ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་སྨིན་ཁྲིད་ཉམས་ལེན་བྱེད་པའི་སྐབས།

From Rangjung Yeshe Wiki Texts
Jump to navigationJump to search

༄༅། །ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་སྨིན་ཁྲིད་ཉམས་ལེན་བྱེད་པའི་སྐབས།[1]

ཐུན་མོང་དང་ཁྱད་པར་གྱི་སྐྱབས་སེམས་ཞག་བདུན། བསག་སྦྱང་ཞག་བདུན། བླ་མའི་རྣལ་འབྱོར་ཕྱག་དང་བཅས་ཞག་བཅུ་དྲུག་བཅས་ཁྱོན་ཟླ་བ་གཅིག་ཏུ་གནད་དུ་སྨིན་པར་གྲུབ་རྗེས། དངོས་གཞི་ཉམས་ལེན་གྱི་དང་པོ་ཀུན་བཟང་དོན་ཕྲིན་གྱི་བསྙེན་སྒྲུབ་ཟླ་བ་གསུམ་དང་ཞག་བཅུ་སྟེ་ཉིན་ཞག་བརྒྱ་ལ་བརྩོན། ཚོགས་སྐོང་ཞག་གཅིག །དེ་སྐབས་སྐྱབས་སེམས་ཡན་ལག་བདུན་པའི་འཕྲོས་ཡིག་བརྒྱ་དང་། ཨ་ཧོ་མ་ཧཱ་སུ་ཁ་སོགས་ཚོགས་གསག་སྦྱར། ཐུན་རེར་ཡིག་བརྒྱ་སུམ་བརྒྱ་ལས་མི་ཉུང་བ་གཏང་། དེ་ནས་བགེགས་བསྐྲད་ཕྱིན་མཐར་ཆགས་སུ་བཏང་སྟེ་སྤྱན་འདྲེན་བཞུགས་གསོལ་གྲུབ་རྗེས་མདུན་གྱི་བི་མ་ལར་དམིགས་ནས། འོད་གསལ་སྣང་བཞི་སོགས་གསོལ་འདེབས་ཐུན་རེར་སུམ་བརྒྱ། བི་མ་ལའི་མཚན་སྔགས་སྟོང་ཕྲག་རེ་གཏང་། ལས་བྱང་གི་ཕྱག་མཆོད་བསྟོད་པའི་བར་བཏང་སྟེ་བསྐྱེད་པའི་རིམ་པ་རྣམ་པ་གསལ་བ་ང་རྒྱལ་བརྟན་པ་རྣམ་དག་དྲན་པ་རྣམས་ཀྱི་ཚིག་དང་ག་དོན་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཡིག་ཏུ་མི་གསལ་བས་རིག་འཛིན་འདུས་པའི་བསྙེན་ཡིག་ནང་བཞིན་སྦྱར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་གྲངས་ཇི་ཙམ་མང་བཞིན་ལེགས། ཐུན་མཐར་བུམ་ཅན་དང་སྦྲག་པའི་རྡོར་བཟླས་ཉེར་གཅིག་རེ་བྱ། ཉེར་བསྡུའི་སྐབས་ཞི་གནས་ལ་སེམས་ཡུན་རིང་གཏད་པ་གལ་ཆེ། དངོས་གཞི་ཁྱད་པར་གྱི་སྔོན་འགྲོའི་ལུས་སྦྱོང་ཞག་བདུན། ངག་སྦྱོང་ཕྱིའི་སྣང་བ་ཧཱུྃ་དུ་བསམ་པ་དང་ནང་ལུས་ཧཱུྃ་གིས་གང་བ་ཞག་ཉེར་གཅིག །ཧཱུྃ་གིས་སྣང་བ་དང་ལུས་ཐམས་ཅད་གཏོར་བ་ཞག་བདུན། སེམས་བྱུང་གནས་འགྲོ་གསུམ་བཙལ་བ་ཞག་བདུན། རྣལ་དབབ་སོར་གཞུག་གཉིས་ཞག་བདུན་བར་འབད། ཐུན་རྣམས་ཀྱི་མཐར་མི་ཕམ་རིན་པོ་ཆེའི་རྫོགས་ཆེན་སྨོན་ལམ་གདབ་བོ།། །།

View PDF Chetsun 21

Notes

  1. Sechen