རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་ནམ་མཁའ་འབར་བའི་རྒྱུད།

From Rangjung Yeshe Wiki Texts
Jump to navigation Jump to search

རྒྱ་གར་སྐད་དུ། སརྦུ་གྲ་རྭ་ཛུ་ཀ་ཤ་ཛུ་ལ་ཏནྟྲ།

བོད་སྐད་དུ། རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་ནམ་མཁའ་འབར་བའི་རྒྱུད།

མིང་མེད་མཐའ་བྲལ་དངོས་མེད་ཟང་ཀ་ལ་ཕྱག་ཚལ་ལོ། །འདི་སྐད་ཅི་ཡང་མ་ཐོས་བསམ་བརྗོད་དམིགས་པའི་ཡུལ་ལས་འདས་པའི་དུས་མཐའ་མེད་པའི་དུས་ན། གནས་ཀྱི་རྒྱལ་པོ་མུ་མཐའ་[271.4]གྲོལ་བ་ན། །སྟོན་པའི་རྒྱལ་པོ་མིང་མེད་ཀུན་གྲོལ་བཞུགས། །བསྟན་པའི་རྒྱལ་པོ་གཏིང་མཐའ་ཡངས་པ་འདི། །འཁོར་གྱི་དམ་པ་རང་བྱུང་ངང་དངས་སྣང་ཚད་གྲོལ་ལ་བཤད། །དུས་ཀྱི་རྒྱལ་པོ་ཐོག་མཐའ་མེད་[271.5]པའི་དུས། །སྡུད་པ་པོ་ནི་གསང་བདག་རིན་ཆེན་ནོ། །དེ་ནས་འཁོར་གྱི་རྒྱལ་པོར་རང་བྱུང་ངང་དངས་ཀྱིས། །སྟོན་པའི་རྒྱལ་པོ་མིང་མེད་ཀུན་གྲོལ་ལ། །པུས་བཙུག་ཐལ་སྦྱར་གུས་པས་འདི་སྐད་ཞུས། །ཕུན་སུམ་[271.6]ཚོགས་པའི་དོན་ནི་དེ་ལྷར་ན། །སེམས་ཀྱི་རང་བཞིན་ཇི་ལྟར་གནས། །སེམས་ཀྱི་ངོ་བོ་ཇི་ལྟར་གསལ། །སེམས་ཀྱི་ཐུགས་རྗེ་ཇི་ལྟར་འཆར། །སེམས་ལ་ཡོན་ཏན་ཇི་ལྟར་མངའ། །སེམས་ཀྱི་ཕྲིན་ལས་ཇི་ལྟར་[272.1]མཛད། །སེམས་འདི་ཡེ་ནས་ཡོད་དམ་མེད། །སེམས་ནི་སངས་རྒྱས་ཡིན་ནམ་མིན། །ཡིན་ན་སེམས་ཅན་ཇི་ལྟར་འཁྲུལ། །སེམས་ལ་ཡེ་ནས་དངོས་པོ་ཡོད་དམ་མེད། །སེམས་ལ་འཁྲུལ་པ་ཡོད་དམ་མེད། །སེམས་[272.2]ཅན་ཀུན་གྱི་སེམས་འདི་མཉམ་ལགས་སམ། །སེམས་ལ་གཏི་མུག་ཡོད་དམ་མེད། །སེམས་ལ་དུག་ལྔ་དུག་གསུམ་ཡོད་དམ་མེད། །སེམས་ལ་དབྱིབས་དང་ཁ་དོག་ཡོད་དམ་མེད། །སེམས་འདི་རྟོགས་པས་སངས་[272.3]རྒྱས་སམ། །སེམས་ཉིད་རྟོགས་པས་སངས་རྒྱའམ། །སེམས་དང་རིག་པ་ཡིད་དང་གསུམ་ལ་ཁྱད་པར་ཡོད་དམ་མེད། །དབྱིབས་དང་སྐྱེ་མེད་ཡེ་ཤེས་གསུམ་ལ་ཁྱད་པར་ཡོད་དམ་མེད། །སྐུ་ལྔ་ཡེ་ཤེས་ལྔ་དང་ཉོན་[272.4]མོངས་ལྔ་ལ་ཁྱད་པར་ཡོད་དམ་མེད། །སྙིང་པོ་སྟོང་པ་རིག་པ་གསུམ་དུ་ཆོས་རྣམས་ཇི་ལྟར་གྲོལ། །གྲོལ་བར་བྱེད་པའི་གདམས་ངག་གང་ལྟར་བཤད། །སེམས་ཀྱི་སྣང་ཚུལ་སྣ་ཚོགས་པ། །མདོ་དོན་གཅིག་ཏུ་ཇི་[272.5]ལྟར་བསྡུ། །སེམས་ཀྱི་ཐག་ནི་གང་དུ་བཅད། །སེམས་ཀྱི་ལ་ནི་གང་དང་གང་དུ་བཟླའ། །སེམས་ཉིད་ཕུགས་སུ་ཇི་ལྟར་བསྐྱལ། །སྐྱོལ་བར་ཕྱེད་པའི་གདམས་པ་གང་། །སེམས་ཀྱི་དཔེ་ནི་གང་དུ་བསྟན། །དཔེ་[272.6]ཡི་ཐོག་ཏུ་ཕེབས་ཚེ་ཕེབས་མི་ཕེབས། །མི་ཕེབས་དཔེ་བསྟན་དགོས་པ་མེད། །སངས་རྒྱས་སེམས་ཅན་གཞི་གཅིག་གམ། །གཅིག་ན་གཉིས་སུ་འོང་བ་ཅི། །མི་གཅིག་འཁོར་འདས་འབྲེལ་མེད་དམ། །མ་རིག་ཡེ་[273.1]ཤེས་ངོ་བོ་གཅིག་མི་གཅིག །མི་གཅིག་འབྲེལ་པ་མེད་ལགས་སམ། །འཁོར་འདས་གཉིས་ཀྱི་གྱེས་མདོ་གང་ཙམ་ལགས། །བློས་བཏགས་ཆོས་རྣམས་ཡོད་དམ་མེད། །བྱར་མེད་བློ་འདས་གང་ལ་[273.2]ཟེར། །བློ་འདས་ཞེས་པ་ཚིག་གིས་བཏགས་མི་བཏགས། །བཏགས་ན་བློས་བཏགས་ཆོས་དང་ཁྱད་པར་ཅང་ཡོད་དམ། །མ་བཏགས་ཟེར་ན་བློས་བཏགས་གང་ནས་བྱུང། །སྣང་བཏགས་ཆོས་རྣམས་གང་དུ་[273.3]བསྡུ། །ཆོས་མེད་བློ་ཟད་མཐའ་རུ་གང་དུ་བསྐྱལ། །དངོས་པོའི་ཆོས་རྣམས་ལ་བཟླ་ཇི་ལྟར་ལགས། །ཞེས་ཞུ་ཚིག་བཞི་བཅུ་རྩ་གཉིས་པོ་བདག་ཅག་འདུས་པའི་འཁོར་རྣམས་ལ་ཤིན་ཏུ་ཟབ་པར་གསུང་དུ་[273.4]གསོལ། །ཞེས་ཞུ་བ་ཕུལ་ལོ། །ནམ་མཁའ་འབར་བའིརྒྱུད་ལས། གླིང་གཞི་ཕུན་སུམ་ཚོགས་པ་དང་། འཁོར་གྱིས་གླེང་སློང་ཞུས་པའི་ལེའུ་སྟེ་དང་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། སྟོན་པའི་རྒྱལ་པོ་[273.5]མིང་མེད་ཀུན་གྲོལ་ལ། །སེམས་ཀྱི་རང་བཞིན་ཇི་ལྟར་གནས། །ཞེས་ཞུས་པ་དང་། །སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་ཀྱི་རང་བཞིན་བསྟན་ཏུ་མ་མཆིས་ཏེ། །འཁོར་གྱིས་རྟོག་པ་སེལ་བའི་ཕྱིར། །མུན་[273.6]ཁུང་གསེར་སྒྲོམ་ལྟ་བུར་བཤད། །འཁོར་རྣམས་མ་ཡེང་གུས་པས་ཉོན། །སེམས་ཀྱི་རང་བཞིན་གནས་ལུགས་བ་ན་པ་ནི། །རང་བཞིན་སྟོང་པ་ལྷུན་གྲུབ་ཡིན། །རང་བཞིན་རྒྱུ་རྐྱེན་མེད་པ་ཡིན། །རང་བཞིན་འཕོ་[274.1]འགྱུར་མེད་པ་ཡིན། །རང་བཞིན་ཅི་ཡང་མེད་པ་ཡིན། །རང་བཞིན་དངོས་པོ་མེད་པ་ཡིན། །སེམས་ལ་དཔེ་མེད་ཟླ་མེད་དོ་ཡང་མེད། །སེམས་ཀྱི་རང་བཞིན་གནས་ལུགས་ནི། །སྟོང་གསལ་དངོས་མེད་ཁ་དོག་[274.2]དབྱིབས་དང་བྲལ། །སྐྱེ་མེད་ཀ་དག་ཕྱོགས་མེད་མུ་མཐའ་ཡས། །དངོས་མེད་ཟང་ཀ་གཏད་མེད་གཏིང་མཐའ་ཡས། །ཐིག་ལེ་ཆེན་པོ་མིང་མེད་བློ་འདས་ཏེ། །མིང་མེད་མཐའ་སྟོངས་སྣ་ཚོགས་ཀུན་གྱི་གཞི། །རྣམ་[274.3]པ་ཀུན་ལྡན་གང་དུའང་གྲུབ་པ་མེད། །དེས་ན་ཀུན་འདས་བློ་ཡི་སྤྱོད་ཡུལ་གྲོལ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རང་[274.4]བྱུང་རང་གྲོལ་གྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །སེམས་ཀྱི་ངོ་བོ་ཇི་ལྟར་གསལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་ཀྱི་ངོ་བོ་གསལ་བར་བསྟན་པ་ནི། །སེམས་ཀྱི་ངོ་བོ་ཀ་དག་[274.5]འོད་གསལ་ཡིན། །སེམས་ཀྱི་ངོ་བོ་གསལ་དག་ཡིན། །སེམས་ཀྱི་ངོ་བོ་གཏིང་གསལ་ཡིན། །སེམས་ཀྱི་ངོ་བོ་ཁོང་ནས་གསལ། །སེམས་ཀྱི་ངོ་བོ་མཁའ་གསལ་ཡིན། །སེམས་ཀྱི་ངོ་བོ་འོད་དུ་གསལ། །སེམས་ཀྱི་ངོ་[274.6]བོ་རྩལ་དུ་གསལ། །སེམས་ཀྱི་ངོ་བོ་ཟེར་དུ་གསལ། ། །སེམས་ཀྱི་ངོ་བོ་རོལ་པར་གསལ། །སེམས་ཀྱི་ངོ་བོ་སྣང་བར་གསལ། །སེམས་ཀྱི་ངོ་བོ་དབང་པོ་ལྔ་རུ་གསལ། །སེམས་ཀྱི་ངོ་བོ་དོན་སྙིང་ལྔ་རུ་[275.1]གསལ། །སེམས་ཀྱི་ངོ་བོ་ཡན་ལག་ལྔ་རུ་གསལ། །སེམས་ཀྱི་ངོ་བོ་གཟུགས་ལྔ་ཡུལ་ལྔར་གསལ། །སེམས་ཀྱི་ངོ་བོ་རྣམ་ཤེས་ཚོགས་བརྒྱད་གསལ། །སེམས[275.2]གསལ། །སེམས་ཀྱི་ངོ་བོ་ཡུལ་གྲོལ་རིག །སེམས་དེ་གསལ་དག་ཀློང་དུ་དག །ཅེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཀྱི་ངོ་བོ་གསལ་བའི་ལེའུ་སྟེ་གསུམ[275.3]དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་ལ་ཡོན་ཏན་ཇི་ལྟར་མངའ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་ཀྱི་ཡོན་ཏན་བསྟན་པ་ནི།[275.4]འབྱུང་བ་བཞིན། །སེམས་ལ་ཡོན་ཏན་འབྱུང་ལུགས་བསམ་མི་ཁྱབ། །ཡོན་ཏན་རྣམ་གྲངས་བཤད་པས་མི་ལངས་ཏེ། །རེ་ཞིག་བསྡུས་ཏེ་ཡོན་ཏན་འདི་ལྟར་བཤད། །མ་རིག་ཡེ[275.5]མངའ། །དུག་གསུམ་སྐུ་གསུམ་བསྒྱུར་བའི་ཡོན་ཏན་མངའ། །དུག་ལྔ་ཡེ་ཤེས་བསྒྱུར་བའི་ཡོན་ཏན་ཡོད། །སེམས་ཅན་སངས་རྒྱས་བསྒྱུར་བའི་ཡོན་ཏན་མངའ། །འཁོར་[275.6]མངའ། །རིགས་དྲུག་གཡང་ས་གཅོད་པའི་ཡོན་ཏན་མངའ། །ཁམས་གསུམ་ཞིང་ཁམས་བསྒྱུར་བའི་ཡོན་ཏན་མངའ། །ཉོན་མོངས་ཕྱགས་མས་འདེབས་པའི་ཡོན་ཏན་མངའ།[276.1]ཏན་མངའ། །སྣང་བ་རང་སར་གྲོལ་བའི་ཡོན་ཏན་མངའ། །རིག་པ་རང་རླག་བྱེད་པའི་ཡོན་ཏན་མངའ། །སེམས་ཉིད་མིང་མེད་རྟོགས་པའི་ཡོན་ཏན་མངའ། །ཇི་སྙེད་མ་ལུས་མཁྱེན་པའི་ཡོན་ཏན་མངའ། །ཇི་ལྟ་བ་[276.2]བཞིན་མཁྱེན་པའི་ཡོན་ཏན་མངའ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་མངའ། །མཆོག་མཁྱེན་པ་ཡི་ཡོན་ཏན་མངའ། །མ་སྤངས་གནས་སུ་དག་པའི་ཡོན་ཏན་མངའ། །མ་བསྒྲུབས་ཡོངས་སུ་གྲུབ་པའི་ཡོན་[276.3]ཏན་མངའ། །འཁོར་བའི་འདམ་ནས་འདྲེན་པའི་ཡོན་ཏན་མངའ། །བུ་བཞིན་ཀུན་ལ་སྙོམས་པའི་ཡོན་ཏན་མངའ། །སྙིང་རྗེ་ཀུན་ལ་སྨན་མཛད་ཡོན་ཏན་མངའ། །སྡུག་བསྔལ་བདེ་བར་ཤེས་པའི་ཡོན་ཏན་[276.4]མངའ། །ནམ་མཁའ་བཞིན་དུ་ཀུན་ལ་ཡོངས་སུ་ཁྱབ་པའི་ཡོན་ཏན་མངའ། །ཐམས་ཅད་མ་ལུས་སངས་རྒྱས་པར། །ཤེས་པ་སེམས་ཀྱི་ཡོན་ཏན་ཡིན། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་[276.5]ལས། །སེམས་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། སེམས་ཀྱི་ཕྲིན་ལས་ཇི་ལྟར་མཛད། །ཅེས་ཞུས་པས། །སྟོན་པས་འཁོར་ལ་[276.6]བཀའ་སྩལ་པ། །སེམས་ཀྱི་ཕྲིན་ལས་མཛད་ལུགས་བསམ་མི་ཁྱབ། །རེ་ཞིག་ཕྲིན་ལས་མཛད་ལུགས་བསྟན་པ་ནི། །མ་རིག་མུན་པ་སེལ་བའི་ཕྲིན་ལས་བྱེད། །གཏི་མུག་བག་ཆགས་སེལ་བའི་ཕྲིན་ལས་བྱེད། །སྒྲིབ་[277.1]གཡོགས་མུན་པ་འཇོམས་པའི་ཕྲིན་ལས་བྱེད། །དུག་ལྔ་རང་སར་གྲོལ་བའི་ཕྲིན་ལས་མཛད། །སེམས་ཅན་སངས་རྒྱས་བསྒྱུར་བའི་ཕྲིན་ལས་མཛད། །འཁྲུལ་གཞི་རྩད་ནས་གཅོད་པའི་ཕྲིན་ལས་[277.2]མཛད། །འཁྲུལ་སྣང་རང་སར་གྲོལ་བའི་ཕྲིན་ལས་མཛད། །སྣང་བའི་དངོས་གཞི་གྲོལ་བའི་ཕྲིན་ལས་མཛད། །འཁོར་བའི་གནས་ནས་འདྲེན་པའི་ཕྲིན་ལས་མཛད། །སྡུག་བསྔལ་བདེ་བར་བྱེད་པའི་ཕྲིན་ལས་[277.3]མཛད། །ཐམས་ཅད་སངས་རྒྱས་ཡིན་ཤེས་ཕྲིན་ལས་ཆེན་པོ་མཛད། །ཞི་རྒྱས་དབང་དྲག་ལྷ་བུ་འདི་ཡིན་ནོ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཀྱི་ཕྲིན་ལས་བསྟན་པའི་ལེའུ་སྟེ་ལྔ་[277.4]པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་འདི་ཡེ་ནས་ཡོད་དམ་མེད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་འདི་ཡེ་ནས་མེད་མོད་[277.5]ཀྱང་། །མ་རིག་འགྱུ་བའི་རླུད་འདིས་འཁོར་འདས་གཉིས། །དཔེར་ན་ནམ་མཁའི་སྤྲིན་དང་མེ་ལོང་གཡའ། །གཞི་ལ་མེད་ཀྱང་ཤུགས་ལས་བྱུང་། །ཞེས་སོ། །དེ་ནས་འཁོར་གྱིས་ཡང་ཞུས་པས། །སེམས་དེ་ཡེ་ནས་[277.6]ཡོད་ན་རྟག་པར་ཐལ། །ཡེ་ནས་མེད་ན་ཆད་པར་ཐལ། །རྟག་ཆད་མཐའ་འདི་གང་གིས་སེལ། །ཞེས་སྟོན་པ་ལ་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་ཉིད་གཞི་ལ་གཟུགས་སུ་གྲུབ་པ་མེད། །དེ་[278.1]ཡིས་རྟག་པའི་མཐའ་སེལ་ལོ། །རྩལ་ལ་མ་འགགས་རོལ་པ་སྣ་ཚོགས་ཤར། །འོད་གསལ་ཡན་ལགས་རང་སྣང་བས། །དེ་ཡིས་ཆད་པའི་མཐའ་སེལ་ལོ། །སེམས་ཉིད་གཞི་ལ་རྩལ་ཐིམ་པས། །རྟག་ཆད་གཉིས་[278.2]མེད་མཐའ་སེལ་ལོ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཡོད་མེད་གཉིས་མེད་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་[278.3]ལ། །སེམས་འདི་ཡེ་ནས་སངས་རྒྱས་ཡིན་ནམ་མིན། །ཡིན་ན་སེམས་འདི་ཡེ་ནས་ཇི་ལྟར་འཁྲུལ། །མིན་ན་འཁོར་བ་ལྟེ་ཆད་འགྱུར། །ཞེས་ཞུས་པས། །སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་འདི་ཡེ་ནས་[278.4]སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བར་འཁྱམས། །མ་རིག་དབང་གིས་འཁོར་བར་སྣང་། །འཁོར་བ་ལྟེ་བ་ཆད་པ་མ་ཡིན་ཏེ། །འཁོར་བ་རྩད་ཆོད་མྱ་ངན་འདས། །ཞེས་གསུངས་སོ། །ནམ་[278.5]མཁའ་འབར་བའི་རྒྱུད་ལས། སེམས་ཡེ་ནས་སངས་རྒྱས་ཡིན་ཀྱང་དུག་ལྔ་མ་རིག་པའི་དབང་གིས་འཁོར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །ཡེ་[278.6]ནས་སངས་རྒྱས་ཡིན་ན་སེམས་ཅན་ཇི་ལྷར་འཁྲུལ། །སངས་རྒྱས་འཁྲུལ་ན་ཐུག་པ་མེད། །སེམས་དེ་སངས་རྒྱས་མིན་ན་སངས་རྒྱས་གང་ནས་འཚོལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་[279.1]པ། །སེམས་དེ་རྟོགས་པ་མངོན་དུ་གྱུར་བའི་སངས་རྒྱས་མིན། །སེམས་དེ་གཞི་ནས་ལྷུན་གྲུབ་སངས་རྒྱས་ཡིན། །གཞི་རང་བཞིན་ལྷུན་གྱིས་གྲུབ་པ་ལ། །རྩལ་དང་རིག་པ་ཟེར་འཁྲུལ་བས། །དུག་ལྔ་[279.2]ཉོན་མོངས་མ་རིག་དབང་གིས་སེམས་ཅན་འཁྲུལ། །སུས་ཀྱང་མ་ལན་རང་ངོ་མ་ཤེས་ཉེས། །སངས་རྒྱས་གཞན་ནས་མི་འཚོལ་ཏེ། །སེམས་ཉིད་རྟོགས་པས་སངས་རྒྱས་ཡིན། །འཁོར་བར་ངོ་ཤེས་མྱ་ངན་[279.3]འདས། །སེམས་ཉིད་ངོ་ཤེས་འཁྲུལ་དུ་མེད། །ཅེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་དེ་ཡེ་ནས་སངས་རྒྱས་ཡིན་ཀྱང་མ་རྟོགས་པས་གཞི་ལྷུན་གྲུབ་ལ་འཁྲུལ་པ་བསྟན་པའི་ལེའུ་སྟེ་བརྒྱད་[279.4]པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་ལ་ཡེ་ནས་དངོས་པོ་ཡོད་དམ་མེད། །དངོས་པོ་ཡོད་ན་སེམས་དེ་རྟག་པར་ཐལ། །དངོས་པོ་མེད་ན་ཆད་པར་ལྷུང་། །དེ་[279.5]ཉིད་ངོ་བོ་ཇི་ལྷར་ལགས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཁྱོད་ཀྱིས་ང་ལ་དྲིས་པ་ནི། །གཞི་ལ་འདྲི་འམ་རྩལ་ལ་འདྲི། །ཆོས་ཉིད་གཞི་ལ་འདྲི་བ་ན། །སེམས་ཀྱི་གཞི་ལ་དངོས་པོ་[279.6]མེད། །སེམས་ཀྱི་གཞི་ལ་གཟུགས་སུ་མེད། །སེམས་ཀྱི་གཞི་ལ་ཁ་དོག་མེད། །སེམས་དེ་ཅང་མེད་དངོས་མེད་ཐ་སྙད་མེད། །ཅེས་གསུངས་སོ། །རྩལ་ལ་དྲིའོ་ཟེར་བ་ན། །མཚན་ཉིད་མ་འགགས་སྣ་ཚོགས་འཆར་[280.1]བའི་ཕྱིར། །སྣང་སྲིད་དངོས་པོའི་ཆོས་རྣམས་གཞིའི་རྩལ་དུ་ཤར། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། །སེམས་ཀྱི་གཞི་ལ་དངོས་པོ་མེད་པ་ལ། རྩལ་ལ་དངོས་པོ་ཡོད་པར་བསྟན་པའི་ལེའུ་སྟེ་[280.2]དགུ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །སེམས་ལ་འཁྲུལ་པ་ཡོད་དམ་མེད། །འཁྲུལ་ཡོད་སེམས་དེ་སྐྱོན་དུ་འགྱུར། །སོལ་བ་ནག་པོའི་དཔེ་བཞིན་ནོ། །སེམས་ལ་[280.3]འཁྲུལ་པ་མེད་པ་ལ། །སེམས་ཅན་ཐམས་ཅད་གྲོལ་བར་རིགས། །དེ་གཉིས་འཕྲད་དེ་ཇི་ལྟར་བསལ། །ཞེས་སྟོན་པ་ལ་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་ཀྱི་གཞི་ལ་འཁྲུལ་པ་མེད། །རྩལ་ལ་[280.4]འཁྲུལ་སྣང་ལྟར་སྣང་ཀྱང་། །སེམས་ཀྱི་གཞི་ལ་གོས་པ་མེད། །དཔེར་ན་མན་ཤེལ་དག་པའི་ནང་། །དཀར་དམར་སྨན་དུག་བཟང་ངན་གང་སྣང་ཡང་། ཁྲེལ་གྱི་གཞི་ལ་གང་ཡང་གྲུབ་པ་མེད། །སྨན་དུག་སྣང་ལ་[280.5]གྲུབ་པ་མེད། །སྨན་མི་སྒྲུབ་ལ་དུག་མི་སྤང་། །ཤེལ་གོང་ནང་དུ་གཉིས་ཀ་དག །དེ་བཞིན་སེམས་ཀྱི་གཞི་ལ་ཡང་། །འཁྲུལ་སྣང་ཅིར་ཡང་སྣང་མོད་ཀྱང་། །བཟང་པོ་མི་བསྒྲུབ་ངན་མི་སྤང་། །སེམས་ཉིད་ཀ་དག་ངང་[280.6]དུ་འཁྲུལ་པ་དག །འཁྲུལ་སྣང་རང་བཞིན་མེད་དེ་སེམས་སུ་དག །ཅེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། །འཁྲུལ་པ་གཞི་ལ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རང་བྱུང་ངང་[281.1]དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །སེམས་ཅན་ཀུན་གྱིས་སེམས་འདི་མཉམ་ལགས་སམ། །མཉམ་ན་བཟང་ངན་འོང་བ་དང་། །བློ་རྣོ་རྟུལ་ཤེས་པ་ཆེ་ཆུང་འོང་བ་ཅི་ཡིས་ཉེས། །འོན་ཏེ་མི་[281.2]མཉམ་སེམས་བདག་བཟང་ངན་ཐ་དད་བདོག་ལགས་སམ། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། འཁོར་གྱི་དྲི་བ་གཉིས་པོ་དེ། །ཆོས་ཉིད་གཞི་ལ་དྲི་འམ་སྣང་ཚུལ་ཟེར་ལ་འདྲི། །སེམས་ཀྱི་གཞི་ལ་[281.3]འདྲི་བ་ན། །ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས། །མ་ཐ་དམྱལ་བའི་འཇིགས་ཚོགས་སུ། །སེམས་ཅན་མཐའ་ཡས་མ་ལུས་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་མཉམ་པོར་གནས། །དཔེར་ན་རྒྱ་ཞོ་མནན་པ་[281.4]འདྲ། །སེམས་ལ་བཟང་ངན་བྱེ་བྲག་མེད། །སེམས་ཉིད་གཞི་ལ་རྣོ་རྟུལ་མེད། ཁྲེས་པ་གསལ་མི་གསལ་དུ་མེད། །སྣང་ཚུལ་ཟེར་ལ་འདྲི་བ་ན། ཁེས་བྱའི་རང་བཞིན་མ་འགགས་པར། །བློ་རྣོ་རྟུལ་བཟང་ངན་ཤེས་[281.5]པ་གསལ་མི་གསལ་དུ་ཤུགས་ལས་འཁྲུལ། །དཔེར་ན་ཞིང་ས་གཅིག་པ་ལ་ས་བོན་མཉམ་པོར་བཏབ་ནས། །ཆུ་ལུད་མཉམ་པོར་བཏབ་ཀྱང་། བཟང་ངན་ནས་རྡོག་ཆེ་ཆུང་ཤུགས་ལས་འབྱུང་། ལྕགས་རྡོ་བཞུ་བཏུལ་[281.6]མཉམ་ཡང་། རྣོ་རྟུལ་བཟང་ངན་ཤུགས་ལས་འབྱུང་། ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཅན་ཐམས་ཅད་ལ་སེམས་དེ་མཉམ་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་[282.1]རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་ལ་གཏི་མུག་ཡོད་དམ་མེད། །གཏི་མུག་མེད་ན་ཡེ་ཤེས་མི་འཆར་ཅི་ཡིས་ཉེས། །ཡོད་ན་ཡེ་ཤེས་འཆར་རམ་ཞེས་ཞུས་པས། །སྟོན་པས་འཁོར་ལ་[282.2]བཀའ་སྩལ་པ། །འཁོར་གྱི་དྲི་བ་གཉིས་པོ་དེ། ཁེས་དང་མ་ཤེས་གང་ལ་འདྲི། །ཤེས་པ་དག་ལ་འདྲི་བ་ན། །རང་སེམས་ཤེས་པའི་འོད་གསལ་དང་། །གཏི་མུག་མ་རིག་ཡེ་ནས་མེད། །ཀ་དག་ཡེ་ཤེས་འོད་འབར་[282.3]གསལ། །དེ་ལ་བག་ཆགས་སྒྲིབ་གཡོགས་མེད། །མ་ཤེས་པ་ལ་འདྲི་བ་ན། །རང་ངོ་མ་ཤེས་མ་རིག་པས། །གཏི་མུག་བག་ཆགས་སྒྲིབ་པས་བསྒྲིབས། །ཡེ་གསལ་མ་རྟོགས་མུན་པའི་འཁོར་སྒོར་ཆུད། །ཅེས་གསུངས་[282.4]སོ། །ནམ་མཁའ་འབར་བའི་རྒྱུད་ལས། རང་ངོ་ཤེས་པ་ལ་མ་རིག་གཏི་མུག་མེད་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་ལ་[282.5]དུག་ལྔ་དུག་གསུམ་ཡོད་དམ་མེད། །ཡོད་ན་སྤངས་ཀྱང་མི་སྤོང་པ་རུ་འདུག །མེད་ན་འགྲོ་དྲུག་སེམས་ཅན་འཁོར་བར་འཁྱམས་པ་མི་རིགས་སོ། །ཞེས་ཞུསླ་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །འཁོར་གྱི་དྲི་[282.6]བ་གཉིས་པོ་དེ། །རྟོགས་དང་མ་རྟོགས་གང་ལ་འདྲི། །རྟོགས་པ་ལ་ནི་འདྲི་བ་ན། །དུག་ལྔ་དུག་གསུམ་མ་སྤངས་རང་གྲོལ་བས། །དུག་གསུམ་ཀ་དག་སྐུ་གསུང་ཐུགས། །དུ་་ལྔ་མིང་མེད་ཡེ་ཤེས་ལྔ། །ཞེས་[283.1]གསུངས་སོ། །མ་རྟོགས་པ་ལ་དྲི་བ་ན། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། དུག་ལྔ་དུག་གསུམ་རང་ཆས་ལྡན། །དེ་ཡིས་འགྲོ་དྲུག་འཁོར་བར་འཁྱམས། །ཞེས་གསུངས་སོ། །ནམ་མཁའ་[283.2]འབར་བའི་རྒྱུད་ལས། དུག་ལྔ་རྟོགས་པ་ལ་མེད་ཅིང་མ་རྟོགས་པ་ལ་ཡོད་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་ལ་དབྱིབས་[283.3]དང་ཁ་དོག་ཡོད་དམ་མེད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་ལ་དབྱིབས་དང་ཁ་དོག་མེད། །སེམས་ལ་གཟུགས་དང་མཚན་མ་མེད། །སེམས་ལ་ཡོད་མེད་རྩིས་གདབ་མེད། །ཡོད་པར་[283.4]མཐོང་བ་འཁྲུལ་པའི་བློ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། །སེམས་ལ་དབྱིབས་དང་ཁ་དོག་མེད་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་[283.5]མེད་ཀུན་གྲོལ་སྟོན་པ་ལ། །སེམས་འདི་རྟོགས་པས་སངས་རྒྱས་སམ། །ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་འདི་རྟོག་པ་དང་བཅས་པའི། །དྲན་སེམས་འདི་ཡིས་སངས་མི་རྒྱ། །སེམས་ཉིད་ཆོས་[283.6]སྐུ་ཡིན་པའི་ཕྱིར། །སེམས་ཉིད་རྟོགས་པས་སངས་རྒྱས་སོ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཀྱང་། །སེམས་ཉིད་རྟོགས་པས་སངས་རྒྱས་སོ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཉིད་རྟོགས་[284.1]པས་སངས་རྒྱས་པའི་ལེའུ་སྟེ་བཅོ་ལྔའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་དང་རིག་པ་ཡིད་དང་གསུམ་ལ་ཁྱད་པར་ཡོད་དམ་མེད། ཅེས་ཞུས་པས། སྟོན་པས་[284.2]འཁོར་ལ་བཀའ་སྩལ་པ། །འཁོར་གྱི་དྲི་བ་གསུམ་པོ་དེ། །གཞི་ལ་འདྲི་འམ་རྩལ་ལ་འདྲི། །གཞི་ལ་འདྲི་ན་དེ་གསུམ་ངོ་བོ་གཅིག་སྟེ་ཁྱད་པར་མེད། །རྩལ་ལ་འདྲི་ན་ཁྱད་པར་ཡོད། །བཟང་ངན་ཡོད་པ་མ་ཡིན་[284.3]ཏེ། །ཚོགས་པ་རགས་མི་རགས་སུ་ཡོད། །རིག་པ་སྐྱེ་མེད་མྱོང་བ་ཡོད། །ཡིད་དུ་འགྱུ་བས་དྲན་པ་འབྱུང་། །སེམས་སུ་གསལ་བས་མང་དུ་བཏགས། །བཏགས་ལ་ཞེན་པས་དགའ་མི་དགའ་རུ་སྐྱེ། ཞེས་གསུངས་[284.4]སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་དང་རིག་པ་ཡིད་དང་གསུམ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །སྙིང་པོ་ཆོས་ཉིད་ཆོས་[284.5]སྐུ་གསུམ་ལ་ཁྱད་པར་ཡོད་དམ་མེད། །ཞུསླ་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །དེ་གསུམ་གཞི་ལ་ཁྱདཔར་མེད། །ཡན་ལག་རྩལ་དང་མིང་འདོགས་ལ། །མིང་གི་བྱེ་བྲག་ཁྱད་པར་ཡོད། །སྙིང་པོ་ཆོས་ཉིད་[284.6]དབྱིངས་ལ་ཁྱད་པར་མེད། །ཅེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། དེ་གསུམ་གཞི་ལ་ཁྱད་པར་མེད་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་[285.1]སྟོན་པ་ཀུན་གྲོལ་ལ། །དབྱངས་དང་ཡེ་ཤེས་སྐྱེ་མེད་གསུམ་ལ་ཁྱད་པར་ཡོད་དམ་མེད། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །དེ་གསུམ་དོན་ལ་ཁྱད་པར་མེད། །མང་དང་བྱེ་བྲག་[285.2]ཁྱད་པར་ཡོད། །དབྱིངས་ནི་ཆོས་ཉིད་འདུས་མ་བྱས། །སྐྱེ་མེད་སྙིང་པོ་ཆོས་ཀྱི་སྐུ། །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ནས་ཡོད་པའི་ཤེས་པ་ཡི། །གསལ་འགྲིབ་མེད་པའི་ཤེས་པ་ཡིན། །ཞེས་གསུངས་སོ། །ནམ་[285.3]མཁའ་འབར་བའི་རྒྱུད་ལས། དབྱིངས་དང་སྐྱེ་མེད་ཡེ་ཤེས་གསུམ་ལ་ཁྱད་པར་མེད་པར་བསྟན་པའི་ལེའུ་སྟེ་བཅོ་བརྒྱདཔའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སྐུ་ལྔ་ཡེ་[285.4]ཤེས་ལྔ་དང་དུག་ལྔ་ཉོན་མོངས་ལྔ་ལ་ཁྱད་པར་ཡོད་དམ་མེད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །རྟོགས་ཤིང་གྲོལ་བའི་དུས་ན་ཁྱད་པར་མེད། །མ་རྟོགས་པ་ལ་ཁྱད་པར་ཆེ། །ཞེས་གསུངས་སོ།[285.5]དེ་ནས་ཡང་འཁོར་གྱིས་ཞུས་པ། །རྟོགས་པའི་སྐུ་ལྔ་ཡེ་ཤེས་ལྔ་ནི་ཇི་ལྟར་ལགས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྐུ་ལྔའི་དབྱེ་བ་བཤད་པ་ནི། སྙིང་པོ་གཏིང་མཐའ་ཡས་པའི་སྐུ་དང་།[285.6]སྔོན་ཐོག་མིང་མེད་མཐའ་བྲལ་གྱི་སྐུ་དང་། ཡེ་དག་ཀ་དག་སྐྱེ་བ་མེད་པའི་སྐུ་དང་། དངོས་མེད་ཟང་ཀའི་སྐུ་དང་། བྱར་མེད་བློ་འདས་ཀྱི་སྐུ་དང་ལྔའོ། །ཡེ་ཤེས་ལྔ་ལ་ཀ་དག་སྐྱེ་བ་མེད་པའི་ཡེ་ཤེས་དང་། འོད་[286.1]གསལ་ཀློང་ནས་གསལ་བའི་ཡེ་ཤེས་དང་། རང་བྱུང་ངང་དངས་གསལ་བའི་ཡེ་ཤེས་དང་། རང་གསལ་རང་སངས་རྒྱས་པའི་ཡེ་ཤེས་དང་། རང་སྣང་རང་སར་གྲོལ་བའི་ཡེ་ཤེས་དང་ལྔའོ། །དེ་ནི་ཐེག་པ་གཞན་ནས་[286.2]མ་བཤད་དེ། ཡང་ཏི་ཉི་ཟླའི་སྙིང་པོ་སྐུ་ལྔ་ཡེ་ཤེས་ལྔའོ། །རྟོགས་ལྡན་ལ་དུག་ལྔ་ཉོན་མོངས་ལྔ་མེད་དེ། ཡེ་ཤེས་ཀློང་ན་འཕྱོ་ཞེས་སོ། །མ་རྟོགས་དུག་ལྔས་ཁམས་གསུམ་འཁོར་བར་འཁྱམས། ཞེས་གསུངས་[286.3]སོ། །ནམ་མཁའ་འབར་བའི་རྒྱུད་ལས། རྟོགས་པ་ལ་དུག་ལྔ་དང་སྐུ་ལྔ་དབྱེར་མེད་དུ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སྣང་བ་རིག་པ་[286.4]སྟོང་པ་གསུམ་དུ་ཆོས་རྣམས་ཇི་ལྟར་གྲོལ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྣང་ཚད་ཡེ་ནས་རང་སོ་ལ། །དགག་བསྒྲུབ་སྤང་ལེན་མེད་པར་རང་སར་གྲོལ། །འགྱུ་བ་མེད་པའི་རིག་ཡིད་[286.5]ལ། །ཇི་ལྟར་སྣང་བའི་དངོས་པོའི་ཆོས་རྣམས་ལ། །མ་འགྱུ་མིང་གི་མི་དྲན་སེམས་མི་འཆར། །རིག་ཡིད་རྒྱ་ལ་འགྱུ་ཡང་ངང་དངས་རང་སར་གྲོལ། །གང་སྐྱེས་རང་སར་ཐིམས་པས་འཁྲུལ་པ་རྩད་ནས་བཅད། །རིག་[286.6]པས་རྩད་ནས་བཅད་པའོ། །ཀུན་གཞི་རྩད་ནས་བཅད་པ་ནི། སྟོང་གསལ་དངོས་མེད་བག་ཆགས་སྒྲིབ་གཡོག་མེད། །འདོད་རློམ་རྩིས་གདབ་མེད་དེ་སེམས་ཉིད་རྩད་ནས་བཅད། །དེ་གསུམ་དྲིལ་ནས་བསྟན་པ་[287.1]ནི། །གང་སྣང་ཡུལ་རྣམས་རང་གྲོལ་སངས། །གང་སྐྱེས་རིག་པ་རང་རླགས་དང་། །གང་དྲན་དྲན་སེམས་རྩིས་གདབ་མེད་པར་ཞི། །དེ་གསུམ་ཇི་ལྟར་གྲོལ་ཞེ་ན། །སྣང་སྲིད་ཆོས་རྣམས་སྟོང་པར་[287.2]གྲོལ། །ཡིད་རིག་དྲན་བློ་རང་བྱུང་རང་སར་གྲོལ། །སེམས་དེ་ཀུན་གཞིའི་ཀློང་ན་གྲོལ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སྣང་བ་སྟོང་པ་རིག་པ་གསུམ་དུ་ཆོས་རྣམས་གྲོལ་བར་བསྟན་པའི་[287.3]ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །གྲོལ་བར་བྱེད་པའི་གདམས་ངག་ཇི་ལྟར་བཤད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། སྣང་བ་རིག་[287.4]པ་སྟོང་པ་གསུམ་དུ་གྲོལ་བའི་གདམས་ངག་ནི། དེ་ལ་སྣང་བའི་ཆོས་རྣམས་ཀུན། །རང་གནས་རང་སོར་དབྱེ་བསལ་མེད་པར་གྲོལ། །རིག་སྐྱེས་མྱང་བའི་ཆོས་རྣམས་ཀུན། །རིག་མེད་འཛིན་མེད་ཞེན་མེད་གསུམ་དུ་[287.5]གྲོལ། །སྟོང་པ་ཀུན་གཞིའི་ཆོས་རྣམས་ཀུན། །བག་ཆགས་སྙོམས་བྱེད་སྒྲིབ་གཡོགས་མེད་པར་གྲོལ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། གྲོལ་བར་བྱེད་པའི་གདམས་ངག་བསྟན་པའི་ལེའུ་སྟེ་[287.6]ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་ཀྱི་སྣང་ཚུལ་སྣ་ཚོགས་པ། །མདོ་དོན་གཅིག་ཏུ་ཇི་ལྟར་བསྡུ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་[288.1]བཀའ་སྩལ་པ། །སེམས་ཀྱི་སྣང་ཚུལ་བསམ་མི་ཁྱབ། །དེ་ཡི་སྣང་ཚུལ་བསྡུས་ཏེ་བཤད། །སྣང་ཚུལ་དེ་རྣམས་ནི། གཞི་ལ་རླུང་ལྔ་སེམས་ཀྱི་སྣང་ཚུལ་ཡིན། །འབྱུང་ལྔ་འོད་ལྔ་སེམས་ཀྱི་སྣང་ཚུལ་ཡིན། །འོད་ལྔ་ཟེར་[288.2]ལྔ་སེམས་ཀྱི་སྣང་ཚུལ་ཡིན། །ཤེས་དང་མ་ཤེས་སེམས་ཀྱི་སྣང་ཚུལ་ཡིན། །རིག་དང་མ་རིག་སེམས་ཀྱི་སྣང་ཚུལ་ཡིན། །སྟོང་པ་གསལ་བ་འགག་མེད་སེམས་ཀྱི་སྣང་ཚུལ་ཡིན། །རང་བཞིན་སྟོང་པ་ཐུགས་རྗེ་སེམས་[288.3]ཀྱི་སྣང་ཚུལ་ཡིན། །དུག་གསུམ་སྐུ་གསུམ་ཡིད་འཁོར་རྣམས་གསུམ་སེམས་ཀྱི་སྣང་ཚུལ་ཡིན། །འཆར་སྒོ་འཁྲུལ་སྒོ་སེམས་ཀྱི་སྣང་ཚུལ་ཡིན། །ཡིད་རིག་སོ་སོར་ཞབྲུལ་པ་སེམས་ཀྱི་སྣང་ཚུལ་ཡིན། །འཁྲུལ་[288.4]འབྲས་གཟུགས་ལྔ་སེམས་ཀྱི་སྣང་ཚུལ་ཡིན། །རྟོགས་དང་མ་རྟོགས་སེམས་ཀྱི་སྣང་ཚུལ་ཡིན། །སངས་རྒྱས་སེམས་ཅན་སེམས་ཀྱི་སྣང་ཚུལ་ཡིན། །འཁོར་བ་མྱང་འདས་སེམས་ཀྱི་སྣང་ཚུལ་ཡིན། །སྣང་སྲིད་སྣོད་[288.5]བཅུད་སེམས་ཀྱི་སྣང་ཚུལ་ཡིན། །སྐྱེས་པ་བུད་མེད་རྩི་ཤིང་ནགས་ཚལ་སེམས་ཀྱི་སྣང་ཚུལ་ཡིན། །ཡོད་མེད་དངོས་པོའི་ཆོས་རྣམས་སེམས་ཀྱི་སྣང་ཚུལ་ཡིན། །ཞེས་གསུངས་སོ། །མདོ་དོན་གཅིག་ཏུ་བསྡུ་བ་[288.6]ནི། །བརྒྱད་ཁྲི་བཞི་སྟོང་ཐེག་པ་རྣམས། །རྫོགས་པ་སྤྱི་གཅོད་སྤྱི་ཏིར་འདུས། །བློས་བཏགས་ཆོས་རྣམས་ཐམས་ཅད་ཀུན། །བློ་འདས་མིང་མེད་ཆེན་པོར་འདུས། །བསམ་གྱིས་མི་ཁྱབ་ཆོས་འདི་རྣམས། །བསམ་མེད་[289.1]ཆེན་པོའི་ངང་དུ་འདུས། །སྣོད་བཅུད་སྣང་སྲིད་དངོས་པོའི་ཆོས་རྣམས་ཀུན། །མུ་མེད་གཏིང་མཐའ་གྲོལ་བར་བསྡུས། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། མདོ་དོན་གཅིག་ཏུ་[289.2]བསྡུས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །སེམས་ཀྱི་ཐག་ནི་གང་དུ་བཅད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྐྱེ་[289.3]མེད་མཚོན་དུ་མེད་པར་ཐག་བཅད་དོ། །སྙིང་པོ་འཕོ་འགྱུར་མེད་པར་ཐག་བཅད་དོ། །ཆོས་སྐུ་རྐྱེན་དང་བྲལ་བར་ཐག་བཅད་དོ། །དངོས་མེད་ཟང་ཀར་ཐག་བཅད་དོ། །བྱར་མེད་བློ་འདས་ཐག་བཅད་དོ། །མིང་[289.4]མེད་བརྗོད་ལས་འདས་པར་ཐག་བཅད་དོ། །མུ་མཐའ་གྲོལ་བར་ཐག་བཅད་དོ། །གཏིང་མཐའ་ཡས་པར་ཐག་བཅད་དོ། །ཆོས་ཉིད་ཀ་དག་ཆེན་པོར་ཐག་བཅད་དོ། །དངོས་པོ་མེད་པར་ཐག་ཀྱང་བཅད། །ངོས་[289.5]གཟུང་མེད་པར་ཐག་ཀྱང་བཅད། །ཡུལ་སེམས་མེད་པར་ཐག་ཀྱང་བཅད། །དགག་བསྒྲུབ་སྤང་ལེན་མེད་པར་ཐག་བཅད་དོ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཀྱི་ཐག་བཅད་པའི་ལེའུ་[289.6]སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་ཀྱི་ལ་ནི་གང་དུ་བཟླ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་ཀྱི་ལ་ནི་ཆོས་ཉིད་[290.1]ཀླང་དུ་བཟླ། །སེམས་ཀྱི་ལ་ནི་སྙིང་པོའི་ཀློང་དུ་བཟླ། །སེམས་ཀྱི་ལ་ནི་དངོས་མེད་ཟང་ཀར་བཟླ། །སེམས་ཀྱི་ལ་ནི་མ་བཅོས་རྣལ་མར་བཟླ། །སེམས་ཀྱི་ལ་ནི་དངོས་གཞི་མེད་པར་བཟླ། །སེམས་ཀྱི་ལ་ནི་སྐྱེ་བ་[290.2]མེད་པར་བཟླ། །སེམས་ཀྱི་ལ་ནི་མིང་མེད་བློ་འདས་ཆེན་པོར་བཟླ། །སེམས་ཀྱི་ལ་ནི་སངས་རྒྱས་ཆོས་དང་དགེ་འདུན་མེད་པར་བཟླ། །སེམས་ཀྱི་ལ་ནི་སྐུ་ལྔ་ཡེ་ཤེས་ལྔ་ཡང་མེད་པར་བཟླ། །རིག་པ་ཡིད་སེམས་[290.3]མེད་པར་ལ་བཟླའོ། །ཐེག་ཆེན་ཆོས་མེད་གྲུབ་མཐའ་མེད་པར་ལ་བཟླའོ། །སྣང་མེད་རིག་མེད་འགྱུ་སེམས་མེད་པར་ལ་བཟླའོ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཀྱི་ལ་བཟླ་བསྟན་[290.4]པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སེམས་ཉིད་ཕུགས་སུ་ཇི་ལྟར་བསྐྱལ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཞབྲུལ་ཆོད་[290.5]རྟོག་སངས་ཕུགས་སུ་སྐྱོལ། །བློ་ཟད་དྲན་མེད་ཕུགས་སུ་སྐྱོལ། །ཆོས་མེད་ཐེག་མེད་ཕུགས་སུ་སྐྱོལ། །ཉམས་རྟགས་མངོན་ཤེས་མེད་པའི་ཕུགས་སུ་སྐྱོལ། །རིགས་མེད་སེམས་རླག་འོད་གསལ་ཕུགས་སུ་[290.6]སྐྱོལ། །སྔོན་ཐོག་དང་པོའི་ཕུགས་སུ་སྐྱོལ། །ཆོས་ཉིད་གསང་བའི་ཕུགས་སུ་སྐྱོལ། །སྙིང་ངོ་ཆོས་སྐུ་ལྷུན་གྲུབ་ཕུགས་སུ་སྐྱོལ། །སྔོན་ཐོག་ཀ་དག་ཕུགས་སུ་སྐྱོལ། །ཐོག་མ་འོད་མི་འགྱུར་བའི་ཕུགས་སུ་སྐྱོལ། །འོད་[291.1]བཀོལ་པ་མེད་པའི་ཕུགས་སུ་སྐྱོལ། །འོད་འཕྲོ་འདུ་དང་འཕེལ་འགྲིབ་མེད་པའི་ཕུགས་སུ་སྐྱོལ། །མིང་མེད་མཐའ་སྟོང་ཕུགས་སུ་སྐྱོལ། །མུ་མཐའ་གྲོལ་བའི་ཕུགས་སུ་སྐྱོལ། །གཏིང་མཐའ་ཡས་པའི[291.2]ཕུགས་སུ་སྐྱོལ། །མཐའ་བྲལ་བློ་འདས་ཀྱི་ཕུགས་སུ་སྐྱོལ། །ཡེངས་མེད་གཏིང་མེད་དངོས་མེད་སྟོང་པའི་ཕུགས་སུ་སྐྱོལ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཉིད་ཕུགས་སུ་སྐྱོལ་བའི་[291.3]ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །ཕུགས་སུ་སྐྱོལ་བར་བྱེད་པའི་གདམས་པ་གང། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཕུགས་སུ་[291.4]སྐྱོལ་བར་བྱེད་པའི་གདམས་པ་ནི། །མུ་མཐའ་གྲོལ་བའི་གདམས་ངག་ཡིན། །གཏིང་མཐའ་ཡས་པའི་གདམས་ངག་ཡིན། །མིང་མེད་མཐའ་སྟོང་གདམས་ངག་ཡིན། །སྐྱེ་མེད་ཀ་དག་གདམས་པ་ཡིན། །དངོས་མེད་[291.5]ཟང་ཀའི་གདམས་པ་ཡིན། །གཤིས་ཀྱི་འདུག་ཚུལ་གདམས་པ་ཡིན། །དངོས་པོའི་གནས་ལུགས་ཤེས་བྱའི་བབས་ཀྱི་གདམས་པ་ཡིན། །སྙིང་པོ་ངེས་པ་དེ་ཁོ་ན་ཉིད་ཀྱི་གདམས་པ་ཡིན། །མ་ནོར་མ་བཅོས་དེ་ཁོ་ན་[291.6]ཉིད་ཀྱི་གདམས་པ་ཡིན། །བྱར་མེད་བློ་འདས་གདམས་ངག་ཡིན། །རེ་མེད་རང་གནས་གདམས་ངག་ཡིན། །མིང་མེད་མཐའ་བྲལ་གདམས་ངག་ཡིན། །རྩད་ཆོད་བློ་འདས་རིག་མེད་ཆོས་ཕོར་གདམས་ངག་[292.1]ཡན། །སྙང་པོ་མུ་མེད་མཐའ་བྲལ་གྱ་ཕུགས་སུ་སྐྱོལ། །ཞེས་གསུངས་སོ། །ནམ་མཁའ་འབར་བའ་རྒྱུད་ལས། ཕུགས་སུ་སྐྱོལ་བར་བྱེད་པའ་གདམས་པ་བསྟན་པའ་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་རང་བྱུང་[292.2]ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །སེམས་ཀྱི་དཔེ་ནི་གང་དུ་བསྟན། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་ཀྱི་དཔེ་ནི་ནམ་མཁའ་བསྟན། །དངོས་མེད་སྟོང་གསལ་ཁྱབ་ལ་[292.3]ཕྱོགས་རིས་མེད། །ཅེས་གསུངས་སོ། །དེ་ཡང་སྙིང་པོ་ཡན་ལག་སྣང་ཚུལ་འཁྲུལ་པའི་དཔེ་བསྟན་པ་དང་། ཞིང་ས་གསེར་དང་མཚོ་ལ་དར་ཆགས་གསུམ། ཀུན་གཞི་སྙིང་པོ་ཆོས་ཉིད་མཚོན་པའི་དཔེ་རུ་བསྟན།[292.4]ཙན་དན་གླ་རྩི་སྒོག་པ་གསུམ། ཤུགས་འབྱུང་འགགས་མེད་རིག་པའི་དཔེ་རུ་བསྟན། འོད་དང་རྩལ་དང་ཟེར་གྱི་དཔེ་རུ་ནི། ཉི་མའི་སྙིང་པོ་འོད་དང་ཟེར་གྱི་དཔེ་རུ་བསྟན། མ་ངེས་ངོ་བོ་མི་འགྱུར་ག་པུར་དཔེ་བཞན་[292.5]བསྟན། །སྣང་ཚུལ་དཔེ་ནི་ཕུག་རོན་སྐད་བཞིན་ནོ། །འཁྲུལ་དཔེ་ཐག་པ་ཐོ་ཡོར་སྨིག་རྒྱུ་ལ། །སྦྲུལ་དང་མི་དང་ཆུར་འཁྲུལ་དཔེ་བཞིན་ནོ། །སེམས་ཉིད་རང་གྲོལ་སྦྲུལ་གྱི་མདུད་པའི་དཔེ། །འཁྲུལ་པ་ལྡོག་པའི་དཔེ་[292.6]ནི། ལན་ཚྭ་ཆུར་ཐིམ་ཤ་བཙོན་གདོས་གྲོལ་འདྲ། སེམས་དང་ཆོས་འདྲེས་དཔེ་ནི། ཆུ་ལ་ཆུ་བུར་རང་ཐིམ་རྡོ་ཚན་ཁ་བ་འདྲ། མ་བུ་དབྱེ་བ་མེད་པའི་དཔེ་ནི། ཡུར་ཆུས་རྒྱ་མཚོར་སླེབས་དང་འདྲ། །ཆུ་དང་འོ་མ་འདྲེས་[293.1]པ་འདྲ། །འདྲ་བཞི་ཡོད་པས་དཔེ་ཡི་ཐོག་ཏུ་བབས། །དངོས་གཞི་མེད་པས་དཔེས་ཀྱང་མཚོན་དུ་མེད། །འདྲ་བའི་སྒོ་ནས་དཔེ་དང་ཚུལ་བསྟུན་དགོས་པ་ཡོད། །ཅེས་གསུངས་སོ། །ནམ་མཁའ་འབར་[293.2]བའི་རྒྱུད་ལས། སེམས་ཉིད་དཔེའི་སྒོ་ནས་བསྟན་ཅིང་གཏན་ལ་དབབ་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སངས་རྒྱས་སེམས་ཅན་གཞི་[293.3]གཅིག་གམ། །གཅིག་ན་འཁོར་འདས་གཉིས་སུ་འོང་བ་ཇི་ལྟར་ཡིན། །མི་གཅིག་འཁོར་འདས་འབྲེལ་མེད་དམ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །གཞི་ལྔ་མཁའ་ཀློང་རྣམ་དག་ཀུན་གཞི་སྤྱི་[293.4]ས་སྲ །སངས་རྒྱས་སེམས་ཅན་གཞི་གཅིག་པས། །མཉམ་པ་ཉིད་དུ་གནས་པ་ཡིན། །དཔེར་ན་མཚོ་ལ་དར་ཆགས་འདྲ། །ཞེས་གསུངས་སོ། །དེ་ནས་འཁོར་གྱིས་སྟོན་པ་ཉིད་ལ་ཞུས་པ། གཅིག་ན་གཉིས་སུ་འོང་བ་[293.5]ཅི་ཡིན་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སངས་རྒྱས་སེམས་ཅན་གཞི་གཅིག་ཀྱང་། །ཀུན་གཞིའི་རྣམ་ཤེས་གཞི་དེ་ལ། །འགྱུ་བ་རླུང་གི་རྒྱུ་ཉིད་ལས། །མ་རིག་སྒྲིབ་གཡོགས་རྐྱེན་བྱས་ནས། །མུན་[293.6]པའི་འཁོར་སྒོ་གཉིས་སུ་འཁྲུལ། །གཞི་དེ་རྟོགས་དང་མ་རྟོགས་རྣམས་གཉིས་ལས། །སངས་རྒྱས་སེམས་ཅན་གཉིས་སུ་བྱུང་། །འཁོར་བ་མྱང་འདས་གཉིས་སུ་སྣང་། །སྣང་ཡང་འཁོར་འདས་འབྲེལ་ཡིན་ཏེ། །འཁོར་[294.1]བའི་རང་བཞིན་ཤེས་པ་མྱ་ངན་འདས། །རྟོགས་ལྡན་རྣམས་ལ་འཁོར་འདས་དབྱེར་མེད་ཅིང་། །འབྲེལ་མེད་མ་ཡིན་ཆོས་ཉིད་དབྱིངས་སུ་གཅིག །ཅེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སངས་རྒྱས་[294.2]སེམས་ཅན་གཞི་གཅིག་པར་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །མ་རིག་ཡེ་ཤེས་ངོ་བོ་གཅིག་མི་གཅིག །མི་གཅིག་འབྲེལ་པ་མེད་[294.3]ལགས་སམ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །མ་རྟོགས་མ་རིག་པ་ཡིན་ཀྱང་། །རྟོགས་ན་མ་རིག་མ་ཡིན་ཏེ། །དེ་ཕྱིར་རིག་པའི་ཡེ་ཤེས་ཡིན། །དེ་ཕྱིར་མ་རིག་ཡེ་ཤེས་ཐ་དད་མིན། །མ་རྟོགས་[294.4]རྟོགས་པས་ལམ་འདིར་གཅིག །འབྲེལ་མེད་ཐ་དད་མ་ཡིན་ངོ་བོ་གཅིག །དཔེར་ན་ག་བུར་གཞི་གཅིག་ལ། ནད་ཚ་གྲང་རྐྱེན་གྱིས་ཐ་དད་གཉིས་སྣང་ཀྱང་། །ཐ་དད་བྱེ་བྲག་གཉིས་མེད་ག་བུར་ངོ་བོར་གཅིག །ཅེས་[294.5]གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། མ་རིག་ཡེ་ཤེས་ངོ་བོ་གཅིག་ལ་རྟོགས་མ་རྟོགས་ཀྱིས་ཐ་དད་པར་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་[294.6]གྲོལ་སྟོན་པ་ལ། །འཁོར་འདས་གཉིས་ཀྱི་གྱེས་མདོ་གང་ཙམ་ལགས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །འཁོར་འདས་གཉིས་ཀྱི་གྱེས་མདོ་ནི། །ཤེས་དང་མ་ཤེས་གྱེས་མདོ་དང་། །འགྱུ་དང་མི་[295.1]འགྱུའི་གྱེས་མདོ་དང་། །ཟིན་དང་མ་ཟིན་གྱེས་མདོ་དང་། །རིག་དང་མ་རིག་གྱེས་མདོ་དང་། །འཆར་སྒོ་འཁྲུལ་སྒོའི་གྱེས་མདོ་ཡིན། །རྟོགས་དང་མ་རྟོགས་གྱེས་མདོ་ཡིན། །སངས་རྒྱས་སེམས་ཅན་[295.2]གྱེས་མདོ་ཡིན། །ལྡོག་བཅས་གཉིས་ཀྱི་གྱེས་མདོ་དང་། །འཁྲུལ་ལྡོག་གཉིས་ཀྱི་གྱེས་མདོ་ཡིན། །མདོར་ན་དབྱིངས་སྟོང་པ་གསལ་བ་འགག་མེད་གྱེས་མདོ་ཡིན། །ཅེས་སོ། །ནམ་མཁའ་འབར་བའི་རྒྱུད་ལས།[295.3]སངས་རྒྱས་སེམས་ཅན་གྱི་གྱེས་མདོ་བསྟན་པའི་ལེའུ་སྟེ་སུམ་བཅུ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །བློས་བཏགས་ཆོས་རྣམས་ཡོད་དམ་མེད། བྱར་མེད་བློ་འདས་[295.4]གང་ལ་ཟེར། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །འཁོར་གྱི་དྲི་བ་གཉིས་པོ་དེ། །རྟོགས་དང་མ་རྟོགས་གང་ལ་འདྲི། །མ་རྟོགས་པ་ལ་འདྲི་བ་ན། །ཇི་སྲིད་རྣམ་རྟོག་བློ་འཁྲུལ་མ་ཟད་པར། །བློས་[295.5]བཏགས་ཆོས་རྣམས་ཟད་པ་མེད་པ་ཡོད། །རྣམ་རྟོག་འཁྲུལ་པ་མ་ཟད་པར། །བློས་བཏགས་ཆོས་རྣམས་ཡོད་པར་གསུངས། །རྣམ་རྟོག་འཁྲུལ་པ་ཟད་པ་ན། །བློས་བཏགས་ཆོས་རྣམས་གཅིག་ཀྱང་ཡོད་མ་ཡིན། །བློ་[295.6]ཟད་བློས་བཏགས་ཆོས་རྣམས་ཟད། །ཅེས་གསུངས་སོ། །དེ་ནས་འཁོར་གྱི་སྟོན་པ་ལ་ཞུས་པ། །བྱར་མེད་བློ་འདས་གང་ལ་ཟེར། །ཞེས་ཞུས་པ་དང་། །སྟོན་པས་འཁོར་ལ་བཀའ་སྩལ་པ། །བློ་དང་དངོས་པོ་འཕྲད་[296.1]ནས་ཆོས་དང་སེམས་འདྲེས་ཙམ་ན། རིག་རླག་སེམས་མེད་ཡིད་ཀྱི་རྣམ་རྟོག་ཟད། །བྱ་བའི་ཡུལ་མེད་རྩོལ་བསྒྲུབ་སེམས་དང་བྲལ། །བློ་འདས་དོན་ལ་བློས་བཏགས་ཆོས་རྣམས་མེད། །ཅེས་གསུངས་སོ། ། ནམ་[296.2]མཁའ་འབར་བའི་རྒྱུད་ལས། བློ་བཏགས་ཆོས་རྣམས་མེད་པར་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །བློས་བཏགས་ཆོས་དེ་ཚིག་གིས་[296.3]བཏགས་མ་བཏགས། བཏགས་ན་བློ་འདས་ཆོས་དང་ཁྱད་པར་ཅང་བདོག་གམ། ཅི་སྟེ་ཞེ་ན་གཉིས་ཀ་ཚིག་གིས་མཚོན་ཅིང་མིང་དུ་བཏགས་པའི་ཕྱིར། ཞེས་སྟོན་པ་ལ་ཞུས་པ། སྟོན་པས་འཁོར་ལ་བཀའ་སྩལ་པ།[296.4]བློས་བཏགས་ཆོས་དང་བློ་འདས་མིང་མེད་གཉིས། །དེ་གཉིས་ཚིག་དང་དོན་ལ་ཁྱད་པར་ཆེ། །ཚིག་ཁྱད་དོན་ཁྱད་བསྟན་གྱིས་འཁོར་རྣམས་ཉོན། །འཁོར་གྱི་བློ་འདས་ཆོས་དེ་ཚིག་གིས་བཏགས་མ་བཏགས། ཞེས་[296.5]དྲེས་པ་དེ་ཁྱེད་རང་འཁོར་གྱིས་དྲིས་ཤིང་ང་ཡིས་མཚོན་པ་ལས། །འཁོར་གྱི་རྟོག་པ་བསལ་ཕྱིར་གོ་བ་ལས། །བློ་འདས་ཚིག་ཏུ་བཏགས་པ་ལས། །བློ་འདས་ཉིད་ལ་མཚོན་བྱ་མཚོན་བྱེད་མེད། །བློ་འདས་ཉིད་ལ་[296.6]ཚག་གིས་གདགས་སུ་མེད། །མིང་མེད་བློ་འདས་དོན་ལ་མིང་ཚིག་བརྡའ་ཆད་མེད། །མིང་མེད་མཐའ་བྲལ་བློ་ཡི་སྤྱོད་ཡུལ་གྲོལ། །མུ་དང་མཐའ་གྲོལ་གཏིང་མཐའ་བརྗོད་པའི་ཐ་སྙད་ཚིག་གི་ཡུལ་ལས་[297.1]འདས། །འཁོར་གྱི་རྟོག་པ་བསལ་ཕྱིར་ལས། །བློ་འདས་ཉིད་ལ་དངོས་མེད་མིང་ཚིག་བཏགས་པ་མེད། །དེ་ཕྱིར་བློས་བཏགས་ཆོས་ལས་ཁྱད་པར་འཕགས། །དེ་ཡང་ཇི་ལྟར་འཕགས་ཞེ་ན། །ཨ་ཏི་[297.2]མན་ཆད་བློས་བཏགས་ཆོས་རྣམས་ནི། །བློ་ཡིས་རང་རང་གྲུབ་མཐར་བཏགས་ཤིང་། །བློས་བཏགས་གྲུབ་པའི་མཐའ་ལ་ཞེན། །དངོས་མེད་མིང་མེད་བློ་འདས་ཆེན་པོ་ལ། །དེ་དོན་མ་རྟོགས་ཐེག་པ་རིམ་དགུ་[297.3]ཡི། །ལྟ་བ་བློས་བཏགས་ཚིག་ལ་ཞེན། །སྒོམ་པ་བློས་བསྒོམ་མིང་ཚིག་ཞེན་དང་བཅས། །སྤྱོད་པ་ཆེད་བྱས་ཆགས་སྡང་ཞེན་དང་བཅས། །འབྲས་བུ་རེ་དོགས་ཡིད་སྨོན་རྩོལ་སྒྲུབ་བྱེད། །རང་ལྟར་མིང་བཏགས་བློས་[297.4]བཏགས་ཚིག་ལ་ཞེན་པའི་ཐེག་དགུ་ཡིས། །བློས་བཏགས་གྲུབ་པའི་མཐའ་ལ་ཞེན་ནས་གཞན་ལྟ་རྒྱབ་ཀྱིས་ཕྱོགས། །དངོས་མེད་བློས་བཏགས་རྟོག་པའི་ཚིག་ལ་ཞེན། །སྣང་བཏགས་གཟུང་ཞེན་བློས་བཏགས་ཐེག་[297.5]པ་ཡིས། །རང་གམ་བཞག་ནས་རྒྱང་དུ་བཙལ། །བཙལ་བས་བསྐལ་པ་བརྒྱར་ཡང་རྙེད་མི་འགྱུར། །དམུས་ལོང་ནམ་མཁའི་མཐའ་འཚོལ་འདྲ། །བློས་བཏགས་ཆོས་རྣམས་མ་ཟད་ན། །བསྐལ་པ་བརྒྱར་ཡང་རྙེད་མི་[297.6]འགྱུར། །མེད་ཅིང་སྟོང་པའི་ཆོས་ལ་མཚོན་པ་བཏགས་པའི་བློས་བཏགས་ནས། །ཚིག་གི་མཐའ་ལ་ཞེན་ཅིང་མིང་བཏགས་ཆོས་ལ་ཆགས། །མིང་མེད་མཐའ་སྟོང་བློ་ཟད་མ་རྟོགས་ན། །ནམས་ཀྱང་འཁོར་བའི་[298.1]འདམ་ནས་ཐོན་དུས་མེད། །དེ་ཕྱར་བློས་བཏགས་བློ་འདས་གཉས་ཀྱ་ཁྱད་པར་རོ། །ཧྲལ་གྱས་ ལ་ནས་བསྟན་པ་ན། །བློ་འདས་ ང་མེད་རང་ལ་ཞེན་ཀྱང་བློ་ཆོས་ཡན། །བློས་བཏགས་ཆོས་ཟད་ཞེན་ཅང་ཆགས་[298.2]པ་མེད་ན་བློ་འདས་ཡིན། །བློ་འདས་ཆོས་ནི་གཏིང་མཐའ་གྲོལ། །བློས་བཏགས་ཆོས་ནི་བློ་ཡི་བཏགས་ཤིང་གྲུབ་པའི་མཐའ་ལ་ཞེན། །དེ་ཕྱིར་བློ་ཆོས་བློ་འདས་གཉིས་ཀྱི་ཁྱད་པར་རོ། །ཞེས་གསུངས་སོ། །ནམ་[298.3]མཁའ་འབར་བའི་རྒྱུད་ལས། བློ་འདས་ཚིག་ཏུ་བཏགས་ཀྱང་མུ་མཐའ་གྲོལ་ཞིང་མིང་མེད་མཐའ་སྟོང་བློ་འདས་ཀློང་དུ་གྱུར་པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་[298.4]པ་ཀུན་གྲོལ་ལ། །སྣང་བཏགས་ཆོས་རྣམས་གང་དུ་བསྡུ། །ཞེས་ཞུསླ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྣང་བའི་ཆོས་རྣམས་སྟོང་པར་བསྡུ། །བློས་བཏགས་ཆོས་རྣམས་མིང་མེད་བློ་འདས་ངང་དུ་[298.5]བསྡུ། །ཡང་ན་སྣང་སྲིད་ཆོས་རྣམས་རང་སར་གྲོལ་བར་བསྡུ། །མིང་བཏགས་ཆོས་རྣམས་བསྟན་དུ་མེད་པར་བསྡུ། །ཡང་ན་སྣང་བའི་ཆོས་རྣམས་བཟང་ངན་དགག་བསྒྲུབ་མེད་པར་བསྡུ། །བཏགས་ཆགས་མཚོན་[298.6]བརྗོད་མེད་པར་བསྡུ། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། སྣང་བཏགས་བསྡུ་བའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །ཆོས་[299.1]མེད་བློ་ཟད་མཐའ་རུ་གང་དུ་བསྐྱལ། །ཞེས་ཞུས་པ་དང་། །སྟོན་པས་འཁོར་ལ་བཀའ་སྩལ་པ། །ཆོས་རྣམས་གྲུབ་མཐའ་མེད་པ་ཐེག་པའི་ཕུགས་སུ་སྐྱོལ། །བློ་ཟད་རྣམ་རྟོག་ཟད་པ་ཆོས་ཉིད་ཕུགས་[299.2]སུ་སྐྱོལ། །ཡིད་རིག་སེམས་ཀྱི་ཆགས་སྡང་མེད་པ་ངང་དངས་ཕུགས་སུ་སྐྱོལ། །ཐེག་མེད་འཇུག་སྒོ་མེད་པ་ཡང་ཏིའི་ཕུགས་སུ་སྐྱོལ། །ཅེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། ཆོས་རྣམས་མུ་མཐའ་[299.3]ཡས་ལ་གཏིང་མཐའ་སྟོང་པའི་མཐའ་རུ་སྐྱལ་བའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་ལ། །དངོས་པོའི་ཆོས་རྣམས་ལ་བཟླ་ཇི་ལྟར་ལགས། །ཞེས་ཞུས་[299.4]པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །དངོས་པོའི་ཆོས་རྣམས་དངོས་མེད་ཆེན་པོར་བཟླ། །དངོས་པོའི་ཆོས་རྣམས་སྟོང་པ་ཆེན་པོར་བཟླ། །དངོས་པོ་སྣ་ཚོགས་དངོས་པོ་མེད་པར་གྲོལ། །ཞེས་གསུངས་[299.5]སོ། །ནམ་མཁའ་འབར་བའི་རྒྱུད་ལས། དངོས་པོ་སྣང་གྲགས་གི་ཆོས་ཐམས་ཅད་དངོས་མེད་ཆེན་པོར་ལ་བཟླ་བའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་[299.6]ལ། །ཀྲི་ཡོག་མན་ཆད་དགོས་པ་མེད། །བསྐྱེད་རྫོགས་གསུམ་དང་སྤྱི་ཏི་ཡང་ཏི་ཡི། །མིང་གི་ངེས་ཚིག་ཇི་ལྟར་ལགས། །ཞེས་སྟོན་པ་ལ་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཀྲི་ཡོག་ཉན་ཐོས་ཡན་[300.1]ཆོད་བཤད་མི་བྱ། །བསྐྱེད་རྫོགས་གསུམ་དང་སྤྱི་ཏི་ཡང་ཏི་བསྟན། །འཁོར་རྣམས་མ་ཡེངས་གུས་པས་ཉོན། །དེ་ལ་བསྐྱེད་པ་མ་ཧྭ་ཡ་་ག་ནི། །ལྷ་དང་ལྷ་མོར་བསྐྱེད་པའི་བསྐྱེད་པ་ཡིན། །མ་ནི་སྐྱེ་མེད་ཆོས་ཀྱི་[300.2]སྐུ། །ཧྭ་ནི་ཆོས་རྣམས་ལྷ་དང་ལྷ་མོར་གསལ། །ཡོ་ནི་འགག་མེད་ཐབས་ཡིན་ཏེ། །ག་ནི་དམིགས་མེད་ཤེས་རབ་ཡུམ། །སྣང་སྲིད་ལྷ་དང་ལྷ་མོ་སྟེ། །དེ་སྣང་ལ་རང་བཞིན་མེད་པ་ཡིས། །ཐབས་དང་ཤེས་རབ་[300.3]གཉིས་མེད་སྣང་སྟོང་དབྱེར་མེད་དོ། །རྫོགས་པ་ཨ་ནུ་ཡོ་ག་ནི། །སྙིང་པོ་དྲན་པ་ཙམ་གྱིས་ལྷར་རྫོགས་པས། །དེ་ཕྱིར་རྫོགས་པ་ཞེས་སུ་བཤད། །ཨ་ནི་སྐྱེ་མེད་དབྱིངས་ཀྱི་ཀློང་། །ནུ་ནི་འགག་མེད་ཡེ་ཤེས་[300.4]གསལ། །ཡོ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་དང་། །ག་ནི་སྣང་བ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དེ་ཕྱིར་ཨ་ནུ་ཡོ་གའོ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །སྣང་སྲིད་རྫོགས་པས་རྫོགས་ཆེན་ཡིན། །ཨ་ཏི་ཡོ་[300.5]གའི་མིང་གི་ངེས་ཚིག་ནི། །ཨ་ཨ་ནུ་སརྦ་དྷརྨ་ན་ཏ་ཐུ་ག་ཏ་ཡ་ཞེས་པ་སྟེ། །གཟའ་གཏད་མེད་པའི་ལྟ་བ་བསྟན། །ཏི་ཏི་ཏ་ཞེས་པ་ནི། དམིགས་གཏད་མེད་པའི་བསྒོམ་པ་བསྟན། ཡོ་ཡོ་ག་ཙརྙ་ནི། །བྱ་རྩོལ་དང་[300.6]དགག་བསྒྲུབ་མེད་པའི་སྤྱོད་པ་བསྟན། །ག་གསྙེཧྲི་ད་ཡ་ནི། །སྤང་ཐོབ་མེད་པའི་འབྲས་བུ་བསྟན། །དེ་ཕྱིར་ཨ་ཏི་ཡོ་ག་ཡིན། །དེ་ལས་ཁྱད་པར་འཕགས་པ་ནི། །དགུ་རྩེ་སྤྱི་ཏི་ཡོ་ག་ནི། །ཐེག་པ་དགུ་ཡི་དགུ་རྩེ་[301.1]ཡིན། །ཨ་ནུའི་གོང་བརྒལ་ཨ་ཏིའི་གཉའ་གཅོག་ཡིན། སྤྱི་ཡིས་ལྟ་བ་ཏི་ཡིས་བསྒོམ་པ། ཡོ་ཡིས་སྤྱོད་པ། ག་ཡིས་འབྲས་བུ་ཡིན་ནོ། །དེ་ལ་ཨ་ཏི་ཡོ་ག་ལས་ཁྱད་པར་གང་གིས་འཕགས་ཞེ་ན། སྦྱ་ཏི་[301.2]ཡོ་ག་འཕགས་ཚུལ་ནི། སྤྱི་ནི་ཐེག་པ་དགུ་ཡི་སྤྱི་རྡོལ་ཏེ། སྐྱེ་མེད་ཀ་དག་ལྟ་བ་བསྟན། ཏི་ནི་ཐེག་དགུའི་ཏི་ཀ་འདི་ནས་སྟོན་པ་སྟེ། དངོས་མེད་ཟང་ཀའི་བསྒོམ་པ་བསྟན། །ཡོ་ནི་ཐེག་དགུའི་སྤྱོད་པའི་ཕྱགས་ཤིང་[301.3]སྟེ། །བྱར་མེད་ལས་ཟིན་སྤྱོད་པ་བསྟན། །ག་ནི་ཆོས་སྐུའི་འབྲས་བུ་བཅུད་བསྡུས་ཏེ། །རེ་མེད་རང་གནས་རང་སངས་རྒྱས་པའི་འབྲས་བུའོ། །དེ་བཞིན་འོག་མ་རྣམས་ལས་ཁྱད་པར་འཕགས། །དེ་ཡང་ངོ་མཚར་ཆེ་[301.4]ན་གང་གིས་སྤགས་ཞེ་ན། །སྤྱི་ཏི་ཡོ་ག་ཞེས་པས་འཕགས། །སྤྱི་ནི་བསྟན་མེད་ལྟ་བ་ཡིན། །ཏི་ནི་རྟོག་མེད་བསྒོམ་པ་ཡིན། །ཡོ་ནི་བྱར་མེད་སྤྱོད་པ་ཡིན། །ག་ནི་རེ་མེད་ཀྱི་འབྲས་བུ་ཡིན། །ཡང་ན་སྤྱི་ཏི་ཡོ་ག་[301.5]ནི། །སྤྱི་གཏད་མེད་ཞེ་འདོད་མེད་པའི་ལྟ་བའོ། །ཏི་དམིགས་མེད་རྟོག་མེད་བསམ་དང་བྲལ་བའི་སྒོམ་པའོ། །ཡོ་ཡོ་ག་ཇི་ལྟར་སྣང་ཞིང་བཏགས་པའི་ཆོས་རྣམས་ལ། །གང་ལ་ཡང་མི་འགྱུ་མི་སྤྱོད་མི་ཆགས་མི་ཞེན་[301.6]གཟུང་འཛིན་དགག་བསྒྲུབ་སྤང་ལེན་བཟང་ངན་དབྱེ་བསལ་རྩིས་གདབ་བཅོས་མེད་དེ། ཡོ་ནི་རྣལ་འབྱོར་སྐལ་ལྡན་མོས། སྤྱོད་པ་རྣལ་མ་ལ། །ལྷུགས་པ་སོ་མ་ཟང་ཀ་ལྷོད་པ་བག་ཡང་གོ་བདེ་བའོ། །ཅིར་ཡང་བྱར་[302.1]མེད་དལ་བ་རང་ཐང་གྱི་ན་དངོས་པོ་གཤིས་ཀྱི་འདུག་ཚུལ་གནས་ལུགས་གནས་པའོ། །གང་སྣང་རང་གྲོལ་དགག་བསྒྲུབ་མེད་པ་སྤྱོད་པའི་མཆོག་ཅེས་གསུངས་སོ། །ག་ནི་ངང་གནས་རེ་མེད་བློ་འདས་ཀྱི་འབྲས་[302.2]བུའོ། །དེ་ཕྱིར་སྤྱི་ཏི་ཡོ་ག་ནི། །ཐེག་པ་ཀུན་ལས་ཁྱད་པར་འཕགས། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། ཐོག་མར་བསྐྱེད་རྫོགས་སྤྱི་ཏི་མིང་གི་ངེས་དོན་བསྟན་པའི་ལེའུ་སྟེ་སོ་དྲུག་[302.3]པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། །སྤྱི་ཏི་ལས་ནི་ཡང་ཏི་ཡོ་ག་གང་གིས་འཕགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡང་ཏི་ཡོ་ག་ཁྱད་པར་[302.4]འཕགས་ཚུལ་བཤད། །ཡང་ནི་མུ་མཐའ་གྲོལ་བའི་ལྟ་བའོ། །ཏི་ནི་གཏིང་མཐའ་ཡངས་པའི་སྒོམ་པའོ། །ཡོ་ནི་མིང་མེད་མཐའ་སྟོང་སྤྱོད་པའོ། །ག་ནི་ཐིག་ལེ་སྤྱི་བརྟོལ་འབྲས་བུའོ། །དེ་ཕྱིར་ཡང་ཏི་མན་ཆོད་ཐེག་[302.5]པ་ཀུན་ལས་འཕགས། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། ཡང་ཏི་ཡོ་གའི་ངེས་ཚིག་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་སྟོན་པ་ཀུན་གྲོལ་[302.6]ལ། །རྒྱུད་འདིའི་མཚན་ནི་ཇི་ལྟར་གཟུང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །རྒྱུད་འདའི་མཚན་གྱི་གཟུང་ཐབས་ནི། །རྒྱུད་རྣམས་ཐམས་ཅད་ཀུན་ལས་ཁྱད་པར་འཕགས་ཤིང་རྩེ་རྒྱལ་པས།[303.1]རྒྱུད་སྡེ་ཐམས་ཅད་ཀྱ་རྩེ་རྒྱལ་བྱ་བར་ཟུང་ ག །གྲུབ་མཐའ་བལྟ་བསྒོམ་ཀུན་ལས་གོང་བརྒལ་ཕྱར། རྒྱུད་རྣམས་ཀུན་གྱ་རྒྱལ་པོ་བྱ་བར་གཟུང་ ག །ནམ་མཁའ་ལྟ་བུར་གོ་འབྱེད་ཕྱར། །ནམ་མཁའ་[303.2]འབར་བའི་རྒྱུད་དུ་ཟུང་། །ཐེག་དགུའི་རྩེ་རྒྱལ་བཅུ་ཡི་གཉའ་གཅོག་པས། །དགུ་རྩེ་བཅུ་ཡི་གཉའ་གཅོག་བྱ་བར་ཟུང་། །ཆོས་ཀུན་གནད་སྟོན་གལ་འགགས་འཕྲང་སེལ་བས། །གནད་སྟོན་གལ་འགགས་འཕྲང་[303.3]སེལ་རྒྱུད་དུ་ཟུང་། །ཞེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། རྒྱུད་ཀྱི་མཚན་བཟུང་བའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་རང་བྱུང་ངང་དངས་ཀྱིས། །མིང་མེད་ཀུན་གྲོལ་སྟོན་པ་ལ། ཁུ།ད་འདི་[303.4]སྐལ་ལྡན་གང་ལ་གཏད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །རྒྱུད་འདི་གཏད་པའི་གང་ཟག་ནི། །སྨྲས་པ་མི་འགྱུར་དམ་ཚིག་གཞུང་བཞིན་བསྲུང་། །བླ་མ་གཙུག་ཁུར་འདོད་ཡོན་ནོར་[303.5]རྣམས་འབུལ། །དགེ་བའི་སེམས་ལྡན་སྡིག་པའི་ལས་མི་བྱེད། །ང་རྒྱལ་སེར་སྣ་ཆུང་ལ་ཤེས་རབ་ཆེ། །གདམས་ངག་གཏེར་འཆང་ཟང་ཟིང་ཁར་མི་གཏང་། །སྣོད་ལྡན་སྐལ་བར་ལྡན་ལ་རྒྱུད་འདི་གཏོད། །དམ་[303.6]ཉམས་སྣོད་མེད་རྣམས་ལ་མ་བསྟན་ཅིག །ཅེས་གསུངས་སོ། །ནམ་མཁའ་འབར་བའི་རྒྱུད་ལས། རྒྱུད་གཏད་པའི་སྣོད་བསྟན་པའི་ལེའུ་སོ་དགུ་པའོ།། །།རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་ནམ་མཁའ་འབར་[304.1]བའ་རྒྱུད་རྫགས་ས། །རྣལ་འབྱར་དབང་ཕྱུག་ཆེན་པ་ ་རཏྣ་བཛྲ་གྱས་བཤད་ཅང་། དཔལ་ཧེ་རུ་ཀས་བསྒྱུར་བའ། །ལས་འཕྲ་ཅན་དང་འཕྲད་པར་ཤག །རྒྱ་རྒྱ་རྒྱ།། །།རྒྱ་གར་སྐད་དུ། །ཏནྟྲ་སརྦ་ཙུ་ཌའ་སྲུབྱ་