volume 001 023

From Rangjung Yeshe Wiki Texts
Jump to navigation Jump to search


སྐབས་འདིར་ཡང་རིང་མོ་ནས་རྣམ་དཀར་གྱི་བྱ་བ་ལ་ཆེས་གོམས་པའི་དད་ལྡན་སྒང་མཁར་ཨ་གནས་ཚང་ཁྱིམ་མི་རྣམ་པས་བདག་རྐྱེན་ལ་བརྟེན་ནས་ཀུན་མཁྱེན་ཆེན་པོའི་གསུང་རབ་ཅི་མཆིས་ཀུན་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། ངོ་མཚར་པར་གྱི་ཕྱི་མོ་བསྐྲུན་པའི་ལེགས་བྱས་ལ་རྗེས་སུ་ཡི་རང་དྲགས་པོས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག །འདི་ལས་ཐོབ་པའི་དགེ་བའི་མཐུས་སྦྱིན་བདག་འཁོར་བཅས་གནས་སྐབས་ཉེར་འཚེ་ཞི་ཞིང་མཐར་ཐུག་རྣམ་བྱང་བླ་མེད་འཐོབ་པའི་རྒྱུར་གྱུར་ཅིག །