམ་མཐིང་ནག་ལ། །ཟླུམ་པོ་གྲུ་གསུམ་ཨེ་དང་ལྡན། །ཟླ་གམ་གསུམ་ལྡན་དམར་པོ་ལ། །སྒྲུབ་གཏོར་དང་ནི་དུག་ཐུན་དང་། །རྒྱུན་གཏོར་རིམ་བཞིན་དགོད་པར་བྱ། །དབུས་སུ་གང་དམིགས་མུ་ར་ཡ། ཕྱི་རིམ་གྲུ་གསུམ་དག་ལའང་། །སེམས་ཀྱི་རྩ་ལག་ཤི་ཀའི་མཚལ། །མི་དབང་འབྲས་བུ་གཞག་པར་བྱ། །ཕྱི་རིམ་ཁ་ཁྱེར་མེ་རིས་མཛེས། །ཟུར་གསུམ་འོག་ཏུ་ཐོད་པ་གནན། །ལྷ་མོ་ནག་མོའི་སྔགས་རྒྱུད་ལས། སྐུ་ཡི་མཎྜལ་གསང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བདག་བཤད་བྱ་བ། །རྩ་བའི་གསང་སྔགས་འདི་དག་གསུངས། །ཨོ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧུ༷་མ་སྨྱོ་ཛ་ཛ༷༷ དཔོན་གྱིའོ། །ཨོ་ཙ་པ་ལ་ཨ་ཤུག་མེ་སྲུ་ཧྭ། དེ་ཉིད་དོ། །ཨོ་བཛྲ་ཁ་རག་སྙིང་ཁ་རག་་ག་ཤ་ཙ་མུན་ཙག་ཤ མ་ཉིད་ཀྱིའོ། །ཏྲ་རསྒ་ཁ་མུ་མུནྟྲ། སྨྱོ་རུ་ལུ་རུ་ལུ་་ཀུ་རསྒ་སྙིང་ཁྲག་སྙིང་སྨྱོ་སྤུ་ཏ་སྤུ་ཏ་སྨྱོ། ཤ་ཤ་སྒག་ཤ་ཤ་སྒག །་ག་མོ་་བ་སྙིང་་ཐ་སྙིང་ཁྲག་དྲག སྒག་མུ་་ག་མ། སྙིང་ཁྲག་རྩ་བྲེང་བྲེང་། ཨོ་ཛ་ལ་ཛ་ལ་ཏིང་། ཨོ་བཛྲ་ཁ་རག་སྙིང་ཁ་རག་བཛྲ་ཀ་ལ༷་སྨྱོ་ཛ། ཏྲཀུ་རསྒ་ཁ་མུ་ཏྲ་སྨྱོ་ནཱ་ར་ཡ་ཐུན་ཡ། སྒག་རསྒ་སྙིང་ཁྲག་སྙིང་སྨྱོ་བཱ་ར་ཡ། ཐུན་ཡ། སྐྲུ་ཏ་སྐྲུ་ཏ་སྨྱོ་མུ་ར་ཡ་ཐུན་ཡ། ས་མ་ཡ་ཏི་སྟ། མ་མ་རུ་རུ་ཐིབས་ཐིབས། ཐབ་པྲ་བུར་ཁ་ཤ་བ༷། ཡ༷་ཐུ༷་རི་ལི་ལི། ཐིག་ནིག གཅིག་མེད། གཉིས་དྲག །བརྒྱད་གཅད། གནམ་མཐོངས་ཕྱེ་ལྕགས་སྒྲོག་ཁྲོལ། མི་རེངས་སོད། བཛྲ་ནེ་ཕཊ། རམ་བུ་སྐྱེ་ཚེ་ནས་ནག་དང་། །བྲ་བོ་ལ་སོགས་ཁྲག་བསྐུས་ལ། །སྒོ་ངར་བཅུག་ལ་བཟླས་པ་བྱ། །དེ་ནི་མྱ་ར་གདོན་མི་ཟ། །ནག་མོ་སྔགས་ཀྱི་རྒྱུད་ལས། རྩ་བ་སྔགས་ཀྱི་ལེའུ་དང་། ཐུན་སྔགས་གསང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཐུན་དགོངས་བཤད་བྱ་བ། །བ་སུ་ཞིང་སྐྲ་སུམ་སྒྲིལ་དག །གར་སྤྱིན་ཁྲག་གི་རྣམ་པ་ཡིས། །ལྷ་མོ་ཉིད་ཀྱི་ཐུགས་ཀར་སྦྱར། །རྣལ་འབྱོར་སྲིན་ལག་དག་ལ་གདགས། །རྣལ་འབྱོར་ཙིརྟི་ཁ་སྦྱར་བའི། །ག་བུར་རིན་ཆེན་གཞལ་ཡས་ཁང་། །ཉི་མའི་དཀྱིལ་འཁོར་བསམ་བྱས་ལ། །དེ་དཀྱིལ་སྨུག་ནག་མ་བསམས་ལ། །བཟླས་པའི་ཡིག་འབྲུ་ཕྱི་རིམ་བསམ། །གཟུངས་ཐག་སྲོག་རྩའིརངབཞིནནམ། །གསེར་ལྕེའུ་སུམ་སྒྲིལ་ཁོང་སྟོང་ནས། །ཡིག་འབྲུ་སྨུག་ནག་བསམ་བྱ་ཞིང་། །འཕྲོ་འདུ་མགལ་མེ་བསྐོར་བ་བཞིན། །དངོས་གྲུབ་སྩོལ་དང་མཆོད་འབུལ་དུ། །མ་དང་བུ་ཡི་ཚུལ་གྱིས་བྱ། །དེ་ནས་ཡང་དག་བཤད་བྱ་བ། །ཐོད་ཟོར་གསང་བའི་ལེའུ་ལས། །མོན་ནམ་རབས་ཆད་ཐོད་པ་སྲ ཁྲག་སྣ་དུག་སོགས་བླུགས་བྱས་ལ། །བོང་བུ་ཞོན་ནས་བདུད་ཆས་ཞུགས། །ཞིང་ཆེན་གཡབ་ཅིང་གསུར་ཆེན་བཏང་། །དུམ་བུ་གཉིས་བརྗོད་ཚལ་པ་གཉིས། །ཧ་ན་གཉིས་བརྗོད་ཐུན་སྔགས་བརྗོད། །འདབ་ཆགས་ནག་མོའི་ཟོར་དག་ལས། །མཐིང་ནག་དར་ལྕེའུ་ནང་དུ་ཡང་། །ཡུངས་ཀར་དག་ལ་ཐུན་སྔགས་བརྗོད། །འདབ་ཆགས་ནག་མོ་སོགས་པར་ཡང་། །སྐྱེ་རུ་གཟས་པའི་མིང་བྱང་གདགས། །ཙིསྟའིརྩེ་མོའི་ཕྲེང་བ་ཡང་། །དེ་ཡི་སྐྱེ་ལ་བསྐོན་བྱས་ལ། །གོ་ཟུ་ནག་པོ་གོན་པ་ཡིས། །བུད་མེད་དག་ལ་འདབ་ཆགས་བསྐུར། །གཏོར་མ་ནག་པོ་དག་ཀྱང་ནི། །བུད་མེད་དེ་ལ་དེ་བཞིན་བསྐུར། །ཆུ་བོ་ཆེན་པོའི་གཞུང་ལ་གཏོང་། །སྙིང་ཟོར་ནག་མོ་བཤད་བྱ་བ། ཁྲེལ་ནག་སྙིང་གི་ནང་དག་ཏུ། ་་་ནག་དག་ལ་ཐུན་སྔགས་བཟླས། །སྒྱུང་ཀའི་མདའ་ལ་གདགས་ཏེ་འཕང་། །དེ་ལྟར་ལས་རྣམས་བྱས་གྱུར་ན། །གང་ལ་བྱ་བ་མྱ་ར་ཡ། །དེ་ནས་གནོད་སྦྱིན་མ་ཚོགས་རྣམས། །དགའ་བའི་མདངས་ཀྱིས་པད་མ་སྟོན། །དཔའ་བོས་བཀའ་སྩལ་རྒྱུད་འདི་ལ། །ལེགས་པའི་རྣམ་གྲངས་མང་པོ་བརྗོད། །གཙོ་བོ་ཉིད་ཀྱི་ཐུགས་ཀ་མྲ །དེ་ཉིད་དུ་ནི་མི་སྣང་གྱུར། །དཔལ་ལྡན་ནག་མོའི་སྔགས་རྒྱུད་ལས། །ཟོར་སྔགས་གསང་བའི་ལེའུ་དང་། །རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། ༑ མངའ་བདག་རྒྱལ་པོ་ཆེན་པོའི་སྙན་དབལ་དུ། །བདག་གི་གདམས་པའི་བཀའ་མཆིད་གཅིག་གསོལ་ན། །མངའ་བདག་རྒྱལ་པོ་ཆེན་པོ་སྙན་གསོན་ཅིག །བང་སོ་བཟང་པོ་དེ་ལྟ་བགྱིས་པ་འདི། །དགུང་དུས་འཁྲུགས་པའི་དུས་སུ་ཕྱག་རྗེས་བཟང་། །གཙུག་ལག་ཁང་པ་ད་ལྟར་མཚོན་པ་འདི། །སྐུ་ཚེ་སླད་མའི་དོན་དུ་ཆེ་བ་ལེགས། །བི་རོ་ཙ་ན་དགེ་སློང་བདག་གིས་ཀྱང་། །ཕ་བོར་མ་བོར་སྤུན་བོར་གཉེན་བར་ནས། །རྗེ་ཡི་ཞབས་ནས་བཏེགས་པ་ཇི་ཙམ་པ། །མངའ་བདག་རྒྱལ་པོའི་ཐུགས་ལ་མངའ་འབར་བས། །མིག་ལྟར་གཅེས་པར་བྱེད་པའི་དུས་གསུམ་ཕ་མ་དང་། །གསོན་གཤིན་ལས་ཀྱི་འབྲེལ་པའི་གཉེན་བཞི་དང་། །རྩེ་གཅིག་ལས་ཀྱིས་འབྲེལ་བའི་ཡུལ་མི་གཉེན་འདུན་དང་། །འཁོར་ཡུལ་དུད་པོས་འབྲེལ་བ་དེ་རྣམས་དང་། །སྐད་ཅིག་སུས་ཀྱང་འབྲལ་རྗོ་མི་ཐོགས་པ། །མངའ་བདག་རྒྱལ་པོ་ཐུགས་ཚོད་ཆེ། །འདི་ནས་རྒྱ་གར་ཡུལ་གྱི་བར་དག་ལ། །དེའུ་ཤ་དེའུ་ཆད་ལྔ་བཅུ་རྩ་བཞི་བྱས། །བོད་ཀྱི་རྒྱལ་ཁམས་སྨིན་པར་བྱ་བ་དང་། །བོད་ཀྱི་དགེ་སློང་གཉན་པར་བྱ་བའི་ཕྱིར། །མ་རིག་མུན་པ་སེལ་བའི་བསྙེན་བསྒྲུབ་འདི། །རིན་ཆེན་ཕུང་པོར་བསྒྱུར་བའི་བསྟན་ཆོས་དང་། །འགལ་བ་ཆམ་ལ་འབེབས་པའི་རྒྱུད་འདི་འོང་། །འགལ་བ་ཆམ་ལ་འབེབས་པའི་སྔགས་འདི་ནི། །བདག་ལ་འཇམ་དཔལ་སྟོན་པས་ལུང་བསྟན་ཏེ། །རྡོ་རྗེ་གདན་གྱི་འོག་ནས་བརྐོས་ནས་འོང་། །ཡང་དག་རུས་པ་སྙིང་རུས་བསྐྱེས་ནས་ནི། །གསེར་ནི་རྫོངས་