Ngb-pt-0308-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

དང་ནི་། །ཚེ་ཆོག་མཁན་པོའི་མཚན་ཉིད་དང་། །ཚེ་ཡི་ཆོ་ག་བྱ་ཐབས་རྣམས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམ་ཅན་ཡི་ཆད་སྔགས་པས་སེམས་དཀྲུགས་པ་དང་། །ཞེ་སྡང་དྲག་པོའི་རྦོད་སྟོང་བབས་པ་དང་། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཉམས་དང་། །གནས་མེད་གནས་བཅས་གྱུར་པ་འདི་རྣམས་ནི། །ཚེ་སྲོག་ཉམས་པར་བྱེད་པའི་རྒྱུ་ཡིན་ནོ། །ཚེ་ཡར་དབུགས་སྔངས་བགེགས་ཀྱི་དབང་དུ་གྱུར། །ཚེ་སྲོག་ཉམས་པར་བྱེད་པའི་རྐྱེན་ཡིན་ནོ། །འཁར་ལ་ཁྲོ་ཞིང་ངུ་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་འཆལ་བར་གྱུར་པར་སྤྱོད། །སློབ་དཔོན་འཚོ་བྱེད་དུས་ལས་གཡེལ་བ་དང་། །ཁ་ཟས་དག་ཀྱང་ཡི་གར་མི་འོང་རྣམས། །འགྲོ་བ་གང་ལ་འདི་དང་ལྡན་གྱུར་ན། །དེ་ནི་ཚེ་ཉམས་པ་ཡི་རྟགས་ཡིན་ནོ། །ཚེ་ཆོག་བྱེད་པའི་སློབ་དཔོན་མཚན་ཉིད་གསུམ། །ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །མི་མཆོག་བླ་མ་དེ་ལ་ཚེ་བསྲུང་ཞུ། །ཚེ་མཆོག་བྱ་བའི་ཐབས་ཀྱི་རིམ་པ་ནི། །བཅུད་ལེན་སྨན་གྱིས་ཚེ་རྣམས་བསྲིང་བ་དང་། །ཡི་དམ་སྔགས་ཀྱིས་ཚེ་སོགས་འགུགས་པ་དང་། །བཟའ་བཏུང་ལོངས་སྤྱོད་ཚེ་ཡི་ཆོ་ག་དང་། །ལོངས་སྤྱོད་ཚོགས་ཀྱི་ཚེ་བསྒྲུབ་ཆེན་པོ་དང་། །གསང་བ་དག་པའི་རྫས་ལ་ཚེ་བསྒྲུབ་ཅིང་། །མཁའ་དབྱིངས་དག་པའི་ཡུམ་ལ་ཚེ་བསྒྲུབ་བྱ། །འདི་རྣམས་གང་གིས་ཚེ་སྲོག་ཉམས་པ་འཚོ། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་ཉམས་པར་བྱེད་པའི་རྒྱུ་རྐྱེན་འདི་གསུངས་སོ། །ཕྱི་དང་ནང་དང་གསང་བའི་དམ་ཅན་རྣམས། །ལོ་དང་ཟླ་བར་མཆོད་པའི་དམ་བཅའ་རྣམས། །པྲ་ཏི་ཧ་ན་དུས་ཀྱི་མཆོད་པ་ཆག །ཆོས་སྐྱོང་སྲུང་མམ་ལུས་ཡི་ཆད་ནས། །ཆོ་འཕྲུལ་མི་སྡུག་སྟོན་པས་ཡིད་ཀྱང་དངངས། །དཀོན་མཆོག་སྲི་ཞུ་འཁོར་དང་བཅས་པ་དང་། །ཡོན་ཏན་མགྲོན་གྱི་དཔལ་ལྡན་མགོན་པོ་དང་། །ལན་ཆགས་སྙོགས་པའི་བགེགས་རིགས་སྡེ་བརྒྱད་དང་། །སྙིང་རྗེའི་མགྲོན་གྱུར་རིགས་དྲུག་སེམས་ཅན་ལ། །མཆོད་སྤྱིན་མ་བཏང་བསྲུང་མ་མ་དགྱེས་པས། །རང་སེམས་འཁྲུལ་པས་ལུས་ངག་སེམས་ནད་ལྡང་། །དགེ་འདུན་རྣམ་གཉིས་ལོངས་སྤྱོད་སྲོག་ལ་རྒོལ། །དམ་ཅན་སྲུང་མ་ལྷ་སྲིན་མ་ལུས་རྣམས། །བསྒྲལ་བའི་ཞིང་མིན་དེ་ལ་རྦད་བྱས་པས། །དུས་མིན་འཆི་བར་བྱེད་པའི་བར་ཆད་ཡིན། །ཡི་དམ་རང་གི་སྲོག་ལྟར་ཁུར་བ་དང་། །ལུས་ངག་ཡིད་ཀྱིས་བླ་མ་མཆོད་ཞབས་འདེགས། །སྔགས་དང་ཕྱག་རྒྱབརདུམིགཅོདཅིང། །གསང་བའི་མན་ངག་སྣོད་ངན་མི་སྤེལ་ལ། །སྦྱོར་སྒྲོལ་ལ་སོགས་སྤྱད་པར་བྱ་བ་དང་། །བདུད་རྩི་རྣམ་ལྔ་དང་དུ་ལེན་བྱེད་ཅིང་། །ཉོན་མོངས་ཡེ་ཤེས་ཡེ་ནས་མི་སྤངས་ཏེ། །རིགས་ལྔ་བསྒྲུབ་པར་དམ་བཅས་དེ་རྣམས་དོར། །དེ་དག་ཚེ་སྲོག་ཉམས་པར་བྱེད་པས་ན། །འདི་བཞིན་སྐྱེས་བུས་མ་བྱེད་རྣལ་འབྱོར་ཚོགས། །ཞེས་གསུངས་ས་། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་ཉམས་པར་བྱེད་པའི་རྒྱུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་ཉམས་པའི་རྟགས་འདི་གསུངས་སོ། །གང་ཞིག་བགེགས་ཀྱི་དབང་དུ་གྱུར་པས་ནི། །ཕ་མས་བསྡུས་པའི་སྐྲུན་ཟླ་སྲིང་མོ་དང་། །ལུས་ལས་ཆད་པའི་བུ་དང་བུ་མོ་དང་། །སྲིད་པས་འབྲེལ་བའི་བུད་མེད་གཟུངས་མ་དང་། །དུས་ཀྱིས་བསྡུས་པའི་ཕ་ཚན་མེས་པོ་སོགས། །ལུས་ངག་ཡིད་ཀྱི་ཁྲོ་བར་བྱེད་པ་དང་། །སྔ་ན་ལས་མི་ཤེས་སྔོན་ལས་རྗོད་བྱེད་ཅིང་། །དེ་ལྟའི་སྤྱོད་པ་ཅུང་ཟད་དཀའ་བར་བལྟ། །ཕྱི་མ་གར་སྐྱེ་འབྲས་བུ་མི་ཤེས་པར། །ད་ལྟའི་ལུས་འདི་འདོར་བར་སྡུག་སྐད་འབྱིན། །ལུས་ཀྱི་མདོག་ཉམས་དངས་མ་བྲོས་པ་དང་། །བྱད་ཀྱི་བཞིན་འགྱུར་བཀྲག་མདངས་ཤོར་ནས་ནི། །ངག་གིས་ཚིག་ངན་སྨྲ་ལ་དགའ་བར་བྱེད། །ལུས་ཀྱི་སྤྱོད་ལམ་དྲན་པ་མི་གསལ་ཏེ། །འདུ་བའི་ནད་ཀྱིས་ལུས་ལ་ཟིན་པ་ན། །འཚོ་བྱེད་སྨན་པ་དུས་སུ་མི་ཁུགས་ཤིང་། །བླ་མ་བསོད་ནམས་ཆེ་བ་གཞན་དུ་ཤོར། །ལུས་ཀྱི་སྟོབས་མེད་ཁ་ཟས་ཡིད་མི་འོང་། །ཕོ་བའི་མེ་དྲོད་ཉམས་པས་འཇུ་སྟོབས་ཞན། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་ཉམས་པའི་རྟགས་བསྟན་པའིལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་མཆོག་བྱེད་པའི་སློབ་དཔོན་གྱི་མཚན་ཉིད་བསྟན་པ་འདི་གསུངས་སོ། །ཡི་དམ་གསལ་ཞིང་བསྙེན་པ་ཐེངས་པ་ཡིས། །དྲོད་རྟགས་ཕྲ་མོའི་ནུས་པ་སྟོན་པ་དང་། །དམིགས་མེད་དེ་བཞིན་ཉིད་ལ་བློ་གཏད་པས། །སྟོང་ཉིད་ཕྲ་མོ་རྒྱུད་ལ་ཤར་བ་དང་། །རྒྱུད་དོན་ཐུགས་ལ་གསལ་བར་མཁྱེན་པ་ཡིས། །ཆོ་གའི་ཡན་ལག་ཀུན་ལ་མཁས་པ་དང་། །བུམ་དབང་ལུས་ལ་ཐོབ་པས་བྱིན་དང་ལྡན། །ལུས་ཀྱི་རྩ་རྣམས་བསྐྱེད་རིམ་ལྷ་སྐུར་ཤེས། །གསང་དབང་ངག་ལ་བསྐུར་བས་སྔགས་དང་ལྡན། །བཟླས་པའི་ཐབས་ལ་ཤིན་ཏུ་གུས་པ་དང་། ཁྲེས་རབ་ཡོ་བྱད་ཡིད་ལ་གནས་པ་ཡིས། །ཁམས་ཀྱི་བདུད་རྩི་ལྷན་སྐྱེས་ཡེ་ཤེས་མྱོང་། །བདེ་ཆེན་དབང་གི་སྙིང་པོ་རླུད་ལ་གོམས། །གཟུངས་མའི་མཁའ་ནས་བྱང་སེམས་རང་ལ་སྡུད། །ལུས་ངག་ཡིད་རྣམས་དག་ཕྱིར་དབང་རྣམས་ཐོབ། །དབང་རྫོགས་རྒྱུད་མཁྱེན་ཡན་ལག་ལྡན་པ་ཡིས། །མཐུ་དང་བྱིན་བརླབས་ངང་གིས་ཆེ་བ་ཡིན། །ཉི་མ་གང་དུ་ཤར་བར་མུན་པ་སེལ། །ཡོན་ཏན་དེ་ལྡན་དམ་ཅན་སྲུང་མ་ཉེ། །འདི་ལྡན་བླ་མའི་མཚན་ཉིད་ཡོད་པ་དེ། །ཕྱི་ཡི་བླ་མས་སྒྲོ་འདོགས་ཡོངས་སུ་གཅོད། །ནང་གི་བླ་མས་རང་བྱུང་ཡེ་ཤེས་ཤར། །གསང་བའི་བླ་མས་ལྷན་ཅིག་སྐྱེས་པ་སྟོན། །དེ་ཉིད་བླ་མའི་ཆོས་རྣམས་ཤིན་ཏུ་དག །འདི་ཡིས་ཚེ་རྣམས་ཁུག་པར་ཐེ་ཚོམ་བྲལ། །གང་ཉམས་སྐྱེས་བུས་བརྩོན་འགྲུས་རབ་བསྐྱེད་ནས། །བླ་མ་འདི་ལ་ཚེ་ཆོག་མྱུར་དུ་ཞུས། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་ཆོག་བྱེད་པའི་མཁན་པོ་བླ་མ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཅུད་ལེན་སྨན་གྱིས་ཚེ་བསྲིང་བ་གསུངས་སོ། །གང་ཞིག་བཅུད་ལེན་སྨན་གྱིས་ཚེ་རྣམས་བསྲིང་། །ཤིང་གི་འབྲས་བུ་དག་ལ་བསྟན་པ་དང་། །རྡོ་ཡི་བཅུད་ལ་བསྟེན་ནས་བླང་བྱ་དང་། །རྩི་ཡི་རྩ་བ་རྣམས་སུ་སྦྱར་བ་དང་། ་།་ཡི་རིགས་ཀྱིས་རོ་རྣམས་སྲ་བྱ་ཞིང་། །ས་ཡི་ཞགས་རྣམས་ཟས་སུ་ཟ་བྱེད་ཅིང་། །ཆུ་ཡི་རིགས་རྣམས་སྐོམ་དུ་བཏུང་བར་བྱ། །འབྱུང་བའི་རོ་རྣམས་ལྡན་པ་ཨ་རུ་ར། །ནུས་པའི་བཅུད་ལྡན་སྨན་མཆོག་བ་རུ་ར། །ཚ་བའི་ནད་སེལ་གྲང་འཇོམས་སྒྱུ་རུ་ར། །རྒྱ་མ་ལྔ་བཅུ་ཆུ་ཡི་ནང་དུ་སྤང་། །ཁུ་བ་བཙག་ནས་འབྲི་མར་བཟང་པོ་དང་། །འོ་མ་ཆུ་དང་བཅས་ནས་བསྡུས་པ་ཡི། །སྨན་མར་བསྟེན་པས་སྐྲ་དཀར་གཉེར་མ་མེད་པ་དང་། །ཚེ་རིང་ལུས་ནི་ཤིན་ཏུ་བདེ་བར་བྱེད། །འདུ་བའི་ནད་ཀྱིས་མི་འཇིག་ཚེ་ཡང་བརྟན། །འབྲས་བུ་གསུམ་གྱི་བཅུད་ལེན་མི་རྣམས་སྤྱོད། །ཅོང་ཞི་མེ་ཡིས་བཞུས་པའི་ཕྱེ་མ་དང་། །བྲག་ཞུན་ཆུ་ཡིས་བཞུར་བའི་ཁུ་བ་དང་། །བུ་རམ་སྦྱར་ལ་རྟག་ཏུ་ཟས་སུ་བཟའ། །ནད་རྣམས་འཇོམས་ཤིང་རྒས་ཁ་ཤིན་ཏུ་སྲ། །རམ་ཉེ་ཉེ་ཤིང་ར་ཤག་རྩ་བ་དང་། །ཀ་ཤྭ་ཀན་དྷི་རྩ་བ་གཟེ་མ་དང་། །ལྕ་བའི་རྩ་བ་རྣམས་ནི་ཆ་བསྙམས་ཏེ། །མར་དང་འོ་མ་ཆུར་སྦྱར་ཚོགས་པར་བྱ། །མར་གྱིས་བཅུད་འཕེལ་འོ་མས་སྣ་རིང་ངོ་། །ཆུ་ཡིས་སྣ་མི་ཚིག་སྟེ་ཁོང་ཚོས་སོ། །དཀྲུགས་པས་འཇུ་སླ་མཁས་པས་སྦྱར་བར་བྱ། །རྩ་བ་ལྔ་ཡི་སྨན་མར་ནད་རྣམས་སེལ། །རྒས་སྲ་ལུས་ཀྱི་ཉམས་སྟོབས་བཅུད་མདངས་འཕེལ། །ཚེ་སྲོག་བརྟན་པར་བྱེད་དེ་ཉམས་སུ་བླང་། །ད་བྱིང་རྩངས་པ་སྦལ་པ་མཆིལ་པའི་ཤ །སྦྲུལ་གྱི་ཤ་དང་དབང་པོ་ལག་པ་དང་། །བུ་རམ་སྦྲང་རྩི་ཅོང་ཞི་རབ་སྦྱར་ཟོས། །རྒས་པ་རོ་སྲ་ལུས་ཀྱི་ཟུངས་རྣམས་རྒྱས། །མིག་རྣོ་གཤོན་པའི་ལུས་དང་འདྲ་བར་བྱེད། །ཚེ་ཆོག་ཡིན་ཕྱིར་དང་དུ་བླང་བར་བྱ། །ས་ཡི་ཞག་རྣམས་ཟས་སུ་ཟ་བྱེད་ན། །དང་པོ་ས་བདག་ཀླུ་གཉན་མེད་ས་ནས། །སྤྱིན་ལ་བཟང་ཞིང་སྣུམ་པའི་ས་རིགས་ནས། །གཏོར་མ་བྱིན་ལ་ཡི་དྭགས་སོགས་ལ་བསླང་། །བདག་པོར་སྣང་བ་རྣམས་ལ་ཞུ་བར་བྱ། །ཆང་ངམ་ཆུ་ལ་སྦྱར་ཏེ་བ་་བ་ཡང་། །ཁྲོ་བོ་དཀར་པོ་རལ་གྲི་ཐོད་པ་འཛིན། །བསྒོམ་ནས་བདུད་རྩིར་བྱིན་བརླབ་བཟའ་བར་བྱ། །ལོགནབུལཏོགསཞགབསྲེས་ལ་བཟའ། །ཆང་ཞིམ་ལྟོ་རུ་བཏུང་བར་བྱ་བ་ཡིན། །ས་ཡི་ལྷ་མོ་ཚེ་ཡི་བདག་མོ་ཡི། །བསྒྲུབ་པའི་མན་ངག་ཚེ་ཡི་ཆོ་གར་བསྲུང་། །ཆུ་ཡི་རིགས་རྣམས་སྐོམ་དུ་བ་་བ་ཡིན། །དང་པོ་ནས་གདུས་ཚ་བ་བཏུང་བར་བྱ། །ཁམ་ལོག་བྱུང་ན་བུ་རམ་མུར་བར་བྱ། །དེ་ནས་ཚ་མེད་པ་ཡི་ཆུ་བཟང་ལ། །བསྐོལ་གྲང་བྱས་ཏེ་མང་དུ་འཐུང་བ་ཡིས། །སྲིན་གྱི་རིགས་རྣམས་ཕྱི་རུ་འཐོན་པ་དང་། །ཁམ་ལོག་བྱུང་ན་རུས་ཁུ་བཟང་པོ་གཏང། །འབྱོངས་པར་གྱུར་ནས་རྟག་ཏུ་ཆུ་གྲང་བཏུང་། །འདིས་ནི་ས་བདག་ཀླུ་གཉན་མ་ལུས་པའི། །ཚེ་ཡི་བར་ཆད་སེལ་བར་བྱེད་པ་ཡིན། །ཆུ་གོམས་བཟང་པོ་རྣལ་འབྱོར་པ་ཡིས་བྱ། །དེ་ལ་བཅུད་ལེན་རིགས་ཀྱི་སྔགས་འདི་གསུངས། །ཨོ་ཨུ༷༷མི་དེ་ཝ་ཧི༷༷། སརྦ་པརྩི་ཨ་མྲི་ཏ་ཧཱུཾ༷་ཧི༷༷། ཨུ་ཡུཙྭ་ན་པྲརྨྱེ་གྲྭ་ཧྭ། བདུད་རྩིར་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས། བབ་ལེན་སྨན་གྱིས་ཚེ་བསྲིང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡི་དམ་སྔགས་ཀྱིས་ཚེ་སྲོག་འགུགས་པ་འདི་གསུངས་སོ། །ཚེ་སྲོག་བརྟན་པའི་ཡི་དམ་སྔགས་བསྒྲུབ་འདི། །ཚེ་བསྲིང་ནད་སེལ་རྒྱལ་པོ་ཡིན་པར་གསུངས། །དང་པོ་ཚེ་སྲོག་རྟེན་བྱེད་སྟོང་ཉིད་ལས། །ཚེ་དཔག་མེད་པ་མདོག་དཀར་རང་ཉིད་བསམ། །གཡས་པ་ས་གནོན་གཡོན་པ་མཉམ་བཞག་སྟེང་། །ཚེ་ཡི་བུམ་པ་རབ་ཏུ་བཞག་པ་ལ། །ཡི་གེསྣྲ་ནི་ཚེ་ཡི་རང་བཞིན་ཅན། །འོད་འཕྲོས་བཀུག་ནས་རང་ལ་བསྟིམ་པར་བྱ། །ན་མོ་བྷ་ག་ལྷུ་ཏེ། ཨ་པ་རི་མི་ཏ་ཨུ་ཡུར་ཙྭ་ན་སུ་བི་ནིསྒྲིསྟ་ཏེ་ཛོ་རྭ་ཛུ་ཡ། ཏ་ཐུ་ག་ཏ་ཡ། ཨར་ཧ་ཏི་སམྱཀྲུ༷་བུརྙ་ཡ། ཏབྱ་ཐུ། ཨཱོཾ༷་སརྦ་ས༷་སྐ་ར་པ་རི་ཤུདྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ། སྭ་བྷ་ཝ་བི་ཤུསྟེ་མ་ཧྭ་ན་ཡ་པ་རི་ལྷུ་རེ་གྲྭ་ཧྭ། ཞག་རེ་ལ་ནི་བརྒྱ་རྩ་བཟླས། །ཚེ་སྲོག་བར་ཆད་མེད་པར་འགྱུར། །ཚེ་རིང་ནད་སེལ་ཐུགས་དམ་ནི། །ནངས་པར་ཉི་མ་ཤར་བའི་དུས། ཁྲར་གྱི་ཕྱོགས་སུ་བལྟས་ལ། །ནམ་མཁའ་ཟླ་བའི་དཀྱིལ་འཁོར་ལ། །ཚེ་དཔག་མེད་པ་མདོག་དཀར་ཞིང་། །ཕྱག་གི་བདུད་རྩི་ལྷུང་བཟེད་ནས། །འཆི་མེད་བདུད་རྩི་འགྲོ་སྤྱིན་བཏང་། །གསིལ་བྱེད་ཁ་བཅད་སྐྱིལ་ཀྲུང་བཞུགས། །བདག་གིས་མཆོད་དེ་གསོལ་བ་གདབ། །ཧཱུཾ༷་ཤར་ཕྱོགས་མངོན་པར་དགའ་བ་ན། །ཚེ་དང་ཡེ་ཤེས་བདག་པོ་ཁྱེད། །བདུད་རྩིའི་ལྷུང་བཟེད་ཁ་ཕྱེད་ནས། །གསིལ་བྱེད་འབར་བ་རིན་ཆེན་ནས། །བདེན་པ་བཞི་རྟོགས་ཆུ་བོ་ཕོབ། །བདག་ལ་ཚེ་དབང་བསྐུར་དུ་གསོལ། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །དུས་འདིར་བདག་ལ་བདུད་རྩི་ཕོབ། །ཅེས་པ་སྣ་ཡི་རླུང་གིས་ནི། །བདུད་རྩི་གསིལ་བྱེད་ལས་དྲངས་ནས། །བདག་ལ་འབེབས་པའི་གསང་སྔགས་འདི། །བརྒྱ་དང་རྩ་བརྒྱད་བཟླས་པར་བྱའོ། །ཧཱུཾ༷་སུ་སོ་ས་ར་ཧ་ཀ་རིར་ཤ་རེ་ཧཱུཾ༷་ཕཊ། འདུ་བ་བཞི་ཡི་ནད་རྣམས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གདོན། །ཐམས་ཅད་མ་ལུས་སེལ་བར་བྱེད། །དེ་ཕྱིར་རང་གི་དྲི་ཆུ་ནི། །ཁྱོར་བར་བླུགས་ལ་སྔགས་བཏབ་བཏུང་། །ཨོ༷་ཨ་མ་ར་ཎ་དི་ཝན་ཏི་སྲུ་ཧྭ། ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཡི་དམ་སྔགས་ཀྱིས་ཚེ་བརྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཟའ་བཏུང་ལོངས་སྤྱོད་ཚེའི་ཆོ་ག་འདི་གསུངས་སོ། །ཉིན་གཅིག་པ་དང་གཞན་གྱིས་ཁ་སྐོངས་ལ། །བཟའ་བཏུང་ལོངས་སྤྱོད་ཚེ་ཆོག་ཡིན། །ཉིན་གཅིག་པ་ཡི་ཚེ་ཡི་ཆོ་གའི་གཞུང་། །པདྨ་འདབ་བརྒྱད་དཀྱིལ་འཁོར་བཞེངས་སུ་གསོལ། །ཚེ་བུམ་བྱིན་བརླབས་མཚམས་བཅད་ཅིང་། །ཚེ་སྐྱེམས་བལྟམ་ཞིང་ཚེ་འབྲས་བསྩལ། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །སྒྲོ༷་ལས་བུམ་པ་གཞལ་ཡས་ཁང་། །མ་ལས་ཉི་མའི་དཀྱིལ་འཁོར་དང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ། །ཨ་ཡིག་འཕྲོ་འདུས་སྔ་བརྗོད་ལ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཞལ་གསུམ་ཕྱག་ནི་དྲུགི་པ་སྟེ། །གཡས་དཀར་གཡོན་སྔོ་དབུས་དམར་བ། །པདྨ་རྡོ་རྗེ་རིན་ཆེན་གཡས། །དྲིལ་བུ་འཁོར་ལོ་རལ་གྲི་གཡོན་། །ཐུགས་ཀར་སྙི༷༷དམར་རྟ་མགྲིན་སྐུ། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར། །གཡས་གཡོན་རྡོ་རྗེ་པདྨ་བསྣམས། །མཐའ་གཉིས་མདའ་གཞུ་རྣམ་པར་འཛིན། །དཀར་ལ་དམར་དང་སྔོ་བའི་ཞལ། །ཁམས་གསུམ་དབང་དུ་བསྡུས་པའོ། །༷་བཛྲ་པདྨ་བི་ཤྭ་༷། མ་སྲུབྱ་མཎྜལ་༷། ཨ་ཙནྟྲ་མཎྜལ་ཨ། པ༷་པདྨ་མཎྜལ་པ༷། སྤ་ར་ཎ་ཕཊ། ས༷་ཧ་ར་ཎ་ཧཱུཾ༷། ཏིཛི་བཛྲ། ཨོ་ཨུ༷༷ཧཱུཾ༷། ཡུམ་ཆེན་གོས་དཀར་སྐུ་ལ་འཁྲིལ། །དེ་བཞིན་རྡོ་རྗེ་རིན་ཆེན་དང་། །ལས་མཆོག་ཡུམ་ཆེན་པདྨ་ལ། །ཕོ་ཉ་བཞི་དང་སྒོ་མ་བཞི། །ཞིང་ཁམས་སྒོ་ལ་བསྒོམ་པར་བྱ། །ཚེ་བསྐྱེད་པ་ལ་རྣམ་པ་གཉིས། །ཞི་བ་ཡེ་ཤེས་ཚེ་དང་ནི། །རོལ་པ་ཁྲོ་བོའི་ཚེ་བསྐྱེད་དོ། །ཚེ་འགུགས་པ་ལ་རྣམ་པ་གཉིས། །འབྱུང་བ་ཆེན་པོ་ལྔ་ཡི་ཚེ། །འབྲས་བུ་བྱང་ཆུབ་སེམས་ཀྱི་ཚེ། །བསྟིམ་པ་ལུས་ཀྱི་གནས་ལྔ་མྲ །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་ཡིས་ཚེ་བསྟིམ་མོ། །ཧཱུཾ༷་ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ན། །བཅོམ་ལྡན་མགོན་པོ་གསུང་མཆོག་ཚེ་དཔག་མེད། །ཐུགས་ཀྱི་ཟླ་གམ་ཤེལ་གྱི་གའུ་ནས། །བྱང་ཆུབ་སེམས་ཀྱི་ཚེ་མཆོག་ཨུ་ཡུ་དམར་པོ་ནི། །རྩེ་གཅིག་བདག་གིས་བསྒྲུབ་པའི་ཚེ་ལགས་ན། །བྱིན་གྱིས་བརློབས་ཤིང་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོ་བྷ༷་བྱུརྙ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཧཱུཾ༷་ཟློ༷་བཛྲ་ཨུ་ཡུ་ཁེ་ཧཱུཾ༷་ཨ། གྲྭ་ཟློ༷་རཏྣ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཨུ༷་རྒྱུ༷་པདྨ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཧྭ་སྒྱུ༷་ཀརྨ་ཨུ་ཡུ་ཁེ་ཧཱུཾ༷་ཨུ། ཧཱུཾ༷་པདྨ་གེ་སར་སྟོང་ལྡན་པའི། །དབུས་ཀྱི་རྭ་ག་དམར་པོ་འོད་ཀྱི་དཀྱིལ་འཁོར་ནས། ་།བཅོམ་ལྡན་སྐུ་མཆོག་མགོན་པོ་རྣམ་སྣང་མཛད། །སྒྲུགས་ཀའི་དཔལ་བེའུ་ཟླ་གིསང་གའུ་ནས། །ཨོ་དཀརེ་གསལ་བའི་འཕྲོ་འདུ་ལས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །གཏི་མུག་ཆེན་པོའི་དུག་བཅོམ་སྟེ། །གུ་རྒྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེའི་ཚེ་རུ་རབ་ཏུ་བསྒོམ། །ཧཱུཾ༷་སྒྱུ༷་བུརྙ་ཨུ་ཡུ་ཁེ་ཧཱུཾ༷་ཨུ༷༷། ཧཱུཾ༷་པདྨ་གེ་སར་སྟོང་ལྡན་པའི། །ཤར་ཕྱོགས་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས། །བཅོམ་ལྡན་ཐུགས་མཆོག་མགོན་པོ་རྡོ་རྗེ་སེམས་། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས །ཧཱུཾ༷་སྔོན་གོསལ་བའི་འཕྲོ་འདུ་ལས། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །ཞེ་སྡང་ཆེན་པོའི་དུག་བཅོམ་སྟེ། །གུ་རྒྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེའི་ཚེ་རུ་རབ་ཏུ་བསྒོམ། །ཧཱུཾ༷་ཟློ༷་བཛྲ་ཨུ་ཡུ་ཁེ་ཧཱུཾ༷་ཨུ༔། །ཧཱུཾ༷་པདྨ་གེ་སར་སྟོང་ལྡན་པའི། །ལྷོ་ཕྱོགས་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས། །བཅོམ་ལྡན་ཡོན་ཏན་མགོན་པོ་རིན་ཆེན་འབྱུང་། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །གྲྭ་སེརེ་གསལ་བའི་འཕྲོ་འདུལ་ལས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །ང་རྒྱལ་ཆེན་པོ་དུག་བཅོམ་སྟེ། །གུ་རྒྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེའི་ཚེ་རུ་རབ་ཏུ་བསྒོམ། །གྲྭ་ཟློ༷་རཏྣ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཧཱུཾ༷་པདྨ་གེ་སར་སྟོང་ལྡན་པའི། །ནུབ་ཕྱོགས་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས། །བཅོམ་ལྡན་གསུང་མཆོག་མགོན་པོ་ཚེ་དཔག་མེད། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །ཨུ༷་དམརེ་གསལ་བའི་འཕྲོ་འདུ་ལས། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འདོད་ཆགས་ཆེན་པོའི་དུག་བཅོམ་སྟེ། །གུ་རྒྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེའི་ཚེ་རུ་རབ་ཏུ་བསྒོམ། །ཨུ༷་྅༷་པདྨ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཧཱུཾ༷་པདྨ་གེ་སར་སྟོང་ལྡན་པའི། །བྱང་ཕྱོགས་ཡེ་ཤེས་ཆེར་པོའི་དཀྱིལ་འཁོར་ནས། །བཅོམ་ལྡན་ཕྲིན་ལས་མགོན་པོ་དོན་ཡོད་གྲུབ། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །ཧྭ་ལྗང་གིསལ་བའི་འཕྲོ་འདུ་ལས། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །ཕྲག་དོག་ཆེན་པོའི་དུག་བཅོམ་སྟེ། །གུ་རྒྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེའི་ཚེ་རུ་རབ་ཏུ་བསྒོམ། །ཧྭ་རྒྱུ༷་ཀརྨ་ཨུ་ཡུ་ཁེ་ཧཱུཾ༷་ཨུ། ཧཱུཾ༷་འབྱུང་བ་ཤ་ཡི་ཁམས་ནས་ཚེ་ཉམས་ན། །ས་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་སངས་རྒྱས་སྤྱན། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་ས་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། ཁྲ་ཡི་ཁམས་སུ་བསྟིམ་པར་བྱ། །ལྭ༷་སྡུ༷་བཛྲ་ཨུ་ཡུ་ཁེ་ཧཱུཾ༷་ཨུ། ཧཱུཾ༷་འབྱུང་བ་ཁྲག་གི་ཁམས་ནས་ཚེ་ཉམས་ན། །ཆུ་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མྱ་མ་ཀི། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་ཆུ་ཡི་ཁམས་རྣ༄མས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །ཁྲག་གི་ཁམས་སུ་བསྟིམ་པར་བྱ། །མུ༷་༷་རཏྣ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཧཱུཾ༷་འབྱུང་བ་དྲོད་ཀྱི་ཁམས་ནས་ཚེ་ཉམས་ན། །མེ་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ན་བཟའ་དཀར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་མེ་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །དྲོད་ཀྱི་ཁམས་སུ་བསྟིམས་པར་བྱ། །བཱ༷་རྒྱུ༷་པདྨ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཧཱུཾ༷་འབྱུང་བ་དབུགས་ཀྱི་ཁམས་ནས་ཚེ་ཉམས་ན། །རླུད་གི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་དམ་ཚིག་སྒྲོལ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འིསྦྱུང་བ་རླུད་གི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་ཁྱིན་བརླབས་ནས། །དབུགས་ཀྱི་ཁམས་སུ་བསྟིམ་པར་བྱ། །ཧཱུཾ་སྒྱུ༷་ཀརྨ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཧཱུཾ༷་རྣམས་ཤེས་ཡིད་ཀྱི་ཁམས་ནས་ཚེ་ཉམས་ན། །ནམ་མཁའི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ཀུན་ཏུ་བཟང་། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུཛེ་བ་ནམ་མཁའི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ཏེ། །སེམས་ཀྱི་ཁམས་སུ་བསྟིམ་པར་བྱ། །མྱུ༷་་༷་སྟུདྨ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཧཱུཾ༷་ཤར་ཕྱོགས་དཀར་མོ་ཤེལ་གྱི་ཞིང་ཁམས་ནས། །དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཕྱག་ན་ཚེ་ཡི་གཡབ་དར་དཀར་པོ་བསྣམས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛདཤུ་མ།་།དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག ཁྲར་ཕྱོགས་དྲི་ཟའི་ལག་ནས་ཚེ་དྲོངས་ལ། །རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །བཛྲ་ཨུ་ཡུ་ཁེ་ཨ༷་ཀུ་ཤ་ཛ།ཧཱུཾ༷་ལྷོ་ཕྱོགས་བི་ཌབྱ་ཡི་ཞིང་ཁམས་ནས། །སྔོན་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཕྱག་ན་ཚེ་ཡི་གཡབ་དར་སྔོན་པོ་བསྣམས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་དྲོངས་ལ། །རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །རཏྣ་ཨུ་ཡུ་ཁེ་བཱ་ཤ་ཧཱུཾ༷། ཧཱུཾ༷་ནུབ་ཕྱོགས་པདྨ་རྭ་གའི་ཞིང་ཁམས་ནས། །དམར་མོ་མགྱོགས་མ་དབང་བྱེད་འོད་འཕྲོའི་ཚོགས། །ཕྱག་ན་ཚེ་ཡི་གཡབ་དར་དམར་པོ་བསྣམས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག །ནུབ་ཕྱོགས་ཀླུ་དབང་ལག་ནས་ཚེ་དྲོངས་ལ། །པདྨའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །པདྨ་ཨུ་ཡུ་ཁེ་སྤྲོ་ཊ་བ༷། ཧཱུཾ༷་བྱང་ཕྱོགས་ཨིནྟྲ་ནི་ལའི་ཞིང་ཁམས་ནས། །ལྗང་གུ་མགྱོགས་མ་དྲག་བྱེད་འོད་འཕྲ་འི་ཚོགས། །ཕྱག་ན་ཚེ་ཡི་གཡབ་དར་ལྗང་གུ་བསྣམས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་དྲོངས་ལ། །ལས་ཀྱི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཀརྨ་ཨུ་ཡུ་ཁེ་བྷཎྜ་ཧོ༷༷། ཧཱུཾ༷་ཁམས་གསུམ་གནས་ན་ཚེ་འགུགས་མ། །རྡོ་རྗེ་ལྷ་མོ་ལྕགས་ཀྱུ་མ། །ག་པུར་ཤེལ་གྱི་མདོག་འདྲ་བ། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །ཡང་སྤྲུལ་ལྷ་མོ་མང་པོ་ཡིས། །དྲོངས་ཤིག་རྡོ་རྗེའི་ཚེ་དྲོངས་ཤིག །ཁཎྜ་རོ་ཧི་ཛ་ཛ༷༷། ཧཱུཾ༷་སྲིད་གསུམ་གནས་ནས་ཚེ་འགུགས་མ། །རིན་ཆེན་ལྷ་མོ་ཞགས་པ་མ། །བིཌརུ་ཡི་མདོག་འདྲ་མ། །ཕྱག་ན་རིན་ཆེན་བུམ་པ་བསྣམས། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །ཡང་སྤྲུལ་ལྷ་མོ་མང་པོ་ཡིས། །དྲོངས་ཤིག་རིན་ཆེན་ཚེ་དྲོངས་ཤིག །དུ་སི་ནི་ཧཱུཾ༷་ཧཱུཾ༷། ཧཱུཾ༷་སྟོང་གསུམ་གནས་ནས་ཚེ་འགུགས་མ། །པདྨའི་ལྷ་མོ་ལྕགས་སྒྲོག་མ། །པདྨ་རྭ་གའི་མདོག་འདྲ་མ། ཕྱག་ན་པདྨའི་བུམ་པ་བསྣམས། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །ཡང་སྤྲུལ་ལྷ་མོ་མང་པོ་ཡིས། །དྲོངས་ཤིག་པདྨའི་ཚེ་དྲོངས་ཤིག །དྷསྐི་ནི་བ༷་བ༷། ཧཱུཾ༷་འཇིག་རྟེན་གསུམ་ན་ཚེ་འགུགགས་མ། །ལས་ཀྱི་ལྷ་མོ་དྲིལ་བུ་མ། །ཨིནྟྲ་ནི་ལའི་མདོག་འདྲ་མ། །ཕྱག་ན་ཟླ་བའི་དྲིལ་བུ་བསྣམས། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །ཡང་སྦྲུལ་ལྷ་མོ་མང་པོ་ཡིས། །དྲོངས་ཤིག་ལས་ཀྱི་ཚེ་དྲོངས་ཤིག །ས་མ་ཡ་ཧོ་ཧོ༷༷། ཨོ་བཛྲ་ཨ༷་ཀུ་ཤ་ཛ༷༷། བཛྲ་བཱ་ཤ་ཧཱུཾ༷། བཛྲ་སྤྲོ་ཊ་བ༷། བཛྲ་བྷཎྜ་ཧོ༷༷། ཧཱུཾ༷་ཆོས་ལས་མངའ་མཛད་པདྨའི་རྒྱལ། །གཅིག་ནས་དབང་བསྐུར་བཅོམ་ལྡན་འདས། །ཕུང་པོ་ལྔ་ཡི་ཚེ་ཉམས་ན། །ཕྱག་རྒྱ་ཆེན་པོ་ཡབ་ཀྱི་ཁུག །འབྱུང་བ་ལྔ་ཡི་ཚེ་ཉམས་ན། ཁྲེས་རབ་ལྷ་མོ་ཡུམ་གྱི་ཁུག །ཁམས་དངསྐྱེམཆེདཚེཉམསན། །བྱང་ཆུབ་སེམས་དཔའི་འཁོར་གྱིས་ཁུག །ཧཱུཾ༷་རྡོརྗེཁྱུངགིགཤོགརླབསལ། །རྒྱ་མཚོ་ཆེན་པོའི་གཏིང་ནས་དཀྲུགས། །གནམ་ལྕགས་ཐོག་གི་ཆར་ཕོབ་ལ། །སྲིད་པའི་རི་བོ་རྨང་ནས་ཤིག །རྡོ་རྗེ་མཚོན་ཆའི་ཆར་ཕོབ་ལ། །བར་ཆོད་འབྱུང་པོ་རྡུལ་དུ་རློག །ཛ༷༷ཧཱུཾ༷་བ༷་ཧོ༷༷། ཏིསྐོ་མུཀྟ་བཛྲ་ཨུ་ཡུ་ཁེ་ཨུ། དེ་ནས་ཚེ་བུམ་ལག་ཏུ་གཏད། །ཧཱུཾ༷་ནམ་མཁའི་ཁམས་ནས་མ་གཅིག་ཚེ་འཛིན་མ། །དེ་བཞིན་རིགས་ཀྱི་ཡུམ་སྟེ་ཚེ་འཛིན་མ། །སྐུ་མདོག་བཙོ་མ་གསེར་གྱི་མདོག་འདྲ་མ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །ཡོན་བདག་ཚེ་དང་བདུད་རྩིས་བལྟམས་ནས་ཀྱང་། །འཁོར་ལོ་རྩིབས་བརྒྱད་འབར་བའི་རྒྱས་འདེབས་ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་གཉིས་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །དྷ་ཏི་ཤཱ་རྡི་ཚེ་རྒྱུ༷། ཧཱུཾ༷་ཤར་གྱི་ཕྱོགས་ནས་མ་གཅིག་ཚེ་འཛིན་མ། །རྡོ་རྗེ་རིགས་ཀྱི་ཡུམ་སྟེ་སངས་རྒྱས་སྤྱན། །སྐུ་མདོག་ག་པུར་ཤེལ་གྱི་མདོག་འདྲ་མ། །ཕྱག་ན་རིན་ཆེན་ཤེལ་དཀར་བུམ་པ་བསྣམས། །ཡོན་བདག་ཚེ་དང་རྦེདུད་རྩིས་བལྟམས་ནས་ཀྱང་། །རྡོ་རྗེ་རྩེ་ལྔ་འབར་བའི་རྒྱས་འདེབས་ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་གཉིས་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །དྲི་ཥར་ཏི་ཚེ་སྒྱུ༷། ཧཱུཾ༷་ལྷོ་ཡི་ཕྱོགས་ནས་མ་གཅིག་ཚེ་འཛིན་མ། །རིན་ཆེན་རིགས་ཀྱི་ཡུམ་སྟེ་མུ་མ་ཀི། །སྐུ་མདོག་བིཌབྱ་ཡི་མདོག་འདྲ་མ། །ཕྱག་ན་བིཌརུ་ཡི་བུམ་པ་བསྣམས། །ཡོན་བདག་ཚེ་དང་བདུད་རྩི་བལྟམས་ནས་ཀྱཛི་། །རིན་ཆེན་ཟུར་བརྒྱད་འབར་བའི་རྒྱས་འདེབས་ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་གཉིས་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །མོ་ཧ་ར་ཏི་ཚེ་སྟུ༷། ཧཱུཾ༷་ནུབ་ཀྱི་ཕྱོགས་ནས་མ་གཅིག་ཚེ་འཛིན་མ། །པདྨ་རིགས་ཀྱི་ཡུམ་སྟེ་ན་བཟའ་དཀར། །སྐུ་མདོག་པདྨ་རྭ་གའི་མདོག་འདྲ་མ། །ཕྱག་ན་པདྨ་རྭ་གའི་བུམ་པ་བསྣམས། །ཡོན་བདག་ཚེ་དང་བདུད་རྩིས་བལྟམས༄་ནས་ཀྱང་། །པདྨ་འདབ་བརྒྱད་འབར་བའི་རྒྱས་འདེབས་ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་འདི་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །རྭ་ག་ར་ཏི་ཚེ་སྒྲོ། ཧཱུཾ༷་བྱང་གི་ཕྱོགས་ནས་མ་གཅིག་ཚེ་འཛིན་མ། །ལས་ཀྱི་རིགས་ཀྱི་ཡུམ་སྟེ་དམ་ཚིག་སྒྲོལ། །སྐུ་མདོག་ཨིནྟྲ་ནི་ལའི་མདོག་འདྲ་མ། །ཕྱག་ན་ཨིནྟྲ་ནི་ལའི་བུམ་པ་བསྣམས། །ཡོན་བདག་ཚེ་དང་བདུད་རྩིས་བལྟམསི་ནས་ཀྱང་། །རྡོ་རྗེ་རྒྱ་གྲམ་འབར་བའི་རྒྱས་འདེབས་ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་འདི་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །ཏྭ༷་བཛྲ་རྭ་ཏི་ཚེ་སྒྱུ༷། ཧཱུཾ་སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་བཞུགས། །ཀུན་བཟང་མོ་དང་གཉིས་མེད་པའི། །དེ་ཡི་མཐུ་དང་བྱིན་རླབས་ཀྱིས། །ཚེ་འདི་རབ་ཏུ་བརྟན་གྱུར་ཅིག །དབང་ཡང་རབ་་ཏུ་ཐོབ་གྱུར་ཅིག །སྲོག་ཀྱང་རབ་ཏུ་བརྟན་འགྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་གྱུར་ཅིག །ཨུ༷་པདྨ་ཨ་སྟི་ཁེ྅་ཨུ༷། ཧཱུཾ༷་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །དེ་ཡི་མཐུ་དང་བྱིན་རླབས་ཀྱིས། །ཚེ་འདི་རབ་ཏུ་བརྟན་གྱུར་ཅིག །དབང་ཡང་རབ་ཏུ་ཐོབ་གྱུར་ཅིག །སྲོག་ཀྱང་རབ་ཏུ་བརྟན་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་གྱུར་ཅིག །ཧཱུཾ༷་བཛྲ་ཨ་སྟི་ཁི྅་ཧཱུཾ༷། ཧཱུཾ༷་ལྟེ་བ་རིན་ཆེན་ཟུར་བརྒྱད་ལ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་བཞུགས། །བཱ་མ་ཀི་དང་གཉིས་སུ་མེད། །དེ་ཡི་མཐུ་དང་བྱིན་རླབས་ཀྱིས། །ཚེ་འདི་རབ་ཏུ་བརྟན་གྱུར་ཅིག །དབང་ཡང་རབ་ཏུ་ཐོབ་གྱུར་ཅིག །སྲོག་ཀྱང་རབ་ཏུ་བརྟན་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་གྱུར་ཅིག །གྲྭ་རཏྣ་ཨ་སྟི་ཁི྅་ཏྭ༷། གསང་བ་རྡོ་རྗེ་རལ་གྲི་ལ། །བཅོམ་ལྡན་དོན་ཡོད་གྲུབ་པ་བཞུགས། །དམ་ཚིག་སྒྲོལ་དང་གཉིས་སུ་མེད། །དེ་ཡི་མཐུ་དང་བྱིན་རླབས་ཀྱིས། །ཚེ་འདི་རབ་ཏུ་བརྟན་གྱུར་ཅིག །དབང་ཡང་རབ་ཏུ་ཐོབ་གྱུར་ཅིག །སྲོག་ཀྱང་རབ་ཏུ་བརྟན་འགྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་གྱུར་ཅིག །ཧྭ་ཀརྨ་ཨ་སྟི་ཁི྅་ཨུ། ཧཱུཾ༷་བསྐྱེད་པས་མི་ནུབ་རྒྱལ་མཚན་ཏེ། །བཅིངས་པས་འབྲལ་མེད་ལུ་གུ་རྒྱུད། །བརྟན་པས་མི་གཡོ་རི་རབ་ལྷུན་པོ་སྟེ། །སྤྲོས་པ་མེད་པས་ཁམས་གསུམ་བཀྲག་དང་ལྡན། །སྐལ་ལྡན་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །མི་ནུབ་རྒྱལ་མཚན་ཚེ་ནི་སྤྱི་བོའི་གཙུག་ཏུ་བསྟིམ། །ལྗགས་སྟེང་པདྨའི་ཚེ་ནི་ཞལ་གྱི་ནང་དུ་བསྟིམ། །སྐྱེ་༄༅། ཁེ་མེད་པའི་ཚེ་ནི་ཐུགས་ཀྱི་དཀྱིལ་དུ་བསྟིམ། །འཆི་མེད་རྡོ་རྗེའི་ཚེ་ནི་ཁོག་པའི་དབུགས་ལ་བསྟིམ། །འདུ་འབྲལ་མེད་པའི་ཚེ་ནི་ལྟེ་བའི་དཀྱིལ་དུ་བསྟིམ། །མི་འགྱུར་གཡུང་དྲུང་ཚེ་ནི་དཔྲལ་བའི་དབྱིངས་སུ་བསྟིམ། །མི་ལྡོག་རྡོ་རྗེ་ཚེ་ནི་རྐང་པའི་མཐིལ་དུ་བསྟིམ། །ཚེ་འདི་ས་ལ་ཉམས་ན་ཟན་ལ་བསྟིམ། །ཆུ་ལ་ཉམས་ན་ཆང་ལ་བསྟིམ། །རྡོ་ལ་ཉམས་ན་སྣོད་ལ་བསྟིམ། །མེ་ལ་ཉམས་ན་དྲོད་ལ་བསྟིམ། ་རྐོངལ་ཉམས་ན་མདའ་ལ་བསྟིམ། །རུས་ལ་ཉམས་ན་མདེའུ་ལ་བསྟིམ། །རླུད་ལ་ཉམས་ན་སྒྲོ་ལ་བསྟིམ། །མདངས་ལ་ཉམས་ན་དར་ལ་བསྟིམ། །སྒྱུག་མ་སྐུ་ཡི་ཕྱག་རྒྱ་ངང་སྲིང་ལ། །མདའ་ལྟོང་གསུང་གི་ཕྱག་རྒྱར་དཔང་སྟོད་ཅིག །མདེའུ་ཚེ་ཐུགས་ཀྱི་ཕྱག་རྒྱར་ངར་ཐོབ་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོ་རུ་རུ་སྤུ་རུ་ཛ་ལ་ཏིརྫི་སིརྙ་ལོ་ཙ་ནཱ་སརྦ་ཨཐོ་སྭ་དྷ་ན་བཛྲ་ཨུ་ཡུ་ཁེ་ཧཱུཾ༷་ཨུ། །ཧཱུཾ༷་གཅིག་པ་རྩེ་གཅིག་ཐུགས་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་གར་མཁན་མཆོག་གི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་རྟ་མཆོག་དབང་གི་རྒྱ། །བདུན་པ་ཆོས་ཀྱི་དབྱིངས་ཀྱི་རྒྱ། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང། །དེ་ལ་གཟུང་ཞིང་བརྟག་ཏུ་མེད། །དེ་ལ་གསད་ཅིང་གཟུང་དུ་མེད། །དེ་ལ་དབྲི་ཞིང་བསྐོལ་དུ་མེད། །གཟུགས་མེད་ལྷ་མོ་བཞི་ཡི་རྒྱས་འདེབས་སོ། །འདི་ལ་ཚེ་ཡི་དཔལ་བསྐྱེད་དོ། །འདི་ལ་སྲོག་གི་མདངས་གསོལ་ལོ། །ཚེ་དབང་གསོལ་ཅིག་སྲོག་ཀྱང་ཐོབ། །དབང་ཆེན་སྐུར་ལ་བྱིན་ཕོབ་ཅིག །ཨུ་ཡུརྟོ་ན་སྡུ༷་ཐུ༷། དེ་ནས་སྨོན་ལམ་གདབ་པ་ནི། །ན་མོ། དུས་གསུམ་རྒྱལ་བ་ཀུན་གྱི་དབང་བསྐུར་བའི། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བུམ་པ་འདི། །རིན་ཆེན་གཞལ་ཡས་ཁང་ལ་ཧཱུཾརྦེ་པར་ཤོག །རྒྱལ་བ་ཡབ་ཡུམ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡི། །ཡེ་ཤེས་ལྔ་ཡི་བྱིན་བརླབས་ཚེ་བུམ་འདི། །སྐྱེ་མེད་སྐུ་གསུང་ཐུགས་སུ་གྲུབ་པར་ཤོག །བཀྲ་ཤིས་ལྷ་མོ་རྣམས་ཀྱིས་བྱིན་བརླབས་པས། །བཀྲ་ཤིས་རྫས་བརྒྱད་དངོས་སུ་ཚང་བར་ཤོག །ཐུགས་ཀྱི་དཔལ་བེའུ་ལྟ་བུར་བྱིན་བརླབས་པས། །སྐྱེ་མེད་ཡེ་ཤེས་ལྟ་བུར་གྲུབ་པར་ཤོག །ཕྱག་མཚན་རྡོ་རྗེ་ལྟ་བུར་བྱིན་བརླབས་པས། །འཆི་མེད་རྡོ་རྗེ་ལྟ་བུར་གྲུབ་པར་ཤོག །བླ་མེད་སྐུ་གསུང་ཐུགས་སུ་བྱིན་བརླབས་པས། །མི་འགྱུར་གཡུང་དྲུང་ལྟ་བུར་ཐོབ་པར་ཤོག །སྐྱེ་མེད་བྱང་ཆུབ་སེམས་སུ་བྱིན་བརླབས་པས། །མི་ནུབ་རྒྱལ་མཚན་ལྟ་བུར་འགྲུབ་པར་ཤོག །ཚེ་བུམ་གཞལ་ཡས་ཁང་དུ་བྱིན་བརླབས་པས། །བདེ་ཆེན་གཞལ་ཡས་ཁང་དུ་གྲུབ་པར་ཤོག །ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་བྱིན་བརླབས་པས། །ཡེ་ཤེས་ལྷ་ཚོགས་ཕྱག་རྒྱར་གསལ་བར་ཤོག །ཚེ་འབྲས་རྡོ་རྗེའི་སྙིང་པོར་བྱིན་བརླབས་པས། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །དགེ་བའི་བཤེས་གཉེན་རྣམས་ཀྱིས་བྱིན་བརླབས་པས། །ཡེ་ཤེས་ལྷ་རྣམས་མཐུ་དང་ལྡན་པར་ཤོག །ཁམས་གསུམ་འགྲོ་བའི་ཕྲིན་ལས་རྫོགས་མཛད་པའི། །འབྲས་བུ་སྐུ་གསུང་ཐུགས་སུ་གྲུབ་པར་ཤོག །འབྱུང་བ་ཡེ་ཤེས་ལྔ་རུ་བྱིན་བརླབས་པས། །འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཚེ་བུམ་གང་ཞིག་རྒྱས་པ་བཞིན། །བདག་ཅག་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་དབང་ཐང་དང་། །ལོངས་སྤྱོད་རྒྱས་ཤིང་གང་གྱུར་ཅིག །ཚེ་བུམ་དབང་བསྐུར་བྱིན་བརླབས་པས། །བདག་ཅག་རྒྱུ་འབྱོར་ལུས་ངག་ཡིད། །བདེ་གཤེགས་སྐུ་གསུང་ཐུགས་སུ་གྲུབ་པར་ཤོག །འབྲས་བུ་གཉེན་དང་བྲན་འཁོར་རྣམས། །ཕོ་མོ་ཚེ་རིང་ནད་མེད་ཤོག །བུམ་པ་འདི་ཡི་ལོངས་སྤྱོད་རྣམས། །སྤྱད་ནས་ཟད་ཅིང་སྟོངས་པ་བཞིན། །རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི། །ཚེ་དང་བསོད་ནམས་དབང་ཐང་ལ། །གནོད་བྱེད་བར་དུ་གཅོད་པ་ཡི། །བགེགས་དང་ལོག་འདྲེན་ཟད་སྟོངས་ཤོག །ཨོ་ཨུ་ཡུསྐོ་ན་བིརྗུ་སྒྱུ༷་རུ་རུ་སྤུ་རུ་ཛ་ལ་ཏིཛི་སིརྙི་ལོ་ཙ་ནཱ། སརྦ་ཨཐེ་སྭ་དྷ་ནི་ཚེ་རྒྱུ༷་གཡུ་རྒྱུ༷་གཡུ་ཚེ་རྒྱུ༷། བཛྲ་ཨུ་ཡུ་ཁེ་ཧཱུཾ༷་ཨ། ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེའི་ཆོ་ག་ཉིན་གཅིག་པའི་བྱ་ཐབས་ཀྱི་ལེའུ་སྟོ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིཛི། ཁ་སྐོང་ཚེའི་ཆོ་་ག་འདི་གསུངས་སོ། །སྣོད་བཟང་ནང་དུ་ཚེ་འབྲས་པའི་ཚེ། །རྒྱ་མཚོའི་གཏིང་ན་གནས་པའི་ཚེ། །དམྱལ་བའི་ཀླད་རྒྱས་སྦས་པའི་ཚེ། །གླིང་བཞི་མི་ཡི་ཚེ་རྣམས་ཀུན། །ཨ་དྲི་སུ་ཏྲི་པྲེ་དུས་ཚེ་ཕྲོགས་ནས། །མུག་ཏ་ཧོ་ཡིས་དྲལ་བྱས་ནས། །ཙྭ་ན་ཙཀྲས་ཁ་ཕྱེས་ནས། །ཨུ་ཀཁོ་ཡ་བཟླས་བརྗོད་པས། །ལྕགས་ཀྱུ་མ་ཡིས་དྲངས་ནས་ནི། །ཨ་བི་ཤ་ས༷་ཧ་ར་ཎ་ཧཱུཾ༷། ཞེས་བརྗོད་ཅིང་གཙོ་བོ་བྱང་ཆུབ་སེམས། །བཛྲ་སྤོཊ་བ༷་གྱིས་བཅིངས། །ཨོ་བྷ་ག་ལྷུ་ཏི་རུ་རུ་སྒྲུ་རུ་ཛ་ལ་ཏིཛི་སིརྙི་ལོ་ཙ་ནཱ། སརྦ་་ཁུ་སྭ་དྷ་ན་གྲྭ་ཧྭ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །མཁའ་དང་མཉམ་པའི་ཚེ་གསོལ་ཅིག །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་ཕྱིར་བསལ་ཏེ། །རྡོ་རྗེ་གསུང་བ་གསང་བའི་ཚེ། །རྫོགས་པའི་གསུང་ལ་ཕྱག་འཚལ་ལོ། །མཁའ་དང་མཉམ་པའི་ཚེ་གསོལ་ཅིག །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་ཕྱིར་བསལ་ཏེ། །རྡོ་རྗེ་ཐུགས་ཏེ་ཐུགས་འཆང་བ། །རྫོགས་པའི་ཐུགས་ལ་ཕྱག་འཚལ་ལོ། །མཁའ་དང་མཉམ་པའི་ཚེ་གསོལ་ཅིག །ཨོ་ཨུ་ཡུཇོ་ན་ཚེ་སྒྱུ༷། རྡོ་རྗེ་ཆོས་ནི་གཙོར་གཟུང་བའི། །སྙི༷༷ལས་འོད་འཕྲོས་འོག་མིན་གནས། །ཡུམ་ནི་ཨ་ར་མྱ་མ་ཀི། །མགོན་པོ་དམར་སེར་ཞལ་གཅིག་པ། །ཕྱག་བཞི་གཡས་ཀྱི་དང་པོ་ན། །ཨ་སྙོ་མན་དྷ་རི་བསྣམས་ཏེ། །གཡོན་པའི་ཕྱག་ནི་སྐྱབས་སྤྱིན་ཏེ། །མཐའ་གྱི་བྷ་གར་ཐིམ། །གྱེན་དུ་དྲངས་ལ་བདག་ལུས་རྒྱས། །ཨོ་པྲརྨྱེ་པྲརྨྱེ། མ་ཧྭ་པྲརྨྱེ། ཨུ་ཡུ༷་ཁྱེ། ཨ་པ་ར་མི་ཏ་ཨུ་ཡུརྟོ་ན་སསྟ་རོ་པ་ཙི་ཏེ་སྭ་ཧྭ། །ཨོ་སྒྱུ༷། ཧཱུཾ༷་སྒྱུ༷། ཏྲ༷་རྒྱུ༷། སྙི་རྒྱུ༷། ཧྭ་སྒྱུ༷། བཛྲ་ཨུ་ཡུ་ཁེ་ཧཱུཾ༷་ཨུ།ཧཱུཾ༷་རི་རབ་རྩེ་ནས་མཐུ་བསྟན་ཞིང་། །ལྷ་ཀླུ་གནོད་སྤྱིན་རྡུལ་ཕབ་སྟེ། །འབྱུང་བ་རྣམས་ལ་མངའ་མཛད་མ། །སྒེག་མོ་དེ་ནི་ཡིད་འཕྲོག་མ། །ཐང་གཅིག་ཡུད་ཙིམ་དགོངས་རྦེ་ནི། ༄།པདྨའི་་གདན་ལ་གཞལ་ཡས་ཁང་། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །དགའ་བའི་མདངས་ཀྱིས་གཤེགས་སུ་གསོལ། །ཉི་འོད་དཀར་པོའི་གཞལ་ཡས་ནས། །མཐིང་ག་སྤྱན་ཕྲག་རིགས་ཀྱི་ཡུམ། །རྡོ་རྗེ་ཆེན་མོ་ཡིད་འཕྲོག་མ། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །རྡོ་རྗེ་འཁོར་དང་གཤེགས་སུ་གསོལ། །བིཌར་སྔོན་པོའི་ཞིང་ཁམས་ནས། །མཐིང་ག་སྦྱན་ཕྲག་རིགས་ཀྱི་ཡུམ། །རིན་ཆེན་གཙོ་མོ་ཡིད་འཕྲོག་མ། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །རིན་ཆེན་འཁོར་བཅས་གཤེགས་སུ་གསོལ། །པདྨ་དམར་པོའི་དཀྱིལ་འཁོར་ནས། །དམར་མོ་སྤྱན་ཕྲག་རིགས་ཀྱི་ཡུམ། །ཐང་གཅིག་ཡུད་ཙམ་མངགས་ནས་ཀྱང་། །པདྨའི་གདན་ལ་གཞལ་ཡས་ཁང་། །མུན་ཛ་ལིང་ག་རལ་ག་ཅན། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །འདུལ་སྐལབཞིནདུགཤེགསསུགསོལ། །ཟླ་འོད་ལྗང་གུའི་དཀྱིལ་འཁོར་ནས། །ལྗང་གུ་སྤྱན་ཕྲག་རིགས་ཀྱི་ཡུམ། །ཐང་གཅིག་ཡུད་ཙམ་མངགས་ནས་ཀྱང་། །པདྨའི་གདན་ལ་གཞལ་ཡས་ཁང་། །མུན་ཛ་ལིང་གི་རལ་ག་ཅན། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །ཚེ་ཡི་ལྷ་མོ་གཤེགས་སུ་གསོལ། །ཨོ་རྒྱུ༷་ཨུ་ཡུསྐོ་ན་ཨ་བིནྟྲ་སྒྱུ༷་ཙྭ་ན་ཨ་བ་ལོ་ཀི་ཏེ། ས་མརྙ་སྤ་ར་ཎ། རསྨི་བྷ་ཝ་ཏི་། ཨུ་ཡུསྐོ་ན། དུ་རུ་དུ་རུ་ཧྲི་ད་ཡ་ཧཱུཾ༷་སྒྱུ༷། ཨོ་སྡུ༷། ཧཱུཾ༷་་༷། ཏྣ༷་རྒྱུ༷། སྣྲི་སྒྱུ༷། ཧྭ་བྷ༷། དྲི་སྡུ༷། རྡོ་རྗེ་ཚེ་མཆོག་འགུགས་པའི་ཕོ་ཉ་ནི། །ཡེ་ཤེས་སྐར༄་ལྟར་ཞབྲུགས་པའི་དཀྱིལ་འཁོར་ནས། །ཐུགས་རྗེ་ལྕགས་ཀྱུའི་འོད་ཟེར་འཕྲོས་པ་ཡིས། ་ར་ཕྱོགས་དྲི་ཟའི་འཇི་ག་རྟེན་་མགོན༄་མཛོདཆུ་ ག །ཧཱུཾ་ལུས༄་དམར་་པོ་བརྒྱ་བྱིན་བཞུགས་པ་ལ། །ལག་པ་ལྕགས་ཀྱུ་དམར་པོ་ཐོགས་པ་ནི། །བརྒྱ་བྱིན་འཁོར་བཅས་ལག་ནས་ཚེ་ཁུ་གཅིག །ཨིནྟྲ་ཡ་ཚེ་ཐུ༷་སྡུ༷། དྲང་སྲོང་མེ་ལྷའེ་ལག་ནས་ཚེ་འགུགས་མ། །རྡོ་རྗེ་ཤང་ལང་ལག་ན་འཕྱར་བའི་མཆོག ཁ་དོག་དམར་སེར་ལས་ནི་ཚེ་ཁུག་ཅིག །ཧྲི༷༷ཨསྣ་ཡེ་སྒྱུ༷་རྒྱུ༷། གྲུལ་བུམ་འཇིག་རྟེན་གཤིན་རྗེའི་བདུད་སྤྲུལ་ནས། །རྡོཔ་འ་མགྱོགས་ཤུགས་ཀྱིས་རྒྱུགས་པའི་ཕོ་ཉ་ནི། །སྔོན་མོ་མགྱོགས་ལྡན་རིན་ཆེན་ཞགས་པ་མ། །གདུག་པ་གཤིན་རྗེའི་ལག་ནས་ཚེ་དྲོངས་ཤིག །ཡ་མ་་ཡེགི་ཚེ་སྒྱུ༷་༷། སྲིན་པོ་གདན་འབྲལ་ལག་ནས་ཚེ་འགུགས་མ། །སྐུ་མདོག་སེར་སྐྱ་ཉི་མ་བུ་དོན་རིགས། །རྡོ་རྗེ་ཅོད་པནམངཔོགཤིབསནསནི། །སྲིན་པོ་ཁང་བུ་རྡུལ་དུ་འཇོམས་པའི་ཚེ། །དབྱར་གྱི་སྤྲིན་ཕུང་འཁྲིགས་པའི་ཤེ་་གཉེར་འདྲ། །ཞེས་སྡང་སྲིན་པོའི་ལག་ནས་ཚེ་ཁུག་ཅིག །ནི་རི་ཏི་ཡེ་ཚེ་༷་སྒྱུ༷། ནུབ་ཕྱོགས་ཀླུ་ཡི་འཇིག་རྟེན་རབ་འབྱམས་ནས། །འགྲོ་བའི་ཚེ་སྲོག་སྡུད་མ་ཀླུ་ཡི་རིགས། །ཁ་དོག་མེ་ལྟར་འབར་བའི་མདོག་ཅན་ནི། །ཐུགས་རྗེས་ཀློག་བྱེད་མཁོར་ལོ་བསྣམས་པ་ནི། །ཀླུ་ཡི་གནས་ནས་ཚེ་དྲོ་ངས་ཕོ་ཉ་ཚེ་མཆོག་མ། །ནཱ་ག་བ་རུ་ཎ་ཡེ་ཚེ་སྡུ༷་སྡུ༷། །རླུད་ལྷ་ཕྱོགས་སྐྱོང་ལ་གནས་ཚེ་འགུགས་མ། །ཁྲོ་མོ་སྐུ་མདོག་སྔོ་སྐྱ་ཐལ་བའི་མདོག །རྡོ་རྗེ་རྒྱལ་མཚན་ལག་ན་འཕྱར་བའི་མཆོག །རླུད་ལྷའི་ཁྱིམ་ནི་རྡུལ་དུ་བརླག་ནས་ཀྱང་། །རླུད་ལྷ་འཁོར་བཅས་ལག་ནིསི་ཚེ་དྲོངས་ཤིག །བཱ་ཡ་བེ་ཚེ་རྒྱུ༷་རྒྱུ༷། བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་འགུགས་མ། །ཁ་དོག་ལྗང་གུ་འབར་བའི་སྐུ་མདོག་ལ། །རལ་གྲི་ཨུཏྲུལ་འདྲ་དྲངས་ནས་ཀྱང་། །གནོད་སྦྱིན་འཁོར་བཅས་ལག་ནས་ཚེ་དྲོངས་ཤིག །ཀུ་བེ་རྭ་བ་ཚེ་སྡུ༷་སྒྱུ༷།༄བཤེགས་ཀྱི་རྒྱལ་པོའི་ལག་ནས་ཚེ་འགུགས་མ། །མདོག་ལྡན་སྣ་ཚོགས་ཁ་དོག་ལྗང་གུའི་རིགས། །དབུ་མང་སྤྱན་ཅན་རྫུ་འཕྲུལ་གདུག་པའི་ཕྱག །རིན་ཆེན་མཚོན་ཆ་སྣ་ཚོགས་དྲིལ་ནས་ནི། །བགེགས་ཀྱི་ཁྱིརྨི་རྣ༄མས་ཐལ་བར་བརླག་ནས་ཀྱང་། །བི་ནཱ་ཡ་གའི་ལག་ནས་ཚེ་ཁུག་ཅིག །བི་ནཱ་ཡ་ཀྭ་ནཱན་ཚེ་སྒྱུ༷་སྣྲུ༷། ཉི་ཟླ་གཟའ་སྐར་ལག་ནས་ཚེ་འགུགས་མ། །ཁ་དོག་དམར་ལྗང་ཉི་ཟླའི་འཁོར་ལོ་འཕེན། །ཉི་མའི་ཁྱིམ་དང་ཟླ་བའི་གནས་རྣམས་དང་། །ཉི་ཟླ་གཟའ་སྐར་ལག་ནས་ཚེ་ཁུག་ཅིག །སྲུརུ་ཙནྟྲ་ཡ་ཚེ་རྒྱུ༷་༷། ས་འོག་ས་འཛིན་ལག་ནས་ཚེ་འགུགས་མ། །ཡེ་ཤེས་ཏིང་འཛིན་ལྷག་པའི་སྐྲུ་གྲི་ཡིས། །ཕྱག་མཚན་སྤུ་གྲི་བསྣམས་པས་ཚེ་ཁུག་ཅིག །ནཱ་ག་པྲ་ཝེ་ཤཱ་ཡ་ཚེ་སྡུ༷་རྒྱུ༷། མུཀྟ་ཧོ་ཡིས་བཤིག་པས་རྡོ་རྗེ་གྱུར།་།་་ ་ཉི་ཟླ་རྒྱ་གྲམ་གྱིས། །དྲི་ལ་བསྟིམ་ནས་སྦ་བར་བྱའོ། །ཨོ་པདྷརྙ་ཀྲི་ཏ་རྒྱ་རྒི་ཝ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། ཏ་ཀྲིཏ་དམར་པོ་ཞལ་གཅིག་ཕྱག་གཉིས་པ།༄།ཀ༄རྨ་རྒྱ་གྲམ་བསྣམས་ནས་ཡུམ་དང་འཁྲིལ། །ཨ་ཀ་ཙ་ཏི་ཁ་ཊ༷་ཐོད་པ་བསྣམས། །ཐུགས་ཀར་ཚེ་དབང་བསྡུས་ནས་བསྲུང་བ་ཡིས། །སྟོང་པའི་དབྱིངས་སུ་ཚེ་སྦས་ནས། །ཆོས་ཀྱི་དབྱིངས་ནས་ཡེ་ཤེས་གསལ། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་གཞན་གྱི་ཁ་སྐོང་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེའི་ཆོ་ག་ཀུན་ལ་འགྲོ་བ་འདི་གསུངས་སོ། །ཚེ་བསྒྲུབ་ཁ་བསྐང་ཉིན་ཅིག་པའམ། །གང་ཡང་རུང་བའི་བྱ་བ་ནི། །བུམ་པ་ཆང་བཀང་ཚེ་ཟན་བཅའ། །མདའ་དར་དམར་པོ་མེ་ལོང་ཐོགས། །རིགས་ལྔ་སོ་སོའི་སྙིང་པོའམ། །སྤྱི་བསྡུས་བགྲངས་ལ་ཚེ་བུམ་བསྟིམ། །དེ་ནས་ཚེ་ནི་དགུག་པར་བྱ། །ཨོ་པུརྨྱེ་པུརྨྱེ། མ་ཧྭ་པྲརྨྱེ། ཨ་པ་རི་མི་ཏ་ཨུ་ཡུཙྭན། སསྦྱུ་རོ་པ་ཙི་ཏ་གྲྭ་ཧྭ། ཧཱུཾ༷་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །གསུང་མཆོག་རྣམ་པར་དག་པའི་གསུང་། །མཉམ་ཉིད་གསུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཐུགས་མཆོག་རྣམ་པར་མི་རྟོག་ཐུགས། །མཁའ་དང་མཉམ་པའི་ཐུགས་མངའ་བ། །མཉམ་ཉིད་ཐུགས་ལ་ཕྱག་འཚལ་ལོ། །ཨོ་བྱུ་དྷ་ལོ་ཙ་ནཱ་ཨུ་ཡུ་ཁེ་ཨོ། བཛྲ་ལོ་ཙ་ནཱ་ཡུ་ཁེ་ཧཱུཾ༷། རཏྣ་ལོ་ཙ་ནཱ་ཨུ་ཡུ་ཁེ་སྭ། པདྨ་ལོ་ཙ་ནཱ་ཨུ་ཡུ་ཁེ་སྙི༷༷། ཀརྨ་ལོ་ཙ་ནཱ་ཨུ་ཡུ་ཁེ་ཨུ། ཧཱུཾ༷་ནམ་མཁའི་དབྱིངས་ཕྱུག་མ་ནི་ཡེ་ནས་རྣམ་པར་དག །རྡོ་རྗེ་དབྱིངས་ཕྱུག་མ་ནི་ཡེ་ནས་སྐྱེ་ཤི་མེད། །རིན་ཆེན་དབྱིངས་ཕྱུག་མ་ནི་དགོས་འདོད་རེ་བ་སྐོངས། །པདྨ་དབྱིངས་ཕྱུག་མ་ནི་འཛིན་མེད་ཆགས་དང་བྲལ། །ལས་ཀྱི་དབྱིངས་ཕྱུག་མ་ནི་མངོན་སྤྱོད་ཕྲིན་ལས་མཛོད། །དབྱིངས་ཕྱུག་ཆེན་མོ་ལྔ་རྣམས་ཀྱིས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཨོ་བཛྲ་ཨུ་ཡུ་ཁེ་ཨ། ཧཱུཾ༷་ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྒྱས་འདེབས་མ། །རིགས་ཀྱི་ལྷ་མོ་སངས་རྒྱས་སྤྱན། །ཕྱག་རྒྱའི་ལྷ་མོ་ལྭ་པྱ་མ། །མཆོད་པའི་ལྷ་མོ་དྷ་པེ་མ། །འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། ཁྲར་ཕྱོགས་དྲི་ཟའི་ལག་ནས་ཚེ་དྲོངས་ལ། ཁྲར་ལྷོ་མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །བཛྲ་ཨ༷་ཀུ་ཤ་ཛ༷༷། ལྷོ་ཡི་ཕྱོགས་ནསརྭ་ཛེ་འགུགས་མ། །གསང་བའི་ལྷ་མོ་ཟ་བྱེད་མ། །རིགས་ཀྱི་ལྷ་མོ་མྱ་མ་ཀི། ཕྱག་རྒྱའི་ལྷ་མོ་ནཱ་ལེ་མ། །མཆོད་པའི་ལྷ་མོ་པྲསྤྲོ་མ། །འཆིང་བའི་ལྷ་མོ་ཞགས་པ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ལྷོ་ཕྱོགས་གཤིན་རྗེའི་ལག་ན་ཚེ་དྲོངས་ཤིག །ལྷོ་ནུབ་སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག །རཏྣ་བཱ་ཤ་ཧཱུཾ༷། ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་ཚེ་འཕེལ་མ། །རིགས་ཀྱི་ལྷ་མོ་གོས་དཀར་མོ། །ཕྱག་རྒྱའི་ལྷ་མོ་གིརྟི་མ། །མཆོད་པའི་ལྷ་མོ་ཨུ་ལོ་ཀེ། །སྡོམ་པའི་ལྷ་མོ་ལྕགས་སྒྲོག་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ནུབ་ཕྱོགས་ཀླུ་དབང་ལག་ནས་ཚེ་དྲོངས་ལ། །ནུབ་བྱང་རླུད་ལྷའི་ལག་ནས་དཔལ་སྐྱོབས་ཤིག །པདྨ་སྤྲོཊ་བ༷། བྱང་གི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྨོངས་བྱེད་མ། །རིགས་ཀྱི་ལྷ་མོ་དམ་ཚིག་སྒྲོལ། །ཕྱག་རྒྱའི་ལྷ་མོ་ནིརྟི་མ། །མཆོད་པའི་ལྷ་མོ་བྷརྙེ་མ། །འབེབས་པའི་ལྷ་མོ་དྲིལ་བུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །བྱང་ཕྱོགས་གནོད་སྤྱིན་ལག་ནས་ཚེ་དྲོངས་ལ། །བྱང་ཤར་དབང་ལྡན་ལག་ནས་དཔལ་སྐྱོབས་ཤིག །ཀརྨ་ཀྟསྟེ་ཧོ། དེ་ནས་ཚེ་གཞན་དུ་ཡར་བ་དང་། འཐོར་བ་དང་། ལྡེག་པ་རྣམས་བཀུག་ནས་བུམ་པར་བསྟིམ་པ་ནི། ཧཱུཾ༷་ཨུ་ཡུརྟོ་ན་ཚེ་ཡི་མཆོག །ས་ལ་ཉམས་ན་གསེར་ལ་བསྡུ། །ཆུ་ལ་ཉམས་ན་ཆང་ལ་བསྡུ། ཤེང་ལ་ཉམས་ན་མར་ལ་བསྡུ། །རྩི་ལ་ཉམས་ན་སྦྲང་ལ་བསྡུ། །འབྲུ་ལ་ཉམས་ན་ཏིལ་ལ་བསྡུ། །འབྲུ་སྣ་སྙིང་པོ་སྣ་ལྔ་ཡིས། །སྣ་ལྔ་དག་ཏུ་བྱིན་གྱིས་རློབས། །རྣལ་འབྱོར་ཚེ་ལ་བར་ཆད་མེད། །རྡོ་རྗེ་ཚེ་ཡི་དབང་བསྐུ༷ ར་ཏེ། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །ནམ་མཁའ་གསང་བ་གསུམ་ལས་བྱུང་། །ནམ་མཁའི་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །ཨོ་བྱུརྙ་ཀྭ་ལ་ཤ་ཨོ། བུརྙ་ལོ་ཅན་ཨ་སྟི་ཁེ྅་ཨཱོཾ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། །རྡོ་རྗེ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྤྱིན། །ཧཱུཾ༷་བཛྲ་ཀྭ་ལ་ཤ་ཧཱུཾ༷།བཛྲ་ལོ་ཙ་ན་ཨ་སྟི་ཁེ྅་ཧཱུཾ༷། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་གསང་བ་གསུམ་ལས་བྱུང་། །རིན་ཆེན་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །གྲྭ་རཏྣ་ཀྭ་ལ་ཤ་སྭ། རཏྣ་ལོ་ཙ་ན་ཨ་སྟི་ཁི྅་ཧྭ༷། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །པདྨ་གསང་བ་གསུམ་ལས་བྱུང་། །པདྨ་རིགས་ཀྱི་དབང་བསྐུར་བས། །དབང་མཆོག་ཆེན་པོ་དམ་པ་སྤྱིན། །ཨ༷་པདྨ་ཀྭ་ལ་ཤ་ཧྲི། པདྨ་ལོ་ཙ་ན་ཨ་སྟི་ཁི྅་ཧྲི། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །ལས་རབ་གསང་བ་གསུམ་ལས་བྱུང་། །ལས་ཀྱི་རིགས་ཀྱི་དབང་བསྐུར་བས། །དབང་མཆོག་ཆེན་པོ་དམ་པ་སྤྱིན། །ཧ་ཀརྨ་ཀ་ལ་ཤ །ཧ་ཀརྨ་ལོ་ཙ་ན་ཨ་སྟི་ཁེ྅་ཨ། ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་བསྒྲུབ་ཆེན་པོ་བྱེད་རུང་། ཁ་སྐོང་བྱེད་རུང་། ཚེ་ཆོག་ཉིན་གཅིག་པ་བྱེད་རུང་། གང་དགོས་སུ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལོངས་སྤྱོད་ཚོགས་ཀྱི་སྒྲུབ་པ་འདི་གསུངས་སོ། །ལོངས་སྦྱོད་བསྒྲུབ་པའི་གཞི་ཆེན་ནི། །གསང་བ་དག་པའི་དཀྱིལ་འཁོར་ཡིན། །ལོངས་སྤྱོད་རྒྱུ་རྟགས་ཕུན་སུམ་ཚོགས། །དཀྱིལ་འཁོར་ཚེ་བཅས་བཀོད་པ་དང་། །གཞལ་ཡས་ཁང་དང་ཚེ་བསྐྱེད་དང་། །སྤྱན་དྲང་དང་ནི་བསྟིམ་པ་དང་། །ཚེ་ཡི་རང་བཞིན་འགུགས་པའི་ཐབས ཚེ་བཅིངས་བཟླས་བརྗོད་ཚེ་བརླན་དང་། །དབང་བསྐུར་སྡོམ་དང་སྦ་བར་བྱ། །དམ་བཅའ་དོར་ན་བགེགས་དབང་འགྱུར། །དགྲ་དབང་འགྱུར་དང་མཁའ་འགྲོས་གཙེས། །རྦོད་གཏོང་ཁར་བབ་དུས་མིན་འགྲོ། །ཚེ་ཉམས་པ་ཡི་རྒྱུ་རུ་བཤད། །གཟི་བརྗིད་མེ་དང་ལུས་ཉམས་བྲལ། །མདོག་སྐྱ་བྱ་བ་དོར་བ་དང་། །ཡིད་མི་བདེ་དང་བརྗིད་སྟོབས་མེད། །ཚེ་ཉམས་པ་ཡི་རྟགས་སུ་བཤད། །སྟོན་པ་རྒྱུ་དང་མན་ངག་མཁས། །གནས་ནི་བཀྲ་ཤིས་ཉམས་ཀྱང་དགའ། །ཡུམ་དང་ཀརྨ་གིང་གི་འཁོར། །ཡོ་བྱད་རྫས་རྣམས་ཚོགས་པ་དང་། །བཀྲ་ཤིས་དུས་ལ་འཇུག་པར་བྱ། །ཕྱི་མཚམས་དང་ནི་ཕྱི་བཤགས་དང་། །ནང་མཚམས་དང་ནི་ཁ་སྐོང་བྱ། །དམ་སྲི་མནན་དང་སྒོ་བྱང་གདགས། །མ་ཏྲ༷་མནན་ཅིང་རྡོ་རྗེའི་འགྲོས། །མཚོན་ཆ་ཁྲོ་བོ་ཁྲག་འཐུང་རོལ། །བདག་གི་ཚེ་ཡི་སྔོན་འགྲོར་བཤད། །དཀྱིལ་འཁོར་ཐིག་བཞི་ལིང་ཚེ་དགུ། །པདྨ་འདབ་བརྒྱད་གྲུ་ཆད་བཞི། །སྒོ་དང་བཅས་པ་བྲི་བར་བྱ། །དབུས་སུ་ཤེལ་གྱི་བུམ་པར་ནི། །དམར་སེར་༄༅ བ་ཡི་འོ་མ་དང་། །ཅོང་ཞི་དཀར་པོ་རྣམ་གསུམ་དང་། །དཀར་དང་མངར་གསུམ་འཆི་མེད་སྨན། །བྱང་ཆུབ་སེམས་སོགས་གཞག་པར་བྱ། །མུ་གེ་སེལ་བའི་འབྲུ་ལྔ་དང་། །འདུ་བ་སེལ་བའི་སྨན་ལྔ་དང་། །ནོར་གྱི་དབྱིག་ལྡན་རིན་ཆེན་ལྔ། །སྙིང་པོ་ལྔ་དང་དྲི་ལྔ་བཤམས། །ཚེ་འབྲས་རྒྱ་གྲམ་རྒྱས་བཏབ་ནས། །མདའ་དང་བཅས་པ་བཞག་པ་ནི། །ལྷ་ཡི་གྲངས་དང་མཉམ་པར་བྱ། །མཆོད་པ་མང་པོས་ཡོངས་སུ་བསྐོར། །རྟགས་གདབ་ལས་ནི་བསྐོས་ལ་གདབ། །རྟགས་དང་བྱིན་དབབ་བསྐང་བ་ལ། །ཏིང་འཛིན་གསུམ་ལས་བྱུང་བ་ཡི། །འབྱུང་བ་རིམ་བརྩེགས་གཞལ་ཡས་གདན། །དབུས་སུ་ཚེ་དཔག་མེད་པ་ཡབ་ཡུམ་གཉིས། །ཕྱོགས་བཞིར་རིགས་ཀྱི་ཡུམ་བཞི་ལ། །མཚམས་སུ་གསང་བའི་ཡུམ་བཞི་ཉིད། །པདྨ་བརྒྱད་ལ་ལྷ་མོ་བརྒྱད། །སྒོ་བཞི་སྒོ་མ་བཀོད་ནས་ནི། །སྤྱན་དྲངས་པ་ཡི་རིམ་པ་བྱ། །ཚེ་ཡི་རང་བཞིན་ཡུམ་གྱི་མཁའ། །རྡོ་རྗེ་རྒྱ་གྲམ་ཉི་ཟླའི་སྟེང་། །རྒྱ་གྲམ་ལྟེ་བ་དྲི་བཅས་པ། །ཨུ་ཡུརྟོ་ན་བིན་དུ་སྒྲུ༷། ཁེན་ཏུ་གསལ་བར་ཤེས་པར་བྱའོ། །ཧཱུཾ༷་པདྨ་སྟོང་ལྡན་དབུས་ཀྱི་ཕོ་བྲང་ནས། །བཅོམ་ལྡན་གསུང་མཆོག་མགོན་པོ་ཚེ་དཔག་མེད། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །རྣལ་འབྱོར་བྱང་ཆུབ་སེམས་ཀྱི་ཨུ་ཡུ༷༷དམར་པོ་འདི། །རྩེ་གཅིག་བདག་གིས་བསྒྲུབས་པའི་ཚེ་ལགས་ཀྱི། །བདག་ལ་བྱིན་གྱིས་རློབསཤིངགཤེགསསུདཔལ་བེའུ་ནས། །རྣལ་འབྱོར་བྱང་ཆུབ་སེམས་ཀྱི་ཨུ་ཡུ༷༷དམར་པོ་འདི། །རྩེ་གཅིག་བདག་གི་བསྒྲུབས་པའི་ཚེ་ལགས་ཀྱི། །བདག་ལ་བྱིན་གྱིས་རློབས་ཤིང་གཤེགས་སུ་གསོལ། །ཨུ་ཡུསྐོ་ན་ས་མ་ཡ་ཛ། ཛ༷༷ཧཱུཾ༷་བ༷་ཧོ༷༷། བཅོམ་ལྡན་མགོན་པོ་སྣང་མཐའ་ཚེ་དཔག་མེད། །སྐུ་མདོག་དམར་པོ་གཟི་བརྗིད་འབར། །ཕྱག་མཚན་པདྨ་འདབ་བརྒྱད་བསྣམས། །ཕྱག་མཚན་པདྨ་འདབ་བརྒྱད་ཀྱིས། །ཕྱོགས་བཅུ་ནམ་མཁའ་གང་བའི་བགེགས་བཅོམ་ནས། །བཅོམ་ལྡན་དེང་འདིར་ཚེ་ཡི་དངོས་གྲུབ་སྩོལ། །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་ཀྱང་། །འགྲོ་བ་ཡོངས་ཀྱི་ཚེ་ནི་མི་འགུགས་ཀྱིས། །བདག་ཅག་རྣལ་འབྱོར་མཆེད་ལྕམ་འཁོརབཅས་ཀྱི། །ཚེ་ལ་ཉམས་པ་མཆིས་ན་གསོ་རུ་གསོལ། །ཚེ་ལ་ཡོ་བ་མཆིས་ན་བསྲང་དུ་གསོལ། །ཚེ་ལ་ཡ་རབ་མཆིས་ན་དགུག་ཏུ་གསོལ། །ཚེ་ལ་ཆད་པ་མཆིས་ན་རྡོ་རྗེའི་མདུད་པ་མཛད་དུ་གསོལ། ཁྲར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ། ཁྲར་ལྷོལིམེ་ལྷའི་ལག་ནས་དྲོད་ཕྱུང་ཞིག །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་སྲོག་སྐྱོབས་ལ། །ལྷོ་ནུབ་སྲིན་པོའི་ལག་ནས་ཤ་རྣམས་ཁུག །ནུབ་ཕྱོགས་ཀླུ་ཡི་ལག་ནས་དཔལ་ཕྲོག་ལ། །ནུབ་བྱང་རླུད་ལྷའི་ལག་ནས་དབུགས་ཕྲོག་ཅིག །བྱང་ཕྱོགས་གནོད་སྤྱིན་ལག་ནས་ལོངས་སྤྱོད་ཁུག །བྱང་ཤར་དབང་ལྡན་ལག་ནས་ཟུངས་ཁྲག་དྲོངས། །སྟེང་ཕྱོགས་ཉི་ཟླའི་ལག་ནས་མདངས་ཕྲོག་ལ། །འོག་ཕྱོགས་ས་བདག་ལག་ནས་གཟི་བརྗིད་ཁུག །ལྷ་དབང་བརྒྱ་བྱིན་ལག་ནས་སྲོག་ཁུག་ལ། །མ་ཡམས་དམུ་སྲིན་ལག་ནས་ཚེ་དྲོངས་ཤིག །བཙན་འདྲེ་བཙུན་འདྲེའི་ལག་ནས་ལོངས་སྤྱོད་ཁུག །ཐེརྣུ་རང་འགོང་པོའི་ལག་ནས་སྲོག་སྐྱོབས་ཤིག །ཡུལ་བདག་མ་སྲིན་ལ་གནས་དཔལ་ཁུག་ཅིག །ཚེ་ཁུག་སྲོག་སྐྱོབས་བཅོལ་པའི་ཕྲིན་ལས་མཛོད། །ཨོ་ཨུ་ཡུསྒྲོ་ན་ཚེ་རྒྱུ༷། སྲ་བྱེད་ས་ལ་དབང་བྱེད་སངས་རྒྱས་སྤྱན། །མཉེན་སྡུད་ཆུ་ལ་དབང་བྱེད་བཱ་མ་ཀི། །སྲེག་བྱེད་མེ་ཡི་ཀུན་སྤྱོད་གོས་དཀར་མོ། །གཡོ་བྱེད་རླུ་་གི་འགུགས་བྱེད་དམ་ཚིག་སྒྲོལ། །ཀུན་་་ངས་གོ་འབྱེད་ནམ་མ༄ཁའི་དབྱིངས་ཕྱུག་མ། །རྡོ་རྗེ་སྒེག་མོ་བདེ་བའི་ཉམས་ལ་སྤྱོད། །རིན་ཆེན་ཕྲེང་བ་བདེ་བ་མི་བརྗེད་འཛིན། །པདྨ་དབྱངས་མཁན་བདེ་བའི་ཉམས་ལ་རོལ། །ལས་ཀྱི་གར་མཁན་བདེ་བའི་འབེབས་པའོ། །བདེ་བ་རྒྱས་འདེབས་ཞི་བའི་ཉམས་དང་ལྡན། །བདེ་བ་ཚེ་འཕེལ་རྒྱས་ལས་བརྗིད་པར་ལྡན། །བདེ་བ་ཟ་བྱེད་རང་གི་ལུས་ལ་འབར། །བདེ་བ་རྨོངས་བྱེད་རྣམ་པར་རྟོག་པ་འཇོམས། །བྱང་ཆུབ་སེསམ་ཀྱི་དུད་པའི་སྤྲིན་དུ་འཁྲིགས། །རིན་ཆེན་འཛེས་པའི་མེ་ཏོག་ཡབ་ལ་འབུལ། །མར་མེ་འོད་གསལ་ཡབ་ཡུམ་འདུ་འབྲལ་མེད། །ཐིག་ལེ་བདུད་རྩི་ཡུམ་གྱི་བྷ་གར་འབེབས། །ལྕགས་ཀྱུས་དྲང་པས་ཉམས་ནི་སེམས་ལ་འཆར། །ཞགས་པས་བཅིངས་པས་བདེ་བ་ལུས་ལ་འབར། །ལྕགས་སྒྲོག་སྡོམ་པས་མཐོང་སྣང་ལུས་ལ་སྐྱེས། །དྲིལ་བུས་སྒེག་པས་གསུང་ནི་སྔགས་སུ་འཆར། །ལས་བཞིའི་ཕྲིན་ལས་བག་ཆགས་སེམས་ལ་སྨིན། །ཚེ་ལ་དབང་མཛད་ལྷ་མོ་ཉི་ཤུ་ཡིས། །ཚེ་ཁུག་ཚེ་དྲོངས་གསང་བའི་ཕྲིན་ལས་མཛོད། །ཨོ་བཛྲ་མུག་ཏ་ཧོ། ཤར་གྱི་ཕྱོགས་ནས་ཚེ་འདྲེན་སྲོག་འགུགས་མ། །བྱམས་པའི་རང་བཞིན་ལྕགས་ཀྱུ་མ། །ཕྱག་གཡས་ཟླ་བའི་དཀྱིལ་འཁོར་བསྣམས། །སྐུ་མདོག་དཀར་པོ་འོད་དང་ལྡན། །ཕྱག་གཡོན་ཉི་མའི་དཀྱིལ་འཁོར་བསྣམས། །པུཛི་རྭ་གའི་འོད་ཟེར་འཕྲོ། །ཕྱག་གཡས་ཟླ་བའི་དཀྱིལ་སྟེང་ན། །ཐབས་ཀྱི་ཚེ་འཛིན་བུམ་པ་བསྣམས། །ཕྱག་གཡོན་ཉི་མའི་དཀྱིལ་སྟེང་ན། ཁྲེས་རབ་འགུགས་པའི་ལྕགས་ཀྱུས་འདྲེན། །འགྲོ་ཀུན་ཚེ་ལ་མངའ་བརྙེས་མ། །ཚེ་ཁུག་སྲོག་སྐྱོབས་གསང་བའི་ཕྲིན་ལས་མཛོད། །བཛྲ་ཨབླུ་ཤ་ཛ། ལྷོ་ཡི་ཕྱོགས་ནས་སྲོག་སྐྱོབས་ཚེ་འགུགས་མ། །སྙིང་རྗེའི་རང་བཞིན་ལྷ་མོ་ཞགས་པ་མ། །སྐུ་མདོག་སྔོན་མོ་འབར་བ་ལ། །ཨིནྟྲ་ནི་ལའི་འོད་ཟེར་འཕྲོ། །ཕྱག་གཡས་ཟླ་བའི་གཞལ་ཡས་ནས། ཁྲེས་རབ་ཚེ་ཡི་བུམ་པ་བསྣམས། །ཕྱག་གཡོན་ཉི་མའི་དཀྱིལ་འཁོར་ནས། །ཐབས་ཀྱི་ཚེ་འཆིང་ཞགས་པ་བསྣམས། །འགྲོ་ཀུན་ཚེ་སྲོག་སྡུད་མཛད་མ། །རྣལ་འབྱོར་ཚེ་ཡི་ལས་མཛོད་ཅིག །བཱ་ཤ་ཧཱུཾ༷།ནུབ་ཀྱི་ཕྱོགས་ནས་སྲོག་སྐྱོབས་ཚེ་འགུགས་མ། །དགའ་བས་དབང་མཛད་ལྷ་མོ་ལྕགས་སྒྲོག་མ། །སྐུ་མདོག་དམར་པོ་འབར་བ་ལ། །པདྨ་འབར་བའི་འོད་ཟེར་འཕྲོ། །ཕྱག་གཡས་ཟླ་བའི་དཀྱིལ་འཁོར་ནས། ཁྲེས་རབ་སྟོང་པའི་ཚེ་འཛིན་མ། །ཕྱག་གཡོན་ཉི་མའི་དཀྱིལ་སྟེང་ན། །ཐབས་ཀྱི་ལྕགས་སྒྲོག་སྙིང་རྗེ་ཅན། །ཁམས་གསུམ་ཚེ་སྲོག་མངའ་མཛད་མ། །རྣལ་འབྱོར་ཚེ་ལ་ལོངས་སྤྱོད་ཀུན། །ཁུག་ཅིག་དྲོངས་ཤིག་བརྟན་པར་མཛོད། །སྤྲོ་ཊ་བ༷། བྱང་གི་ཕྱོགས་ནས་སྲོག་སྐྱོབས་ཚེ་འགུགས་མ། །བཏང་སྙོམས་རང་བཞིན་ལྷ་མོ་དྲིལ་བུ་མ། །སྐུ་མདོག་ལྗང་གུ་འབར་བ་ལ། །མ་ར་ཀ་ཏའི་འོད་འཕྲོ་མ། །ཕྱག་གཡས་ཟླ་བའི་དཀྱིལ་འཁོར་ན། །ཀུན་གྱི་ཚེ་འཛིན་བུམ་པ་བསྣམས། །ཕྱག་གཡོན་ཉི་མའི་དཀྱིལ་འཁོར་ན། །ཀུན་གྱི་ཚེ་དགྱེས་དྲིལ་བུ་འཁྲོལ། །འགྲོ་ཀུན་ཚེ་ལ་མངའ་མཛད་ཀྱང་། །འགྲོ་ཀུན་ཚེ་ནི་མི་འགུགས་ཀྱང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་ཁུག་སྲོག་སྐྱོབ་ཕྲིན་ལས་མཛོད། །བྷསྐོཧོ༷། །འཕྲོ་འདུ་འོད་ཀྱིས་བཀུག་བྱས་ནས། །མ་ལུས་བུམ་པའི་བཅུད་ལ་བསྡུ། །དེ་ནས་རྡོ་རྗེའི་ཚེ་བཅིངས་པ། །བཛྲ་སྤྲོ་ཊ་བ༷་ཞེས་པས། །ཉི་ཟླ་གའུ་རྡོ་རྗེའི་འཛིན། །ལྕགས་སྒྲོ་དག་གིས་བཅིང་བར་བྱ། །རང་ཉིད་ལྷར་གསལ་སྣ་བུག་ནས། །རླུད་གི་འོད་ཀྱི་འཕྲོ་འདུ་བྱ། །ཨོ་བཛྲ་ཨུ་ཡུ་ཁེ་ཧུ༷་ཨུ། དེ་བས་འགྲོ་དྲུག་ཐམས་ཅད་ཀྱི། །ཚེ་དང་གཟི་བརྗིད་ཀུན་ཕྲོགས་ནས། །ཟ་མ་ཏོག་ཏུ་བསྡུས་ནས་ནི། །ཚེ་ཡི་རིགས་འཛིན་རྣམས་ལ་བསྟིམ། །དཔའ་བོ་འབྲུ་ལྔ་གསལ་བ་ཡིས། །ཚེ་ཡི་དབང་ནི་བསྐུར་བར་གྱུར། །ཨོ་ཕུང་པོ་ལྷ་ཡི་དཀྱིལ་འཁོར་དུ། །རྒྱལ་བ་རིགས་ལྔའི་རང་བཞིན་ལས། །འབྱུང་ལྔ་ཡུམ་གྱི་གཟུགས་སུ་བཅས། །ཁྱོད་ལ་བསྐུར་བས་ཚེ་ཡི་དབང་། །རྡོ་རྗེ་ཚེ་དབང་ཐོབ་གྱུར་ཅིག །ཀྭ་ལ་ཤ་བཀྟ་ཨ་སྟི་ཁིལྒ ཨོ༷༷ཧཱུཾ༷༷༷ཏྲ༷༷༷ཧི༷༷ཨ༷༷དྲི༷༷། དེ་ནས་སློབ་མའི་སྙིང་གའི་དྲི་ལ་ཚེ་བསྟིམ་སྟེ། །རང་ལུས་གཟི་བརྗིད་འབར་ཏེ་འོད་དང་ལྡན། །ཁམས་ཀྱི་བདུད་རྩི་རྒྱས་པར་གྱུར། །ཚེ་ཡི་རང་བཞིན་ཡི་གེ་དྲི། །སྐྱེ་མཆེད་ཨ་རུ་རབ་ཏུ་གནས། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །ཆོས་ཀྱི་དབྱིངས་སུ་སྦས་ནས་ནི། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །དེ་ནས་གཏོར་མ་གཏང་བར་བྱ། །ལྷག་ཆད་ཁ་བསྐངས་ནས། སྤྱོད་ལམ་ལེགས་པར་གནས་པར་བྱའོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས་། ཚེ་བསྒྲུབས་པ་ཆེན་པོའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་དག་པལི་དཀྱིལ་འཁོར་དུ་ཚེ་བསྒྲུབ་པ་འདི་གསུངས་སོ། །བདེ་བའི་གནས་སུ་དཀྱིལ་འཁོར་ནི། །འཁོར་ལོ་རྩིབས་བརྒྱད་གྲུ་ཆད་སྒོ། །དབུས་ན་མགོན་པོ་ཚེ་དཔག་མེད། ཁྲར་ན་མི་བསྐྱོད་ལྷོར་རིན་འབྱུང་། །ནུབ་ན་སྣང་མཐའ་བྱང་དོན་གྲུབ། །ས་ཡི་སྙིང་པོ་རྡོ་རྗེ་སེམས། །ནམ་མཁའི་སྙིང་པོ་རིནཆེནསེམས། །སྤྱན་རས་གཟིགས་ནི་པདྨ་སེམས། །ལ་ཀྱི་སེམས་དཔའ་ཕྱག་རྡོར་ཡིན། །སྒོ་བཞི་གཤིན་རྗེ་སྟོབས་ཆེན་དང་། །རྟ་མགྲིན་བདུད་རྩི་འཁྱིལ་པ་གནས། །ཚེ་བུམ་ཆང་དང་ཚེ་འབྲས་བཅའ། །མདའ་དང་དར་བཅས་མཆོད་རྫས་རྣམས། །དཀྱིལ་འཁོར་དུ་ནི་མཛེས་པར་བཤམ། །བདེ་གཤེགས་བསྐྱེད་ཅིག་སྤྱན་དྲངས་བསྟིམ། །མཆོད་ནས་ཚེ་ཡི་དངོས་གྲུབ་བསྒྲུབ། །ཨོ་རུ་རུ་སྒྲུ་རུ་ཛ་ལ་ཏིཥ་སིརྙི་ལོ་ཙ་ནི་སརྦ་སྭ་ཨབོ་དྷ་ན་ཨུ་ཡུརྟོ་ན་བིན་དུ་རྒྱུ༷། ཨ་པ་རི་མི་ཏ་ཚེ་་༷། ཧཱུཾ༷་དབུས་ཀྱི་མགོན་པོ་ཚེ་དཔགམེད། །ཡབ་ཡུམ་ཐུགས་ཀྱི་གའུ་ནས། །ཨུ་ཡུ༷༷དམར་པོ་རང་བྱུང་ནས། །དོན་གྲུབ་ཐུགས་རྒྱུད་རང་བཞིན་བཀུག །རྫས་ལ་བསྟིམ་ཞིང་བསྒྲུབ་པར་བྱ། །སྦྱང་ཕྱོགས་ནུབ་ཕྱོགསེ་པདྨ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་བྱམས་མགོན་ཚེ་དཔག་མེད། །ཐུགས་ཀྱི་དཀྱིལ་འཁོར་ཟླ་གསང་གའུ་ནས། །བྱང་ཆུབ་སེམས་ཀྱི་ཨུ་ཡུ༷༷དམར་པོ་འདི། །རྩེ་གཅིག་དབང་གིས་བསྒྲུབས་པའི་ཚེ་ལགས་ན། །བྱིན་གྱིས་བརླབས་ཤིང་བདག་ལ་དངོས་གྲུབ་སྩོལ། །རིགས་ཀྱི་རྒྱལ་བ་ཡབ་ཡུམ་རྣམས། །ཚུལ་མཆོག་འདི་ཡིས་ཤེས་པར་བྱ། །ཚེ་ཡི་ཕོ་ཉ་བཏང་ནས་ཀྱང་། །སྲིད་གསུམ་གནས་ནས་ཚེ་སྲོག་ནི། །ཡི་གེ་དྲི་རུ་བསྡུས་བྱས་ནས། །བྱང་སེམས་བདེ་བ་ཆེན་པོ་ཡི། ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །ཨུ་ཡུ༷༷དམར་པོ་ཤེས་པར་བྱ། །སྐྱེ་བ་མེད་པའི་སེམས་ཉིད་འདི། །འཆི་མེད་རྡོ་རྗེ་ཞེས་བྱ་སྟེ། །མི་འགྱུར་གཡུང་དྲུང་ཡེ་བརྡལ་ཆེ། །མི་ནུབ་ཡེ་ཤེས་རྒྱལ་མཚན་ཡིན། །དེ་ལྟ་བུ་ཡི་དངོས་གྲུབ་ནི། །རྣལ་འབྱོར་བདག་གིས་བླང་བར་བྱ། །མཆེད་དང་ལྕམ་དྲལ་སློབ་མ་རྣམས། །ཚེ་ཡི་བུམ་པས་དབང་བསྐུར་ནས། །ཚེ་ཡི་རང་བཞིན་གནས་ཤེས་པ། །དཔའ་བོ་འབྲུ་ལྔས་དབང་བསྟིམ་བྱ། །མཁའ་འགྲོ་ཆོས་སྐྱོང་གཏོར་མ་གཏང་། །གཏེར་སྦ་དགེ་སྔོ་དཀྱིལ་འཁོར་བསྡུ། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། གསང་བ་དག་པའི་དཀྱིལ་འཁོར་དུ་ཚེ་བསྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་དག་པའི་རྫས་ལ་ཚེ་བསྒྲུབ་པ་འདི་གསུངས་སོ། །བཀྲ་ཤིས་དག་པའི་རྫས་བཙལ་ཏེ། །མདོ་སྡེ་ཟངས་གཞོང་འཁར་སྡེར་དུ། །ཀྲི་ཡ་ཉ་ཕྱིས་དུང་ཆོས་ལ། །མ་ཧྭ་སྐྱེ་བ་བདུན་པའི་རོ། །བྱ་རྒོད་རྐང་གི་སྦུབས་བལྟས་ཏེ། །ཞུན་ཆེན་མར་མེར་གཟུགས་བདུན་པ། །སྐྲ་ཁམ་ཤེལ་མིག་དཔྲལ་དབྱིབས་ཆེ། །སྨེ་བདུན་བ་སྤུ་ཟང་ཐལ་བྱུང་། །དུང་སོ་འཁོར་བར་ཡོད་པ་ཡིས། །ཚེ་སྐྱེམས་ཚེ་འབྲས་གཟུངས་ཐག་བཟུང་། །སྣོད་ནི་གཞལ་ཡས་ཁང་གྱུར་ནས། །ཚེ་སྐྱེམས་སིརྙ་ལོ་ཙ་ནི། །ལྗང་སེར་གཞལ་གཅིག་ཕྱག་བཞི་མ། །ཚེ་དར་གྲི་གུག་གཡས་པ་ན། །བདུད་རྩི་བུམ་པ་རྒྱ་གྲམ་གཡོན། །དེ་ཡི་མཁའ་དབྱིངས་ཚེ་དཔག་མེད། །དམར་པོ་གཞལ་གཅིག་ཕྱག་བཞི་པ། །རིན་ཆེན་ཕྲེང་བ་ཟ་མ་ཏོག ཁྲེལ་ཕྲེང་ནེའུ་ལེའི་རྐྱལ་པ་གཡོན། །དེ་འཁོར་རིགས་ཀྱི་ཡུམ་ཆེན་ལྔ། །རིགས་མདོག་ཡུམ་ཆེན་ལྔ་ནི་ཕྱག་མཚན་རིགས། །མིག་ལ་རྒྱས་འདེབས་ལྕགས་ཀྱུ་དཀར། །རྣ་བར་རྨོངས་བྱེད་ཞགས་པ་སྔོ། །སྣ་ལ་ཚེ་འཕེལ་ལྕགས་སྒྲོག་དམར། །ལྕེ་ལ་ཟ་བྱེད་དྲིལ་བུ་ལྗང་། །ཚེ་བསྲུང་པདྨ་ཀུསྟོ་ལི། །དམར་པོ་པདྨ་རྒྱ་གྲམ་བསྣམས། །ཨུ་ཡུ༷༷ཚེ་ཟློ༷་ཙྭ་ན་ཚེ་ཟློ༷་བིན་དུ་ཟློ༷། ཨ་པ་ར་མི་ཏ་ཚེ་སྒྱུ༷། ཆག་པའི་རྡོ་རྗེ་བདག་ཉིད་ཆེ། །པདྨ་རྒྱལ་པོ་ཀུན་དྷ་ལི། །སྤྲུལ་པའི་ཁྲོ་བོ་གྲངས་མེད་པས། །ཚེ་ལ་གནོད་པའི་བགེགས་རྣམས་ཀུན། །དེ་ཡི་གཟུགས་བཅོམ་ཕ་རོ་ལ་དུ། །སོངེ་ཞིང་ཚེ་ལི་གཆོད་བྱེད་བསྐྲད།་།བྷནྟྲ་ཊ་ཋ་ཕཊ། ཚེ་ལ་དབང་བསྐུར་བསྟིམ་པ་དང་། །སྦས་ནས་རྒྱས་བཏབ་སྨོན་ལམ་གདབ། །ཐོད་པ་ལོངས་སྤྱོད་གཏེར་དུ་བཅངས། ཁྲ་རྣམས་སུ་ཡིས་ཟོས་པས་ནི། །ཐུན་མོང་དངོས་གྲུབ་ཐོབ་པར་འགྱུར། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། གསང་བ་དག་པའི་རྫས་ལས། ཚེ་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། མཁའ་དབྱིངས་རྣམ་པར་དག་པའི་ཡུམ་ལ་ཚེ་བསྒྲུབ་པའི་ཆོ་ག་འདི་གསུངས་སོ། །དབེན་པའི་གནས་སུ་ཕྱིན་ནས་ནི། །པདྨ་ཅན་ནམ་དུང་ཅན་ནམ། །བ་གླང་འདྲའམ་རི་དྭགས་འདྲ། །མཚན་དང་ལྡན་པའི་གཟུངས་མ་ལ། །དཔའ་བོ་འབྲུ་ལྔ་ལུས་ལ་བཀོད། །རིགས་ལྔ་ཡེ་ཤེས་ལྔར་བྱིན་བརླབས། །ཡབ་ཡུམ་མཁའ་གསང་བསྣོལ་བས་ནི། །རྡོ་རྗེ་པདྨར་བྱིན་བརླབས་ནས། །བདེ་མཆོག་བདེ་བྲལ་བདེ་བ་དང་། །ལྷན་སྐྱེས་ཁུ་བ་འཕྲོ་འདུ་ལས། །སྤྱི༷༷ལས་རྟ་མགྲིན་ཁྲོ་བོ་དམར། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །སྔགས་འཆང་རྒྱལ་པོ་གང་གནས་པ། །ཕྱག་རྒྱའི་བདག་ཉིད་དེ་ལ་གནས། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ན། །སྨ་ཤ་ནག་མོ་དོན་སྙིང་ཟ། །དེ་ཡི་ཡང་གསང་ཐུགས་དཀྱིལ་ནས། །གསུང་གི་རྒྱལ་པོ་རྟ་མཆོག་དཔལ། །ཕྱག་མཚན་ཕྱག་ན་འབྲུག་དྲུག་བསྣམས། །འབྲུག་དཀར་འབྲུག་སྔོན་འབྲུག་ལྗང་དང་། །འབྲུག་སེར་འབྲུག་དམར་འབྲུག་ནག་བསྣམས། །འབྲུག་གི་ཁ་ནས་གློག་འབྱིན་ཅིང་། །གློག་གི་ཁ་ནས་ཐོག་འབེབས་ལ། །གནོད་སྤྱིན་དམར་པོའི་ཀླད་པ་འགེམས། །དེ་ཡིས་སེམས་ཀྱི་དལ་བསྣམས་ནས། །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཨོ་ཨུ་ཡུརྟོ་ན་ཚེ་རྒྱུ༷། དགའ་བ་བཞི་དང་ལྡན་པ་ཡི། །བསྙེན་བསྒྲུབ་རྣམ་བཞི་བསྒྲུབ་པ་ཡིས། །ཁུ་བ་འཐུང་ན་ནད་མེད་ཅིང་། །དེ་ཡི་ཚེ་ཡང་ལྷ་དང་མཉམ། །དབང་གི་མཆོག་ཏུ་དེ་འགྱུར་རོ། །སྒྲུབ་པ་པོ་ཡི་ཐུགས་གནས་བསྟིམ། །ཞེསི་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། གསང་བ་མཁའ་དབྱིངས་ལ་ཚེ་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱིས། མཆོད་པ་དེ་ཁོ་ན་ཉིད་ཀྱིས་མཆོད་ནས། འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བདེ་བ་ཆེན་པོའི་ཐུགས། །འགྲོ་བ་ཀུན་ལ་ཀུན་གཞི་ཡིད། །རྣལ་འབྱོར་ཨུ་ཡུ༷༷འི་ཚེ་རྣམས་བསྒྲུབ། །དམ་རྫས་བྱང་སེམས་དཀར་དམར་ལེན། །འདི་ཡི་ཚེ་དང་སྲོག་བརྟེན་ནས། །མགོན་ངོ་བྱེད་ལ་རྗེས་ཡི་རང་། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འགྱུར་མེད་ཚེ་ཡི་དངོས་གྲུབ་རྒྱུད། །རྡོ་རྗེ་ཆོས་ཀྱིས་ཟུང་ལ་མཁའ་འགྲོས་སྲུངས། །ཆོས་ཀྱི་སྤྱན་ལྡན་སྤྱོད་པས་འགྲོ་དོན་མཛད། །མི་ནུབ་བསྟན་པ་རྒྱས་པར་ཁྱེད་ཀྱིས་སྤྱོད། །ཅེས་གསུངས་སོ། །སྟོན་པ་དང་འཁོར་རྣམས་ཆོས་ཉིད་ཀྱི་ངང་དུ་ཐིམ་སྟེ་ཆོས་སྐུར་བཞུགས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་བཞི་པའོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པརྙིཏ་བི་མ་ལ་མི་ཏྲ་ལ། བོད་ཀྱི་ལོསྣྲོ་བ་མཇིང་གསལ་འབར་གྱི་ཞུས་ཏེ་བསྒར་ནས་གཏན་ལ་ཕབ་པའོ་རྒྱ་གར་སྐད་དུ། བུརྙ་ཨ་མྲི་ཏ་ཙྭ་ན་པྲ་བྷ་བཱན་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ཅེས་བྱ་བ། བྷ་ག་བཱན་རྭ་ཛ་ཨ་མྲི་ཏ་ན་མ། བཅོམ་ལྡན་འདས་