Ngb-pt-0314-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཀརྨ་ཀུ་རུ་རཏྣ་ཏནྟྲ་ནཱ་མ། བོད་སྐད་དུ། ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་ཅེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་བདག་པོ་དགྱེས་པ་ཆེན་པོའི་སྙིང་པོ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་ནས་ཡུམ་གྱི་བྷ་ག་ལ་རྟག་ཏུ་བཞུགས་སོ། །དེ་ནས་མངོན་པར་བྱང་ཆུབ་པའི་བྱིན་རླབ་ཀྱིས། ལོངས་སྤྱོད་པར་མཛད་པའི་དཔལ་རྣམ་པར་སྣང་མཛད་ཆེན་པོ་ཞི་བའི་ཚུལ་དང་ལྡན་པའི་གཟུགས་བཟང་པོ་ཞལ་གསུམ་ཕྱག་དྲུག་པ། རྣམ་པར་ཐར་པ་གསུམ་གྱི་མདོག་མངའ་བ་སོ་སོའི་ལག་ཆ་ལ་སོགས་པའི་ཕྱག་ཆ་དང་། དཔེ་བྱད་འཛིན་པ་དེ། འོག་མིན་གྱི་གནས་གཞི་དང་། སྙིང་པོ་མེ་ཏོག་ཀར་ཏི་ཀས་བརྒྱན་པ། ཡེ་ཤེས་ཀྱིརངབཞིནརིནཔོཆེསྣལྔ་ལས་གྲུབ་པ་ཚད་མེད་པའི་གཞལ་ཡས་ཁང་དེ་དབྱིངས་དང་ཁ་དོག་དང་ལྡན་པ། གྲུ་བཞི་དང་། སྒོ་བཞིར་ལྡན་པ། གྲུ་ཆད་དང་བཅས་པ། རྟ་བབས་དང་ཐེམས་སྐས་དང་བཅས་པ། ཀ་བ་བརྒྱད་དང་གདུང་བཅུ་དྲུག་གིས་རྣམ་པར་སྤྲས་པ།རིན་པོ་ཆེའི་རྒྱན་གྱིས་བཀླུབས་པ། སྣ་ཚོགས་པའི་གཟུགས་ལ་སོགས་པ་ན་ཉིད་ལས་མི་གཞན་པའི་འཁོར་རྣམས་དང་། ཐབས་ཅིག་ཏུ་བཞུགས་པ་ནི། འདི་ལྟར་བཞུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་དང་། རིན་ཆེན་མཆོག་དང་། ཚེ་དཔག་མེད་དང་། དོན་ཡོད་གྲུབ་པ་དང་། བཙུན་མོ་རྣམས་དང་བཅས་པ་དང་། གཞན་ཡང་འཁོར་གྱི་ལྷ་མོ་དུ་མས་བསྐོར་བ་འདི་ལྟ་སྟེ། སྒེག་མོ་དང་། ཕྲེང་བ་མ་དང་། དབྱངས་ལེན་མ་དང་། གར་སྒྱུར་མ་དང་། བདུག་སྤོས་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་དང་། ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕོག་སྒྲོག་མ་དང་།དྲེལ་བུ་མ་རྣམས་དང་། གཉིས་སུ་མེད་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོ་དགའ་བའི་མཆོག་དེ་ལོངས་སྤྱོ་རྫོགས་པའི་སྐུར་བཞུགས་ནས། འོད་ཀྱི་བྱེ་བྲག་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་སྣང་བར་བྱས་སོ། །དེ་ནས་སྟོང་གི་དཀྱིལ་འཁོར་གྱི་ནང་དུ་གཟིགས་ནས་ཐད་ཀར་བལྟས་སམ་གསལ་བར་བྱས་ནས། མཉམཔཆེནཔོལསམིསྣང་བར་གྱུར་ཏོ། །ཨེ་མ་ཧོ། །ཐུགས་རྗེས་མ་བཟུང་སེམས་ཅན་གཅིག་ཀྱང་མེད། །དེ་ཡི་སྟོབས་ཀྱིས་བྱམས་པ་ངོ་མ་ཤེས། །ཀུན་ལ་བརྩེ་བས་དགའ་བ་མཆོག་ཏུ་གྱུར། །ཐམས་ཅད་སྐྱོབ་པས་བཏང་སྙོམས་ཆེན་པོར་བཞེངས། །དེ་ནས་དེ་བཞིན་གཤེགས་པ་དགའ་བའི་མཆོག་དེ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་གསུམ་པར་ཀུན་གྱིས་གཟིགས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དང་། དྷ་པེ་ལ་སོགས་པ་ཕྱིའི་མཆོད་པ་དང་། སྒེག་མོ་ལ་སོགས་པ་ནང་གི་མཆོད་པ་དང་། མེ་ཏོག་ཀར་ཏི་ཀ་ལ་སོགས་པ་གསང་བའི་མཆོད་པས་མཆོད་དེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། འདི་སྐད་ཅེས་གསྒོལ་ཏོ། །སྤྱན་རས་དྲི་མེད་ཀུན་གྱིས་གཟིགས། །རབ་དགྱེས་རྒྱལ་པོ་ཁྱོད་ཉིད་ལ། །སྐུ་གསུང་ཐུགས་ཀྱི་གསང་བ་རྣམས། །དང་པོ་གང་གི་སྒོ་ནས་ཞུགས། །ཁྱེད་ཀྱིས་དགའ་བ་སྐྱེད་པར་གསོལ། །ཞེས་བརྗོད་པས། ཉིད་ཀྱིས་ཉིད་ལ་གཟིགས་ནས། ཆོས་ཐམས་ཅད་དབུགས་འབྱིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ཚད་མེད་སྙིང་རྗེ་བསྐྱེད་པ་དང་། །བྱང་ཆུབ་སེམས་ལ་དགའ་བ་ནི། །སྔོན་དུ་འགྲོ་བའི་མཆོག་ཡིན་ཏེ། །སྒྲུབ་པ་པོས་ནི་ནན་ཏན་བྱ། །གང་གིས་སྟོང་ཉིད་མི་ཤེས་པས། །སྟོང་པ་ཉིད་ཀྱང་འདི་ལྟར་བྱ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །སྟོང་པ་ཉིད་ཀྱི་དོན་གྱིས་ཀྱང་། །ཡི་གེའི་མིང་ཚོགས་སྒྲ་ལ་གྲགས། །ཨོ་མ་ཧྭ་ཤུརྒྱུ་ཏྭ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཡེ་ཉིད་སྟོང་པའི་རང་བཞིན་ལས། །དངོས་མེད་སྟོང་པའི་ཆོས་རྣམས་ནི། །བདག་དང་ཆོས་དང་རྣམ་རིག་དང་། །གཟུང་འཛིན་སྤངས་པའི་སྟོང་པའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །ཡེ་ཤེས་རྣམས་ཀྱི་རྩེ་མོ་སྟེ། ཁེས་པས་མཐོང་བའི་ཡུལ་མེད་དོ། །གང་གིས་མཐོང་བ་ཡེ་ཤེས་སྐྱེ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེས་རྣལ་འབྱོར་གྱི་ཚུལ་འདི་ལྟ་བུ་གསུངས་སོ། །ཡེ་ནས་ཆོས་ཉིད་རང་བཞིན་ལ། །སྙིང་རྗེས་ཐམས་ཅད་ཁྱབ་པར་བསྒོམ། །ཆོས་རྣམས་ཀུན་གྱི་སྙིང་པོ་འདི། །དོན་གྱི་རྩ་བ་ཡིན་པར་གསུངས། །རྣམ་ཀུན་མཁྱེན་པའི་ཡེ་ཤེས་དང་། །ཀུན་ལ་ཁྱབ་པའི་སྙིང་རྗེ་ནི། །ཐུན་མོང་ཐེག་པའི་རང་བཞིན་ནོ། །དྲང་བའི་དོན་གྱིས་སངས་རྒྱས་ཀྱི། །བྱམས་དང་དགའ་དང་བཏང་སྙོམས་སོགས། །རྣལ་འབྱོར་པ་ཡིས་བསམ་པར་བྱ། །གཞན་གྱི་དོན་ལ་དམིགས་པ་དང་། །ཆོས་རྣམས་ལ་ནི་དམིགས་པ་དང་། །མི་དམིགས་པ་ལ་དམིགས་པ་ནི། །ཚད་མེད་བཞི་པོ་བསྒོམ་པའོ། །སྟོང་ཉིད་ནམ་མཁའ་དཔེར་བསྒོམ་ལས། ཁུ་ཡི་ས་བོན་ཧུ༷་དུ་གསལ། །དེ་ལས་གནས་བསྲུང་བ་ནི་རབ་ཏུ་བརྩམ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཡང་དག་དོན་ལས་སྐྱེས། །དེ་རུ་ཡི་གེ་༷་བསམ་མོ། །ཡ༷་ར༷་བ༷་ལ༷་ཏྲ༷་༷་ཧུ༷ །དེ་ནས་ཡང་དག་དཔའ་བོ་དེ། །སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །བདག་ཉིད་དབུས་ཀྱི་གཙོ་བོས་ནི། །རང་གིས་རང་ལ་བྱིན་གྱིས་བརླབས། །བྱིན་གྱིས་བརླབས་མ་ཐག་ཏུ་ཡང་། །ཞལ་གསུམ་ཕྱག་ནི་དྲུག་པར་གྱུར། །མ་ཧྭ་ཡོ་གའི་ཚུལ་གྱིས་སུ། །རྣལ་འབྱོར་མ་ནི་དགའ་བྱ་སྟེ། །འདོད་ཆགས་ཆེན་པོ་ཏིང་ངེ་འཛིན། །སྙོམས་ཞུགས་འཁོར་ནི་སྐུ་ལ་བསྡུས། །དེ་ནས་དཀྱིལ་འཁོར་གདོན་པའི་སྔགས། །ཉིད་ཀྱིས་ཉིད་ལ་གདོན་པ་ནི་འདིའོ། །ཨོ་ཨུ་ཧུ༷། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། །བཙུན་མོ་ཡུམ་གྱི་བྷ་ག་ལ། །རིམ་པ་བཞིན་དུ་བཀོད་དེ་གནས། །སྐུ་གསུམ་ཐུགས་ཀྱི་དམ་ཚིག་རྣམས། །ལྡན་པར་བྱས་ནས་གདོན་པར་བྱ། །དེ་ནས་ཐུགས་རྗེའི་བདག་པོ་ཡིས། །དཀྱིལ་འཁོར་རྣམས་ཀྱི་གཙོ་བོར་གྱུར། །དཀྱིལ་འཁོར་འཁོར་ལོའི་ལྟེ་བ་དང་། །རྩིབས་དང་རྩིབས་མཆན་གྲུ་ཆད་དང་། །གྲུ་བཞི་སྒོ་བཞི་རིམ་པར་བསམ། །དེ་ཡང་རྣམ་པར་སྣང་མཛད་དང་། །རྡོ་རྗེ་སེམས་དཔའ་རིན་ཆེན་དཔལ། །འོད་དཔག་མེད་དང་དོན་གྲུབ་པ། །ཡུམ་རྣམས་ལྷ་མོ་སྒོ་མ་རྣམས། །དཀར་པོ་མཐིང་ག་དམར་དང་སེར། །ལྗང་གུའི་མདོག་ཏུ་སྣང་བ་དང་། །རང་རང་ལག་ཆ་འཁོར་ལོ་དང་། །རྡོ་རྗེ་རིན་ཆེན་པདྨ་རལ་གྲི་རྣམས། །ཕྱག་མཚན་གཡས་ཀྱི་དང་པོར་འཛིན། །གཡོན་པས་རང་དང་འདྲ་བའི་རིག་མ་རྣམ་འཁྱུད་པ། །ཆོས་ཀྱི་ཕྱག་རྒྱས་དབང་བསྐུར་བ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སོ་སོའི་མདོག་དང་ལག་ཆ་ཡིས་བརྒྱན་པའི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ་རྡོ་རྗེ་ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་བའི་སྙིང་པོ་དེ། དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མཚམས་ཀྱི་དཀྱིལ་འཁོར་འདི་ལྟ་བུ་གསུངས་སོ། །ཡེ་ནས་དངོས་མེད་དངོས་པོའི་ཚོགས། །དངོས་པོར་བྱུང་བས་དངོས་པོའི་གནས། །ངོ་བོ་ཉིད་ཀྱིས་སྟོང་པ་ལ། །དངོས་པོར་བཏགས་ཀྱང་དངོས་མེད་པའོ། །ཆོས་རྣམས་ཀུན་གྱི་རང་བཞིན་ལ། །རྒྱུ་ཡི་ངོ་བོར་གསལ་བ་ལས། །གནས་བགྲུང་བ་ནི་རྣམ་པར་བསམ། །གཉིས་པ་ཡིས་ནི་རྣམ་བརྒྱན་ལས། །བཅུ་བཞི་པ་ཡི་སྤྲིན་སྟེང་དུ། །བཅོ་ལྔའི་གདན་དང་ཐིག་ལེར་བཅས། །དེ་ལས་འཁོར་ལོའི་རྩིབས་བཅུ་པ། །རིམ་པ་ཅུང་ཟད་འཁོར་བ་ལས། །ཉི་མའི་དཀྱིལ་འཁོར་མ་ནོར་བསམ། །དེ་སྟེང་པདྨ་ལྷ་ཆེན་དང་། །ཐབས་ཀྱི་དབུས་སུ་བསམ་བྱ་བ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །ཞལ་གསུམ་ཕྱག་ནི་དྲུག་པའོ། །གཡས་པ་དཀར་ལ་གཡོན་པ་དམར། །རྩ་བའི་ཞལ་ནི་བུང་བ་མཚུངས། །ཕྱག་གཉིས་ཧུ༷་གི་རྒྱ་བཅིངས་ཏེ། །དང་པོ་རྡོ་རྗེ་དྲིལ་བུ་འཛིན། །ལྷག་མ་ཞི་བའི་ཚུལ་དུ་བྱ། །སེམས་དཔའ་གསུམ་གྱི་སྦྱོར་བ་ཡིས། །བགེགས་རྣམས་ཀུན་གྱི་སྙིང་ག་ནས། །འཛིན་པའི་ཁྲོ་བོའི་རྒྱལ་པོ་ནི། །ཐུགས་ཀ་དག་ནས་བྱུང་བ་སྟེ། ཁྲོ་བོའི་རྒྱལ་པོ་གནོད་མཛེས་ནི། །སྤྱན་སྔར་སྲས་ཀྱི་ཚུལ་དུ་བཞུགས། །ཧུ༷་བཞི་ལས་ཀྱི་ཕྱག་རྒྱ་ནི། །གཡས་པ་རྡོ་རྗེ་ཐོ་བ་སྟེ། །གཡོན་པ་བཅིང་བའི་ཞགས་པའོ། །ཨོ་སུམ་བྷ་ནི་སུམ་བྷ་ཧུ༷། གྲོ་ཎྜ་གྲོ་ཎྜ་ཧུ༷། གྲོ་ཟློ་པ་ཡ་གྲོ་ཟློ་པ་ཡ་ཧུ༷། ཨུ་ན་ཡ་ཧོ། བྷ་ག་བཱན་བིབྱུ་རྭ་ཛ་ཧུ༷་ཕཊ། བགེགས་རྣམས་ཀུན་ནི་རབ་བཀུག་སྟེ། །དཀྱིལ་འཁོར་རྣམས་ཀྱི་གདན་དུ་བྱ། །ཨ་ཀོ་ཊ་ཡ་མུདྨར་ཧུ༷། ཐོ་བ་ལྕགས་ཀྱུ་འཁྲིགས་པ་ཡིས། །རྡོ་རྗེ་ཕུར་པའི་ཁྲོ་བོ་ནི། །སྐུ་སྟོད་བདུད་རྩི་འཁྱིལ་བ་སྟེ། །དབྱར་གྱི་སྤྲིན་ཕུང་ལྟ་བུ་ལ། །བསྐལ་པའི་མེ་བཞིན་རབ་ཏུ་འབར། །ཨིནྟྲ་ནི་ལའི་མདོག་འདྲ་ལ། །རྡོ་རྗེ་ཕུར་བུ་ཕྱག་ན་བསྣམས། །སྨད་ནི་གསལ་ཤིང་ལྟ་བུ་ལ། །འོད་ཟེར་རྣམ་པར་འཕྲོ་བར་བསམ། །རྡོ་རྗེ་ཕུར་བུ་ངེས་་བཏབ་ནས། །འགེགས་ལུས་ཤིན་ཏུ་མི་གཡོའོ། །ཨོ་ན་མ༷༷ས་མརྙ་ཀྭ་ཡ་ལྷུསྐ་ཙིསྟ་བཛུ་ཎའ༷་བྷ་བྷ་་་ཏ་ཡ་་་ཏ་ཡ་སརྦ་ད་༷་ཧུ༷་ཕཊ། ཀི་ལི་ཀི་ལ་ཡ་སརྦ་བཱ་བ༷་ཕཊ། རྒྱུ༷་ཧཱུཾ་བཛྲ་ཀི་ལ་ཡ། བཛྲ་དྷ་རོ་ཨུ་ཙྭ་པ་ཡ་ཏི། སརྦ་བི་ན་ཀྭ་ཡ་ལྷུཀ་བཛུ་ཎ༷་ཀི་ལ་ཡ་ཧུ༷་ཕཊ། སེམས་དཔའ་ཕྲ་མོའི་རང་བཞིན་གྱི། །སྙིང་གའི་ཧཱུཾ་སྐྱེས་ཉི་་གཟུགས་གརྨེལ། །ཧུ༷་ཡིག་རྣམ་པར་ཕྱུང་ནས་ནི། །ཁྲོ་བོ་བཅུ་ཡི་གཟུགས་སུ་གྱུར། །བསྐྱེད་དང་བཟླས་པ་ལས་་ཀྱི་སྔགས། །ཐུན་ཟློང་གཅིག་ཏུ་བསྒྲགས་པའོ། །ཨོ་བཛྲ་ཀྲོ་ཏ་ཧུ༷་ཀྭ་ར་ཧུ༷། གརྫ་གརྫ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧུ༷། ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཡ་མུརྙ་ཀ་ཧཱུཾ། པ་ཙ་པ་ཙ་ཧུ༷་ཕཊ།ཨོ་བཛྲ་ཀྲོ་དྷ་ཨུརུ་ཨ་ཙ་ལ་ཧུ༷། བྷརྙ་དྷརྙ་ཧུ༷་ཕཊ། ཨོ་བཛ་ཀྲོ་དྷ་ཧ་ཡ་རྒི་བ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་བཱ་ར་ཛི་ཏ་ཧུ༷། ཏིཛི་ཏིཛི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜལི་ཧུ༷། སྦྱིརྙ་སྦྱིནྟྲ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧུ༷། བིརྙ་བིསྟོ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་མ་ཧྭ་བ་ལ་ཧྭ༷། སྤྲོ་ཊ་སྤྲོ་ཊ་ཧུ༷་ཕཊ། གསལ་བར་བརྟས་པའི་ཏིང་འཛིན་གྱིས། །མི་གཡོ་ལྟ་བུར་འཁོར་བ་ཡི། །མེ་སྟག་མང་པོ་འཕྲོ་བ་ཅན། །ཕྱོགས་བཅུ་རྣམས་སུ་འཁོར་བར་འགྱུར། །དེ་ནི་དེ་མ་ཐག་ཏུ་གང་། །རྡོ་རྗེ་ཕུར་བུར་བྱིན་བརླབས་ནས། །ཕྱོགས་བཅུ་རྣམས་སུ་རྣམ་པར་བསམ། །དེ་ནས་རྒྱུ་ཡི་ས་བོན་ལས། །ལས་དང་མཐུན་པའི་འོད་ཟེར་འཕྲོས། །འོད་ལས་སྤྲུལ་པའི་ཁྲོ་བོ་ནི། །ཡན་ལག་བྱིན་གྱིས་བརླབས་བྱས་ཏེ། །ཏ་ན་ག་ཎ་ཟབ་མོའི་སྦྱོར་སྒྲོལ་གྱིས། །རང་རང་རིགས་ལ་སོགས་པ་ཡི། །རང་རང་ལག་ཆ་ལྡན་འཕྲོས་ཏེ། །དེ་ནི་སྤྲོས་མ་ཐག་ཏུ་ཡང་། །བར་གཅོད་བགེགས་རྣམས་གཞོམ་པ་དང་། །གནས་བསྲུང་བ་ནི་ཡང་དག་གོ། །རྡོ་རྗེའི་རིགས་ལ་སོགས་པ་ཡི། །གུར་དང་ས་གཞི་ར་བར་བསམ། །རྟེན་གྱི་དཀྱིལ་འཁོར་ཡང་དག་པར། །སྟེང་དུ་མེ་ཡི་དཀྱིལ་འཁོར་དང་། །ཆུ་ཡིས་ མ་པར་གཡོགས་པར་བསྒོམ། །ལས་ཀྱི་ཕྱག་རྒྱ་དེ་ཡིས་ནི། །ཞེ་སྡང་གཏི་མུག་འདོད་ཆགས་དང་། །ང་རྒྱལ་ཕྲག་དོག་མཆོད་པའོ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས། །ཡོན་ཏན་ཕྲིན་ལས་རྣམས་ཀྱིས་བརྒྱན། །བགེགས་རྣམས་རྣམ་པར་ཚིག་པར་གྱུར། །མེ་དཔུང་རྒྱལ་པོའི་བྱིན་རླབས་ཀྱིས། །མྱོས་ཤིང་འགྱེལ་བུབ་འབྲོས་པར་འགྱུར། །བ་མོའི་མདོག་དང་མཚུངས་པ་ལ། །རྡོ་རྗེ་ལ་སོགས་གུར་ལྔར་གསལ། །གུར་དང་ས་གཞི་བླ་རེ་དང་། །རྒྱལ་མཚན་བ་དན་རྩིག་པར་བཅས། །དཀའ་དང་བཀའ་ཡི་མཚམས་རྣམས་ནི། །ཐུན་མོང་དབང་ཆེན་མཚམས་རྣམས་དང་། །ཐུན་མོང་མ་ཡིན་བཀའ་ཡི་མཚམས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ནི། །ཡི་གེ་ཧུ༷་ལས་བསྐྱེད་པར་བྱ། །དེ་ལས་ཨ་རྣམས་སྤྲོ་ཞིང་བསྡུ། །རླུད་གི་དཀྱིལ་འཁོར་བ་དན་འཕྱར། །དེ་བཞིན་རྒྱུ་དང་འབྲས་བུ་གཉིས། །གཅིག་ལ་གཅིག་བརྟེན་རྒྱུ་འབྲས་ཚུལ། །དེ་ཡི་སྟེང་དུ་ཡི་གེ་ཨོ། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །དེ་ཡི་སྟེང་དུ་ཡི་གེ་ར༷། །དབྱིབས་དང་ཁ་དོག་རྡོ་རྗེས་མཚན། །དེ་ཡི་སྟེང་ན་ཡི་གེ་ཨ༷། །དབྱིབས་དང་རྡོ་རྗེ་གཉིས་དང་ལྡན། །དེ་ཡི་སྟེང་ན་ཡི་གེ་བ༷། །བ་མོའི་མདོག་ལ་བུམ་པས་བརྒྱན། །དེ་ཡི་སྟེང་ན་ཡི་གེ་ཧུ༷། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །དེ་ཡི་སྟེང་ན་ཡི་གེ་སུ༷། ཁ་དོག་དབྱིབས་ཅན་གྲུ་བཞིར་གནས། །དེ་ཡི་སྟེང་དུ་ཡི་གེ་ཡ༷། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །དེ་ཡི་སྟེང་དུ་ཡི་གེ་ལ༷། །དེ་ལས་བྱུང་བའི་ཡོན་ཏན་ནི། །རིན་ཆེན་གྲུ་བཞི་ཕྲེང་བས་བརྒྱན། །གཞལ་གྱིས་མི་ལང་གཞལ་ཡས་ནི། །ཡོན་ཏན་ཀུན་གྱིས་བརྒྱན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ། ཀརྨ་ཀུ་རུའི་རྒྱུད་ལས་གཞིའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་དགའ་བ་ཆེན་པོ་དེ། བྱ་སྒྲོམ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱ་བྱེད་སྡིག་པའི་འཁོར་ལོ་འདི་བཤད་དོ། །མ་འོངས་པའི་རྣལ་འབྱོར་པ་རྣམས་ལ་ངས་བཤད་པར་བྱའོ། །ཡང་དག་པར་བསྒྲུབ་པར་བྱ་སྟེ། ཡང་དག་པར་སྤྱིན་པའི་སྡིག་པ་དང་། ཡང་དག་པར་ཤེས་རབ་ཀྱི་སྡིག་པ་དང་། ཡང་དག་པར་བསམ་གཏན་གྱི་སྡིག་པ་དང་། ཡང་དག་པར་བཟོད་པའི་སྡིག་པ་དང་། ཡང་དག་པར་བརྩོན་འགྲུས་ཀྱི་སྡིག་པ་དང་། ཡང་དག་པར་སྙིང་རྗེའི་སྡིག་པ་དང་། ཡང་དག་པར་སྟོབས་ཀྱི་སྡིག་པ་དང་། ཡང་དག་པར་སྤྱོད་པའི་སྡིག་པ་དང་། ཡང་དག་པར་ལྟ་བའི་སྡིག་པ་དང་། ཡང་དག་པར་ཏིང་ངེ་འཛིན་གྱི་སྡིག་པ་དང་། ཡང་དག་པར་དྲོད་ཀྱི་སྡིག་པ་དང་། ཡང་དག་པར་བཟང་པོའི་སྡིག་པ་དང་། ཡང་དག་པར་སྨན་པའི་སྡིག་པ་དང་། ཡང་དག་པར་ཚུལ་ཁྲིམས་ཀྱི་སྡིག་པ་དང་། ཡང་དག་པར་སྦྱོར་བའི་སྡིག་པ་དང་། ཡང་དག་པར་སྒྲོལ་བའི་སྡིག་པ་དང་། ཡང་དག་པར་ཐབས་ཀྱི་སྡིག་པ་དང་། ཡང་དག་པར་ཤེས་རབ་ཀྱི་སྡིག་པ་དང་། ཡང་དག་པར་མཐོང་བའི་སྡིག་པ་དང་། ཡང་དག་པའི་སྡིག་པ་མ་ཡིན་པའི་སྡིག་པ་ཐམས་ཅད་ནི། ཤེས་བཞིན་མ་ཡིན་པའི་སྡིག་པ་སྟེ་ཡང་དག་པར་སྤང་བར་བྱའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་དེ་ཐོབ་པར་བྱ་བའི་དོན་ཏོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ། ཀརྨ་ཀུ་རུའི་རྒྱུད་ལས། དེ་བཞིན་མ་ཡིན་པའི་སྡིག་པའི་འཁོར་ལོར་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དགའ་བའི་མཆོག་དེས། དཔལ་གདེང་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། ཡང་དག་པར་འདི་གསུངས་སོ། །དཔལ་ཆེན་པོ་སྦྱིན་པའི་གདེང་དང་དཔལ་ཆེན་པོ་བརྩོན་འགྲུས་ཀྱི་གདེང་དང་། དཔལ་ཆེན་པོ་བསམ་གཏན་གྱི་གདེང་དང་། དཔལ་ཆེན་པོ་ཤེས་རབ་ཀྱི་གདེང་དང་། དཔལ་ཆེན་པོ་བཟོད་པའི་གདེང་དང། དཔལཆེནཔོཚུལཁྲིསཀྱི་གདེང་དང་། དཔལཆེནཔོསྙིངརྗེའིགདེང་དང། དཔལཆེནཔོསྟོབསཀྱིགདེང་དང། དཔལཆེནཔོཏིངངེའཛིན་གྱི་གདེང་དང། དཔལཆེནཔོསྤྱོདཔའིགདེང་དང་།དཔལ་ཆེན་པོ་ལྟ་བའི་གདེང་དང་། དཔལ་ཆེན་པོ་དྲོད་ཀྱི་གདེང་དང་། དཔལ་ཆེན་པོ་མཐོང་བའི་གདེང་དང་། དཔལ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་གདེང་སོ། །ཞེས་གསུངས་ནས་མཉམ་པར་བཞག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདེང་རྣལ་འབྱོར་ལ་གདམས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀརྨ་ཀུ་རུ་ལས། རྣལ་འབྱོར་ཆེན་པོའི་གདེང་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་བཤེགས་པ་དགའ་བའི་མཆོག་དེ་གཞི་དང་རང་བཞིན་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །དེ་ལྟར་ན་འདི་ལྟ་སྟེ། བྱང་ཆུབ་སྙིང་པོ་ཅན་རྣམས་ཀྱིས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ས་ཟིན་ཨ་འཐས་མ་ཡིན་ཏེ། །རྟེན་འབྲེལ་ཙམ་དུ་རང་བཞིན་ནི། །དངོས་སུ་རྟག་པ་མ་ཡིན་པ། །རྟག་ན་ཆོས་སྐུ་བདེ་བ་ཆེ། །ཡང་དག་པར་ནི་རྣམ་ཐར་གསུམ། །རྣལ་འབྱོར་འཇུག་པའི་སྒོ་རྣམས་ཀྱི། །སྟོང་པའི་སྒོ་རྣམས་ཤེས་པར་བྱའོ། །དེ་ལྟར་ཤེས་པའི་སྒོ་རྣམས་ཀྱིས། །རྟེན་ཅིང་འབྲེལ་བར་ཤེས་པར་བྱ། །དེ་ཉིད་ཤེས་པ་མ་ཡིན་ཏེ། །ཐ་དད་མཡིནདོནགཅིགམིན། །འགག་པ་མེད་པས་སྐྱེ་མེད་པ། །རྟག་པ་མ་ཡིན་ཆད་པ་མིན། །འོང་བ་མེད་པས་འགྲོ་བ་མེད། །དེ་བས་རྒྱུ་ཡི་རང་བཞིན་ནི། །ངོ་བོ་ཉིད་ཀྱིས་མ་གྲུབ་པས། ཁུ་འབྲས་གཉིས་ལས་མྱ་ངན་འདས། །ཡོད་པ་མ་ཡིན་མེད་པ་མིན། །བདག་ལས་སྐྱེ་བ་མེད་པས་ནུས། །གཞན་ལས་སྐྱེ་བ་ག་ལ་ཡོད། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པར་བྱ་བ་ཡོད་མ་ཡིན། །དེ་ཉིད་རྣམ་པར་ཐར་པའོ། །དེ་ཉིད་ཀྱི་ནི་རང་བཞིན་ནི། ་།་ལས་འབྲས་བུས་རྒྱས་མ་བཏབ། །ངོ་བོ་ཉིད་ཀྱིས་མ་སྐྱེས་པས། །སྟོང་པ་ཉིད་ཀྱི་རྣམ་ཐར་རོ། ་།་དང་རྐྱེན་གྱིས་མ་བསྐྱེད་པས། །འབྲས་བུ་རང་ཉིད་མི་སྐྱེ་བས། །སྨོན་པར་བྱ་བའི་ངེས་འབྲེལ་ཏེ། །སྨིན་པར་བྱ་བའི་རྣམ་ཐར་རོ། །དེ་ཉིད་ཟིལ་གྱིས་གནོན་པ་ནི། ཨོ་མ་ཧྭ་ཤུ་རྒྱ་ཏྭ་ཙྭ་ན་བཛྲ་སྭ་བྷ་བ་ཨུཏྣ་ཀོ྅ཧ༷། ཡང་དག་དོན་དུ་བསྒོམ་པ་ནི། དོན་དམ་པ་ཡི་སེམས་བསྐྱེད་ལ། །འགྲོ་བའི་དོན་གྱིས་སངས་རྒྱས་བསྐྱེད། །དེ་ནས་ཀུན་རྫོབ་བདེན་པ་དེ། །ཀུན་རྫོབ་བར་ཡང་སེམས་བསྐྱེད་དེ། །བྱམས་དང་སྙིང་རྗེ་ལ་སོགས་བྱ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །འགྲོ་བ་རྣམས་ཀྱིས་དོན་མི་མཐོང་། །དེ་ལ་ཚད་མེད་བཞི་པོ་བསྟན། །དེ་ནི་ཐེག་པའི་རང་བཞིན་ཏེ། །ཐེག་པའི་ནང་ནས་ཆེན་པོར་གྲགས། །འབྲེལ་པར་བྱེད་པ་གང་བསྒྲུབ་པ། །ཤེས་རབ་སྙིང་རྗེ་ལྡན་པའོ། །དུག་གསུམ་ལྔ་ཡི་རང་བཞིན་གྱིས། །གང་རྣམས་སྡུག་བསྔལ་ཉེན་པ་ལ། །འདོད་པའི་དོན་གྱི་སྙིང་རྗེ་འབྱུང་། །སྒྲུབ་པར་འདོད་པ་བྱམས་པ་སྟེ། །ཀུན་གྱི་དོན་བྱེད་བྱམས་པ་ཡིན། །དགའ་བ་རབ་ཏུ་དགའ་བ་སྟེ། །དོན་དམ་འདུན་པའི་འདོད་པའོ། །ཆགས་དང་ཞེ་སྡང་རྣམ་བྲལ་བ། །དོན་དམ་པར་ནི་སེམས་ཉིད་དོ། །དེ་བས་དོན་དམ་བཏང་སྙོམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ་ཀརྨ་ཀུ་རུའི་རྒྱུད་ལས། ངེས་པར་འབྲེལ་པའི་རྣམ་པར་ཐར་པ་དང་། དེ་ཉིད་སྤྲོས་པའི་མཐའ་དང་། ཚད་མེད་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྟེན་དང་རྟེན་ཅན་གྱི་སྔགས་འདི་ཐུགས་ལས་ཕྱུང་ངོ་། ཨེ་ཡ༷་ར་སུ༷་ར༷་ཀ༷། བྲུ༷་བི་ཤཱ་བི་ཤུསྟེ། ཨོ་ལ༷། ཧུ༷་མྱུ༷། གྲྭ་མ༷། ཨུ༷་པྱ༷། ཧ་ཏྭ༷། ཛ༷༷ཧུ༷་བ༷་ཧོ༷་། ཨོ་ཛི་ན་ཛིཀ་ལ༷་ཏེ་ཤ་ར་སྟི། ཧུ༷་བཛྲ་དྷིག་མྱུ༷་དྷ་ཏི་ཤྭ་རྡི། གྲྭ་རཏྣ་དྷིཀ་མ༷་ཧོ་ཧ་ར་ཏི། ཨུ༷་ཨུ་རོ་ལིཀ་པྱ༷་རྭ་ག་རྭ་ཏི། ཧ་པྲ་ཙྭ་དྷིག་ཏྭ༷་བཛྲ་ར་ཏི། བཛྲ་ཨ༷་ཀུ་ཤ་ཛ༷༷། བཛྲ་བཱ་ཤ་ཧུ༷། བཛྲ་སྒྲོ་ཊ་བ༷། བཛྲ་ཀྟཎྜ་ཧོ༔། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་རྣམས་། །རང་བྱུང་གདོད་ནས་དག་པ་ཡི། །ཕྱོགས་ཆ་མེད་པའི་གཞལ་ཡས་ནས། །ཐུགས་རྗེའི་འོད་ཟེར་རབ་སྤྲོས་ནས། །འོད་ཟེར་ཆར་པ་ཕབ་པ་བཞིན། །མདུན་ནས་ཐད་ཀར་དམིགས་པ་ལས། །ཐ་དད་མ་ཡིན་གཉིས་མེད་བསྟིམ། །ཨེ་ཧྲེ་ཧི་བྷ་ག་ལྷུན། མ་ཧྭ་ཀ་རུ་ཁེ་ཀདྲོ་ཤ་ཧོ། ས་མ་ཡ་སྟམ། ཛ༷༷ཧུ༷་བ༷་ཧོ་༷། བཛྲ་པྲསྤྲོ་པུ་གྲྭ་ཧྭ། ཨེ་ཨ་ར་ལི་ཧོ་ཛ་ཛ་ཛ༷༷། ཨོ་བཛྲ་ས་མ་ཡ་ཨོ། ཨུ༷་བཛྲ་ས་མ་ཡ་ཨ༷། ཧུ༷་བཛྲ་ས་མ་ཡ་ཧུ༷། གྲྭ་བཛྲ་ས་མ་ཡ་གྲྭ། ཧྭ་བཛྲ་ས་མ་ཡ་ཧྭ། ཨོ་བཛྲ་བྲེསྤྲོ་པུ་ཨ༷༷ཧུ༷། ཛ༷༷ཧུ༷་བ༷་ཧོ་༷། ཁ་ར༷་གྲྭ་ཧྭ། དེ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསོལ་བ་འདི་གསུངས་སོ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། །མི་བཟད་རྒྱན་གྱི་འཁོར་ལོ་དང་། །སྐུ་གསུང་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་རབ་མཆོག་བླང་བར་བྱ། །ཨོ་བཛྲ་ས་མ་ཡ་སྟུམ། ཨོ་བཛྲ་ས་མ་ཡ་ཧུ༷། ཨོ་བཛྲ་ས་མ་ཡ་ཕཊ། དེ་ནས་དངོས་གྲུབ་རབ་བླངས་ནས། །བདག་དང་གཟུགས་བརྙན་དབྱེར་མེད་ཕྱིར། །ཐ་དད་མ་ཡིན་གཉིས་སུ་མེད། །དེ་ལྟར་ཡེ་ཤེས་ཕེབས་པ་དང་། །ཉིད་ལ་ཉིད་སྦྱོད་ཉིད་ལ་རོལ། །བདག་གིས་བདག་ལ་མཆོད་པས་ནི། །སངས་རྒྱས་ཐམས་ཅད་མཆོད་པ་ཡིན། །དེ་ཕྱིར་དངོས་གྲུབ་གསོལ་བར་བྱའོ། །ཨོ་བཛྲ་ཨུ་བེ་ཤ་ཨ་ཨ༷་ཨ། དེ་ལྟར་གཉིས་སུ་མེད་པ་དང་། །ཉིད་ཀྱིས་ཉིད་ལ་སྤྱོད་པ་དང་། །ཉིད་ལ་ཉིད་ཀྱིས་རོལ་པ་དང་། །ཉིད་ལ་ཉིད་ཀྱིས་བསྟོད་པ་དང་། །ཉིད་ལ་ཉིད་ཀྱིས་དབང་བསྐུར་ནས། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །གཞན་དུ་བསྟན་པར་བྱ་བ་མིན། །འགྲོ་བ་རྣམས་ཀྱི་སེམས་བསྐྱེད་ལ། །ཕྱི་དང་ནང་དང་གསང་བ་དང་། །མཐར་ཐུག་མངོན་པའི་དབང་རྣམས་བསྐུར། །རྣམ་པར་དབེན་དོན་མི་ཤེས་ན། །སྤྱོད་པའི་ལས་རྣམས་བརྟག་པར་བྱ། །དེ་ལྟར་སྤྱོད་པ་མཐར་ཕྱིན་ནས། །གསང་བའི་དོན་ལ་འཇུག་པར་བྱ། ཁོགོས་རབ་མ་ཡི་མཚན་བརྟག་པ། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །གདོལ་བ་མོ་ཡང་མི་དོར་ཏེ། །བཅུ་གཉིས་བཅོ་ལྔ་ཉི་ཤུ་གཉིས། །ཡང་ན་རྩ་ལྔ་དག་ལ་བྱ། །བྱང་ཆུབ་སེམས་ཕེབས་བླ་མ་སྟེ། །རྩ་དང་རླུད་གི་ལས་ཤེས་ན། །དགའ་བ་བཞི་ཡང་བརྟེན་པར་བྱ། །ས་དང་ཆུ་དང་མེ་དང་རླུད་། །དྲོད་ལ་ཕེབས་དང་བྱང་ཆུབ་སེམས། །གནས་བཞི་དག་ཏུ་ཟིན་པར་བྱ། །དེ་ནས་ཕྲ་མོའི་ཐིག་ལེ་དང་། །ནཱ་དའི་རྟགས་དག་བྱུང་བ་ན། །བྱང་ཆུབ་སེམས་ཀྱི་བལྟ་བར་བྱ། །དེ་ལྟར་རྟགས་དག་བྱུང་བ་ན། །སྨིག་སྒྱུ་སྲིན་བུ་མེ་ཁྱེར་དང་། །དུ་བ་ལྟ་བུ་མཐོང་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཀརྨ་ཀུ་རུའི་རྒྱུད་ལས། སྙིང་པོ་སྔགས་དང་སྤྱོད་པ་དང་གསང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་དགྱེས་པ་ཆེན་པོ་དེ་བཞིན་རྣམ་པར་ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞི་བ་ལས་ཁྲོ་བོའི་ངང་ཚུལ་དུ་བཞེངས་ནས། སྐུ་འབར་བ་ལས་དྲག་པོའི་ཆས་ཀྱིས་ཀུན་ཏུ་བརྒྱན་ནས། ཧ་ཧ་དང་ཧུ༷་ཧུ༷་དང་། སྨྱོ་དང་རུ་ལུ་ལ་སོགས་པའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཐུགས་ཀའི་འོད་ཟེར་གྱིས་བཀང་ནས། འགྲོ་བའི་དོན་བྱས་སླར་འདུས་པ་ལས། འདུས་མ་ཐག་ཏུ་འཁོར་གྱི་གཙོ་བོ་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་རིགས་ཀྱི་ལྷ་མོ་དུ་མ་དང་། སྟག་དང་། ཁྱི་དང་། སྤྱང་ཀི་དང་། ཝ་དང་། ཅེ་སྤྱང་དང་། དེ་ལ་སོགས་ཏེ་ཡེ་ཤེས་ལས་གྲུབ་པའི་དུར་བྱ་སྣ་ཚོགས་པ་དང་། གཞན་ཡང་ཡེ་ཤེས་ཀྱི་མ་མོ་ཆེན་མོ་ཁྲོ་མོ་མི་ཕམ་མ་དང་། རལ་པ་གཅིག་མ་དང་། འཕེལ་བྱེད་མ་ལ་སོགས་པའི་ཁྲོ་མོ་རྣམས་དང་། ལྷན་ཅིག་ཏུ་འཁོད་དེ་བཞུགས་པ་ལས། སྟོན་པ་དཔལ་ཀི་ལ་ཡས་འཁོར་རྣམས་ལ་ཡ་མཚན་སྐྱེད་པ་དང་། འདུལ་བའི་དོན་དུ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། །ཨེ་མ་ཧོ་ངོ་མཚར་ཆོས། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་བུ་འདུལ་བའི་ཆོས་ཡིན་ཏེ། །ཞི་ཁྲོར་སྟོན་པ་ངོ་མཚར་ཆེ། །ངོ་མཚར་རྨད་དུ་བྱུང་བའི་རྒྱུད། །སྟོང་པ་ཆེན་པོའི་བྱང་ཆུབ་སེམས། །གཟུགས་རྣམས་ཉིད་ཀྱི་རྒྱུད་དུ་གྲགས། ཞེས་བཀའ་སྩལ་པས། འཁོར་རྣམས་ཡ་མཚན་སྐྱེས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །གང་ཞིག་མེ་ཡིས་ཚིག་པ་ལ། །མེ་ཡིས་གསོ་བ་ཡ་མཚན་ཆེ། །གང་ཞིག་ཆུ་ཡིས་འགག་པ་ལ། །ཆུ་རྣམས་དག་གིས་དབྱུང་བར་བྱ། །དེ་ཡི་བྱིན་རླབས་ཡ་མཚན་ཆེ། །དེ་ལྟར་སྟོང་པ་ཆེན་པོ་ལ། །སྟོང་པའི་བྱ་བྱེད་ཡ་མཚན་ཆེ། །ཞི་བས་མི་འདུལ་གདུག་པ་ལ། །ཁྲོ་བོས་འདུལ་བ་ཡ་མཚན་ཆེ། །ཞེས་གསོལ་པ་དང་། གླེང་བསླང་པ་དང་། གླེང་སློང་བ་ལས། ཡ་མཚན་རྨད་དུ་བྱུང་བའི་ཆོས་དུ་མས་མ་འོངས་པ་ཐམས་ཅད་ཡིད་ཆེས་པ་དང་། འདུལ་བར་བྱེད་དང་དེ་དག་གང་དང་གང་ལམ་དུ་འཁྱེར་བ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་ཡེ་ནས་སངས་རྒྱས་པ་ལ། ཀུན་རྫོབ་ཏུ་གང་ལྟར་འདུལ་བའི་ཆོས་ལ་ཇི་ལྟར་ངོ་མཚར་རྨད་དུ་བྱུང་བ་ལྟར།ཡ་མཚན་རྨད་དུ་བྱུང་ནས། སྟོན་པ་དང་འཁོར་རྣམས་ཐ་མི་དད་པའི་གཞུང་གིས་འདུལ་བའི་དོན་དུ་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པའི་རྒྱུད། ཀརྨ་ཀུ་རུ་ལས་དྲག་པོ་གླེང་གཞིའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་དེ་བཞིན་རྣམ་པར་ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་གྱི་མཚམས་སྦྱོར་བ་འདི་གསུངས་སོ། །ཞི་བ་ཤིན་ཏུ་ཞི་བ་ལས། །ཁྲོ་བོའི་ངང་ཚུལ་བཟུང་བ་དང་། །དཀྱིལ་འཁོར་གཉིས་ཀྱི་མཚམས་སྦྱར་དང་། །གང་གིས་མི་འདུལ་གང་གིས་འདུལ། ཁེན་ཏུ་ཁྲོ་ཞིང་ག་་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། ཁྲེས་རབ་ཐབས་སུ་སྦྱོར་བ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཞེས་གསུངས་ནས། དྲག་པོའི་དཀྱིལ་འཁོར་ལ་མཉམ་པར་གཞག་གོ །དེ་ནས་དགྱེས་པ་ཆེན་པོ་དེ། དཔལ་ཀི་ལ་ཡའི་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞི་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་ཏུ་གྱུར་ནས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་འདི་ཆེད་དུ་བརྗོད་དོ། ཁྲག་འཐུང་ཐུགས་སུ་གནས་པ་ནི། །ཡེ་ཤེས་རྩེ་མོ་མཆོག་ཡིན་ཏེ། །ཧུ༷་གསུམ་ལས་ནི་བཟླས་པའི་ཕྱིར། །རྩེ་མོ་མེད་པའི་ལས་སུ་བསྟན། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་དཔལ་ཀི་ལ་ཡའི་རྒྱལ་པོ་དེས། ཕྲིན་ལས་ཕུན་སུམ་ཚོགས་པའི་གཞི་འདི་གསུངས་ཞེས་གསོལ་ཏོ། །བཅོམ་ལྡན་འདས་དཔལ་ཀི་ལ་ཡ་ཡི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ །རྗེའུ་ཡི་ཚིག་ནི་དེ་འདྲ་ན། །དམངས་ཀྱི་ཚིག་རྣམས་བདག་གིས་བཤད། ཞེས་གསོལ་ནས།བཤད་པའི་རྒྱལ་པོ་འདི་བཤད་དོ། །བདག་ཉིད་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་ལ་གཞོལ་ཞིང་མང་དུ་ཐོས་པ་དང་། ལས་ལ་མཁས་པ་དང་། ལྷ་ཉེ་བར་གྱུར་བ་དང་། མི་ཕྱེད་པའི་དད་པ་ཐོབ་པ་དང་། དྲག་ཅིང་ལྡོག་པ་མེད་པའི་སེམས་དང་ལྡན་པ་དང་། ཕྲག་དོག་དང་འབྲས་བུ་གཞན་ལ་རེ་བ་མི་འཇོག་པ་དང་། དམ་ཚིག་མ་ཉམས་པ་འདི་རྣམས་ནི། བདག་ཉིད་ཕུན་སུམ་ཚོགས་པ་འདི་གསུངས་སོ། སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། སྡོམ་དང་ཡན་ལག་ཏུ་བཅས་པའི་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། དུས་ཕུན་སུམ་ཚོགས་པ་འདི་བཤད་དོ། །ཚེས་བཅུ་བདུན་མན་ཆད་མར་གྱི་ངོ་དང་། ཉིན་མཚན་གྱི་གུང་དང་། བསྙེན་པ་ཚང་བ་དང་། རྟགས་བྱུང་བ་དང་ལ་སོགས་ཏེ། འདི་ནི་དུས་ཕུན་སུམ་ཚོགས་པའོ། །ཞེས་གསུངས་སོ། །དེ་ནས་ཡང་ཕུན་སུམ་ཚོགས་པ་འདི་བཤད་དོ། །གནས་ཕུན་སུམ་ཚོགས་པ་ནི། གནསཆེནཔོདང། ཤིང་རྐང་གཅིག་པ་དང་། གནོད་པར་ངེས་པ་སྟེ། འདི་ནི་གནས་ཕུན་སུམ་ཚོགས་པའི་ཞེས་བཤད་དོ། །དེ་ནས་ཡང་གཟུགས་ཕུན་སུམ་ཚོགས་པ་བཤད་དོ། །དེ་ལ་གཟུགས་ཕུན་སུམ་ཚོགས་པ་ནི། ཐུགས་ཀྱི་ཕྱག་རྒྱའི་དབྱིབས་ལ་བྱ་སྟེ། ཕུར་པ་ནི་སྐབས་འདིར་ལྕགས་སམ། ལྕགས་སྣ་ལྔའམ། སེང་ལྡེང་ལ་སོགས་ཚེར་མ་ཅན་གྱི་ཤིང་ལ་སོར་བརྒྱད་དམ།སོར་བཅུ་གཉིས་པར་བྱས་ལ། མགོ་མཇུག་མ་ནོར་བར་བྱས་ལ། རྩ་བའི་ངོས་ལ་མགོ་བྱ། མགོ་སོར་གཅིག་ལ་རྒྱ་མདུད། སྐེད་སོར་གཅིག་ལ་རྒྱ་མདུད། སྟོད་ཟུར་བརྒྱད། སྨད་ཟུར་གསུམ་པ། རི་རབ་ལྟར་བརྗིད་པར་འདུག་པ་ནི། གཟུགས་ཕུན་སུམ་ཚོགས་པ་ཞེས་བཤད་དོ། །དེ་ནས་ཡང་བྱིན་རླབས་ཕུན་སུམ་ཚོགས་པ་འདི་བཤད་དོ། །བྱིན་རླབས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། ཐོག་མ་ཉིད་དུ་སྐུ་གསུམ་དུ་བྱིན་གྱིས་བརླབ་པར་བྱ་སྟེ། དང་པོ་ཁོ་ནར་སྟོང་པ་ཉིད་དུ་བསྒོམ་སྟེ། ཆོས་སྐུར་བྱིན་གྱིས་བརླབ་པ་དང་། དེའི་འོག་ཏུ་རྒྱ་མདུད་གཞལ་ཡས་ཁང་དུ་དམིགས་ཏེ། ཕྱོགས་བཞི་དབུས་དང་ལྔར་ཧུ༷་སྒྲིལ་མ་ལྔ་གཞག་སྟེ། དབུས་སུ་ཧེ་རུ་ཀ ཁྲར་དུ་ཁམས་གསུམ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེའི་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་སྟོབས་པོ་ཆེ། འདི་རྣམས་སོ་སོའི་སྙིང་པོ་དྲན་པ་ཙམ་གྱིས་བསྐུལ་ཏེ། གཟུགས་དང་གཉིས་སུ་མེད་པར་འཁོད་པ་དང་། འཁོར་རྒྱས་པར་དམིགས་ཏེ་ཕྱི་ནང་གི་མཆོད་པ་ཅི་འབྱོར་པ་ཕུལ་ཏེ། དམ་ཚིག་རྗེས་སུ་བསྐུལ་ནས། གཉིས་སུ་མེད་པའི་རྒྱན་རྫོགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་བརླབས་པའོ། །དེ་༄༅ ལ་སྲས་ཕུར་པ་ཁྲོ་བོར་བསྐྱེད་པ་ནི། ལྟེ་བ་ཡན་ཆད་མཐིང་ནག་ལ། དབུ་སྐྲ་ཁམ་པ་ཟུར་གསུམ་གྱི་ཐབས་སུ་འགྲེང་བ། བྲང་གིས་འགྲོ་བ་ཆེན་པོ་དང་། ཐོད་རློན་གྱིས་བཅིངས་ཤིང་བཞད་པ། སྤྱན་གསུམ་སྡང་མིག་ཏུ་བགྲད་པ། སྤྱན་གཡོན་པ་ཕུར་བུ་ལ་གཟིགས་པ། མཆེ་བ་གཙིགས་པ་རབ་ཏུ་རྔམ་པ། དུར་ཁྲོད་ཀྱི་མེ་དཔུང་གི་ནང་ན། ལྟེ་བ་མན་ཆད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། ཨེའི་ནང་དུ་སུམ་ཆ་ཙམ་ནུབ་པ། ཕྱག་བཞི་པ་སྟེ། གཡས་ཀྱི་གོང་ན་སྟ་རེ་ཁ་ཡར་བསྟན་ཏེ་སྟག་པས་རྡེག་པར་བྱེད་པ། འོག་མ་ན་རྡོ་རྗེ་རི་རབ་ཀྱིས་གནོན་པའི་ཐབས་སུ་འཛིན་པ། གཡོན་དང་པོ་ན་རྡོ་རྗེ་ཁ་ཊ༷་འཁྲོལ་ཞིང་བདུད་ཀྱི་ཁམས་གསུམ་འཇིགས་པ། འོག་མ་ན་ཕུར་པ་ཟུར་གསུམ་པ་འདེབས་པའི་ཐབས་སུ་གཟས་ཤིང་ངན་སོང་གསུམ་འཇིག་པ། སྟོབས་དང་མཐུ་དང་དཔུང་ལ་སོགས་པ་ཁྲོ་བོ་ཐམས་ཅད་འདུལ་པ་ལས་ལྷག་པར་ཆེ་བ་གཅིག་འོག་ཏུ་ཕྱུང་བ་སྟེ། རྟག་པ་ཆེན་པོར་བཞུགས་པར་བསམ་པ་འདི་ནི། སྤྲུལ་པའི་སྐུར་བྱིན་གྱིས་བརླབས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། དུས་དང་གནས་དང་རྫས་ལ་བརྟེན་ནས་མངོན་པར་སངས་རྒྱས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དཔལ་ཀི་ལ་ཡའི་རྒྱལ་པོས། བྱིན་གྱིས་བརླབ་པ་འདི་གསུངས་སོ། དེ་ལ་རིགས་ལྔར་བྱིན་གྱི་བརླབ་པར་བྱ་སྟེ། འབྲུ་ལྔས་གནས་ལྔར་བྱིན་གྱིས་བརླབ་པའོ། །དེ་ནས་ཡང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱི་བོའི་གཙུག་ཏུ་ཨཱོཾ༷། སྐེད་པར་སྙི༷༷། རྩེ་མོར་ཕཊ་བསམ་མོ། །དེ་ནས་ཡང་དཔལ་ཀི་ལ་ཡའི་རྒྱལ་པོས་འདི་སྐད་བཤད་དོ། །དེའི་འོག་ཏུ་ཐུགས་ཡེ་ཤེས་རྩེ་གཅིག་པར་བྱིན་གྱིས་བརླབ་པར་བྱ་སྟེ། ཟུར་གསུམ་དུ་ཕཊ་གསུམ། ངོས་གསུམ་དུ་ཧུ༷་གསུམ་གཞག་པའོ། །དེ་ནས་ཡང་སྐུ་གསུང་ཐུགས་ཀྱི་བརྟགས་པ་དང་། རིགས་ཀྱི་ཁྲོ་བོའི་བྱིན་གྱིས་བརླབ་པ་འདི་བཤད་དོ། །དེ་ནས་ཡང་སྐུ་བརྟག་པ་དང་། རིགས་སོ་སོའི་ཁྲོ་བོ་རྣམས་ཀྱིས་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱ་སྟེ། ཁྲོ་བོའི་དཀྱིལ་འཁོར་དེ་དག་ཉིད།ཕྱོགས་བཅུར་འཕྲོས་ནས་སླར་འདུས་པ་སྟེ། ཧུ༷་ཧུ༷་དང་ཕཊ་ཕཊ་ཀྱི་སྒྲ་འབྱིན་ཅིང་དེ་ཉིད་སྐུ་ལ་བསྟིམས་ཏེ། དབང་དང་བྱིན་རླབས་ཐམས་ཅད་ཀྱིས་ཚིམ་པར་བྱའོ། །དེ་ནས་ཡང་འདི་བཤད་པར་བྱ་སྟེ། དེ་ནས་འགྲོ་བའི་དོན་ལ་གཤེགས་ན། ཕྱོགས་བཅུའི་དེ་བཉུཁོ་གཤེགས་པ་ཐམས་ཅད་ཀྱིས་སྟོང་གྲོགས་མཛད་པར་གནང་ངོ་། །སྔོན་ཞལ་གྱིས་བཞེས་པ་ལགས་པས་དེའི་སྟོང་གྲོགས་མཛད་ཅིང་། དེའི་སྐུ་ལ་འཇུག་པ་དང་།བདག་ཉིད་དང་བདག་ཉིད་ཆེན་པོ་ཉིད་དུ་དབང་བསྐུར་ཞིང་། བྱིན་གྱིས་བརླབ་པའི་ཕྱིར། ལག་མཐིལ་གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཧུ༷། གཡོན་པའི་ལག་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཨ་བསམ་ལ་གུང་མོ་ལ་ཨོ མཐེ་བོང་ལ་ཧུ༷། མཛུབ་མོ་ལ་ཏྭ༷། སྲིན་ལག་ལ་སྙི༷༷། མཐེའུ་ཆུང་ལ་ཧྭ། འདི་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། སུ་ར་ཏ་སྟུ༷་ཞེས་བརྗོད་ལ་ཐལ་མོ་མཉམ་པར་སྦྱར། བཛྲ་ཨརྫི་ལི་ཧུ༷་ཞེས་བརྗོད་ནས་སོར་མོ་ཅུང་ཟད་བསྣོལ་བཛྲ་བྷརྙ་ཧུ༷། ཞེས་བརྗོད་ནས། སོར་མོ་རྒྱབ་ཏུ་བསྣོལ་ལ་བསྡམ་མོ། །ས་མ་ཡ་སྟུ༷། ཞེས་བརྗོད་ལ། ཕུར་པ་བླངས་ཏེའཆང་བའི་བར་དུ་བཅུག་ནས། ལག་པའི་རྟིང་པ་ཕྱེ་ནས། མཐེ་བོང་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་ཕུར་པ་བཅུག་ལ། མཐེ་བོང་གིས་ཅུང་ཟད་བསྒུལ་ཞིང་དྲིལ་ལོ། །ཨོ་བཛྲ་ཨུ་བེ་ཤ་ཨ་ཨ་ཞེས་བརྗོད་པས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད། ཞེ་སྡང་རྗེས་སུ་དྲན་པའི་སྐུ་ཡུངས་འབྲུ་ཙམ་བར་མཚམས་མེད་པར་ཕུར་པ་ལ་བསྡུ་ཞིང་བསྟིམ་མོ། །དེ་ནས་ཡང་ཀི་ལ་ཡའི་རྒྱལ་པོ་དེས། བཤད་པའི་རྒྱལ་པོ་འདི་ཉིད་བཤད་དོ། །སྐུ་གསུང་ཐུགས་ཀྱི་བདག་པོ་ཆེན་པོ་ཉིད་དུ་རྫོགས་པར་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱ་སྟེ། སོར་མོ་རྒྱབ་ཏུ་བསྣོལ་ལ། གུང་མོ་གཉིས་གཞིབ་པའི་བར་དུ་ཕུར་པ་བཟུང་ནས། ཨོ་བཛྲ་ས་ཏྭ་རྭ་ཛ་ཧུ༷་ཞེས་བཟླས། དེ་ནས་སོར་མོ་རྣམས་སུག་སུག་པོར་བྱས་ལ། ལག་པའི་རྟིང་པས་ཕུར་པ་བཟུང་ལ། ཨོ་ཏྲི་སྣུར་སྟུ་བ་ཕཊ། ཅེས་བརྗོད། དེ་ནས་སོར་མོ་རྣམས་རྒྱབ་ཏུ་བསྣོལ་ཏེ། མཐེ་བོང་གཞིབ་པའི་བར་དུ་ཕུར་པ་བཅུག་ལ། ཧ་ན་ཧ་ན་དིསྟ་ཙཀྲ་ཧུ༷་ཕཊ། ཅེས་བརྗོད་ནས་དྲིལ་ཏེ། བདག་ཉིད་ཆེན་པོ་ཐམས་ཅད་གཉིས་སུ་མེད་པར་སྦྱོར་བ་མཛད་པའི་གཟི་བྱིན་ཐམས་ཅད་ཕུར་པའི་སྐུ་ལ་ཞུགས་པས་སྟོང་ཁམས་ཐམས་ཅད་གང་བར་མེ་སྟག་འཕྲོ་ཞིང་དམིགས་པ་ཐམས་ཅད་ངེས་པར་འགྲུབ་པའི་བྱིན་རླབ་དང་། དབང་ཆེན་པོ་དང་ལྡན་པར་གྱུར་ཏེ། མདུན་གྱི་ནམ་མཁའ་ཨེའི་གདན་ལ་བཞུགས་སུ་གསོལ་ནས། ཡུངས་ཀར་གྱི་རྒྱལ་པོས་བརྡེག་ཅིང་། གུ་གུལ་སྦྱར་མས་བདུག་ལ། ཕྱི་ནང་གི་མཆོད་པ་ཅི་འབྱོར་པ་ཐམས་ཅད་དབུལ་བར་བྱའོ། །དེ་ནས་ཡིད་ལ་བརྣག་པའི་ཕྲིན་ལས་བཅོལ་ཏེ། འདི་ནི་བྱིན་རླབ་ཕུན་སུམ་ཚོགས་པའོ། །ཞེས་ཡང་དག་པར་བཤད་དོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ། ཀརྨ་ཀུ་རུའི་རྒྱུད་ལས། རྫོགས་པའི་སངས་རྒྱས་ཀྱིས་ཕུར་པ་ཉིད་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབས་ཀྱིས་འགྲོ་བའི་དོན་ལ་ཐོགས་ཆགས་མེད་པར་བྱེད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ཀི་ལ་ཡའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་རྫོགས་པའི་སངས་རྒྱས་ཀྱི་སངས་འཕྲལ་ལ་རྒྱས་པ་མ་ཡིན་ཏེ། ཡེ་ཉིད་ནས་ནི་རྫོགས་སངས་རྒྱས། །དམངས་རིགས་བཟླས་བརྗོད་ཇི་ལྟར་ལགས། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བཟླས་བརྗོད་ཕུན་སུམ་ཚོགས་པ་ནི། །བདག་ཉིད་ལས་ཀྱི་ལྷར་བསྒོམས་ལ། །སྙིང་གར་ཉི་མའི་དཀྱིལ་འཁོར་དུ། ཧུ༷་མཐིང་ནག་གཅིག་བཞག་ནས། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཆེ་གེ་མོ་ཞིག་སྨྱུ་ར་ཡ་ཕཊ། ཅེསབརྗོད་པས། ཕུར་པའི་ཁྲོ་བོ་ཅི་འདྲ་བ་གཅིག་བྱུང་བར་གྱུར་ཏེ། ཕྱོགས་བཅུ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་ནས་ཕུར་པ་ལ་བསྟིམ་མོ། །འདི་འདྲ་བ་འབུམ་མམ། བདུན་འབུམ་བྱེ་བའམ། ས་ཡ་ཡན་ཆད་བཟླས་པ་བྱ་སྟེ། བསྙེན་པ་གཏང་བ་འདོད་ན། ཕུར་པ་ཉིད་སྙིང་གའི་ཧུ༷་ལ་བསྡུས་ཏེ། འདི་ནི་བཟླས་བརྗོད་ཕུན་སུམ་ཚོགས་པའོ། །ཞེས་བཤད་དོ། །དེ་ནས་ཡང་ཀརྨ་ཧེ་རུ་ཀས་ཀི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མགོན་པོ་ཆེན་པོ་ཁྱོད། །ཕྲིན་ལས་གང་ལགས་བཤད་དུ་གསོལ། །བདག་གཞན་ལས་གཉིས་བཤད་དུ་གསོལ། །སྔོན་གྱི་ལས་དང་གཞུང་གི་ལས། །དགུག་དང་བཅིང་དང་དགྲོལ་བ་རྣམས། །ཇི་ལྟར་ལགས་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཕྲིན་ལས་ཕུན་སུམ་ཚོགས་པ་ནི། །ཐོག་མ་ཉིད་དུ་བརྟག་པའི་ས་རྙེད་ནས། བགེགས་བསྐྲད་པ་དང་མཚམས་བཅད་པ་ལ་སོགས་པ་བྱ་སྟེ། སྐད་ཅིག་མའི་ཏིང་འཛིན་གྱིས་ཁྲོ་བོའི་སྡང་མིག་དང་། མཚོན་ཆའི་ཆར་དང་། རྡོ་རྗེ་གནོད་སྦྱིན་ལ་སོགས་པས་བགེགས་བསྐྲད་ལ། ཕུར་པ་བཅུ་ཁྲོ་བོ་བཅུར་བྱིན་གྱིས་བརླབས་ཏེ། ཕྱོགས་བཅུར་བཏབ་ནས་ཅི་ཙམ་འདོད་པ་བསྲུང་བར་མཚམས་བཅད་དོ། །དང་པོ་རིགས་ལྔའི་ལྷ་མཉེས་པར་བྱས་ཏེ། དེ་ནས་ལས་ཀྱི་ལྷ་མཉེས་པར་བྱས་ལ། དེ་ནས་ཏིང་ངེ་འཛིན་གོང་ནས་འབྱུང་བ་དང་། བསྙེན་པ་རྣམས་ཚང་ནས། གནས་ཆེན་པོར་དཀྱིལ་འཁོར་གྲུ་གསུམ་པ། རྩེ་མོ་ལྷོ་ཕྱོགས་སུ་བསྟན་ཏེ། ཞིང་ཆེན་གྱི་ཐལ་བ་དང་། སྐེ་རྩེ་དང་། ལན་ཚྭ་དང་། ཞིང་ཆེན་གྱི་རཀྟ་དང་། སྲུམ་མའི་ལོ་མ་དང་། ཁྲེ་དང་། ཇུ་ཚེའི་ཕུབ་མ་དང་།གྲོག་མཁར་གྱི་ས་དང་། བོང་བུའི་བདུད་རྩི་ལས་སྤྲུས་ཏེ། ཞིང་ཆེན་ཐལ་བ་མ་རྙེད་ན། ཏིལ་ནག་པོ་ལ་གཞི་བླངས་ཏེ། གཟུགས་བྱས་ཀྱང་རུང་། རི་མོ་བྲིས་ཏེ་མདོག་སྨུག་ནག་ཏུ་བྱས་ཏེ། ལ་སོགས་པ་ལ་ཞིང་གི་རཀྟས་ཧུ༷་ཆེ་མོ་མྱ་ར་ཡ་ཕཊ། ཅེས་བྲིས་ནས་སྙིང་གར་བླན་ཏེ། དཀྱིལ་འཁོར་གྱི་སྟེང་དུ་གན་རྐྱལ་དུ་བཞག་ནས། མགོ་ལྷོ་ཕྱོགས་སུ་བསྟན་ཏེ། གདོན་དེ་ཉིད་དགུག་པ་ནི། མངག་གཞུག་གམ་ཁྲོ་བོ་སུམ་བྷ་ནིའི་སྦྱོང་བ་ཡང་རུང་། གསང་བའི་ཐུགས་ཀའམ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཛ་ཛ༷༷། འདི་འདྲ་བ་དམར་པོ་གཅིག་བཞག་ལ་ཛ༷༷ཧུ༷་བ༷་ཧོ༷། བཛྲ་ཨ༷་ཀུ་ཤ་ཛ༷༷ ཆེ་གེ་མོ་ཞིག་ཧུ༷་ཛ་ཞེས་བརྗོད་ནས། མངག་གཞུག་ལྷ་མོ་ལྕགས་ཀྱུ་ཅན་གྲངས་མེད་པ་བརྒྱུད་མར་བྱུང་ནས། བགེགས་ཀྱི་སྙིང་ག་ནས་བཟུང་སྟེ་དེར་འོང་བ་དང་། ཛ༷༷ཧུ༷་བ༷་ཧོ༷། བཛྲ་ཆེ་གེ་མོ་པྲ་བེ་ཤ་ཧུ༷། ཞེས་ཅི་རན་བརྗོད་ནས། གཟུགས་སམ་རི་མོ་ལ་ཕབ་སྟེ་ཛ༷༷ཧུ༷་བ༷་ཧོ༷༷། ཞེས་བརྗོད་ནས་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་གི་ཕྱག་རྒྱས་བཅིངས་པ་དང་། བསྡམས་པ་དང་། དེའི་སེམས་ཞབྲུག་པར་བྱས་ནས། ཨེའི་ནང་དུ་རྩི་མོའི་འོག་ཏུ་སོང་བར་བསམ་ལ། དེ་ནས་ཕུར་པ་བླངས་ཏེ། ལས་ཀྱི་ལྷའི་སྙིང་པོ་དང་བཅས་པས་དྲག་ཏུ་ཅུང་ཟད་ཅིག་བསྐུལ་ལ། ཐལ་མོ་སྦྱར་ཐབས་ཀྱིས་གསོར་ཏེ། རྡོ་རྗེ་སྡེར་མོའི་སྔགས་བཟླས་ལ། ཏིང་འཛིན་གསལ་བར་མ་གྱུར་གྱི་བར་དུ་དྲིལ་ནས། ཏིང་ངེ་འཛིན་ཁུགས་པ་དང་། གནོད་བྱེད་ཀྱི་སྟེང་དུ་རྩེ་མོ་ནས་གང་ཙམ་གྱིས་མ་རེག་པར་གཟས་ལ། ཁྲོ་བོའི་སྐེད་པ་ནས་ལག་པ་གཡོན་པས་བཟུང་ཏེ། རྡོ་རྗེ་ཐོ་བའམ་སྟུ་རེ་ཡི་སྟག་པས་བརྡེག་ཅིང་། རྡོ་རྗེ་སྡེར་མོའི་སྔགས་ལན་གསུམ་མམ་ལན་བདུན་ནམ། ཉི་ཤུ་རྩ་གཅིག་ཏུ་བཟླས་ཤིང་བཏབ་སྟེ། སེང་ལྡིང་གི་ཕུར་པ་སོར་བརྒྱད་པ་གཅིག་སྙིང་གར་གདབ། གཅིག་དཔྲལ་བར་གདབ། བཞི་དཔུང་མགོ་གཉིས་དང་། བརླའི་ནང་རོལ་གཉིས་སུ་གདབ། ལྟེ་བའི་ཁུང་དུ་ཡང་གདབ་བོ། །རྡོ་རྗེ་སྡེར་མོའི་སྔགས་ནི། ན་མ༷༷ས་མརྙ་ཀྭ་ཡ་ལྷུ་ག་ཙིསྟ་བཛུ་ཎའན། ཨོ་ཀྟ་ཀྟ་ལྷུ་ཏ་ཡ་ཆེ་གེ་མོ་ཕཊ། སརྦ་དུཛི༷་ཀི་ལི་ཀི་ལ་སརྦ་བཱ་པ༷་ཕཊ། ཧུ༷་ཧུ༷་ཧུ༷་བཛྲ་ཀི་ལ་ཡ་བཛྲ་དྷ་རོ་ཨ་ཙྭ་བཱ་ཡ་ཏི་ཀྭ་ཡ་ལྷུ་ཀ་ཙིསྟ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཅེས་དྲག་ཏུ་བརྗོད་ད། །ཕུར་པ་དེ་དག་བབ་ཟིན་ནས། དེའི་སྟེང་དུ་ལས་ཀྱི་ལྷའི་ཕྱག་རྒྱ་དང་། སྔགས་ཀྱིས་མནན་ཏེ། ལག་པ་གཉིས་སོར་མོ་བསྣོལ་ཏེ། མཐེ་བོང་དང་མཐེའུ་ཆུང་གཉིས་ངོས་སྦྱར་ཏེ་བརྐྱང་ལ་གཞན་མ་ནི་རྒྱབ་དྲང་པོར་བསྲང་། དེའི་སྔགས་ལ། ཨོ་ཀརྨ་བཛྲ་ཀྲོ་དྷ་ཧུ༷་ཕཊ་གྲྭ་ཧྭ། ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་གཡས་ཕྱོགས་ནས་བསྐོར་ལ། ཀི་ལ་ཡའི་མགོ་ལ་ལན་གསུམ་ཏུ་ག་་གོ །དེ་ནས་ཡང་ཕུར་པ་སླར་མི་དབྱུང་ཞིང་། སུས་ཀྱང་མ་ཕྱིན་པར་སླར་མི་དབྱུང་ཞིང་། ལྷག་པར་ཡང་མི་ཕྱིན་པར་ལྷག་པར་ཡང་ཟུང་ཅིང་ཐལ་ཕྱིན་པར་བསམ་མོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱས་ཏེ། སོར་མོ་རྣམས་རྒྱབ་ཏུ་བསྣོལ་ཏེ་བཅངས་ལ་གུང་མོ་གཉིས་གཞིབ་ལ། རྩེ་མོ་བསྒྲེངས་ལ་རྣོན་པར་བྱས་ཏེ་ཕུར་པའི་སླད་དུ་མནན།ཕུར་པའི་ལྷ་དང་བགེགས་ཆེ་གེ་མོ་ཁྱོད་དམ་ཚིག་ལས་མ་འདའ་ཞིག་བར་བསྒོ་ཞིང་། སྔགས་འདི་ལན་བདུན་བཟླས་སོ། །ཨོ་བཛྲ་ས་ཏྭ་ས་མ་ཡ་ཧུ༷་ཕཊ། ཅེས་བརྗོད་དོ། །འདི་ནི་སེམས་མ་དམ་ཚིག་རྡོ་རྗེའི་སྔགས་དང་ཕྱག་རྒྱ་སྟེ། བསྒོ་བ་ཐམས་ཅད་ཉན་པར་བསམ། དེ་ནས་སོར་མོ་རྣམས་ནང་དུ་བསྣོལ་ཏེ། མཐེ་བོང་མཐེའུ་ཆུང་གཉིས་ངོས་སྦྱར་ལ་བསྒྲེང་། ཁུ་ཚུར་མི་བཅང་བར་སོར་མོ་རྣམས་ཕྱིར་བསྐྱེད་དེ། ཕུར་པའི་སྟེང་དུ་མནན་ཅིང་སྔགས་འདི་བརྗོད་དོ། །ཨོ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ད་ཧ་ད་ཧ། པ་ཙ་པ་ཙ། བརྙབརྙ། སྦྱིསྟོསྦྱིརྙ། ཧུ༷ ཧཱུཾཕཊཕཊ། ཅེསཉིཤུརྩགཅིགབཟླསསོ། །སྟོབས་པོ་ཆེའི་སྔགས་དང་ཕྱག་རྒྱ་སྟེ། གོང་དུ་བཀའ་ཉན་པ་བདག་གི་དབང་དུ་གྱུར་ནས། ཅི་བསྒོ་བ་ཐམས་ཅད་བདག་གི་བྲན་བཞིན་ལས་བྱེད་པར་འགྱུར་རོ། །དེ་ནས་ཡུངས་ཀར་རྒྱལ་པོས་བརྡེག །གུ་གུལ་སྦྱར་མ་བདུག་ལ་བཞག །དེ་ནས་ལག་པ་གཉིས་རྒྱབ་སྦྱར། མཐེའུ་ཆུང་གཅིག་ལ་གཅིག་མཁྱུད། མཛུབ་མོ་གཉིས་ཁ་བགྲམ་གཡས་གཡོན་དུ་བཟུང་སྟེ། ཡིད་ཙམ་དགུ་བར་བྱས། ལྷག་མ་རྣམས་ནང་དུ་བཅངས་ལ། མཛུབ་མོ་གཉིས་མཆེ་བར་བསམས་ཏེརྐང་པ་གཡོན་པས་དགྲ་བགེགས་ཀྱི་སྙིང་གར་མནན་ལ། སྔགས་འདི་ལན་བདུན་བཟླས་སོ། །ཨོ་བཛྲ་ཡཀྟ་ཀྲོ་དྷ་ཁ་ཁ་ཧ་ཧ་ཧུ༷་ཧུ༷་ཧུ༷་ཕཊ་ཕཊ། ཅེས་བརྗོད་དོ། །དེ་ནས་རྡོ་རྗེ་བེ་ཅོན་གྱི་སྔགས་དང་ཕྱག་རྒྱ་སྟེ། ལག་པ་སོར་མོ་ལུ་གུ་རྒྱུད་དུ་བསྣོལ་ལ། མཐེ་བོང་གཡས་པ་གཡོན་གྱི་སྟེང་དུ་བཞག་ལ། མཛུབ་མོ་གཉིས་ངོས་སྦྱར་ཏེ་སྦྲེང་ནས། སྡང་མིག་བགྲད་ཅིང་བརྡེག་པ་སྔགས་འདི་ལན་བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་སོ། །ཨོ་བཛྲ་ཀྲོ་དྷ་མ་ཧྭ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷ་ན་ས་མ་ཡ་ཛ་ཏི་ལམ་པོ་ད་ར་ཨུསྣོཛི་ཀྲོ་དྷ་ཧུ༷་ཕཊ། ཅེས་བརྗོད་དོ། དེ་ནས་ཡུངས་ཀར་གྱི་རྒྱལ་པོས་བརྡེག་ཅིང་གུ་གུལ་གྱིས་བདུག་ལ་བཞག་གོ །ལས་འདི་ཤིན་ཏུ་བརྟན་ཅིང་གྲུབ་པར་མཛོད་ཅིག་པར་བསམ་མོ། །ཅུང་ཟད་བྱིན་ཆུང་བ་འདྲ་ན། རྡོ་རྗེ་བརྗིད་གནོན་གྱི་བསམ་གཏན་གྱིས་མནན་པར་བྱ་སྟེ། ཁྲོ་བོ་རྣམས་ཀྱི་སྤྱི་བོར་བསྡུས་པའི་སྟེང་དུ་ཧུ༷་མཐིང་ནག་ལ་རྡོ་རྗེ་ལྗང་གུ་རྒྱ་གྲམ་མེ་ལྕེའི་ཕྲེང་བས་བསྐོར་བ་རྒྱ་གམ་གྱི་སྟེང་དུ་ཡི་གེ་སུ་སེར་པོ་གསེར་བཙོ་མའི་ཁ་དོག་འདྲ་བ་ཅིག་བསམ་ལ། ཨོབཛྲ་སུ་མེ་རུ་ཧཱུཾ་ཧཱུཾ་ས་མ་ཡ་སྟུ༷། ཞེས་བརྗོདཔས། ག་་་གྱི་རི་རབ་དཔག་ཚད་བྱེ་བ་གྲུ་བཞི་པ་ཞིག་ཏུ་གྱུར་པའི་སྟེང་དུ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ། སྐུ་མདོག་ལྗང་གུ་དབུ་གསུམ་ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་འཁ་ར་ལོ་འབར་བ་ཕྱར་ཏེ་བསྣམས་པ། གཡོན་གྱི་དང་པོ་རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བརྟེན་པ། འཁོར་དཔག་ཏུ་མེད་པ་དང་བཅས་པས་ཕོ་བྲང་བཏབ་པས། ཁྲོ་བོ་རྣམས་ཀྱང་ཤིན་ཏུ་གཟིར་ཞིང་མི་གཡོ་བ་དང་། ལས་མ་གྲུབ་ན་བསྐལ་པའི་བར་ཡང་མནན་པར་བསམ་མོ། །ཕྲིན་ལས་ཀྱང་དེ་བཞིན་དུ་བཅོལ་ཏེ་བཞག་གོ །ཡོ་བྱད་ཐམས་ཅད་ཀྱང་ནག་པོར་བཤམ། གཏོར་མ་ནག་པོ་ཆ་གཅིག་བཤམ། དམ་ཚིག་ཅན་འཁོར་དང་བཅས་པ་དང་། འཇིག་རྟེན་པ་ཐམས་ཅད་ལ་བསྔོ་ཞིང་ལས་ལ་བཅོལ། དྲག་པོའི་གཏོར་མ་ཆ་གཅིག །གདོན་དེ་ཉིད་བཀུག་ལ་ཟར་གཞུག་གོ །ཕྲིན་ལས་འདིའི་དུས་སུ་ཕྲ་མེན་མ་དང་། གནོད་སྦྱིན་མོ་དང་། སྲིན་མོ་རྣམས་ཀྱང་སྦྱན་དྲངས་ཤིང་གཏོར་མ་དབུལ། ལ་བཅོལ་ཏེ། སྔགས་ཀྱི་རྒྱལ་པོ་འདི་བརྗོད་པར་བྱའོ། །ཛ༷༷ཧུ༷་བ༷་ཧོ༷༷། ཨེ་ཧྲེ་ཧི་བྷ་ག་བཱན། སྟི་དྷི་ཡ་ཀྲོ་དྷ་ཛ་སྨྱོ་རུ་ལུ་རུ་ལུ་ཧཱུཾ། ཞེས་ལན་གསུམ་བརྗོད་པས་སྤྱན་དྲངས་སོ། །ཨོ་པྲ་ཏི་ཛ་ཧཱུཾ། ཞེས་་བརྗོད་པས་གཏོར་མ་འབུལ་ལོ། །ཨོ་ས་མ་ཡ་ཨ་མྲིཏ་ཨསྙེ༷་པྲ་ཏིསྣྲོ་ཧུ༷་གྲྭ་ཧྭ། ཞེས་བཟླས་ཏེ། ཨ་མྲི་ཏ་ཕུལ་ནས་ཅི་འདོད་པའི་ལས་བཅོལ་ལོ། །འདི་ནི་ཕྲིན་ལས་ཕུན་སུམ་ཚོགས་པ་ཞེས་བཤད་པའི་རྒྱལ་པོས་ཡང་དག་པར་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པའི་རྒྱུད། ཀརྨ་ཀུ་རུ་ལས་རྟེན་དང་བརྟེན་ཅན་དུ་གྱུར་པའི་ཕྲིན་ལས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སྒྲོལ་བའི་ལས་ཀྱི་རྒྱལ་པོའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀི་ལ་ཡའི་རྒྱལ་པོ་ལ། ཀརྨ་ཧེ་རུ་ཀས་གསོལ་པ། ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །གཟུགས་བརྙན་དཀྱིལ་འཁོར་བསྟན་པ་དང་། །ལས་ཀྱི་ཤམ་བུ་ཧོམ་ཁུང་རྣམས། །དཔའ་བོས་ཡང་དག་བཤད་དུ་གསོལ། །ཞེས་གསོལ་ཏོ། །དཔའ་བོ་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིགས་ཀྱི་ཧེ་རུ་ཀ །རྗེའུ་དམངས་དང་རྒྱལ་པོའི་ཚུལ། །ཡང་ནི་བདག་གིས་བཤད་པར་བྱ། །ཞི་བའི་གནས་དང་དྲག་པོའི་གནས། །སྔ་མ་ཉིད་ལས་བརྟག་པར་བྱ། །དེ་ལྟ་བུ་ཡི་གནས་རྙེད་ནས། །སྔོན་གྱི་ལས་རྣམས་རབ་བརྟགས་ནས། །མཎྜལ་འདོམ་གང་མདའ་གང་ངམ། །ཆེ་ཆུང་ཚད་ནི་མ་ངེས་ཏེ། །དཔངས་སུ་ཁྲུ་གང་བརྩིག་པར་་བྱ། །ཆ་མཉམ་ཆག་ཆག་གོ་མ་ཡེ། །བདུད་རྩི་དག་གིས་རབ་བྱ་སྟེ། །བཅུ་གཉིས་རྩ་་ཇོལྔཡངལྔ་རྩ་གཉིས་ཏེ། །བུ་མོས་ལེགས་པར་བཀལ་བ་ཡི། །ཐིག་སྐུད་མ་ཉམས་གསང་བ་ཡིས། །དཀྱིལ་འཁོར་ཆ་ནི་བསྙམ་པར་བྱ། །ཟུར་བཞི་ཚངས་ཐིག་བཏབ་ནས་ནི། །སྣམ་བུ་བརྒྱད་དུ་བགོ་བར་བྱ། །དབུས་སུ་འཁོར་ལོ་རྩིབས་བཞི་པ། །ལྟེ་བ་མུ་ཁྱུད་དག་གིས་བསྐོར། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །སྲུང་མ་རྣམས་ཀྱི་ཁྱམས་དག་བྱ། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །སྒོ་མ་བཞི་ཡི་རང་བཞིན་ཏེ། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །དེ་བཞིན་ལྕགས་རི་བཏང་བར་བྱ། །ལྟེ་བ་དག་ནི་ནག་པོ་ཏེ། །དེ་ལ་གྲུ་གསུམ་གྲུ་གསུམ་བྱ། །འཁོར་ལོ་བཞི་ནི་སེར་པོ་སྟེ། །དེ་ཡི་གོང་རས་ནག་པོར་བྱ། །བར་ཁྱམས་དམར་ལ་སྒོ་ཁྱམས་སེར། ཁྲུ་ཆད་ལྗང་གུ་ལྕགས་རི་ནག །དེ་བཞིན་ཚོན་གྱིས་བཀྱེ་བ་ལ། །དབུས་སུ་ཀརྨ་ཡབ་ཡུམ་སྟེ། ཁྲར་ནས་བརྩམས་ཏེ་ཁྲོ་བོ་བཞི། །རིམ་པ་བཞིན་དུ་དགོད་པར་བྱ། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །སྲུང་མ་རྣམས་ནི་སྤེལ་མར་དགོད། །སྒོ་ལ་སྒོ་མ་བཞི་རྣམས་ཏེ། །ལྕགས་རི་ལ་ནི་དབང་ཕྱུག་མ། །དོན་གྱིས་སངས་རྒྱས་ཡིན་མོད་ཀྱང་། །བྲན་གྱི་ཚུལ་དུ་མུ་རན་བཞུགས། །དབུས་ཀྱི་གཙོ་བོའི་མདུན་ཉིད་དུ། །སྲས་མཆོག་བདུན་པོ་དེ་བཞིན་གཞག །དེ་ལྟར་དོན་གྱི་ལྷ་བཀོད་ནས། །མཆོད་པ་རྣམས་ཀྱངདེབཞིནགཞག །དེནསམཆོདཔའིལསབྱབ། །རྒྱལ་པོ་རྒྱལཔོདེབཞིནཏེ། །རྒྱལཐེབས་ཀརྨ་གིང་གིས་བྱ། །དེ་ནས་ལས་རྣམས་མཐའ་རུ་བསྐྱལ། །དེབཞིནགཤེགསཔཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། དཀྱིལ་འཁོར་གྱི་བཅའ་གཞི་དང་ལྷ་བཀོད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །དྲག་པོ་ལས་ཀྱི་ཤམ་བུ་སྟེ། །མེ་ཡི་ཆོ་ག་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀྱིལ་འཁོར་དབུས་ནས་ཤར་ལྷོའི་མཚམས། །མེ་ཡི་དཀྱིལ་འཁོར་གྲུ་གང་བྱ། །དེ་ལ་ཁ་ཁྱེར་གསུམ་དང་ལྡན། །ཟབས་དང་རྒྱར་ཡང་མཉམ་པ་ལ། །ཧོམ་ཁུང་སོར་ནི་བཞི་པར་བྱ། །དང་པོ་ལ་ཡང་ཐོད་པ་གསུམ། །བར་མ་དག་ལ་མཚོན་ཆ་ལྔ། །ཐ་མ་རྩང་དམར་དག་གིས་བསྐོར། །ཡང་ན་དཀྱིལ་འཁོར་ཆེན་པོ་དང་། །འབྲེལ་པ་ཉིད་དུ་བྱ་བ་ཡི། །དཀྱིལ་འཁོར་རྣམ་གསུམ་རྫོགས་པ་དང་། །གང་ལ་དམིགས་པའི་ལིསྐོ་ལ། །དགུག་གཞུག་ལས་རྣམས་ཚང་བར་བྱ། །གཅད་དང་ག་་དང་གདབ་པ་རྣམས། །རྡོ་རྗེ་སྡེར་ལ་སོགས་པས་བྱ། །དེ་ནས་མེ་ལྷ་སྤྱན་ཡང་དྲང་། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །སུམ་ཅུ་རྩ་ལྔའི་ལྔ་ཚིགས་ནི། །ལྔ་པ་མེ་ལྷ་ཞེས་ཀྱང་བྱ། །རབ་ཏུ་སྐྲུན་ལ་སྐུ་མདོག་སེར། །མགྲིན་པ་རིང་ལ་གསུང་ཡང་སྙན། །ཐུགས་རྗེའི་དབང་གིས་སྤྱན་དྲངས་ཏེ། །འབར་བའི་ནང་དུ་བཞུགས་ནས་ནི། །སྲེག་བླུག་ཞལ་ཟས་བཞེས་སུ་གསོལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །ཧོམ་ཁུང་མ་ཉམས་དམ་པ་འདིར། །དྲོངས་ཤིག་དྲོངས་ཤིག་མེ་དྲོངས་ཤིག །སྤོར་ཅིག་སྤོར་ཅིག་མེ་སྤོར་ཅིག །ཟུར་ཕུད་ཅན་གྱིས་མེ་གསོས་ལ། ཁ་འབར་མ་ཡིས་མེ་བུས་ཤིག །བྲམ་ཟེ་བུ་མོ་ལྔ་བརྒྱ་ཡང་། །ཁྱོད་ཀྱི་གཡོག་དང་བྲན་དུ་ཁོལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཛ༷༷ཧུ༷་བ༷་ཧོ༷་། །ན་མོ་བཛྲ་པ་ཁི་བྷ། ནག་མོ་ཨསྣེ་ཡེ། ཀི་ལི་ཀི་ལ་ཡ། དན་ཏ་ལ་སི། མ་ཧྭ་ཨུ་གསྣྲོ་ཧུ༷། བྷསྟོ་སྲུ་ཧྭ། དེ་ནས་བཞུགས་སུ་གསོལ། ཛ༷༷ཧུ༷་བ༷་ཧོ༷༷། ཨེ་ཧྲེ་ཧི་མ་ཧྭ་ཤུསྟེ་དེ་བ་རེ་ཁི ཧ་ད་ས་ད་ན་ཏི་མ་ཧྭ་ཧི་ད་ཧ་ཨུདྨ་ཧྭ་ར༷་ས་མ། སན་ཏི་སི་ཏི་བྷ་ག །ཨོ་ཨསྣེ་ཡེ་ཧ་བྱ་ཀ་བྱ། མ་ཧྭ་ན་ཡ་གྲྭ་ཧྭ། དེ་ནས་ཡང་རིགས་པའི་རྒྱལ་པོས་འདི་གསུངས་སོ། །ཡང་དག་བདེན་པའི་སྙིང་པོ་འདི། ཛ༷༷ཧཱུཾ་བ༷་ཧོ༷༷། ཨོ་བཛྲ་ཨསྣེ་ར༷། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་སྦར་བའི་རིག་པ་འདི་གསུངས་སོ། །ཙི་རི་ཤག་ར༷། ཧི་པ་ར་ཤག་ར༷། །ཡ༷་ར༷་ཡ༷་ར༷་ཡ༷་ར༷། ཞེས་ལན་བདུན་བརྗོད་དེ། དེ་ནས་ཡང་རིག་པ་འདི་གསུངས་སོ། །མ་ཀྱིན་ར༷་བྱི་ར༷། ཧེ་ལ་ཏེ་ཤུ་ར༷། ཐེ་ཁྱེར་སེ་ན་ར༷། མ་ར༷་མ་ར༷་ཞེས་བྱའོ། །དེ་ནས་ཡང་འདི་གསུངས་སོ། །ཧེ་ལ་བྱི་ལ༷། ལ་བྱི་ལ༷། རཏྣ་རྨི་བྱི་ལ༷། ཞེས་གསུངས་སོ། །དེ་ནས་བསྲེག་རྫས་དབུལ་བར་བྱ། །ལིསྐོ་མིང་རུས་དང་བཅས་པར། །ཏིལ་ནག་དུག་སྣ་ཤ་སྣ་རྣམས། །དྲག་པོའི་སྔགས་ནི་མཐར་བརྗོད་དོ། །ལྷ་རྣམས་དགའ་མགུ་རང་བའི་ཕྱིར། །མཆོད་པ་ཕུལ་ནས་རྒྱལ་ཐབས་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། མེའི་ལས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རིག་པའི་རྒྱལ་པོ་འདི་གསུངས་སོ། །ཧཱུཾ་ཧཱུཾ༷་ཧཱུཾ་ཧཱུཾ༷་ཧཱུཾ་ཧཱུཾ་ཧཱུཾ༷་ཧཱུཾ༷་ཧཱུཾ་ཧཱུཾ༷། ཛ༷༷ཧཱུཾ་བ༷་ཧོ༷༷། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ་ཧཱུཾ༷་ཧཱུཾ༷་ཧཱུཾ་ཧཱུཾ༷་ཧཱུཾ༷་ཧཱུཾ། དེ་ནས་ཡང་འདི་གསུངས་སོ། །ཨོ་ཀརྨ་ཤི་ཧེ་རུ་ཀ །ཀི་ལི་ཀི་ལ་ཡ་མ་ཧྭ་ཙཎྜ། སརྦ་དུཛི༷། ད་ཀ་ཧ་ན། ད་ཧ་པ་ཙ་ཧཱུཾ༷་ཕཊ། སརྦ་ཨ་མོ་ཀྟ་སིརྙི་ཀྲོ་དྷི་ཤྭ་རྡི་ཧཱུཾ་ཕཊ། ཨོ་བཛྲ་ཧཱུཾ་ལོ་ཀྱ་བི་ཛ་ཡ་བཛྲ་ཀྲོ་དྷ་ཧཱུཾ༷་ཕཊ། ཀྲོ་དྷི་ཤཱ་རྡི་ཧཱུཾ༷། ཨོ་བཛྲ་ཀྲོ་དྷ་ཡ་མུརྙ་ཀ་ཧཱུཾ༷་ཕཊ། ཨོ་ཀྲོ་དྷི་ཤྭ་རྡི་ཧཱུཾ༷། ཨོ་བཛྲ་ཀྲོ་དྷ་ཧ་ཡ་གི་བ་ཧཱུཾ༷་ཕཊ། ་ཀྲོ་དྷི་ཤྭ་རྡི་ཧཱུཾ༷། ཨོ་མ་ཧྭ་བ་ལ་བཛྲ་ཀྲོ་དྷ་ཧཱུཾ༷་ཕཊ། ཀྲོ་དྷི་ཤྭ་རྡི་ཧཱུཾ༷། ཞེས་ཡང་དག་པར་ཐུགས་ལས་ཕྱུང་ངོ་། དེ་ནས་ཡང་འདི་གསུངས་སོ། །ཕྱག་རྒྱ་བཞི་དང་ལྡན་པསྐྲུ་ ། །ཡབ་ཡུམ་སྐུ་ནི་གསལ་བར་བསྐྱེད། །ཨོ་དང་ཨུ༷༷དང་ཧཱུཾ༷་རྣམས་ཀྱི། །འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་ཡིས། །གནས་བཞི་དག་ཏུ་རྒྱ་ཡིས་གདབ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་པ་ཆེ། །དེ་ལྟར་དཀྱིལ་འཁོར་རྫོགས་པ་དང་། །རང་བཞིན་དཀྱིལ་འཁོར་སྤྱན་ཡང་དྲངས། །ཛ༷༷ཧཱུཾ༷་བ༷་ཏོ༷། ཨེ་གྱེ་ཧི་བྷ་ག་ལྷུན་བིརྙ་ཡ་ཨསྙེ༷་པྲ་ཏིསྣྲོ་ཧཱུཾ༷། རུ་ལུ་རུ་ལུ། ཨ་ར་ལི་ཧྲི་ཧྲི། དེ་ནས་མཉེས་དང་མགུ་བའི་ཕྱིར། ཡང་འདི་གསུངས་སོ། །ཨོ་བཛྲ་པུ་་ཧཱུཾ༷། ན་མ༷ཤེ་ཧེ་རུ་ཀ་ཧཱུཾ། དྷ་པེ་དྷ་ཨུ་ཧཱུཾ༷། ཨུ་ལོ་ཀེ་སྙི་ཨུ་ཧཱུཾ༷། བྷརྙེ་ཨ་ཧཱུཾ༷། ནི་ཝིབྱ་ཨུ་ཧཱུཾ༷། ན་མཤེ༷ ་ཧེ་རུ་ཀ་ཧཱུཾ༷། ཞེས་ཕྱིའི་མཆོད་པ་གསུངས་སོ། །དེ་ནས་གསང་བའི་མཆོད་པ་འཁོར་ལོར་འབུལ་བ་འདི་གསུངས་སོ། །ཨོ་མ་ཧྭ་ཤི་ཧེ་རུ་ཀ་ས་མ་་ཡ་ཡི་མྲི་ཏ་ཨསྙེ༷་པྲ་ཏིསྣྲོ་ཧོ། །ཀརྨ་ཤི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རྡི་ཁ་ར༷་ཁ་ཧི། ཞེས་གསུངས་སོ། །དེ་ནས་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ། །ཧཱུཾ༷་ཁམས་གསུམ་ཐུགས་རྗེས་འདྲེན་པའི་ཡསྒ་ཧེ་རུ་ཀ །སྲིད་གསུམ་སྡངས་པར་བྱད་པའི་ཡསྒ་ཧེ་རུ་ཀ །ས་གསུམ་ཟིལ་གྱིས་གནོན་པའི་ཡསྒ་ཧེ་རུ་ཀ །འགྲོ་བ་མཐར་ཕྱིན་སྐུ་གསུང་ཐུགས་མངའ་བ། །སྐུ་ཡི་ཆོས་ཀྱིས་གདུག་བྱད་ཟིལ་གྱིས་གནོན། །གསུང་གི་ང་རོས་བདུད་དགྲ་རླག་པར་བྱེད། །ཐུགས་ཀྱི་འོད་ཟེར་བཀྱེ་བས་ལས་དང་ཉོན་མོངས་འཇོམས། །ཡོན་ཏན་རྫོགས་པའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །དེ་ནས་ཡང་སྲས་མཆོག་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ། །རིགས་ལྔ་རྒྱལ་བ་ཁྲག་འཐུང་མང་པོའི་ཚོགས། །སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཀི་ལ་ཡ། །ཆོས་སྐུ་མི་འགྱུར་སྐུ་མདོག་མཐིང་ནག་ལ། །ཞེ་སྡང་བདུད་འདུལ་ཁམ་ནག་གྱེན་དུ་འཁྱིལ། །འཁོར་བ་མི་སྤང་ཐོད་རློན་ཕྲེང་བས་བཅིངས། །གདུག་པའི་ཀླུ་འདུལ་སྦྲུལ་གྱིས་རབ་ཏུ་བརྒྱན། །སྤྱན་གསུམ་བགྲད་པས་འཁོར་བ་ཞེ་ལ་གནོན། །མཆེ་བ་གཙིགས་པའི་སྐྱེ་ཤི་རྩ་བ་གཅོད། །རྫུ་འཕྲུལ་ཕྱག་བཞི་གཡས་ཀྱི་གོང་མ་ན། །ཡེ་ཤེས་སྟུ་རེས་ཁམས་གསུམ་རྡུལ་དུ་རློག །གཡས་འོག་རྒྱ་གྲམ་འཁོར་བ་ཟིལ་གྱིས་གནོན། །གཡོན་གྱི་དང་པོས་ཁ་ཊ༷་བདུད་ཁམས་འདུལ། །གཡོན་འོག་ཕུར་པས་ངན་སོང་གནས་གསུམ་འཇིག །བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །ལྟེ་བ་མན་ཆད་སྐུ་སྨད་ནི། །ཨུཏུལ་སྔོན་པོའི་མདོག་འདྲ་བ། །ཆོས་ཉིད་རིག་པའི་ཡི་ཤེས་རྩེ་གཅིག་པོ། ཁེས་རབ་ཡུམ་གྱི་མཁའ་ཡི་ཕོ་བྲང་ནས། །སྟོབས་དང་མཐུ་དཔུང་ཁྲོ་བོ་འབུམ་པས་ལྷག །ཆོས་སྐུ་ལོངས་སྤྱོད་རྟག་པར་སྐུ་སྤྲུལ་པ། །ཡེ་ཤེས་ཀི་ལ་ཡ་ལ་ཕྱག་འཚལ་བསྟོད། །དེ་ནས་ཡང་འདི་གསུངས་སོ། །ལས་ཀྱི་རིགས་མཆོག་བདུད་བཞི་འདུལ་བའི་གཙོ། །བདུད་ཀྱི་རིགས་རྣམས་རྡུལ་དུ་རློག་མཛད་ཅིང་། །བླ་མེད་བྱང་ཆུབ་གནས་སུ་འདྲེན་མཛད་པ། །ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། རིག་པའི་རྒྱལ་པོ་དང་བསྟོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ། བདག་དང་ཁྱེད་དུ་བཅས་པས་རྒྱུད་འདི་ཉིད་ཀྱིས་འགྲོ་བའི་དོན་བྱོས་ཤིག །ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་འཁོར་རྣམས་ཀྱིས་རྒྱུད་འཆད་པའི་སྐྱེས་བུ་ལ་བསྟོད་པ། ཧུ༷་ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། ཁྲོ་ཞི་ཆེ་ལ་ཕྱག་འཚལ་ཏེ། །ཞི་བས་མི་འདུལ་ཁྲོ་བོར་སྟོན། ཁྲོ་བོས་འདུལ་ལ་ཕྱག་འཚལ་ལོ། །ཞེས་མགྲིན་གཅིག་དབྱངས་གཅིག་པར་བསྟོད་ནས་མི་སྣང་བར་གྱུར་ཏོ། །ཀརྨ་ཀུ་རུའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོསྣྲོ་བ་ཨུ་ཙརུ་གཉགས་ཙྭ་ནས་གཏན་ལ་ཕབ་པ་ལས། རྨ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་གཏུགས་པའོ། །བརྟག་པ་ཕྱོགས་གཅིག་པ་རྫོགས་སོ།། །། རྒྱ་གར་སྐད་དུ། ཀསྨི་ཀི་ལ་ཡ་ཏནྟྲ། བོད་སྐད་དུ། ཕུར་པ་ཀསྨི་ལས་ཀྱི་རྒྱུད། །རྡོ་རྗེ་ཀི་