Ngb-pt-0367-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཨུརུ་བཛྲ་དི་ཐྲི་ཀྭ་སྙི་ཤྭ་རྡི་ནཱ་མ་མནྟྲ་ཏནྟྲ་རྭ་ཛ། བོད་སྐད་དུ། འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མ་ཞེས་བྱ་བའི་སྔགས་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཐམས་ཅད་ཀྱི་རང་བཞིན་གྱི་བཞུགས་གནས། ཡུམ་རྡོ་རྗེ་མུ་ཁ་ལེ་མའི་བྷ་ག་རྣམ་པར་དག་པའི་དབྱིངས་ན་བཞུགས་སོ། །གཞན་ཡང་ཉིད་ལས་མི་གཞན་པའི་འཁོར། ཐིག་ལེའི་ཆོས་མཐར་ཐུག་པའི་ངང་ནས་སྤྲུལ་པ། སྣང་སྲིད་ཀྱི་བདག་མོ་ཆེན་མོ་སྣོད་བཅུད་ལ་དབང་སྒྱུར་བ་འབྱུང་བའི་རྒྱལ་མོ་ལྔ་དང་། ཡེ་ཤེས་ཚོགས་ཀྱི་མ་མོ་བཅུ་བཞི་དང་། དམན་མོ་ལྟར་སྣང་བ་ལྔ་བཅུ་རྩ་བརྒྱད་དང་ཡང་ཐབས་གཅིག་གོ །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་ཐབས་གཅིག་གོ །སྲིད་པ་གསུམ་གྱི་གནོད་སྦྱིན་མའི་ཚོགས་གདུག་པའི་མཚོན་ཆ་དང་པོ་དང་། གདུགས་པ་དཔལ་གྱི་མཚོན་ཆ་ཅན་དང་གདུག་པ་མིག་གི་མཚོན་ཆ་ཅན། གདུག་པའི་དམོད་པ་ཅན་ལ་སོགས་པ། མིའི་ཤ་ཁྲག་དང་སྲོག་དབུགས་ལ་སོགས་པ་ལ་དབང་བྱེད་པ། འཇིག་རྟེན་དུ་བསྐལ་པ་མ་ཡིན་བསྐལ་པ་དང་། དུས་མ་ཡིན་པའི་ཆོ་འཕྲུལ་དང་། མི་མཐུན་པའི་ནད་དང་། འཇིགས་པའི་ས་གཡོས་དང་། ཐོག་དང་། སེར་བ་དང་། སྲིད་པ་གསུམ་ན་བཀའ་ནན་ཆེ་བ། བརྡ་མི་འཕྲོད་པ། འཇིགས་པའི་སྒྱུགས་གླུ་ལེན་ཅིང་། ལག་པའི་བརྡ་གཏོང་བ། ཁྲག་དང་ཞག་གི་དྲི་སྣོམ་པ། སེམས་ཅན་ཐམས་ཅད་ལ་རྣམ་པར་འཚེ་བནང་གི་རྒྱན་བབ་ན་གཅིག་ལ་གཅིག་གི་རིགས་ཁྱོ་དང་། བུ་ལ་སོགས་པ་ཟ་བར་བྱེད་པ། ཉུངས་བདུན་འཆའ་ཞིང་སྨུག་རྩི་སྐུད་པ་དང་། ཤིན་ཏུ་སྒེག་པའི་ཚོགས་རྣམས་ལ། མ་མོའི་ཚོགས་འདི་ལྟ་སྟེ། ཤིང་འཛམ་བུ་བྲིཀྟ་ལ་གནས་པའི་སྲིན་མོ་ཆེན་མོ་ཤ་དང་ཁྲག་གི་དྲི་ཚོར་ན། མཚན་གཅིག་ལ་དཔག་ཚད་བརྒྱད་ཁྲིར་རྒྱུག་པར་བྱེད་པའི་སྲིན་མོ་ཆེན་མོ་དམོད་པའི་མཚོན་ཆ་ཅན་དང་། ཨེ་ཀ་ཙ་ཏི་དམོད་པའི་མཚོན་ཆ་ཅན་དང་།དམག་གི་རྒྱལ་མོ་དམོད་པའི་མཚོན་ཆ་ཅན་དང་། མ་བདུན་སྲིང་བཞི་དམོད་པའི་མཚོན་ཆ་ཅན་དང་། བདག་མོ་དམོད་པའི་མཚོན་ཆ་ཅན་དང་། མ་བདུན་གནོད་སྦྱིན་དཔོན་གཡོག་དམོད་པའི་མཚོན་ཆ་ཅན་དང་།བདུད་མོ་གནོད་སྤྱིན་སྤུན་གསུམ་དམོད་པའི་མཚོན་ཆ་ཅན་དང་། དུས་ཀྱི་ཞགས་པ་དམོད་པའི་མཚོན་ཆ་ཅན་དང་། དེ་ལ་སོགས་ཏེ་སྲིད་པ་གསུམ་ཕུང་བར་བྱེད་པའི་མ་མོའི་དམོད་པའི་མཚོན་ཆ་ལ་སོགས་པ་ལས་དྲག་པའི་རྐྱེན་ལས་གྱུར་པ་བསམ་གྱིས་མི་ཁྱབ་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་དེ་དག་གི་ནང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས།བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཞིང་དང་བསྐལ་པ་འདི་ཉིད་ལ། ལས་དང་རྐྱེན་ལས་གྱུར་པ་ཡིས། །སྤྲུལ་པར་ནུས་པའི་མ་མོ་ཞིག །སེམས་ཅན་རྣམས་ལ་རྣམ་པར་འཚེ། །གདུལ་ཕྱིར་དབང་ནི་བསྐུར་བ་དང་། །དམ་ལ་བཏགས་ཏེ་རྣལ་འབྱོར་པས། །སྒྲུབ་ཐབས་ལ་སོགས་བཤད་པར་བྱོས། །རྡོ་རྗེ་འཛིན་ལ་བདག་ཉན་འཚལ། །ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །གསང་བདག་རྡོ་རྗེ་འཛིན་པ་ཁྱོད། །ཕྱག་རྒྱ་དབང་བསྐུར་སྦྱོར་བ་གཉིས། །དུས་ལ་བབ་ན་ཉན་པར་བྱོས། །བྱིན་རླབས་དབང་ནི་བསྐུར་བར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཉིད་ཀྱི་རྒྱུད་དང་། སྲིན་མོ་ཆེན་པོ་སྤྲུལ་པ་ནུས་པའི་རྒྱུད་གཉིས་སུ་མངོན་པར་སྤྲུལ་ཏེ། གསང་བའི་བདག་པོ་ཉིད་ཀྱི་རྒྱུད་ནི། དོན་དམ་པ་འདྲི་བར་གྱུར་ཏོ། །སྲིན་མོ་ཆེན་མོའི་རྒྱུད་ནི། ནུབ་ཕྱོགས་ཀྱི་སྒོ་ནས་ཐལ་མོ་སྦྱར་ཏེ། དབང་ནོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོས། ཡུམ་གྱི་བྷ་ག་ལ་གསང་བའི་རྡོ་རྗེ་བཟླས་པས། ཉི་ཟླའི་སྟེང་དུ་གནས་ཡུལ་གྱི་ཁྲོ་མོར་གྱུར་ཏེ། དེ་ཉིད་ཧ་ཧོར་གྱུར་པ་རྣམས། སྦོམ་པོ་དང་དབང་མོ་གཉིས་ཀྱི་བཟུང་སྟེ། བཛྲ་ཀོའུ་རྡི་ཧ། བཛྲ་ཙོའུ་རྡི་ཧ། བཛྲ་བེ་ཏྭ་སྙི་ཧ། བཛྲ་པུསྐ་སྙི་ཧ། བཛྲ་བྷསྨ་རྡི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙཎྜ་སྙི་ཧ། བཛྲ་སིདྷ་མུ་ཁུ་ཧེ།བཛྲ་བྱུ་ཀྟ་མུ་ཁུ་ཧེ། བཛྲ་སྲི་ལ་མུ་ཁུ་ཧེ། བཛྲ་ཀྲི་རྟེ་མུ་ཁུ་ཧེ། བཛྲ་ཀསྐོ་མུ་ཁུ་ཧེ། བཛྲ་ཀྭ་ཀ་མུ་ཁུ་ཧེ། བཛྲ་སྤུ་ལུ་ཀ་མུ་ཁུ་ཧེ། ཨ་སྟི་ཁི྅་ཧུ༷་ཞེས་སྤྱི་བོའི་སྟེང་དུ་བཞག་པས་ལྷ་མོ་དེ་ཉིད་དབུ་བཅུ་བདུན། ཕྱག་སུམ་ཅུ་རྩ་བཞི་དང་ལྡན་པར་གྱུར་ཏོ། །དེ་ནས་ལྷ་མོ་འཇིགས་པའི་གཟུགས་ཅན་དེས། སྤྲུལ་པའི་འོད་ཟེར་ཐུགས་ཀ་ནས་ཉིད་དང་འདྲ་བ་བཀྱེས་ནས། སྲིན་མོ་ཆེན་མོ་དེ་སྐད་ཅིག་གིས་གཡོག་དང་བཅས་པ་དེ་མ་ཐག་ཏུ་དཔལ་ཆེན་པོའི་ཐད་དུ་སྐད་ཅིག་གིས་ཁ་སྐྲུབ་ཏུ་འདྲེད་ཀྱིས་སོང་བར་གྱུར་ཏོ། །དེ་ནས་དཔལ་ཆེན་པོས་དབུགས་ཕྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། དེ་མ་ཐག་ཏུ་དྲན་པ་སྟོར་བ་རྙེད་པར་གྱུར་ཏོ། །དེ་ནས་སྲིན་མོ་ཆེན་མོ་དེས། འདི་སྐད་ཅེས་གསོལ་ཏོ། །སྔར་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་ཡང་རབ་ཏུ་གནོང་། ཕྱིས་མི་བྱེད་པར་ཡང་དམ་བཅའ། སྲོག་གི་སྙིང་པོ་ཡང་འདི་འབུལ་ལོ། །ཨོ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧུ༷་སྨྱོ། འཇིག་རྟེན་མགོན་ལ་བདག་སྐྱབས་མཆི། །དེ་ཡང་བདག་ལ་དབང་བསྐུར་གསོལ། །འཚལ་བའི་སྐལ་པ་སྩལ་དུ་གསོལ། ལས་དང་བྱ་བའང་བསྐོ་རུ་གསོལ། །ཞེས་སྨྲས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས། སྲིན་མོ་ཆེན་མོ་ཁྱོད་ཉིད་ལ། །ཡེ་ཤེས་རྣམས་ཀྱིས་དབང་བསྐུར་ཏེ། །རྫོགས་པའི་ཚུལ་གྱིས་ཕྱག་རྒྱ་ཆེ། །ས་བརྒྱད་གནོན་པའི་སེམས་མར་ཤོག །ཅེས་ལྷག་པའི་བྱང་ཆུབ་སེམས་སྦོམ་པོ་དང་དབང་མོས་བཟུང་སྟེ། སྲིན་མོ་ཆེན་མོ་དེ་ལ་ཕྱི་ནང་གསང་བ་གསུམ་གྱི་དབང་བསྐུར་བས། ས་བརྒྱད་པའི་བྱང་ཆུབ་སེམས་མར་གྱུར་ཏོ། །ཟས་སྐལ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་གནོད་པར་བྱེད་པར་ཐམས་ཅད་ཟོ་ཞིག །ལས་ཀྱི་སྐལ་བ་ནི་རྣལ་འབྱོར་པ་སྒྲུབ་པ་པོ་ཐམས་ཅད་ཀྱི་གྲོགས་གྱིས་ཤིག །ཅེས་གསུངས་སོ། །ཞེས་འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོས། སྲིན་མོ་ཆེན་མོ་དེ་ལ་འདི་སྐད་ཅེས་གསུངས་སོ། ཁྱོད་ཀྱིས་སྟེང་ལྷ་ཡུལ་དུ་ཕུང་བར་བྱེད་པའི་དམོད་པའི་མཚོན་ཆ་ནི་གང་ཡིན། འོག་ཀླུ་ཡུལ་དུ་ཕུང་བར་བྱེད་པའི་དམོད་པའི་མཚོན་ཆ་ནི་གང་ཡིན། གླིང་བཞི་ཕུང་བར་བྱེད་པའི་དམོད་པའི་མཚོན་ཆ་ནི་གང་ཡིན།ཁྱོད་སྒྲུབ་པའི་གནས་ནི་གང་ཡིན། འཁོར་ལ་སོགས་པའི་བསྟན་པའི་རྫས་གང་ཡིན། སྲོག་གི་སྙིང་པོ་ནི་གང་ནས་ཇི་སྐད་དྲང་། དམོདཔའིམཚོནཆནིགངལཇི་ལྟར་བྱ། བསད་པ་ལ་སོགས་པའི་དཀྱིལ་འཁོར་ཇི་ལྟར་བྲི་བར་བྱ། ཁྱོད་ཀྱིས་སྨྲོས་ཤིག །ཧི་ཧི། མངོན་རྫོགས་བཀའ་སྩལ་ཉན། །རྫོགས་པའི་སངས་རྒྱས་སྤྱན་སྔ་མྲ །དམོད་པ་ལ་སོགས་སྨྲ་བར་བྱ། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །དམོད་པ་འདི་ལ་བྱིན་རླབས་མཛད། །དཀྱིལ་འཁོར་ལ་སོགས་ཐམས་ཅད་ལ། །བྱིན་རླབས་དམ་པ་ཐོབ་པར་མཛོད། །ཐེག་པར་ཞུགས་པའི་རྣལ་འབྱོར་ལ། །ཐུགས་རྗེ་ཆེན་པོ་བསྒྲགས་པར་གསོལ། །སྟེང་ལྷ་ཡུལ་དུ་ལྷ་མིན་གྱི་རྒྱལ་པོ་ཐགས་བཟང་རིས་ལ་སོགས་པའི་དམག་དཔོན་ནི། མན་དྷ་ཨ་སུ་ར་བྱ་བ། ལོང་བ་མགོ་གསུམ་པ། ལག་པ་བཞི་པ་གཅིག་གིས་སྣ་དྲངས་ནས་འོང་ངོ་། །ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་དམག་དཔོན་ནི། བ་སུ་ཏ་བྱ་བ་གཅིག་གིས་སྣ་དྲངས་ནས་འོང་། མིའི་རིགས་ཐམས་ཅད་ཀྱིས་ལྷའི་གྲོགས་བྱས། སྲིན་གྱི་རིགས་ཐམས་ཅད་ཀྱིས་ལྷ་མ་ཡིན་གྱི་གྲོགས་བྱས་ཏེ། ལྷ་མ་སྲིན་ཐམས་ཅད་དཔག་བསམ་གྱི་ཤིང་ལ་མ་འཚམས་ཏེརྩད་པ་ཆེན་པོ་བྱས་པས། ལྷ་ཕམ་ལྷ་མ་ཡིན་རྒྱལ་ཏེ། དེའི་དུས་སུ་ལྷ་ཐམས་ཅད་ཀྱི་མདངས་དང་དྲོད་ལ་སོགས་པའི་བ་་ལ་བདག་གི་སྲོག་ཞུགས་པར་གྱུར་ཏེ། ལྷ་མོ་མདངས་ལྡན་མར་གྱུར་ཏེ། གནས་ནི་ཤིང་ཆེན་པོ་ཡོངས་འདུ་ཞེས་བྱ་བ་ལ་གནས་བཅས་ནས། དེའི་དུས་སུ་མདངས་དང་དྲོད་ལས་སྤྲུལ་པའི་གནོད་སྦྱིན་མོ་གཉིས་ལས་ཀྱིས་བསྟུན་ཏེ། གཡོག་ཏུ་བྱུང་ནས། ལྷ་མ་ཡིན་གྱི་རིས་ཐམས་ཅད་ལ་དམོད་པ་དམོས་པ་ནི་འདི་ལགས་ཏེ། རུ་རུ་རག་མོ་ཐགས་བཟངས་རིས་བ་ཀྱི་ཙིཏི་བཱ་ར་ཡ། ཐང་མུ་ལེ་ཐང་མུ་ལེ། ཙ་ཐང་ཙ་ཐང་། ཐགས་ཟངས་རིས་ཀྱི་སྲོག་རྦད་རྦད། མུ༷་དྲི་མུ༷་དྲི་རྦད་ནན། རག་མོ་ནི་ཁ་ལོ། རག་མོ་ནི་ཁ་ལོ་རྦད། དུག་དྲི་དུག་སྤོ་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། དེ་ནི་བདག་ཉིད་ཀྱི་དམོད་པའོ། ཙ་སྟི་ཙ་སྟི་རྦད། ནིར་སྟི་ནིར་སྟི་རྦད། མུགས་མུགས། དེ་ནས་གནོན་སྤྱིན་མོ་དྲེ་སྣ་མའི་དམོད་པའོ། །ཐུབས་ཐུབ་སུབས་ཏི་རྦད། སེ་ཁ་ལོ་རྦད། མུ་ཁ་ལོ་རྦད། དེ་ནི་ཁྲི་སྨན་ལྡེམ་དྲུག་གིའོ། དེས་ནི་ཐགས་ཟངས་རིས་ཀྱི་རིགས་ཐམས་ཅད་བརླགས་པར་བྱས་སོ། །དེ་ནས་ལྷ་ཐམས་ཅད་ཕྲག་དོག་གི་དབང་གིས། བདག་དང་དབང་ཕྱུག་ཆེན་པོ་མ་ཧྭ་དེ་བ་ཉལ་པོ་བྱས་པ། ལྷ་བྲན་ཐམས་ཅད་ཀྱིས་དཔྱས་པས། ལྷ་བྲན་ཐམས་ཅད་ལ་དམོད་པ་འདི་དམོས་པའོ། །ཨེ་ར་ཙ་ར་ཨེ་ར་ཙ་ར། དེ་བ་ཙིསྟ་མྱ་ར་ཡ། ཐང་མུ་ལེ་ཐང་མུ་ལེ། ཙ་ཐང་ཙ་ཐང་། དེ་བ་ཙིརྟི་རྦད་རྦད། མུ༷་དྲི་མུ༷་དྲི་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོ་རྦད། དུག་དྲི་དུག་དྲི་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། ཙ་ཏི་ཙ་ཏི་རྦད། ནིར་ཏི་ནིར་ཏི། མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། སེང་ཁ་ལོ་རྦད། མུ་ཁ་ལོ་རྦད། དེས་ནི་ལྷའི་ཚོགས་ཐམས་ཅད་བརླགས་པར་བྱས་སོ། རྒྱལ་ཆེན་བཞི་ལ་དོ་བསྡོས་ཏེ། རྐང་པ་རྒྱ་མཚོའི་གཏིང་དུ་བརྐྱང་། སྤྱི་བོ་རི་རབ་རྩེ་དང་མཉམ་པས་རྒྱལ་ཆེན་བཞིའི་འཁོར་ཐམས་ཅད་ཞེ་སྡང་སྐྱེས་ནས། དམག་དང་བཅས་ནས་རྒོལ་དུ་བྱུང་བ་ལ། དམོདཔ་དམོས་པ་འདིའོ། །ད་ནི་དུན་ཏིང་དུལ་ཡ་བཛྲ། དེ་བ་ཙིསྟ་བཱ་ར་ཡ། ཐང་མུ་ལེ་ཐང་མུ་ལེ། ཙ་ཐང་ཙ་ཐང་། དེ་བ་ཙིསྟ་རྦད་རྦད། མུ༷་དྲི་མུ༷་དྲི་ནན། རག་མོ་ནི་རག་མོ་ནི་ཁ་ལོརྦད། དུག་དྲི་དུག་དྲི་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། ཙ་ཏི་ཙ་ཏི་རྦད། མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། པེ་ཁ་ལོ་རྦད། མུ་ཁ་ལོ་རྦད། དེས་ནི་རྒྱལཆེན་རིགས་བཞིའི་འཁོར་ཚོགས་བརླགས་པར་བྱས་སོ། །དེ་ནསཡང་ལྷ་མ་སྲིན་གྱི་རྒྱལ་པོ་ཧེ་རུ་ན་ཀེ་ཤུབྱ་བས། བདག་ཅག་ལ་མཚོན་གྱི་ཆར་ཕབ་པས། མཚོན་ཐམས་ཅད་ཀྱང་རྣལ་བར་གྱུར་ཏེ། ཡང་དམོད་པདམོསཔ་ནི་འདིའོ། །དུ་རུ་ཙ་ལ་ནི་ཧ་ན་བཛྲ་ཧེརུ་ན་ཀེའུ་ཤུ་ཙིསྟམྱ་ར་ན། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐངམུ་ལེ། ཧེ་ར་ན་ཀེའུསྲོག་རྦད་རྦད། མུ༷་དྲི་མུ༷་དྲི་ནན་ནན། རག་མོ་ནི་རག་མོ་དྲི་ཁ་ལོ་རྦད། དུག་དྲི་དུག་དྲི་ཁ་ལོརྦད། ཀྱི་ཁ་ལོ་རྦད། ཙ་ཏི་ཙ་ཏི་རྦད། ནིར་ཏིནིར་ཏི་རྦད། མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། པེ་ཁ་ལོ་རྦད། དེས་ནི་ཧེ་རུ་ན་ཀེའུ་ཤུ་བརླགས་པར་བྱས་སོ། །དེ་ནས་ཡང་ཧེ་རུ་ན་ཀེའུ་ཤུའི་ཆུང་མ་ཕག་གི་སྣ་ཅན་མས་ཁྱོ་ཤི་བའི་དུས་སུ་དམོདཔ་དམོས་པས། བདག་ཅག་ལ་ནི་མ་ཚུགས་ཏེ་དམོད་པའི་ལན་བཏབས་པ་འདིའོ། །དུ་མ་ཧྭ་ར་བཛྲ་སྨྱོ། ཕག་གི་སྣ་ཅན་མའི་ཙིསྟ་བཱ་ར་ཡ། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེཕག་གི་སྣ་ཅན་མའི་སྲོག་རྦད་རྦད། མུ༷་དྲི་མུ༷་དྲི་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོ་རྦད། དུག་དྲི་དུག་དྲི་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། ཙ་ཏི་ཙ་ཏི། ནིར་ཏི་ནིར་ཏི་རྦད། མུགས་མུགས། ཐུབ་ཐུབ་སུ་མ་ས་ཏི་རྦད། སེ་ཁ་ལོ་རྦད། མུ་ཁ་ལོ་རྦད། དེས་ནི་ཕག་གི་སྣ་ཅན་མ་བརླགས་པར་བྱས་སོ། །དེ་ནས་སྙེང་ལྷ་ཡུལ་དུ་མ་ཆགས་ནས་འོག་ཀླུ་ཡུལ་དུ་འོངས་པས་ཀླུ་རིགས་བཞིས་འདུག་ཏུ་མ་སྟེར་ཏེ། །རྒྱལ་རིགས་ནི་ཕྲག་དོག་སྐྱེས། རྗེ་རིགས་ནི་འདོད་ཆགས་སྤྱད་པར་མཐོང་། བྲམ་ཟེའི་རིགས་ནི་བསྡོ་བར་མཐོང་། །རིགས་ངན་ནི་ཤིན་ཏུ་སྐྲག་ནས་འདུག་ཏུ་མ་སྟེར་ཏེ། ཡང་དམོས་པ་འདིའོ། །ནཱ་ག་ནཱ་གནཱ་ག་ཙིསྟ་མྱ་ར་ཡ། ཀྱི་མ་སྲོགས་ཀྱི་མ་ཙ། ནཱ་ག་ཙིརྟི་མྱ་ར་ཡ། མ་ར་ཏིག་མ་ར་ཏིག །ནཱ་ག་ཙིསྟ་མུ་ར་ཡ། ཙེ་ཙེ་ན་མ་ར་རིག ནཱ་ག་ཙིསྟ་མུ་ར་ཡ། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེ། ནཱ་ག་མ་སྲོག་རྦད་རྦད། །མུ༷་དྲི་མུ༷སྣྲ་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོ་རྦད། དུག་དྲི་དུག་སྤོ་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། ཙ་ཏི་ཙ་ཏི་རྦད། ནིར་ཏི་ནིར་ཏི་རྦད། མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། པེ་ཁ་ལོ་རྦད། མུ་ཁ་ལོ་རྦད།དེས་ནི་ཀླུ་རིགས་བཞིའི་ཚོགས་ཐམས་ཅད་ཕུང་བར་བྱས་སོ། །དེ་ནས་འཛམ་བུ་གླིང་གི་བྱང་ཕྱོགས་སུ། མྱ་ངན་གྱི་སྣམ་བུ་ལ། མཁའ་འགྲོ་མའི་ཚོགས། མཁར་རྨང་བཞི་ནི་ལྕགས། ལོགས་བཞི་ནི་བསེ། ཟུར་བཞི་ནི་མཆོང་། ཁ་བད་གཡུ། པུ་ཤུ་ཤེལ། སྒོ་ནི་དུང་། མཐའ་མ་ནི་ལྕགས་རི། ནང་ནི་འབར་བའི་ཐོད་དགུ། མི་རོ་རྟ་རོའི་ཁྲི། དེ་ན་མཆིས་ཤིང་མཚན་མོ་དུར་ཁྲོད་དུ་ཉུལ་ཏེ། ཟས་སུ་མིའི་ཤ་ཟ་ཞིང་ཁྲག་འཐུང་སྟེ་གནས་པ་ལ། ལས་ཀྱི་འཕྲོ་ཟས་ནས་ཚེའི་དུས་བྱས་ནས་ཤི་བར་གྱུར་ཏོ། །དེ་ནས་ཕ་ནི་དམུ། མ་ནི་ཀུན་འགྲོ་མ། དེས་གཉིས་ཀྱི་བུ་མོ་བདག་རང་དམུ་ཟད་ན་ཏིང་ཞག་བྱ་བར་སྐྱེས་ཏེ། ཁྱོ་ཏྲ་ལེ་ཏ་བྱ་བ་ལ་ཕྱིན་པས།ཁྱོ་གམ་དུ་འོང་དུ་མ་འདོད་དོ། །ཕག་རྫི་དང་འཆོས་པས། ནལ་བུ་བཙས་པར་གྱུར་ཏེ། རྒྱ་མཚོར་ལྕེབ་ཏུ་ཕྱིན་པས། རྒྱམ་མཚོའི་ནང་དུ་ཨེ་ཀ་ཙ་ཏི་མའི་ཞལ་མཐོང་། དེ་ནས་ཨེ་ཀ་ཙ་ཏི་ལ་དབང་ནོས་ཏེ། ཨེ་ཀ་ཙ་ཏིས་ཚེ་རབས་སྔ་མའི་གནས་བསྟན། བྱང་མྱ་ངན་གྱི་སྣམ་བུར་ཕྱིན་ཏེ། ཁྱོ་དང་ཆེན་མ་ལ་དམོད་པ་དམོས་པ་ནི་འདི་ཡིན་ཏེ། རུ་རུ་རག་མོ་ཏྲ་ལི་ཏའི་ཙིསྟ་མྱ་ར་ཡ། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེ། ཏྲ་ལི་ཏའི་སྲོག་རྦད་རྦད། མུ༷་ཐྲོ་མུ༷་དྲི་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོ་རྦད་རྦད། དུག་དྲི་དུག་དྲི་ཁ་ལོ་རྦད་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད་རྦད། ཙ་ཏི་ཙ་ཏི་རྦད་རྦད། ནིར་ཏི་ནིར་ཏི་སྙིང་ལ་མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། ཁ་འདར་ཡེད་ཡེད། ཐུམ་ཐུམ་རྦད་རྦད། པེ་ཁ་ལོ་རྦད། མུ་ཁ་ལོ་རྦད། གཞན་ཡང་། ཨེ་ར་ཙ་ན་ཨེ་ར་ཙེ་ན་ཏྲ་ལི་ཏའི་ཙིསྟ་བཱ་ར་ཡ། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེ། ཏྲ་ལི་ཏའི་སྲོག་རྦད་རྦད། མུ༷་དྲི་ལ་སོགས་པའི་དམོད་པ་གོང་མ་དང་མཐུན་པར་དམོས་ཏེ། གཞན་ཡང་ནི་དུན་ཏིང་དུ་ལ་བཛྲ། དུ་རུ་ཙ་ལ་ནི་ཧ་ན་བཛྲ། དུ་མ་ར་བཛྲ་ཐུ། ནཱ་ག་ར་ག ཀྱེ་མ་སྲོག་གི་མ་ཙ། ན་མ་ར་ཏིག་ན་མ་ར་ཏིག ཙེ་ཙེ་ན་མ་ར་ཏིག །ཅེས་ལྷ་དང་ལྷ་མ་ཡིན་དང་། ཀླུ་ལ་སོགས་པའི་དམོད་པ་དང་སྦྲགས་ཏེ། དེ་ཡང་མིའི་རིགས་ལ་རྒྱུད་གཅིག་ལ་ཡང་ལྷ་ལྟ་བུ་དལ་ཞིང་འཇམ་པ་ཡང་ཡོད། ལྷ་མ་ཡིན་ལྟ་བུ་ཁྲོ་བའི་སེམས་ཀྱང་ཡོད།རྒྱལ་པོ་ལྟ་བུ་བསོད་ནམས་ཆེ་ཞིང་དབང་ཐང་ཆེ་བའི་ཞད་བྱང་ཡོད། ཀླུ་ལྟ་བུ་གདུག་པའི་སེམས་ཀྱི་རྒྱུད་ལ་སོགས་པ་ཡོད་པས། དམོད་པ་དེ་དག་དང་སྦྱར་བ་ལགས། དེས་རྟ་ལི་ཏ་དང་། ཆེན་མ་ཀུན་བརླགས་པར་བྱས་སོ། །དེས་ནི་ཁད་ཀྱིས་གླིང་བཞི་ཕུང་བར་བྱས་ཏེ་དམོད་པས་བསད་ཅིང་ཟོས་པ་ལགས། བདག་སྒྲུབ་པའི་རྣལ་འབྱོར་པའི་གནས་ནི། བདག་ཉིན་མོ་བྲག་དམར་པོ་ཆོལ་ཟངས་འདྲ་བ་ན་གནས། མཚན་མོ་ནི་དུར་ཁྲོད་ལ་སོགས་པ་ཉུལ་བས། རྣལ་འབྱོར་པས་ཀྱང་གནས་དེ་ལྟ་བུར་བྱ། །བདག་དང་དྲེགས་པའི་འཁོར་མཆོད་ཅིང་བརྟེན་པའི་རྫས་ནི། ལུག་ནག་པོ་སྤྱི་དཀར་ལ་འབེབས་འབེན་ཀྱང་བཅའ། ནལ་བུའི་ཤ་ལ་ལྷ་བཤོས་བྱ། ཁྲག་ལ་ཨསྙེ༷་བྱ། ཚིལ་བུ་ལ་མེ་མར་བྱ། དབང་པོལྔསམེཏོགབྱ། གོརོཙན་དང་ཚིལ་ཆེན་གྱི་དྲི་ཆུ་བྱ། ཤ་དང་ཁྲག་དང་ཚིལ་ལས་སྤོས་བྱ། ཤུན་གྱིས་རྒྱལ་མཚན་བྱ། ཐོད་པས་གཏོར་སྣོད་བྱ། རྒྱུ་མས་ཐིག་སྐུད་བྱ། སྙིང་གིས་གཏོར་མའི་དབུས་བྱ། གློ་བ་དང་མཁལ་མ་དང་མཆིན་པས་མཐའ་བྱས་ཏེ་བཞག །གཞན་ཡང་ནལ་བུའི་རྐང་གིས་གླིང་བུ་བྱ། སྐད་ནི་པུ་རུ་རུ་པུ་རུ་རུ་ཟེར། ཐོད་པ་ལྟག་སྤྲོད་ཀྱི་རྔ་ལ་ཞིང་གི་པགས་པས་གཡོགས་མ་བྱས་ལ་ནལ་བུའི་རྐང་གི་བྲབ། སྐདནི་ཅང་ཅང་ཏོགཅང་ཅང་ཏོག་ཟེར། ནལ་བུའི་ཐེབ་རྡོག་གཉིསཔོལྷོ་རྡེབས་སུ་བྱ། སྐད་ནི་བུ་ལ་ཏོག་བུ་ལ་ཏོག་ཟེར་རོ། །བྷསྟོ་མ་ཀ་གཉིས་ལ་ཆ་ལང་བྱ། སྐད་ནི་ཀྲོག་ཀྲོག་ཅིང་བུག་ཀྲོག་ཀྲོག་ཅིང་བུག་ཟེར་རོ། །དེ་ལྟ་བུའི་སྒྲ་དང་རྫས་གང་ན་ཡོད་པའི་རྣལ་འབྱོར་པ་དེའི་དྲུང་དུ་སྲོག་གི་སྙིང་པོ་ནས་མ་དྲངས་ཀྱང་། སྐད་ཅིག་གིས་བདག་དང་། བདག་གི་འཁོར་འཇིགས་སུ་རུང་བ་བརྡ་མི་འཕྲོད་པ་དེ་དག་ཀྱང་བཀའ་ཉན་ཅིང་། གམ་དུ་མཆིའོ། །གཞན་ཡང་བདག་འཚལ་བའི་རྫས་ནི། ལག་གི་འདུ་བྱེད་ལས་ལྷུང་བའི་བྱང་ཆུབ་སེམས་དང་། འཆི་ཀའི་མཚལ་ཐིགས་དང་། ཚིལ་དཀར་ནག་དང་། ཐལཆེན་དང་། ཤིངལོ་རླུང་གིས་ཁྱེར་བ་བཟུངབ་དང་། མཛེས་སྡུག་མེ་ཏོག་སྣ་བརྒྱད་དང་། ཤ་སྣ་རྩ་བརྒྱད་དང་། བདུད་རྩི་ཤི་སོས་ལ་སོགས་པ་ཀུན་གྱི་གམ་དུ་མཆིའོ། །འཁོར་ལྡིང་བགྱིད་ལ་སོགས། །དྲེའུ་སྣ་རི་ལྷ་ལྷོ་ཡང་རྫས་དང་། དྲེའུ་ཁྱི་ཁྲག་གང་ན་མཆིས་པ་དེར་མཆི་ཞིང་འཁོར་ལྡིང་བགྱིད་ལགས་སོ། ཁྲི་སྨན་ནི་མཆིན་མཁྲིས་དང་། སྨྱུག་མ་དང་། བལ་ཚན་སྣ་ལྔ་དང་། སྣ་ཁྲག་དང་དེ་རྣམས་གང་ན་མཆིས་པ་དེར་༄༅། ༷ །མཆི་ཞིང་འཁོར་ལྡིང་བགྱིད་ལགས་སོ། །སྲོག་གི་སྙིང་པོ་ནི། །ཨཱོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧུ༷་སྨྱོ་ཛ་ཛ༷༷ བདག་གིའོ། །མ་མ་ད་དུང་ཁྱེར་ཡ་སྨྱོ། དྲེའུ་སྣའི་འོ། །རུ་རུ་རོ་རུ་ཁ་དུར་མ་ཏི་སྨྱོ། ཁྲི་སྨན་གྱིའོ། །ཨཱོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ༷་སྨྱོ་ཛ་ཛ༷༷ བདག་ཅག་གསུམ་སྤྱི་དྲིལ་བ་ལགས་ཏེ། བདག་ཅག་གི་སྲོག་གི་སྙིང་པོ་འདི་རྣམས་རྣལ་འབྱོར་པ་གང་ཞིག་འདྲེན་པ་དེའི་སྤྱན་སྔར་མཆི་ཞིང་ལས་ཀུན་བགྱིད་དོ། །དམོད་པའི་མཚོན་ཆ་ནི་གང་ལ་ཇི་ལྟར་དམོས་ཡང་རུང་སྟེ། རྩ་ཀོ་ལ་ནག་པོའི་ནང་དུ་ཁྲག་དང་དུག་དང་སྙིང་བཏགས་པའི་ཕྱེ་མ་བླུགས་ལ། དེ་ལ་ཞིང་སྐྲའི་ཐག་པ་བཏགས་ཏེ། དམོད་པ་ཞིང་སྐྲའི་ཐགས་པ་ནས་ཞུགས་ཏེ། ཐུན་ལ་དུག་གི་ན་བུན་འཐིབས་པར་བསམས་ནས་འཕང་ན་ལྷ་ལ་སོགས་པ་ཡང་ཤི་བར་འགྱུར་ན། མི་ལ་སོགས་པ་ཀུན་སྨོས་ཅི་དགོས། བདག་ཅག་བསྙེན་ཅིང་སྒྲུབ་པའི་དཀྱིལ་འཁོར་ནི། གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་དང་། སྒོ་དང་སྒོ་ཁྱུད་ལ་སོགས་པ་དང་ལྡན་པར་བྱས་ཏེ། གྲུ་གསུམ་ལ་མངོན་རྫོགས་རྒྱལ་པོ་ཉིད་དགོད། ཟླ་གམ་ལ་བདག་ཅག་བཀོད་ནས་བསྒྲུབས་ན། དེའི་བཀའ་བཞིན་བགྱིད་དོ། །གསང་བའི་དཀྱིལ་འཁོར་ཡང་གྲུ་གསུམ་མཐིང་ནག་གི་དབྱིབས་ལ། མངོན་རྫོགས་ཀྱི་རྒྱལ་པོས་བཀའ་ཇི་ལྟར་སྩལ་པ་གང་ལགས་པ་དེའི་ལས་བགྱིའོ་སྙིང་པོ་དང་། དམོད་པ་ལ་སོགས་པ་གཞན་ཡང་མངོན་རྫོགས་རྒྱལ་པོས་བཀའ་ཅི་ལྟར་སྩལ་བ་དེ་བཞིན་ལས་བགྱིད་དོ། །ཞེས་སྨྲས་སོ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལས། རྗེས་སུ་སྨྲ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་མངོན་རྫོགས་རྒྱལ་པོ་ཡིས། །དཔལ་ལྡན་ནག་མོ་ཆེན་མོ་ཡི། །སྒྲུབ་རྦད་གསད་པོའི་ལས་རྣམས་དང་། བཏུ་དང་ཐུན་སྔགས་ཐམས་ཅད་དང་། །ལྟ་སྤྱོད་དམ་ཚིག་མྱུར་འགྲུབ་དང་། ཁུད་དང་མ་འགྲུབ་གནད་བོར་དང་། །ཐམས་ཅད་མ་ལུས་བཤད་པར་བྱོས། །རྡོ་རྗེ་འཛིན་པ་བདག་ཉན་འཚལ། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །དཔལ་ལྡན་ནག་མོ་ཆེན་པོ་དེ། །བསྙེན་ཅིང་བསྒྲུབ་པར་བྱ་བ་ནི། །ཕྱི་དང་ནང་དང་གསང་བ་སྟེ། །དབང་གི་ཚུལ་བཞིན་ཐོབ་པ་དེས། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། །ཟླ་གམ་གསུམ་ལྡན་སྒོ་དང་ཁྱུད། །ནལ་བུའི་རྒྱུ་མས་ཐིག་བཏབ་ལ། །གྲུ་གསུམ་ནལ་བུའི་རྐང་གསུམ་ཚད། །ཟླུམ་པོ་དེ་དང་དེ་ཡིས་བསྐོར། །ཕྱི་ལུམ་རྐང་མགོའི་ཚད་ཀྱིས་བྱ། ཁུ།་ཆད་དྲངས་ཏེ་བསྒོ་ཕྱ་བ། །མགོ་སྦུབ་པ་ཡི་ཚད་དུ་བྱ། །རྟག་པར་བཞུགས་པའི་གཏོར་མ་དང་། །རྒྱུན་གཏོར་ལ་སོགས་ཀུན་གྱིས་སྤྲས། །ཟླ་གམ་གསུམ་དབུས་རལ་གཅིག་མ། །ནལ་ཐོད་སྔགས་བྲིས་སྦུབ་ལ་དགོད། །མཐའ་མར་རྟེན་རྫས་གཞག་པར་བྱ། །ཟུར་ལ་ཕུར་བུ་བསྔགས་ལ་དགོད །ཞིང་གི་རྒྱལ་མཚན་རྐང་གི་དུང་། །ཐོད་པའི་རྔ་ཆེན་ཆ་ལང་དང་། །སོར་ཕྲེང་སྤྱི་བླུགས་ཞྭ་ཆེན་དགོད། །དེ་ནས་བསྙེན་བསྒྲུབ་ཚུལ་བཞིན་བྱ། །མཚན་མ་བཟང་པོ་མ་བྱུང་བར། །འཛབ་གདོན་བསྟོད་དང་སྐུལ་བ་བཏང་། ཁུ་དུས་དག་ཏུ་རྒྱུན་གཏོར་ནི། །གནད་ནས་བོར་ཅིང་གབ་པར་བྱ། །དེ་ནས་མཚན་མ་བྱུང་བ་དང་། །དངོས་གྲུབ་གང་འདོད་རྫས་ལ་བླང་། །དེ་ནི་སྒྲུབ་པ་བཤད་པ་ཡིན། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། བསྙེན་ཅིང་སྒྲུབ་པ་དང་། བཅའ་གཞི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསད་ཅིང་འཕོ་བའི་དཀྱིལ་འཁོར་ནི། །གྲུ་བཞི་མཐའ་རས་གསུམ་ལྡན་པ། །དབུས་སུ་གྲུ་གསུམ་བཅུ་དྲུག་སྟེ། །དབུས་བཞི་གནག་ལ་འཚེར་བ་ཡིན། །དབུས་ཀྱི་ལྷག་མ་ནལ་བུའི་ཁྲག །བྱང་ཤར་ལྷོ་དང་ནུབ་བྱང་གསུམ། །གཡས་དཀར་གཡོན་སྔོ་རྒྱབ་ཀྱང་སེར། །དེ་ལ་ཁམ་བུ་བརྒྱད་བཀོད་དེ། །ནས་ནག་བྲ་བོ་སྐྱེ་ཚེ་དང་། །ཉུང་ནག་དུག་དང་རམ་བུ་དང་། །སྣེའུ་སྐྱེ་ཕིབ་མ་ལ་སོགས་པ། །ནལ་བུའི་མཛུབ་མོའི་ཚད་དུ་བྱ། །རིགས་དང་མཐུན་པའི་མདོག་ཏུ་བསྐུ། །ཡང་ན་ཀུན་ཀྱང་ནག་པོར་བྱ། ཁམ་བུ་བརྒྱ་ཡི་དཀྱིལ་འཁོར་ཡིན། །དེ་ནས་ཡང་དག་བཤད་བྱ་བ། ཁུ་གསུམ་མཐའ་རས་གསུམ་ལྡན་ལ། ཁྲུ་གསུམ་ཐོག་ཏུ་ཟླ་གམ་དྲུག །དེ་དབུས་ཟླུམ་པོ་གྲུ་གསུམ་ལྡན། ཁམ་བུ་དེ་ལ་དགུ་བཀོད་དེ། ཁམ་བུ་དགུ་བསྒྲུབ་དཀྱིལ་འཁོར་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་ཟླུམ་པོ་གྲུ་གང་ཚད། །ཟླ་གམ་ཕྱིར་བལྟས་རྩ་གཅིག་དང་། །དེ་ན་ཟླ་གམ་དུག་དང་གསུམ། ཁུ།་གསུམ་མཐིང་གནག་དབུས་སུ་བྲི། །ཟླ་གམ་གསུམ་ལ་ཕག་ཐོད་གསུམ། ཁྲག་དང་དུག་དང་མིང་རུས་དང་། ཁ་སྐོར་དཔོན་གཡོག་སྔགས་ཀྱང་བྲི། །ཟླ་གམ་དྲུག་ལ་གོ་ནི་དྲུག །སྙིང་གཏུབ་སྔགས་དྲུག་ཕུར་དྲུག་དགོད། ཟླ་གམ་ཕྱིར་བལྟས་རྩ་གཅིག་དང་། །སྒོ་ང་ཉི་ཤུ་རྩ་གཅིག་དང་། །སྙིང་པོ་ཕུར་བུ་རྩ་གཅིག་དགོད། །སྒོང་ཟོར་ནག་པོའི་དཀྱིལ་འཁོར་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་རྩེ་གསུམ་བསྙེན་བསྒྲུབ་གསུམ། །རྩ་བ་དབུས་བྲི་རྒྱབ་ཏུ་གསུམ། །ཟླ་གམ་ཕྱིར་བལྟས་གསུམ་པ་བྲི། །བྱང་གི་ཟླ་གམ་དཀར་ནག་ཅན། ཁྲར་དཀར་ནུབ་ནི་ལྗང་གུར་བྱ། །བྱང་ཤར་ལ་སོགས་ཟླ་གམ་གསུམ། །དམར་དང་ལྗང་དང་ནག་པར་བྱ། ཁྲག་དང་ཁམ་བུ་དུག་ཐུན་བཞག །ནང་གི་ཟླ་གམ་གསུམ་དག་ལ། །འབྲང་རྒྱས་ཕྱེ་དཀར་ཕྱེ་ནག་དང་། །ཚེ་དང་མར་གསུམ་སྦྱར་བའི་རྫས། བྱང་ལ་སོགས་པར་རིམ་བཞིན་བཞག །ཛ་གསུམ་མཚོ་ལ་ཁ་ཕྱིར་བསྟེན། །ཕུར་པ་བཅུ་གཉིས་དགོད་པར་བྱ། །ཕོ་ཐོད་མོ་ཐོད་སྟེང་དང་འོག །ཡ་དང་མ་ནི་གནག་དང་དམར། །མཐའ་མར་གསུམ་གྱི་སྙིང་པོས་བསྐོར། །བར་དུ་མིང་དང་རུས་བཅུག་ནས། །མཁར་ནག་དག་གིས་བསྡམ་པ་དགུ། །ཟུར་དགུ་ལ་ནི་བཞུགས་པ་སྟེ། །ཕུར་བུ་དགུ་ལ་བསྔགས་ཏེ་གནན། །ཐོད་པ་དགུ་བརྩེགས་མཎྜལ་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་བརྩེགས་པའི་ཁྱད་པར་ཅན། །བྱང་དང་ཤར་དང་ལྷོ་ནུབ་དང་། །མཐའ་རས་ཟུར་གསུམ་ཕྱེད་ཚལ་བྲིས། །དབུས་སུ་མུ་ཁྱུད་གསུམ་ལྡན་པ། །གྲུ་གསུམ་བྲིས་པས་ཟླ་གམ་གསུམ། །ཁྱུད་འཁོར་དཀར་དང་སེར་བར་བྱ། །གཙོ་ལ་ཁ་བལྟས་དོན་དག་གིས། །གཡས་དཀར་གཡོན་ནག་གྲུ་གསུམ་དྲུག །སྤྱན་དྲུག་ཕུར་དྲུག་སྔགས་དྲུག་དགོད། །དྲག་སྔགས་དགུ་སྔགས་ཟླ་གམ་སྔགས། །རིམ་པ་བཞིན་དུ་བྲི་བར་བྱ། །མཚོ་ལྗང་སྙིང་སྣའི་སྔགས་ཀྱང་བྲི། །ཕོ་ཐོད་མོ་ཐོད་སྟེང་དང་འོག །ཡ་དང་མ་ནི་བྲིས་པ་ཡིས། །ཟུར་གསུམ་དག་ལ་རེ་རེ་གནག །ཚེ་དང་འབྲང་རྒྱས་མཆོད་པ་ཡི། །སྔགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་མཐའ་རས་གསུམ་ལྡན་ལ། །ལོགས་ལ་ཕྱིར་བལྟས་ཟླ་གམ་གསུམ། ཟུར་དུ་ནང་བལྟས་ཟླ་གམ་གསུམ། །དབུས་སུ་རྩ་བའི་མཎྜལ་བྲི། །ཚེ་དང་འབྲང་རྒྱས་མཆོད་པ་ཡིས།ཟླ་གམ་ཁ་དོག་དེ་བཞིན་བྱ། །ཟུར་གྱི་ཟླ་གམ་གསུམ་པོ་ལ། །སྔགས་དྲུག་ཕུར་དྲུག་ཐུན་དྲུག་དགོད །ཟླ་གམ་ཁ་དོག་དེ་བཞིན་བྱ། །ཟུར་དུ་ཐོད་པ་གསུམ་པོ་མནན། །སྐུ་ཡི་མཎྜལ་གསང་བ་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་གོང་དང་གཞི་མཐུན་བྱ། །དུག་ཐུན་ཁམ་བུ་ཁྲག་ཐུན་གསུམ། །སྒྲུབ་པ་གསུམ་ཞེས་བྱ་བ་ཡིན། །དེ་ནས་ཡང་དག་བཤད་བྱ་བ། ཁུ་གསུམ་མཐའ་རས་གསུམ་ལྡན་ལ། །ལོགས་ལ་ཟླ་གམ་གསུམ་གསུམ་དགུ །རྩ་བ་ལ་ནི་འབྲུ་དགུ་དགོད། ཁ་དོག་དམར་ནག་དག་ཏུ་བྱ། ཟུར་དུ་ཐོད་པ་གསུམ་པོ་གནོན། །དབུས་སུ་རྩ་བའི་སྙིང་པོ་བྲི། །ཁྱམས་ནི་ནག་པོ་དག་ཏུ་གཏོང་། །དུག་ཐུན་ཁམ་ཐུན་ལ་སོགས་བཅའ། །ཐུགས་ཀྱི་དཀྱིལ་འཁོར་བྱ་བ་ཡིན། །དེ་ནས་ཡང་དག་བཤད་བྱ་བ། ཁུ་གསུམ་མཐའ་རས་གསུམ་དང་ལྡན། །དབུས་སུ་རྩ་བའི་མཎྜལ་ལ། །ལོགས་ལ་ཁ་བལྟས་ཟླ་གམ་གསུམ། །ཚེ་དང་འབྲང་རྒྱས་ཟླ་གམ་ཀྱང་། ཁ་དོག་དེ་བཞིན་བྱ་བར་བཤད། །ཟུར་ལ་སྔགས་དྲུག་ཐུན་དྲུག་དང་། ཕུར་དྲུག་ཚུལ་བཞིན་དགོད་པར་བྱ། །དབུས་ལ་མུ་ཁྱུད་གཉིས་ལ་སྔགས། །རྩ་བའི་སྔགས་ནི་བྲི་བར་ བྱ། །ཕྲིན་ལས་དཀྱིལ་འཁོར་ཡིན་པར་བཤད། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་ཟླུམ་པོ་ཟུར་གསུམ་ཅན། །མཐའ་མ་མེ་རི་འབར་བ་སྟེ། །ཟུར་གསུམ་ལ་ནི་ཐོད་པ་གནན། ཁུ་གསུམ་མཐིང་ལ་ཟླ་གམ་དམར། །བསྒྲུབ་གཏོར་དུག་ཐུན་རྒྱུན་གཏོར་དང་། །ཟླ་གམ་གསུམ་ལརིམབཞིནདགོད། །དབུས་སུ་བསྒྲུབ་བྱ་གཞག་པར་བྱ། །གཞན་ཡང་ཐོད་པ་མཚན་ངན་དུ། །ཐུན་ཁྲག་ཕུར་བུ་རྩེ་མོ་ཡང་། །མཁས་པས་གནམ་ལ་བསྟན་ལ་བཞག །ཚུལ་བཞིན་བསྒྲུབ་ན་འགྲུབ་པར་འགྱུར། །དེ་ནས་ཟོར་ནི་བྱེད་པ་ན། །མདུང་གསུམ་དར་སྣ་བཏགས་པ་གསུམ། །དྲེའུ་སྣ་མ་ཡིས་སྣ་དྲངས་ལ། །མདུང་དར་ནག་པོ་ཐོགས་ནས་སུ། །རེ་མ་ཏི་ཡིས་དབུས་བྱས་ཏེ། །མདུང་དང་དར་ནི་དམར་པོ་བྱ། །ལྡེམ་དྲུག་མ་ཡིས་མཇུག་བརྟུལ་ཏེ། །མདུང་དར་སེར་པོ་བྱས་ནས་ནི། །བདག་ཉིད་བདུད་ཀྱི་ཆས་སུ་འཇུག །གཡས་སུ་མདུང་ཐོགས་ཡོན་དུ་ཐུན། །ཕྱར་ནག་ལུས་ལ་གོན་ནས་ནི། ཁྲག་ཐུན་ལ་སོགས་འཕང་བར་བྱ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལས། ཕྲིན་ལས་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དཔལ་ལྡན་ནག་མོ་ཆེན་མོ་ཡི། །དམོད་པའི་ན་ཡ་བརྩི་བྱ་ན། །བྱིན་རླབས་བྱེད་པའི་སྔགས་ཚན་དགུ། །མེ་ཡི་ས་བོན་ཨུ་ཡིས་བརྒྱན། །སྣ་དྲངས་བདུན་དུ་བཤད་པ་སྟེ། །ལྷ་ཡི་སྙིང་པོ་ཨེས་བརྒྱན་ནས། །དམོད་པ་བཅུ་ཡི་གཅིག་དག་གོ །ང་ཡིས་སྣ་དྲངས་བཅུ་གཅིག་སྟེ། །དེ་ནས་ཨུས་བརྒྱན་བཅུ་གཅིག་པའོ། །གོང་སླངས་སྣ་དྲངས་དགུ་པའོ། །དེ་འོག་བདུན་དུ་འདོད་པ་ཡིན། །ཀ་ལ་ཡ་སྟེ་ཨིས་སྤྲས་པ། །དགུ་ཡི་རྣམ་པ་ཚང་བའོ། །མ་ཡིས་སྣ་དྲངས་དགུར་འདོད་པ། །ཙ་ལ་ཨེས་སྤྲས་བཅོ་ལྔ་ཡིན། །དང་པོ་རུ་རུ་རག་མོ་ཞེས། ཐ་མར་མ་ར་མུ་ར་ཡ་ཞེས་པ། །ཐགས་ཟངས་རིས་ལ་དམོད་པ་ཡིན། །ཨུ་ཨུ་ཨོ་ཞེས་བྱ་བས་སྤྲས། །ཨེར་རྩར་ཨེར་རྩར་ནཱ་ར་ཡ་ཞེས་པ། ལྷ་ཡི་གཞོན་ནུ་རྣམས་ལ་དམོས། །ཨེ་ཨ་གཉིས་ཀྱི་མཛེས་པའི་སྒྲ། །ད་ནི་དུན་ཏིང་དུ་ལ་ཡ། །བཛྲ་བཱ་ར་ཡ་ཞེས་པས། །རྒྱལ་ཆེན་བཞི་ཡི་འཁོར་ལ་དམོས། །ཨི་ཨུ་ཨི་ཨུའི་རྣམ་པས་མཚན། །དུ་རུ་རྩ་ལ་ནི། །ཧ་ན་བཛྲ་མྱ་ར་ཡ། །ནཱ་ག་གེ་ཤུ་སྟེ་ལྷ་མ་ཡིན། །དམོད་པ་ཨུ་ཨུ་ཨེ་ཡིས་སྤྲས། དུ་མ་ཧ་ར་བཛྲ་སྦྱོ། བཱ་ར་ཡ་ཞེས་བྱ་བ་ནི། །ཕག་གི་སྣ་ཅན་གསོད་པ་སྟེ། །ཨུ་ཨོ་ཧ་ལ་ཡས་ཀྱང་བརྒྱན། །ནཱ་ག་ར་ག་ཞེས་པ་ནི། མྱ་ར་ཡ་ཞེས་པ་ནི་ཀུན་ལ་སྤྲས། ཀླུ་ཡི་སྒྲ་སྟེ་བྲམ་ཟེའི་རིགས། ཀྱེ་མ་སྲོག་དང་ཀྱེ་མ་ཙ། བཱ་ར་ཡ་སྟེ་སོད་ཅིག་སྒྲ། །རྒྱལ་རིགས་ཀླུ་སྟེ་དམོད་པ་ཡིན། །ཀ་ལ་ཡས་བརྒྱན་ཨི་ཡིས་སྤྲས། །པ་ལ་མེས་མཛེས་ཨོ་དང་ལྡན། གོང་བཞིན་ཀ་ལ་བརྒྱན་ཏེའོ། །ར་དང་ཙ་བསྡེབ་གསོད་པའི་སྒྲ། །མ་ར་ཏིག་དང་མ་ར་ཏིག །གསོད་པའི་སྒྲ་སྟེ་མྱ་ར་ཡ། །རྗེ་རིགས་དམོད་པའི་ཨི་ཨིས་བརྒྱན། ཙེ་ཙེ་ན་དང་མ་ར་ཏིག །གོང་མ་ལྟ་བུར་བརྗོད་པ་དང་། མུ་ར་ཡ་ཡང་ཤམ་བུར་བཏགས། །རིགས་ངན་ཀླུ་ཡི་དམོད་པ་ཡིན། །ཨེ་ཨེ་ཨི་དང་ཨེ་ཨེ་ཨི། །སྨྲས་པ་རང་བྱུང་ལྡན་པའོ། །བྱིན་རླབས་གསང་བའི་དམོད་པ་དགུ །རྣམ་ཤེས་བརྒྱད་ཀྱི་གཤེད་མ་ཏེ། །རལ་གྲི་ལྟ་བུའི་དམོད་པ་ཡི། །ངར་བླུད་དམོད་སྔགས་བྱིན་རློབས་པའོ། །དེ་ལ་དམོད་པའི་ཐང་པ་ནི། །ན་ཡ་གྲངས་སུ་བརྩི་བ་འདི། །དཔལ་ཆེན་དཔོན་གཡོག་དམོད་པ་ལ། །དེ་ལ་བཅུ་ཡི་དྲུག་དག་དང་། །བདུན་དྲུག་ལྡན་པའི་མཚོན་ཆ་ཅན། ཐང་མུ་ལེ་ཐང་མུ་ལེ། ཨུ་ཨེ་ཨུ་ཨེ་བཞི་དང་ལྡན། ཙ་ཐང་ཙ་ཐང་རྦད་རྦད་ལ། ར་དང་ཙ་བསྡེབས་ར་དང་ཙ། །བསྡེབས་ཏེ་ར་གཉིས་པ་ཡིས་མཚན། །མུ༷་སྣི་མུ༷་སྣི་ནན་ནན་ཞེས། །ཨུ་དང་ཨ༷་དང་ཨུ་དང་ཨ༷། །ས་གཉིས་ན་ས་ཨི་ཨི་གཉིས། །མཚན་ཏེ་དེ་ནས་རག་མོ་ནི། །རག་མོ་ནི་དང་ཁ་ལོ་རྦད། །ཨོ་ཨི་ཨོ་ཨི་ཨོ་སྟེ་ཡང་། །ར་ལི་སྣ་ལ་པ་ཡི་ལེགས། །ཀླུ་ཡུལ་ཐ་མའི་ཨོ་ཉིད་སྤངས། །དུག་སྣི་དུག་སྣི་ཁ་ལོ་རྦད། །ཨུ་དང་ཨི་དང་ཨུ་ཨི་ཨོ། །ས་གཉིས་ན་ཡིས་སྣ་སྤྲས་པ། །ར་ལ་བས་མཚན་ཨོ་གཅིག་ནི། །ཀླུ་ཡི་ཡུལ་དུ་སྤངས་པ་ཡིན། ཀྱི་ཁ་ལ་དང་མུ་ཁ་ལོ། །ཨོ་གཉིས་རྟིང་ལ་རྦད་རེའོ། །ཀ་ལས་ཡ་བརྒྱན་ཨོ་ཡིས་སྤྲས། །ལ་ལ་ཨོ་དང་ཨོ་ཡིས་མཚན། །ཨུ་དང་ཨོ་དང་ར་ལ་བ། །ཀླུ་ཡུལ་ཨོ་ཨོ་གཉིས་པོ་སྤང་། །དྲིའུ་སྣ་མ་ཡི་དམོད་པ་ཡིན། །རྩ་སྟི་རྦད་རྩ་སྟི་རྦད་ཅེས་པ ར་ལ་ཅེས་སྤྲས་པ་ལ་ཏ། །ཨི་དང་ལྡན་ཏེ་གོང་མ་སྦྲགས། །དེ་ནས་རལ་པས་མཚན་པའོ། །ནི་སྟི་དང་ནི་སྟི་རྦད། །ཨི་སྟི་ས་སྣ་ཏས་མཛེས་པ། །ཨི་དང་དེ་ལྡན་ཏས་མཛེས་པ། །ཨི་དང་དེ་ལྡན་གོང་མ་ལྡབས། །ཐ་མར་བཅས་པའི་སྔགས་དང་ལྡན། །མུགས་མུགས་ཞེས་པས་དྲེའུ་སྣ་མ། །ཨུ་དང་ཨུ་དང་གཉིས་ཀྱི་སྦྲགས། །ལྡེམ་དྲུག་མ་ཡི་དམོད་པ་ནི། །ཐུབ་ཐུབ་ཅེས་དང་སུབས་སྟི་རྦད། །ཨུཨུ་ཨུ་ཨི་དང་ས་སྣ་ཏ། །ཐ་མར་བཅད་པའི་སྔགས་དང་ལྡན། །སེ་ཁ་ལོ་དང་མུ་ཁ་ལོ། །རྦད་རྦད་བར་དང་ཐ་མར་སྦྱར། །ཨེ་ཡོ་་ཨུ་ཅོཏོ་བསད་གཉིས་ལྡན། །ཀླུ་ཡི་ཡུལ་དུ་ཅོཏོ་གཉིས་དང་། །ལྷ་ཡུལ་ཐ་མའི་རྦད་གཅིག་སྤང་། །ལྡེམ་དྲུག་གདུག་པའི་དམོད་པ་ཡིན། །དེ་ལ་མི་ཡུལ་ཐང་པ་ནི། །ན་ཡ་རབ་ཏུ་བརྩི་བ་ལ། །བཅུ་ཚོ་བདུན་དང་བརྒྱད་དང་ལྡན། །རྩ་ཐང་རྩ་ཐང་། ར་གཉིས་འོག་ཏུ་རྩ་ཡིས་མཛེས། །དེ་ནས་ཐང་མུ་ལེ་ཐང་མུ་ལེ། །ཨེ་ཨེ་གཉིས་ཀྱི་མཛེས་པར་བྱ། །ཨུ་དང་ཨེ་ཡིས་མཚན་པའོ། །སྔོན་གྱི་གོང་བཞིན་ཤེས་པར་བྱ། །རྩིས་ཀྱི་ན་ཡ་མ་བརྩིས་པའི། །རྦད་གཉིས་གོང་དུ་མིང་དང་སྲོག །མུ༷་སྣི་མུ༷་སྣི་ནན་ནན་ཞེས། །ཨུ་དང་དེ་ལ་ཨ༷་དང་ལྡན། །ས་སྣ་ནས་མཛས་སྟེང་དུ་ཨི། །དེ་གཉིས་འོག་ཏུ་གཉིས་པོ་དྲངས། །རག་མོ་ཐྲོ་དང་རག་མོ་དྲི། །ཐ་མ་ཁ་ལོ་རྦད་རྦད་དུ། །ཨི་ཅོ།་ཨི་དང་ཨོ།་ཨུ་ལྡན། །ཐ་མར་བཅད་གཉིས་ར་ལ་བ། །དུག་སྣི་དུག་སྣི་ཁ་ལོ་དང་། །རྦད་རྦད་ཨུ་ཨིས་སྣན། །འོག་ཏུ་དེ་དྲངས་སྟེང་དུ་ཡོ།། །བཅད་པ་གཉིས་ཀྱི་མཐའ་མཛེས་པ། །ཀྱི་ཁ་ལོ་དང་ཀྱི་ཁ་ལོ། །ཐ་མར་རྦད་རྦད་ཅེས་པ་སྟེ། །ཀ་ལ་ཡས་མཛེས་གླད་དུ་ཨི། །ཅོཏོ་དང་དེ་འདྲ་འོག་མརསྦྲགས། །བཅད་གཉིས་བར་མ་བས་འོག་ལེགས། །རྩ་སྟི་རྩ་སྟི་རྦད་རྦད་ཅེས། །ར་ཡི་འོག་ཏུ་ཙ་ཡིས་སྤྲས། །ས་ལ་ཏ་སྟེ་དེ་ལ་ཨི། །འོག་ཏུ་སྦགས་ཏེ་བཅད་པ་གཉིས། །རེ་མ་ཏི་ཡིས་མི་ལ་མོས། །ནི་སྟི་ནི་སྟི་ཞེས་པ་ལ། །ཨི་དང་ས་སྣ་ཏ་ཡིས་མཛེས། །དེ་ལ་ཨིས་བརྒྱན་འོག་ཏུ་དྲངས། །མུགས་དང་མུགས་ཞེས་མུགས་གཉིས་གོང་། །ན་ཡ་མ་བརྩིས་དྲན་བྱེད་མིང་། །བཅུག་སྟེ་འོག་ཏུ་ཨུས་མཛེས་པ། །དྲེའུ་སྣ་དམོད་མོ་མི་ཡུལ་མཚོན། །ཐུབ་ཐུབ་སུབས་དང་ཏི་སྟ་རྦད། ཨུ་ཨུ་ཨུ་ཨི་པ་སྣ་ཏ། །ཐ་མར་བཅད་པའི་རྦད་གཅིག་མཛེས། །ཐུབ་ཐུབ་རྦད་རྦད་ཅེས་པ་སྟེ། །ཨུ་ཨུ་བཤད་པ་གཉིས་དང་ལྡན། །སེ་ཁ་ལོ་མུ་ཁ་ལོ། །རྦད་རྦད་ཅེས་པ་ཡང་དག་དམོས། །ཨེ་ཨོ་ཨུ་ཨོ་བཅད་པ་གཉིས། །ལྡེམ་དྲུག་མ་ཡི་དམོད་པའོ། །དེ་ནས་ཡང་དག་བཤད་བྱ་བ། །དེ་བཞིན་མི་ལ་བསྔགས་པ་ནི། །གཞན་ཡང་འདི་ལྟར་སྦྱར་བར་བྱ། །གླིང་བཞི་དག་གི་མི་ལ་ཡང་། །སྙིང་རྗེ་ཆེ་དང་ཁྲོ་མེད་དང་། །ང་རྒྱལ་ཁེངས་སེམས་མེད་པ་དང་། ཤེན་ཏུ་དཀར་ཞིང་གཟུགས་བྱད་བཟང་། །དེ་ནས་དེ་ལ་ལྷ་ཡུལ་དམོད་པ་སྔགས། ཁེན་ཏུ་ཁྲོ་ག་་ང་རྒྱལ་ཅན། ཁ་རླངས་ཆེ་ཞིང་འཁྲུག་པར་དགའ། གཟུགས་བྱད་གཏུམ་པོར་གནས་པ་ལ། །ལྷ་མ་ཡིན་གྱི་དམོད་པ་བསྔགས། །བུད་མེད་ལུས་དང་བུད་མེད་ལ། །ཕག་གིས་སྣ་ཅན་དམོད་པ་བསྔགས། །རྒྱལ་པོ་ལྟ་བུའམ་རྒྱལ་རིགསལ། །རྒྱལ་ཆེན་བཞི་ཡི་དམོད་པ་བསྔགས། །སྨ་ར་ཆེ་ཞིང་གདུག་པ་ཆེ། །ལུས་ནི་སྦྲུལ་ལྟར་མཉེན་པ་ལ། །གདུག་པ་བྲམ་ཟེའི་དམོད་པ་བསྔགས། །ཞེ་སྡང་གདུག་པ་དབང་མོ་ཆེ། རྒྱལ་རིགས་ཀླུ་ཡི་དམོད་པ་བསྔགས། །ལེགས་ཉེས་གཅོད་ཅིང་འཁོར་ཚིས་ཆེ། །སྤྱོད་པ་གཟོབ་ཅིང་གདུག་པ་ཅན། ཁྲ་རྩི་སེར་ལ་ལུས་པོ་མཉེན། །རྗེ་རིགས་ཀླུ་ཡི་དམོད་པ་བསྔགས། །དམན་པའི་སྤྱོད་པ་འཕྲལ་དུ་བྱེད། །ལུས་བྱད་ངན་ལ་གྱོང་ཞིང་བཤན། །གདུག་པ་ཆེ་ཞིང་ཁ་མི་སྨྲ། །རིགས་ངན་ཀླུ་ཡི་དམོད་པ་བསྔགས། །གཞན་ཡང་འདི་ལྟར་སྦྱར་བར་བྱ། །མགོ་ལ་ངར་བླུད་མཇུག་ལ་གྲི། །ཐང་བྱས་བཟླ་ན་གང་ཡང་འཆི། །མཇུག་ལ་ངར་བླུད་མགོ་ལ་གྲི། །སྦྱོར་ཤེས་བཟླས་ཀྱང་འགལ་བ་མེད། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། དམོད་སྔགས་ཐང་བ་ན་ཡ་བརྩི་བ་དང་། ཤིས་པའི་དམོད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། ཏྲག་ཤ་དང་ཁ་མུན་ཏྲ། ཏ་མ་མེས་སྤྲས་ཨུ་དང་ལྡན། །དེ་བཞིན་ཏ་ལ་མེས་མཛེས་པའོ། །མུ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཨུ་ཨུ་ཨུཨུཨུ་དང་ལྡན། ཧ་ལ་འས་སྦྲུས་ཨུ་ལྡན་ཀླད་དུ་ཨ༷། །བ་ལ་ཧས་མཛེས་ཧ་ལ་ཡ། །དེ་ལ་ཨོ་དང་མ་མོ་སྲོག །ཧ་ལ་འ་སྟེ་ཨུ་ལྡན་ཨ༷་གྱིས་སྤྲས། དཔོན་མོ་ཉིན་མོ་རྒྱུ་བའི་སྔགས། རག་མོ་ཏེ་ཀེ་ཙ་ཙ་ཞེས། ཨོ་དང་ཨེ་ཨེ་ལྡན་པའོ། །ཐ་མ་ཁ་ལ་སྨྱོ་ཞེས་བརྗོད། །པ་ལ་ཧས་མཛེས་ཡ་སྟེ་ཨོ། །དེ་ལ་མ་མོ་སྲོག་དང་ལྡན། །མཚན་མོ་རྒྱུ་བ་དཔོན་གཡོག་གོ །རུ་ལུ་རུ་ལུ་མ་ཧི་སྨྱོ། ཨུ་ཨུ་ཨུ་ཨུ་ཨི་ཡིས་མཛེས། །བ་ལ་ཧས་སྤྲས་ཧ་ལ་ཡ། །གོངབཞིནཨོསྟེསྲོགདང་ལྡན། །ཉིན་མོ་རྒྱུ་བའི་སྔགས་སུ་༄༅། ཁྲེས། །ཐུ༷་ལིས་ཐུ༷་ལིས་སྙིང་རྩ་འདུ་འདུ་ཞེས། །ཨུ་ཨི་ཨུ་ཨིས་སྣ་ཧ་དང་ཨི། །ཨུ་ཨུ་ཞེས་ནི་མཇུག་ལ་སྟེ། །སྲོག་སྲིག་སྲོག་སྲིག་ཤ༷་ཤ༷་ཞེས། །ས་ལ་མེ་སྟེ་ཀླད་དུ་ཨོ། །ས་ལ་མེས་མཚན་ཨོ་དེས་སྤྲས། །དེ་ཡང་སྔོན་བཞིན་འོག་ཏུ་བཏུ་བར་ཤེས། །ཤ་ཤ་གཉིས་ལ་གླད་ལ་ཨ༷། །ཐ་མར་ཁྱེར་སྨྱོ་འདུ་ཤེས་ཏེ། །ཁ་ལ་ལ་ཏེ་དེ་ལ་ཨེ། །བ་ལ་ཧས་མཛེས་ཡ་དང་ཨོ། །དེ་ལ་སྲོག་ལྡན་ཨུ་ཨུ་ཞེས། །དེ་ནི་ཨེ་ཀ་ཙ་ཏིའི་སྔགས། །བ་ལ་ཨ་ཤ་ཛ་ལ༷་སྙི། །ཧ་ལ་མེས་སྤྲས་གླད་དུ་ཨི། །སྐུ་ཡི་སྔགས་ཏེ་ལས་མཛད་པའོ། །མ་ནི་སྲོག་དང་ཛ་ལ་ཧུ༷། །ཨི་དང་ས་ལ་མེ་ཡིས་མཚན། །དེ་ལ་ཨོ་སྟེ་ཛ་ལ་ཝ། །ཧ་ལ་འས་སྤྲས་ཨུ་སྟེ་ཨ༷། །གསུང་སྟེ་ཕྲིན་ལས་མཛད་པའོ༷། །ཨཱོཾ་དུ་རུ་བག་ཤ་ཧུ༷། ཡེ་ཤེས་ལྔ་སྟེ་ཨུ་ཨུ་དང་། །ཧ་ལ་འ་སྟེ་ཨུ་ཨ༷་ལྡན། །ཐུགས་ཀྱི་སྙིང་པོ་བསྟན་པ་ཡིན། །མ་ཧྭ་སྲོག་ཐུན་སྙིང་ལ༷་སྨྱོ། །ས་ལ་མེ་སྟེ་ཨོ་དང་ཨུ། །ཕྲིན་ལས་སྙིང་པོ་ཀུན་འགྲུབ་པའོ། །ཨཱོཾ་དང་བཛྲ་སྙིང་ཁར་རག །སྙིང་ཁ་རག་དང་སྨྱོ་ཞེས་པ། །ཡེ་ཤེས་ལྔ་སྟེ་ཛ་ལ་ར། །ས་ལ་ཉ་སྟེ་སྟེང་དུ་ཨི། དེ་ཉིད་དྲངས་སྟེ་སྔོན་བཞིན་སྲོག །བཱ་ར་ཡ་དང་ཐུན་ཡང་སྦྱར། ཁམ་བུ་དགུར་ཡང་བཤད་པ་ཡིན། །བཱ་ར་ཡ་དང་ཐུན་ཡ་བཅད། ཁམ་བུ་བརྒྱ་ཡི་སྤྱི་སྒྲུབ་ཡིན། །ཕྲིན་ལས་ཀུན་ལས་འཇུག་པ་ཡིན། །རྒྱུན་དུ་བཟླས་པ་ཁམ་བུ་ཡི། ཁུན་དུ་སྐུ་གསུང་ཐུགས་ལ་སོགས། །བསྙེན་བསྒྲུབ་ཀྱང་ནི་བྱ་བ་ཡིན། །གཞན་ཡང་ཡང་དག་བཤད་བྱ་བ། །སྒག་རག་ཤ་དང་མུ་ཏྲ་ཞེས། །ཏ་ལ་མེ་སྟེ་ཨུ་ཏ་མེ། །དབུས་ཀྱི་ཐུན་ཏེ་ནག་པོ་ལ། ཁ་མུན་ཏྲ་དང་རག་མོ་ཛ། །དེ་ནས་ཛ་སྟེ་ཨུ་ཏ་མེ། །ཨོ་སྟེ་མན་ཏྲ་ཁྲག་ལ་བཟླས། ཁ་ལ་མ་ཏི་སྨྱོ་དང་ནི། །དེ་ནས་རག་ཤ་དང་ཨི་དང་སྲོག །དེ་ལྡན་གཡས་སུ་ཁྲག་ལའོ། །སྒག་རག་ཤ་དང་མུ་ཏྲ་ཞེས། །དེ་ནས་མུ་ཏྲ་དང་སྙིང་ཁ་རག །ཏ་ལ་མེ་སྟེ་ཨུ་ཏ་མེ། །དབུས་ཀྱི་ཐུན་ཏེ་ནག་པོ་ལ། ཁ་མུན་ཏྲ་དང་རག་མོ་ཛ། །དེ་ནས་ཛ་སྟེ་ཨུ་ཏ་མེ། །ཨོ་སྟེ་མན་ཏྲ་ཁྲག་ལ་བཟླས། ཁ་ལ་མ་མ་ཏི་སྨྱོ་དང་ནི། །དེ་ནས་རག་ཤ་དང་ཨི་དང་སྲོག །དེ་ལྡན་གཡས་སུ་ཁྲ༷ག་ལའོ། །ཏྲག་རག་ཤ་དང་མུ་ཏྲ་ཞེས། །དེ་ནས་མུ་ཏྲ་དང་སྙིང་ཁ་རག །ཏ་ལ་མེ་སྟེཨུ་ཏ་མེ། ཨུ་དང་ཏ་མེ་ས་སྣ་ཉ། །ཨི་དང་ལྡན་པ་གཡོན་ལ་བཟླས། །ཀུན་གྱི་མཇུག་ལ་མྱ་ར་ཡ། །ཐུན་ཡང་སྦྱར་ཏེ་དྲང་བར་བྱ། །ཨཱོཾ་དང་མ་མ་སྒག་རག་ཤ །ཡེ་ཤེས་ལྔ་སྟེ་ཏ་མེས་སྤྲས། །དབུས་ཏེ་ནག་པོ་ཐུན་ལ་བཟླས། །ཙ་ལ་ལ་ཞེས་བརྗོད་ནས་ཀྱང་། ཁ་ལ་མ་ཏིང་ཨུ་དང་ལྡན། །ཟུར་གྱི་བཅུ་ལ་བཟླས་པ་ཡིན། །སྙིང་ལ་ཟ་བ་ཙིསྟ་ལ། །ས་སྣ་ཉ་སྟེ་ཨི་ཨིའོ། །གཡས་ཀྱི་ཐུན་ཏེ་དཀར་པོ་ལའོ། །རག་ཤ་མུ་ཏྲ་སྨྱོ་ཞེས་པ། །ཨུ་དང་ཧ་མེ་སྔོན་བཞིན་སྲོག །གཡོན་དུ་སྔོན་པོ་དག་ལ་བཟླས། །རེ་མ་ཏི་སྟེ་བྱང་ཤར་རོ། །ཨཱོཾ་དང་རུ་རུ་རོ་རུ་ཞེས། །ཡེ་ཤེས་ལྔ་སྟེ་ཨུ་ཨུ་ཨོ། །ཨུ་ལྡན་ལྷོ་ཡི་ཟུར་ལ་བཟླས། །རུ་རུ་དེ་ནས་རག་ཤ་ན། །ཨུ་།་གཉིས་ཀྱི་འོག་ཏུ་ལེགས། །དབུས་ཀྱི་ཐུན་ལ་བཟླས་པ་ཡིན། །རུ་དང་རག་ཤ་སྒག་རག་ཤ་ཞེས། །ཨུ་དང་མེས་སྤྲས་གཡས་སུ་བཟླས། །རུ་ལུ་རུ་ལུ་རག་ཤ་ཞེས། །ཨུ་ཨུ་ཨུ་ཨུས་འོག་ཏུ་ལེགས། །གཡོན་གྱི་ཕྱོགས་སུ་འཕང་བའི་སྔགས། །རུ་རུ་རོ་རུ་རུ་ལུ་ཞེས། །ཐ་མར་ཙག་ཤ་སྦྱར་བྱས་ན། །ཨུ་ཨུ་ཨོཏོ་ཨུ་ཨུས་སྤྲས། ཁྲི་སྨན་ཁམ་བུ་སྦྱི་བསྒྲུབ་བོ། །ཐོག་མར་སྒག་རག་ཤ་ཞེས་བརྗོད་དང་། །ཐ་མར་སྙིང་ཁྲག་སྙིང་སྨྱོ་ཞེས། །སྤུ་ཏ་སྐྲུ་ཏ་སྨྱོ་ཞེས་པ། །ཏ་ལ་མེས་སྤྲ་པ་ལ་ཉ། །དེ་ལ་ཨི་སྟེ་ཁ་ལ་མེ། །ས་ལ་ཉ་སྟེ་དེ་ལ་ཨི། །དེ་རྟིང་སྔོན་བཞིན་སྲོག་གི་མཐའ། །ས་ལ་སས་སྤྲས་དེ་ལ་ཨུ། །དེ་འདིར་དྲངས་ཏེ་སྲོག་མཐའ་ཅན། །དྲིའུ་སྣ་ཁམ་བུ་སྤྱི་བསྒྲུབ་པའོ། །སྙིང་ཁ་རག་དང་ནི་ར་ཤ་ཞེས། །ས་ཡི་སྣ་ལ་ཉ་ཡིས་སྤྲས། དེ་ལ་ཨི་སྟེ་དེ་ནས་ཨི། །ནུབ་ཟུར་ཁམ་བུ་བཅུ་ལ་བཟླས། །རུ་ལུ་རག་ཤ་ཏི་ན་ཞེས། ཨུ་ཨུ་ཨི་གསུམ་དེ་ལ་བརྒྱན། །དབུས་ལ་བཟླས་པ་ཉིད་དུའོ། །རག་མོ་ཙ་ཙ་ཤ་ཤ་ཞེས། །ཨོ་སྟེ་གཡས་ཀྱི་ཕྱོགས་སུ་བཟླས། །སྙིང་ཁྲག་དེ་ནས་རྩ་བ་ཡ། །ས་ཡི་སྣ་ཉ་དེ་ལ་ཨི། ཁ་ལ་མེ་སྟེ་ར་ལ་ཙ། །གཡོན་གྱི་ཕྱོགས་སུ་བཟླས་པའོ། །དེ་ནས་ཡང་དག་བཤད་བྱ་བ། ཁམ་བུ་སྤྱི་བསྒྲུབ་སྒོས་སྒྲུབ་ཀྱི། །རྩིས་ཀྱི་ན་ཡ་བརྩི་བ་ནི། །སྔགས་ཚན་དགུ་པོ་དག་ལ་ཡང་། །ཐོག་མར་བཅུ་བཞི་དེ་འོག་དགུ། །དེ་འོག་བདུན་ཏེ་བཅུ་དྲུག་འོག །ལྔ་པ་བདུན་ཏེ་དྲུག་པ་དྲུག །བདུན་དྲུག་བདུན་ལྡན་བརྒྱད་པའོ། །དགུ་པ་དེ་ཉིད་ཡང་དག་ལྡན། །ཐོག་མ་ལྔ་སྟེ་དེ་འོག་བདུན། །གསུམ་པ་བདུན་ཏེ་དེ་འོག་བཅུ། །དང་པོ་ལྔ་པ་གཉིས་པ་བདུན། །གསུམ་པ་བདུན་ཏེ་བཞི་པ་ལྔ། །ཐོག་མ་ལྔ་སྟེ་གཉིས་པ་ལྔ། །གསུམ་པ་ལྔ་སྟེ་བཞི་པ་དྲུག །ལྔ་པ་བརྒྱད་དུ་གྲགས་པའོ། །ཐོག་མ་བཅུ་གཅིག་གཉིས་པ་ལྔ། །གསུམ་པ་དྲུག་སྟེ་བཞི་པ་དྲུག །ལྔ་པ་དག་ཀྱང་དེ་དང་ལྡན། ། མཇུག་ལ་མྱ་ར་ཡ་ཐུན་ལ་གདགས། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལས། ཐུན་སྔགས་བསྒྲུབ་པ་དང་། ན་ཡ་བརྩི་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དྲག་པོ་ལས་ཀྱི་བྱ་བ་བཤད། །ཨཱོཾ་ནི་ཡེ་ཤེས་ལྔ་ལྡན་པའོ། །རུ་རུ་ཀེའུ་རིས་དབང་བསྐུར་བ། །ཨུ་ཨུ་གཉིས་ཀྱི་འོག་ཏུ་ལེགས། །རོ་རུ་སིདྷ་བརྒྱད་དང་ལྡན། །ཨོ་ཨུ་ལྡན་ཏེ་ཙ་པ་ལ། །རལ་པ་གཅིག་མའི་ཕྱག་རྒྱ་ཡིན། །ཨ་ཤུག་མེ་སྟེ་ཨུ་ཨེ་གཉིས། །གསང་བའི་མ་བདུན་གཡོ་དང་བཅས། །མ་ཧུ༷་མ་སྨྱོ་ཛ་ཛ་ཞེས། །ཧ་ལ་འ་ལྡན་ཨུ་སྟེ་ཨ༷། །དཀྱིལ་འཁོར་ལྷ་ཡི་སྒོ་མ་བཞི། །སྔོན་བཞིན་མ་མོའི་སྲོག་སྔགས་ཏེ། །དབང་ཕྱུག་ལྡན་རུ་རུ་སྲིན་མོ་ཚ་བའི་ནད། །རོ་རུ་རབ་ཏུ་ཙ་བའི་ནད། །ཙ་བ་ལ་ནི་བསྒྲུབ་མི་སྟེ། མ་མོ་བདུན་ནི་ཨ་ཤུག་མེ། །ཧུ༷་ཞེས་ཐམས་ཅད་སྡུད་བྱེད་པ། །སྨྱོ་ཞེས་ཐམས་ཅད་ལས་ལ་སྡུད། །དེ་རྣམས་ཛ་ཡིས་ཡང་དག་འགུགས། །གཉིས་པས་བསྒྲུབ་བྱའི་ངོ་བོ་འགུགས། །རྒྱལ་བ་རྣམས་ཀྱིས་བྱིན་བརླབ་པ། །སྔགས་དེ་དང་པོར་བཟླ་བར་བྱ། །ཨཱོཾ༷་དང༷་ཙ་པ་ལ་ཞེས་ཏེ། །ཨ་ཤུག་མེ་དང་མི་ཞེས་སྒྲ། །གཉིས་ཏེ་གྲྭ་ཧྭ་གཞོག་པར་བྱ། །ཡེ་ཤེས་ལྔ་སྟེ་ཨུ་ཨེ་ཨི། །ས་སྣ་ཝ་སྟེ་ཉིན་མོ་དང་། །ནུབ་མོ་དྲག་དང་ཞི་བ་བཟླས། ཞི་བ་ངས། ཡི་གེ་དགུ་ལ་རྩ་བའི་སྔགས། །ཨཱོཾ་དང་བཛྲ་ཁ་རག་སྙིང་ཁ་རག །་ག་ཤ་ཙ་མུན་ཙ་ཀ་ཤ་ཞེས། །ཡི་གེ་ལྔ་དང་ཛ་ལ་མེ། །ས་ཉ་ཨི་སྟེ་ཏ་ལ་མེ། །ཨུ་སྟེ་བཅུ་གསུམ་དེ་ཉིད་སྔགས། ཁ་མུ་ཏྲ་དང་པ་ཏྲ་ཞེས། །མཇུག་ཏུ་སྒག་དང་རཀ་ཤ་སྦྱར། །ཨུ་དང་ཏ་མེ་ཏ་ཡང་མེ། །ཏ་མེ་བརྒྱད་པར་རི་མ་ཏི། །རུ་རུ་རོ་རུ་ཁ་ཞེས་པ། །ཨུ་ཨུ་ཨོ་ཨུ་བཞི་པ་ནི། ཁྲི་སྨན་ཟླ་གམ་བྲི་བའི་སྔགས། །རུ་རུ་རོ་རུ་མུ་ཏྲ་ཞེས། ཨུ་ཨུ་ཨོ་ཨུ་ཨུ་སྟེ་མེ། །དྲུག་པ་དྲེ་སྣ་ཞེས་པའོ། །དུར་མ་ཏིག་དང་མ་དུ་ང་། །སྨྱོ་ཞེས་ཨུ་ཨི་ཨུ་དང་སྲོག །མ་མོ་ནག་མོ་ཁྲོ་སྟེ་སྟོང་། །བདུན་དང་ལྡན་པ་བཟླས་པ་བྱ། །སྒག་རག་ཤ་དང་ཁ་མུན་ཏྲ། །སྨྱོ་ཞེས་རུ་ལུ་རུ་ལུ་ཏེ། །ཏ་མེ་ཨུ་སྟེ་ཏ་ལ་མེ། །སྲོག་དང་ཨུ་ཨུ་ཨུ་ཨུ་སྟེ། །ཨེ་ཀ་ཙ་ཏི་ཡང་རྗེ་མོ། །ཏྲག་རག་ཤ་སྙིང་ཁྲག་སྙིང་། །སྨྱོ་ཞེས་ཏ་མེ་ས་སྣ་ཉ། །དེ་ལ་ཨི་སྟེ་ཁ་ལ་མེ། །ས་ཉ་དེ་ཨིསྔོནབཞིནསྲོག །མཐའཅན་རེ་མ་ཏི་ཡི་སྔགས། །སྐྲུ་ཏ་སྐྲུ་ཏ་སྨྱོ་པ་ལས། །ཨུ་ཡིས་དེས་སྤྲས་གཉིས་ཏེ་སྲོག ཁྲི་སྨན་དྲག་པོའི་སྔགས་ཞེས་པ། ་་ཤ་སྒག་དང་ཤ་ཏྲག་ཅེས། །ཏ་གཉིས་མཛེས་མཚན་དྲེའུ་སྣ་མ། །དྲག་མོ་དྲག་པ་སྙིང་སྒག་ཅེས། །མཇུག་ཏུ་སྙིང་་ག་ཏ་ལ་མཛེས། །ཨོ་ཏ་མེ་ སྟེ་ས་སྣ་ཏེ། །ཨིས་སྤྲས་ཏ་ལ་མེ་ཡིས་མཚན། །དེ་ཉིད་འོག་ཏུ་དེ་དང་འདྲ། །ཨེ་ག་ཙ་ཏི་དྲག་པོའི་སྔགས། །སྒག་མུ་་ཀུ་པ་རེ་མ་ཏི། །གཉིས་མེས་མཚན་ཏེ་བར་དུ་ཨུ། །ལས་ཀུན་བྱེད་དེ་བཱ་ར་ཡ། །ཐུན་ཡ་སྦྱར་ཏེ་སྒོ་ང་དྲུག །སུམ་ཅུ་རྩ་དྲུག་དྲིལ་ལ་བཟླས། །ཕག་ཐོད་ལ་སོགས་ཀུན་ལ་འཇུག །དེ་ནས་ཡང་དག་བཤད་བྱ་བ། མ་མ་སྒག་དང་རག་ཤ་ཞེས། །དེ་ནས་མུ་ཏྲ་ཁ་མུ་ཏྲ། །ཏ་མེ་ཨུ་ཏ་མེས་སྤྲས་པ། །ཨུ་སྟེ་ཏ་ལ་གོང་བཞིན་མེ། །མུ་རུ་མུ་རུ་ལུ་ཞེས། ཨུ་མུ་དྲུག་གིས་ལོག་ཏུ་ལེགས། །སྨྱོ་ཧུ༷་སྨྱོ་ཞེས་མཇུག་ཏུ་བཏགས། །སྲོག་གཉིས་བར་དུ་ཧ་ཨུ་ཨ༷། ་ཀུ་རག་ཤ་ཁ་མུ་ཏྲ་ཞེས། །ཏ་མེ་ཨུ་སྟེ་ཏ་ཡང་མེ། །དུར་མ་ཏི་སྟི་རག་ཤ་མོ། །ཙ་ཞེས་ཨུ་ཨི་ཨོ་གསུམ་བརྒྱན། །མ་མ་དུར་ཏེ་ཨུ་འོག་ལེགས། །དུམ་ལོ་ན་ཡ་ཨུ་ཨོས་མཚན། །སྙིང་ཞེས་ཁ་ལ་རག་ཤ་བརྗོད། །ས་ལ་ཉ་སྟེ་ཨིས་སྤྲས་པ། །རྦད་ག་ས་བཅད་སྔགས་ཨུ་དང་ལྡན། །ཙིསྟ་བ༷་ཞེས་ཨི་ཨ༷་ལྡན། ཁ་ལ་ཐུ༷་མྱོས་སྙིང་ཁྲག་ཅེས། །ཨུ་སྟེ་མ་ལ་ཡ་ཡིས་མཚན། །དེ་ལ་ཨོ་སྟེ་ས་སྣ་ཉ། །དེ་ལ་ཨི་དང་ཁ་ལ་མེས་སྤྲས་པའོ། །ཧ་སྲ་རུ་རུ་ཐུ༷་ཞེས་པ། །ཨུ་གསུམ་གོང་དུ་ས་ལ་མེས། །ཨེ་པ་ཐུམ་སྟེ་ཨི་ཨུ་གཉིས། །དུ་ཐུ་བྲ་ར༷་ཐུ༷་ཞེས་པ། །ཨུ་གསུམ་སྐབས་སུ་ས་ལ་མེ། །དུམ་ལ་ན་ཡང་འཇུག་པ་སྟེ། །ཨུ་ཨོ་གཉིས་ཀྱིས་མཚན་པར་བྱ། །ཨི་ཡུ་ན་དང་ས་མ་ཡ ཐིབས་ཐིབས་ལི་ཤར་ཡང་ངེས་སོད། །ས་མ་ཡ་ཞེས་ཏི་སྟ་ནི། །ཨི་ཨུ་ཨི་གསུམ་ཨི་ཨ་ལྡན། །ཨི་སྟེ་ཚ་སྣ་ཏ་ཡིས་མཛེས སྒོ་ངའི་ཐུན་སྔགས་མན་བར་བཤད། །མ་མ་མ་རུ་ཐིབས་ཐིབས་ཞེས། །ཨུ་ཨི་ཨི་གསུམ་རྒྱན་དུ་བྱས། །ཐབ་སྲ་བུར་དང་ཁ་ཤ་བམ། །ས་ལ་མེ་སྟེ་ཨུ་ཨ༷་ལྡན། །ཡང་ཐུ༷་རི་ལི་ལི་ཞེས་པ། །ཨ༷་ཨུ་ཨི་ཨི་ཨི་བརྒྱན་ལྡན། །ཐིབས་ནི་གཅིག་མེད་ཨི་ཨི་ཨི། །ཨེ་ཡི་བརྒྱན་པ་ལེགས་པར་བྱ། །གཉིས་ཧྲག་བརྒྱད་རྩད་ཨི་ཏ་མེ། །ར་སྣ་ག་སྟེ་དེ་ལ་ཡ། །གནམ་མཐོངས་ཕྱེད་དང་ལྕགས་སྒྲོགས་ཁྲོལ། །ཅོཁོ་ལྡན་ཕ་ལ་དེ་ལ་ཨེ། །ལ་འོག་ཅ་སྟེ་ས་སྣ་ག །དེ་ལ་མེ་ཅོ།་ཁ་མེ་ཨོ།། །མི་རིང་སོང་དེ་ཨི་ཨ་ལྡན། །བཛྲ་ནི་ཕཊ་མཇུག་ཏུ་བརྗོད། །ཛ་ལ་མེ་ལྡན་ཨེ་རྒྱན་ཅན། །མྱ་ར་ཡ་དང་ཐུན་ཡ་གདགས། །སྒོ་ང་རྩ་གཅིག་ཐུན་སྔགས་ཡིན། །བཛྲ་ཏེ་ཕཊ་བཛྲ་ཛ་ཏ་ཏེ་ཕཊ་ཅེས། ཛ་མེ་ཨེ་དང་ཛ་མེ་ཨེ། ཏ་ཡི་བརྒྱན་ཏེ་ཨེས་སྤྲས་པའི། །བཛྲ་ཨེ་ཧི་ཨེ་ཧི་ཞེས། །ཛ་མེ་ཨེ་ཨི་ཨེ་ཨིས་སྤྲས། །ན་ག་ལེ་དང་ན་ག་ལེ། །ཨེ་གཉིས་སྟེང་དུ་བརྒྱན་པའོ། །སུལྷ་ལེ་དང་སུསྟ་ལེ། ཨུ་ཨེ་ཨུ་ཨེས་བརྒྱན་དུ་བྱ། །ཙིན་ཡ་ཙིན་ཡ་ཞེས་པ་ནི། །ཨི་ཨི་གཉིས་ཀྱིས་བརྒྱན་པའོ། །ལེན་ཡང་ལེན་ཡང་ཞེས་པ་ཡང་། །ཨེ་ཨེས་སྟེང་ནས་མཚན་པར་བྱ། ཁ་ཤ་བ༷་དང་ཁ་ཤག་བ༷། །ཨ༷་ཨ༷་གཉིས་དང་ལྡན་པའོ། །མ་དུང་ང་སྨྱོ་མ་དུང་ང་སྨྱོ། །ཞེས་ཨུཨུ་སྲོག་དང་ལྡན་པའོ། །བརྒྱ་དང་བཅུ་བདུན་གཅིག་ལྡན་པ། །སྒོ་ང་དྲུག་དང་ཁྲག་དང་ཐུན། །ཐམས་ཅད་ཀུན་ལ་སྔགས་པ་ཡིན། འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལས། རྩ་བའི་སྔགས་དང་། ཟོར་ཐུན་ཐམས་ཅད་ཀྱི་ན་ཡ་བརྩི་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མ་ཧྭ་རསྒ་ཙིརྟི་ཞེས། །ཨི་སྟེ་དྲུག་ལྡན་གསང་བའི་སྔགས། །ཀ་ལ་མ་དང་རག་ཤ་ཞེས། །སི་ཏི་ཙིརྟི་ཨི་ཨི་ཨི། །ཨོ་ཨེ་ཨུ་དང་མ་མོ་སྲོག །དགུ་དང་ལྡན་པར་བཤད་པའོ། །རུ་ལུ་རུ་ལུ་མ་ཧི་སྤྱོ། །ཨུ་བཞི་ཨི་སྲོག་ལྡན་པ་ཡིན། །སྒག་རསྒ་དང་མུ་ཏྲ་ཁ། །མུ་ཏྲ་ན་མོ་ཛ་ཛ༷༷ཞེས། །ཏ་གཉིས་མེ་སྟེ་དབུས་སུ་ཨུ། །ཨུ་ཨོ་བར་དུ་ཏ་མེས་སྤྲས། །ཡི་གེ་བཅུ་གཉིས་གསང་བའོ། །ཏེ་ཀུ༷་ཁ་ལ་མ་སྨྱོ་ཞེས། །ཨེ་ཨོ་སྲོག་སྟེ་དྲུག་པ་ཡིན། །བོད་པ་ཞེས་བྱའི་གསང་སྔགས་སོ། །ཏྲ་ཤ་དག་དང་མུ་ཏྲ་སྙིང་། ཁ་རག་རྦད་ཐུ༷་རི་ལི་སྨྱོ་སྟེ། །རི་ལུ་སྨྱོ་སྟེ་ཏ་མེ་གཉིས། །དབུས་སུ་ཨུ་སྟེ་ས་སྣ་ཉ། །དེ་ལ་ཨི་ལྡན་བཅད་པའོ། །དེ་ཡི་ཡི་གེ་ན་ཡའོ། །འགུ་ཡ་རག་ཤ་ཙིསྟ་ཞེས། །ཨུ་ཨི་ཡི་གེ་དྲུག་པ་ཡིན། །ཧྲི་བ༷་ཤ་ཙ་ཏི་ཙིསྟ། །དབང་དང་ཨ༷་སྟེ་ཨི་ཨོ་བདུན། །མ་མ་རྩ་པུར་ཏི་ཙིསྟ། །ར་སྣ་ཙ་ལྡན་ཨུ་ཨི་ཨི། །བདུན་དང་ལྡན་པར་བཤད་པའོ། །བུ་རུ་ཛ་ལྟུམ་ཙིསྟ་ཞེས། །ཨུ་ཨུ་ལ་ན་ཏ་ཨུས་བརྒྱན། །ཨི་ཞེས་དྲུག་པ་རྒྱན་ཅན་ནོ། །ཐུན་སྔགས་དྲུག་ཅེས་བྱ་བར་བཤད། །ཨ་ཧ་ཁ་ཏང་ཨ་བི་ར། །ཙ་ཙིསྟ་ཞེས་ཁ་ལ་ཝ། །ཨི་གཉིས་ཡི་གེ་བཅུ་པའོ། །ཧ་་་་དང་ནི་མ་ཧྭ་ཏྲ་་། །རུ་ལུ་ཙིསྟ་ཏ་མེ་གཉིས། །ཨུ་ཨུ་ཨི་ཞེས་ཡི་གེ་དགུ། །བརྒྱད་ཀྱི་ཐ་མར་སྲོག་ཏུང་ཏུང་། །བསྐུལ་བའི་སྔགས་ཏེ་སྦྱར་བར་བཤད། །དེ་ནས་ཡང་དག་བཤད་བྱ་བ། །བོད་དང་རྦད་དང་བསད་པའི་སྔགས། །་ག་རག་ཤ་དང་མུ་ཏྲ་ཡ། །སྙིང་ཁ་རག་མ་སྨྱོ་སྨྱོ་ཞེས། །ཏ་མེ་གཉིས་ཏེ་དབུས་སུཨུ། །ས་སྣ་ཉ་སྟེ་དེ་ལ་ཨི། །མ་མོ་སྲོག་སྙིང་གཉིས་མཐའ་ཅན། །རྦད་སྔགས་ཡི་གེ་བཅུ་གཉིས་པའོ། །་ག་རསྒ་དང་ཁ་མུ་ཏྲ། །རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། །ཏ་གཉིས་མེ་སྟེ་དབུས་སུ་ཨུ། །ཨུ་བཞི་ཧ་ལ་ཨུ་ཨ༷་ཅན། །བར་དུ་སྲོག་སྟེ་བཅུ་གསུམ་པའོ། །རག་མོ་ཏེ་ཀུ༷་ཙ་ཙ་ཁ་ལ་སྦྱོ། །ཨོ་ཨེ་ཨུ་དང་མ་མོ་སྲོག །དགུ་དང་ལྡན་པར་བཤད་པའོ། །རུ་ལུ་རུ་ལུ་མ་ཧི་སྦྱོ། །ཨུ་བཞི་ཨ༷་སྲོག་བདུན་པ་ཡིན། །སྒག་རག་ཤ་དང་མུ་ཏྲ་ཁ། །མུ་ཏྲ་རག་མོ་ཛ་ཛ་ཞེས། །ཏ་གཉིས་མེ་སྟེ་དབུས་སུ་ཨུ། །ཨུ་ཨོ་བར་དུ་ཏ་མེས་སྤྲས། །ཡི་གེ་བཅུ་གཉིས་གསང་བའོ། །ཏེ་ཀུ༷་མ་ཁ་ལ་མ་སྨྱོ་ཞེས། །ཨི་ཨུ་སྲོག་སྟེ་དྲུག་པ་ཡིན། །བོད་པ་ཞེས་བྱའི་གསང་སྔགས་སོ། །ཏྲ་རག་ཤ་དང་མུ་ཏྲ་སྙིང་། ཁ་རག་རྦད་ཐུ༷་རི་ལི་ཞེས། །རི་ལི་སྨྱོ་སྟེ་ཏ༷་མེ་གཉིས། །དབུས་སུ་ཨུ་སྟེ་ས་སྣ་ཉ། །དེ་ལ་ཨི་ལྡན་བཅད་པ་འོག །ཨུ་སྟེ་ཨི་བཞི་སྲོག་མཐའ་ཅན། །བཅོ་ལྔ་ལྡན་པ་བསད་པའོ། །དེ་ནས་ཡང་དག་བཤད་བྱ་བ། །དཀར་ནག་སྔོན་དམར་སེར་པོ། །ཕྱིར་ཀ་ལོག་སྟེ་གསང་བའི་ཐུན། །ཨཱོཾ་བཛྲ་ཀི་བི་རི་ཧཱུཾ༷་ཕཊ། །ཡེ་ཤེས་ལྔ་སྟེ་མགོ་ལ་བཞག །ཛ་ལ་མེ་སྟེ་ཨི་གསུམ་ཧ། །ཨུ་ཨ༷་མཛེས་པ་ཡི་གེ་བདུན། །མ་ཧྭ་ས་ར་ག་ན་ཧུ༷། །ཕཊ་མཐའ་ཨུ་ཨ༷་བརྒྱན་པའོ། །ས་ཤི་ས་ཤི་བླ་ཤི་ཞེས། །ས་ཟད་ཧུ༷་ཞེས་བཤད་པ་ནི། །ཨི་གསུམ་པ་ལ་ལ་འོག་ལེགས། །ཨུ་ཨ༷་སྤྲས་པ་དགུ་པར་བཤད། །ལོ་ཤི་ཁ་ལ་རག་བཤད་དང་། །རྦད་ན་ཧུ༷་སྟེ་ཨོ་ཨི་བཅད། །ཨུ་ཨ༷་ཧ་སྤྲས་དེ་ཡང་དགུ། །དུ་ན་ས་ར་ཐིམས་ན་དགྲ་བོ་ཧུ༷། །ཨུ་ཨི་ཧ་ལ་ཨུ་ཨ༷་མཛེས། །ཡི་གེ་བདུན་པ་ངག་ཏུ་བཤད། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། བོད་པ་དང་། རྦད་པ་དང་། བསད་པ་དང་། ཁར་ནག་ཐུན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྤྱན་དྲངས་མཆོད་དང་ཆོ་ག་ཀུན། །སྙིང་པོ་འདི་ཡིས་བྱ་བར་བཤད། །ནག་མོ་ཏིང་ལ་མ་མདུན་སྨྱོ། སྤྱན་དྲང་བའོ། །ཀྭ་སྙི་རག་མོ་དུན་སྨྱོ་མ་མ་ཡ་ཡ་ཧའི། །ཕྱག་གོ །རག་ཤ་མའི་ཀུན་ལ་པདྨ་ས་མ་ཡ་ཏིཇི་ལྷན། བརྟན་པའོ། །མ་མ་ཀྭ་སྙི་སེ་ཏ་ཀུ་ལུ་ལུ་ཧ་ཧ་ཧ། མུ༷་ས་ཁུ་ཧི། རཀྟ་ཁུ་ཧི། པརྩི་ཨ་མྲི་ཏ་ཁུ་ཧི། མཆོད་པའོ། །མ་མ་སྙིང་ཁྲག་འཚལ་པ་དུན་ཏིང་ན་སྨྱོ་སྨྱོ། ལས་བཅོལ་བའོ། །་ག་རག་ཤ་མ་ཧི་དུན་སྨྱོ། །མ་ཧྭ་ཡཀ་ཤ་ཏིག་སྣ་ཀ་ལི་དུན་སྨྱོ། ཁྱེར། སྲོག་སྙིང་དུ་ཤེས་པར་བྱའོ། །རག་མོ་རག་མོ་མ་མ་དུན་ཏིང་ཧེ་ར་མ་ཧེ་ད་སྨྱོ། །རྦད་པའོ། །བཛྲ་ཀ་རུན་རྦད། སྙིང་ཁྲག་ཚལ་པ་རྦད། ག་་ཙིསྟ་རྦད། མུགས་མུགས་རྦད། སྙིང་ཁྲག་ཁ་ལ་རྦད། ཚལ་བུས་ན་སི་དུ་རྦད། ཧུར་ཐུ༷་སྲོག་ལ་རྦད། ཕུར་པ་གདབ་པའི་སྔགས་སོ། །རྦད་དུ་རྦད་དུ་རྦད་དུ་ཡ་ག་མོ་སོད་ཅིག་སོད་ཅིག་ནིར་ཛ་ཐུ༷་རི་ལི་ལི་ནིར་ཛ༔ མྱུར་དུ་བསྒྲལ་བའི་སྙིང་པོའོ། །སྒག་ཤ་མུ་ཏྲ་སྙིང་ཁ་རག་མོ་སྨྱོ། །མདུན་ཕུང་གཏེར་བའོ། །ཡང་འདྲི་ནི་ཡ༷། བི་ལི་མ་ནི་ཡ༷།དཀྲུག་པའོ། རག་མོ་ནི་ཤ་ཀུ་རུ་ཐུ༷་རིལ་རྦད། རག་མོ་ཁ་ལ་ཙ་ཙ་དུན་སྨྱོ་སྦྱོ། རསྒ་ཧཱུཾ་རྦད། ཁ་ལ་ཙ་ཙ་སྦྱོ་སྨྱོ་ཙ་ཏི་རྦད། སྙིང་ལ་དུན། རག་མོ་ཁ་ལ་ཙ་ཙ་དུན་སྨྱོ་སྨྱོ། ས་མ་ཡ་དུན་སྨྱོ་སྨྱོ། བུང་ཀམ་ཀ་མེ་ཤ་མ་སྦྱོ།རྦད་པའོ། །ད་ནི་གཏད་ཅིང་མནན་པ་བཤད། །ཕ་མེས་ཐོད་པར་མིང་དང་རུས། ཁར་ནག་དག་གིས་དཀྲིག་བྱས་ལ། །ར་ལ་ཐེབས་ན་ཐེ་ཚོམ་མེད། །འུར་ཀམ་ཀ་མེ་ཤ་རག་ཁ་ཁ་ཧ་ཧ་ཏྲི་ཧྲི་ཛ༷༷ དེ་ནས་ཐོད་པའི་དངོས་པོ་དེ། །བཅོ་ལྔ་ལོན་ནས་དེ་བཞིན་དུ། །ལྷ་ཁང་དུར་ཁྲོད་ལམ་པོ་ཆེ། །དེ་དག་ཏུ་ནི་གནན་པར་བྱ། །མ་མོ་ལས་བྱེད་མ་བ་་ན། །ཞིང་ཤུན་དག་ལ་གཟུགས་བྱས་ལ། །གཟུགས་དེ་བརྡུང་ཤིང་དཀྲུགས་སྔགས་བཟླས། །ཛ་ཛ་ཨེ་ཧ་ཧི་ས་མ་ཡ་སྙིང་ཁ་རག །དེ་དག་དེ་བཞིན་བཟླས་བྱ་ཞིང་། །ཀི་ལ་ཡ་ནི་བརྗོད་པར་བྱས། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། །མཆོད་པ་ལས་ཀྱི་མདེའུ་ཐུང་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྤྱོད་པའི་རྣལ་འབྱོར་བསྟན་པ་ནི། །གཉིས་མེད་ལྟ་བས་ཐག་བཅད་དེ། །སྤྱོད་པ་ཆེན་པོ་ལ་དོར་བ། །འཁོར་བ་མྱ་ངན་འདས་པའི་ཆོས། །རྟོགས་ན་དེ་གཉིས་ག་ལ་སྲིད། །རྟོག་པ་ལོག་པས་གཉིས་སྣང་སྟེ། །དེ་ལ་མི་མོས་ལོག་རྟོགས་ཅན། །རང་ལ་རྔན་བྱེད་འཁྲུལ་པའི་སེམས། །བསྟན་ལ་སྐུར་འདེབས་འཇིགས་བྱེད་པ། །དེ་ཡིས་འཁོར་བའི་ངན་འགྲོར་ལྟུང་། །ཐུགས་རྗེ་ཆེན་པོས་བསྒྲལ་བར་བྱ། །དེ་ལྟ་བུ་ཡི་བསམ་པ་དང་། ལྡན་ན་སངས་རྒྱས་སངས་རྒྱས་ཉིད། །དེ་མི་ལྡན་གྱི་རྣལ་འབྱོར་པས། ཁེན་ཏུ་གདུག་པའི་ཞེ་སྡང་ཅན། །ཇི་སྲིད་འདི་ནི་གསད་པར་བྱ། །འདི་ནི་ང་ཡི་དགྲ་ཡིན་ཞེས། །རྒྱ་ཆེན་མ་རྟོགས་འཁྲུལ་པའི་སེམས། །ཞེ་སྡང་སོལ་བའི་སྡོང་པོ་འདྲ། །དེ་ཉིད་འཁོར་བའི་གཡང་སར་ལྷུང་། །གཞན་ཡང་ཕྲ་མོའི་ལྟ་བ་ནི། །སྤྱོད་ལམ་ཀུན་དུ་མ་འཁྲུལ་བར། །བདག་ཉིད་མངོན་རྫོགས་རྒྱལ་པོར་བལྟ། །གཡོན་གནས་ཐམས་ཅད་ཡུམ་དུ་བལྷ། །གཡས་གནས་རལ་གཅིག་ཕྱག་རྒྱར་བལྟ། །མདུན་གནས་ཐམས་ཅད་མ་མོ་གསུམ། །བཀའ་ལུང་ཉན་ཅིང་ལས་བྱེད་བལྟ། །རྩི་ཤིང་ནགས་ཚལ་ལ་སོགས་ཀུན། །ཐམས་ཅད་མ་མོའི་ཚོགས་སུ་བལྟ། །བཟའ་དང་བཅའ་དང་བ་་དང་བགོ །ལོངས་སྤྱོད་ཚོགས་སུ་སྣང་བ་ཀུན། །ཐམས་ཅད་མ་མོའི་རྫས་སུ་བལྟ། །སྣོད་ཀྱི་འཇིག་རྟེན་གཞན་ཡས་ཁང་། །བཅུད་དུ་གནས་པ་འཁོར་ཚོགས་བལྟ། །སྟེང་ན་ཞིང་ཆེན་གཡང་གཞིའི་ཚོགས། །འོག་ན་ཁྲག་གི་རྒྱ་མཚོའི་ཀློང་། །བར་ན་ཀེ་རུས་བརྩེགས་པར་བལྟ། །སྤྱོད་ལམ་ཀུན་ཏུ་བལྟ་བར་བྱ། །འཕགས་པ་རྡོ་རྗེ་ནག་མོའི་སྔགས་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གཞན་ཡང་སྤྱོད་པ་བསྟན་པ་ནི། །ལོངས་སྤྱོད་མི་ཁྲག་ཤ་ལ་རློམ། །ནལ་བུའི་ཚིལ་དང་ཤ་དང་རྐང་། །བྲིས་སྐུའི་གཡས་གཡོན་ཀུན་ཏུ་ཡང་། །སྤོས་ཀྱི་ན་བུན་འཐིབ་པར་བྱ། །མདོ་བ་དྲེའུ་རྟ་ཞོན་པར་ནུས། །བུད་མེད་ཚུལ་དུ་ལབ་ཆུད་གོན། །སོར་ཚིགས་ཕྲེང་བ་འབྲལ་མི་བྱ། །ན་ཆུང་གཤོན་པའི་མགོ་ལྤགས་གོན། །མི་དབང་མར་མེ་བལྟམས་བྱས་ལ། །བྲིས་སྐུ་དེ་ཡི་མཐའ་མ་མྲ །འགྲོ་དང་འདུག་དང་བསྐོར་དང་འབུད། །རྐང་གི་གླིང་བུ་ཆ་ལང་བརྡབ། །གསང་བའི་སྔགས་ཀྱི་སྒྲ་དག་ཀྱང་། །མིས་མ་ཚོར་བར་དྲག་ཏུ་བཟླས། །གྲོང་དང་འདུ་འཛི་ཟས་དག་ལ། །ཆགས་པར་མི་བྱ་ཐོད་པའི་རྔ། །བརྡུང་ཞིང་འདུ་ལོང་སྒྱུག་གླུ་བླང་། །དྲག་པོ་དག་ལ་འཇུག་པའི་ཚེ། །ཕྱར་བ་གོན་ལ་མཆི་མ་དབྱུང་། །གདུང་བའི་སྨྲེ་སྔགས་འདོན་པར་བྱ། །ཐུན་ལ་ཞིང་སྐྲ་བཏགས་ལ་འཐེན། །ཤ་ཆེན་དག་ཀྱང་བཟའ་བར་བྱ། །སྐོམ་ན་ཁྲག་ཀྱང་འཐུང་བར་བྱ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར། །གཞན་ཡང་རྣལ་འབྱོར་ཆེན་པོ་དེས། །རས་ཆེན་དག་ཀྱང་བླང་བྱས་ལ། །གྲུ་གསུམ་ཚད་བྱས་རེ་མ་ཏི། །མདོག་ནག་མཆེ་གཙིགས་རལ་གཅིག་མ། །སྦྲུལ་དང་སེང་གེའི་རྣ་ཆ་ཅན། །རུས་པའི་ཕྲེང་བའི་ཐོད་ཆེན་པོ། །ལག་ན་མདུང་དང་རལ་གྲི་ཅན། །གོས་སུ་མི་ཡི་པགས་པ་གོན། །སྨད་དུ་རེ་ལྡེ་སེར་པོས་གཡོག །སྐེ་རགས་གདུག་པའི་སྦྲུལ་གྱིས་བྱས། །དྲེལ་ལ་ཞོན་པ་དབུས་སུ་བྲི། །དེ་ཡི་མདུན་གྱི་ངོས་སུ་ཡང་། །དྲེལ་ན་མ་ཞེས་མདོག་ནག་མ། །གཅེར་བུ་མི་བགྲུངས་འཇིགས་པ་ཆེ། །གཡས་ན་མདུང་ཐོགས་གཡོན་པ་ནི། །རྒྱུ་མའི་མཐུར་ནས་དྲེའུ་སྣ་ཁྲིད། །བོང་བུ་ཀུ་པ་ཞོན་པ་བྲི། །རེ་མ་ཏི་ཡི་རྒྱབ་ངོས་ལ། །ཁྲི་སྨན་ཞེས་བྱ་ལྡེམ་དྲུག་མ། །མདོག་ནག་རེ་ལྡེ་ནག་པོ་གོན། །བྱ་མོ་ནག་མོ་ཞོན་ནས་ནི། །གཡས་ན་མདུང་ཐོགས་གཡོན་ན་ནི། །ཐོད་དབྱུག་དྲེའུ་བརྡེག་པ་བྲི། །དེ་ལྟ་བུ་ཡང་སྤྱོད་ལམ་མོ། །གཞན་ཡང་ནལ་བུ་ལ་སོགས་ཀྱི། ་་དང་ཁྲག་དང་ཚིལ་ལ་སོགས། །གཏོར་མ་གཏན་དུ་གཏང་བར་བྱ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས་སྤྱོད་ལམ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་ཆེན་པོའི་དམ་ཚིག་ནི། །སྙིང་རྗེ་དུས་དང་རྣམ་པར་སྲ །ཆུ་བོ་ཆེན་པོའི་རྒྱུན་བཞིན་བྱ། །ལྷ་ནི་མི་སྤང་བླ་མ་བཀུར། །དམ་འདྲེས་གསང་བའི་མཚང་མི་བྲུ། །དམན་ལ་མིག་ཤེ་སྙིང་རྗེ་བསྐྱེད། །གསང་སྔགས་སྒྲ་དང་ཏིང་ངེ་འཛིན། །སྤྱོད་ལམ་ཀུན་ཏུ་རྒྱུན་མི་གཅད། །བཟའ་དང་ག་་བ་ཐམས་ཅད་ལ། །ལྷ་ལ་ཕུད་འབུལ་ནོངས་པ་བཤགས། །དམ་རྫས་མ་ཚང་ལྷ་ཡི་འབོད། །བུད་མེད་ཚོགས་ལ་སྨད་མི་བྱ། །རང་གི་ཉེས་ན་དབང་མི་གཟུགས། །རྣལ་འབྱོར་རྣལའབྱོར་ཐམས་ཅད་ལ། །དུས་དང་རྟག་ཏུ་སྨད་མི་བྱ། །དཀོན་མཆོག་སྤྱི་ཆད་གཉེར་དུ་བླང་། །དེ་ལྟར་བྱས་ན་མྱུར་དུ་འགྲུབ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགགས་རྒྱུད་ལས་དམ་ཚིག་བརྒྱན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རེ་མ་ཏི་སྟེ་དཔོན་གཡོག་གསུམ། །ཚེས་གཅིག་ལོ་གསར་གཉན་པ་ལ། །རྒྱུ་སྟེ་གཏོར་མ་སྦྱིན་པར་བྱ། །ཟླ་བ་གཅིག་ལ་རྒྱུ་བ་ནི། །ཉི་ཤུ་དགུ་སྟེ་གཏོར་མ་གཏོང་། །ཞག་གཅིག་དག་ལ་རྒྱུ་བ་ནི། །ནང་ནུབ་ཉིན་གུང་མཚན་གུང་གཉིས། །གནད་ནས་བོར་ཞིང་ཕྲིན་ལས་བཅོལ། །འཕགས་པ་རྡོ་རྗེ་ནག་མོའི་སྔགས་རྒྱུད་ལས་དམ་ཚིག་དང་རྒྱུ་བའི་དུས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གལ་ཏེ་བཀའ་བཞིན་མི་བྱེད་ན། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ། །མ་མོ་དེ་གསུམ་ཤེས་པ་གཟིར། །དུར་ཁྲོད་རོ་རས་མཁར་སིལ་ལ མ་ཡི་མཐའ་མར་རང་སྙིང་བྲི། །ཕུར་དུ་སེང་ལྡེང་ལྕགས་སྐྱེར་ཕུར། །བྱང་ཤར་གཏོར་མ་སྤྱིན་ཁེབས་ཅན། །ལྷོ་རུ་བྲུབ་ཁུང་ཚེར་མས་དགང་། །ཀི་ལ་ཡའམ་ཆེ་མཆོག་གི །ང་རྒྱལ་བསྐྱེད་དེ་ཐུགས་ཀར་ཕཊ། །གྲགས་མེད་ཧུ༷་གིས་མཐའ་མ་བསྐོར། །བསྙེན་བྲིས་ཕུར་བུ་གཡོན་བཟུང་ལ། །ཤ་སེར་གཟིར་བའི་སྔགས་འབུམ་བཟླས། །མ་མ་ཏྲིག་ནན་རེ་མ་ཏི། །ཏ་ལ་མེས་སྤྲས་དེ་ལ་ཨི། །ཨོ་ཡི་གཉིས་ཀྱིས་བརྒྱན་པར་བྱ། །ཙིཀྟ་པ་ལ་སྒག་རསྒ། །ཨི་སྟེ་ཏ་ལ་མེས་མཚན་བྱ། ཁ་མུན་ཏྲ་བ༷་རསྒ་དུན། །དུན་ཛ་ཏྲི་སྟི་ཨུའི་འོག་ལེགས། །ཏ་ལ་མེ་སྟེཨུ་ཨུ་དབང་། །ཡི་གེ་ཉི་ཤུ་རྩ་བཞི་ནི། །མ་མོ་གསུམ་པོ་གནད་ལ་བོར། །འབུམ་ཕྲག་གཅིག་ནི་བཟླས་པ་བྱ། །ཧུ༷་ཕཊ་ནག་པོའི་འོད་ཟེར་གྱིས། །སྲིད་པའི་མ་གསུམ་དབང་བསྡུས་ཏེ། །མར་ཐིམ་ནག་མོ་རལ་པ་ཅན། །ཉི་མའི་གོ་ཟུ་མདོག་དམར་ཅན། ཁྲོ་བོས་དབུ་མནན་མདངས་བཀྲག་ཕྲོག །རསྒ་མ་མ་ས་མ་ཡ། །སྟུ༷་ཞེས་ས་སྣ་ཏས་སྤྲས་པ། །དེ་ལ་ཝ་ལྡན་ཨ་ཨ༷་སྟེ། །ཧྲིག་ནན་ས་མ་ཡ་སྟུ༷་ཞེས། །ཏ་ལ་མེས་ཏེ་སྟེང་དུ་ཨི། །ས་ལ་ཏ་སྟེ་དེ་ལ་ཝ། །དེ་སྟེང་ཨོ་ཨེ་ལྡན་པར་བྱ། །ཡི་གེ་བཅུ་བཞི་དེ་དག་ནི། །ཕུར་བཏབ་བདུད་རྩི་བླུད་པ་ཡིན། །ཛ་ཛ་རེ་མ་ཏི་ཛ་ཞེས། །ཨེ་ཨི་མཛེས་པའི་གོང་མི་སྒྲགས། །དབུགས་རྒྱུན་རྩ་ནི་ཛ་ལ་ཛ་ལ། །ཨ་དང་ར་སྣ་ག་ཡ་ཨུ། །ར་ཡིས་སྣ་ལ་ཙ་ཡིས་སྤྲས། །རྩ་རྒྱུན་དེ་ནི་སྙིང་ལ་སྨྱོ། །ར་སྣ་ཙ་སྟེ་ར་ལ་ག །དེ་ལ་ཨུས་སྤྲས་ས་སྣ་ཉ། །དེ་ལ་ཨི་སྟེ་མཐའ་མར་སྲོག །རཀློ་ཧ་ར་ཧུར་དུན་སྨྱོ། །ཨོ་ཨུ་ཨ་སྟེ་ཐ་མར་སྲོག །རག་མོ་ཐུན་ནི་སྨྱོ་སྨྱོ་ཞེས། །ཨོ་ཨུ་ཨི་སྟེ་སྲོག་གཉིས་མཐའ། །རྩ་བདུན་སྔགས་ཀྱི་ཕྲེང་བ་སྟེ། །ཐོད་པར་འཕགས་པའི་ལས་བྱ་ན། །མ་ཧྭ་དེ་བའང་འཇིགས་པར་འགྱུར། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས་ཤི་ས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་འདུས་པ་ཆེན་པོའི་ཚོགས་ཀྱིས། བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ་དང་རལ་པ་གཅིག་མ་ལ་བསྟོད་པ། ཨེ་མ་ཧོ། །ངོ་མཚར་མངོན་རྫོགས་ཆེ། ཨེ་མ་ཧོ། སངས་རྒྱས་ཀུན་གྱི་སྐུ། །འབར་བ་ཆེན་པོའི་གར་དགུ་ཡིས། །དོན་བྱེད་རང་བཞིན་ཁྱོད་ལ་འདུད། །ཨེ་མ་ཨེ་མ་ཡ་མཚན་ཆེ། །སྒྲ་ནི་རི་རབ་འབུམ་བསྙིལ་ བཞིན། །སེམས་ཅན་ ཐམས་ཅད་ དབང་དུ་ སྡུད། །ཧུ༷ ་ ཕཊ་སྒྲ་ ཆེན་ཁྱོད་ལ་ འདུད། །ཨེ་ མ་ དེ་ བཞིན་ གཤེགས་ པའི་ཐུགས། ཁེན་ཏུ་ ཟད་ པ་རྒྱ་ མཚོའི་ གཏིང་ ། །ཉོན་མོངས་ཐམས་ཅད་སྲེག་པར་བྱེད། །མི་རྟོག་ཐུགས་ཆེན་ཁྱོད་ལ་འདུད། །ཨེ་མ་དཔལ་ལྡན་རལ་གཅིག་མ། །ཡ་ཚན་ཆེན་མོ་དབུ་བཅུ་བདུན། །སྤྱན་ནི་ལྔ་བཅུ་གཅིག་དང་ལྡན། །ཕྱག་ནི་སུམ་ཅུ་རྩ་བཞི་སྟེ། །ཤིན་ཏུ་འཇིགས་པའི་ཕྱག་མཚན་ཅན། །སྲིན་མོའི་ཚོགས་རྣམས་འདུལ་བྱེད་མ། །འཇིག་རྟེན་རྣམས་ནི་བདེ་ལ་བཀོད། །ཐུགས་རྗེས་ཆེ་ལ་ཕྱག་འཚལ་འདུད། །ཅེས་བསྟོད་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། བསྟོད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།རྫོགས་སོ།། །། ༑ རྡོ་རྗེ་ནག་མོ་དབང་